Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏེར་གསར་རྙིང་གི་གཅོད་དོན་བསྡུས་པ་བདག་འཛིན་གཅོད་པའི་རལ་གྲི།
   
   
   
   
   
   
   
   
   


 
previousགཏེར་གསར་རྙིང་གི་གཅོད་དོན་བསྡུས་པ་བདག་འཛིན་གཅོད་པའི་རལ་གྲི།next

གཏེར་གསར་རྙིང་གི་གཅོད་དོན་བསྡུས་པ་བདག་འཛིན་གཅོད་པའི་རལ་གྲི།

རྡོར་སེམས་དགོངས་པ་འདུས་པ་ལས༔ གཏེར་གསར་རྙིང་གི་གཅོད་དོན་བསྡུས་པ་བདག་འཛིན་གཅོད་པའི་རལ་གྲི་བཞུགས་སོ། །

རྡོར་སེམས་དགོངས་པ་འདུས་པ་ལས༔ གཏེར་གསར་རྙིང་གི་གཅོད་དོན་བསྡུས་པ་བདག་འཛིན་གཅོད་པའི་རལ་གྲི་ནི༔ ཕཊ་ཕཊ་ཕཊཿ བཾ༔ རིགས་ལྔའི་མཁའ་འགྲོ་སྡེ་ལྔ་ནི༔ སྐུ་གསུམ་རྒྱལ་བའི་ཡེ་ཤེས་ལྔའི༔ དུག་ལྔའི་བསྐྱེད་བའི་ལྷ་འདྲེ་རྣམས༔ དབྱིངས་ལྔའི་ཀློང་བསྡུད་ཟིལ་གྱིས་གནོན༔ ཕཊ་ཕཊ་ཕཊཿ སྐྱབས་གནས་ཀུན་འདུས་མཁའ་འགྲོ་ལྷར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ མཐའ་ཡས་ཕ་མ་སེམས་ཅན་ཀུན༔ ཡུམ་ཆེན་ས་ལ་བཀོད་པར་བྱ༔ ཕཊ་ཕཊ་ཕཊཿ རང་སེམས་ཚངས་པའི་ལམ་བརྒྱུད་དེ༔ སྐད་ཅིག་སྟེང་གི་ནམ་མཁར་འཕང་༔ ༼ འཕགས། དཔྱད། ༽རྡོ་རྗེ་མཁའ་འགྲོ་ཁྲོས་མར་བཞེངས༔ ཕཊ་ཕཊ་ཕཊཿ ཕུང་པོ་ཐང་ལ་འགྱེལ་བ་དེ༔ གྲི་གུག་གདབས་པས་ཐལ་གྱིས་བཤིགས༔ ཐུགས་ཀའི་འོད་གྱིས་མཆོད་རྫས་ནི༔ མ་ཚང་མེད་པའི་སྤྲིན་དུ་གྱུར༔ གནས་གསུམ་མཁའ་འགྲོའི་ཕོ་ཉ་ཡིས༔ མཆོད་སྦྱིན་མགྲོན་ཀུན་སྤྱན་དྲངས་གྱུར༔ ཕཊ་ཕཊ་ཕཊཿ མཆོད་རྫས་དཀར་མངར་ལྷ་མོ་ནི༔ དཀོན་མཆོག་སྲི་ཞུའི་མགྲོན་ལ་བསྟིམ༔ ཤ་ལྔ་བདུད་རྩའི་བསྐང་རྫས་སུ༔ མགོན་པོ་ཡོན་ཏན་མགྲོན་ལ་འབུལ༔ ཕཊ་ཕཊ་ཕཊཿ ཤ་ཁྲག་དྲི་གསུར་ཁུ་རླང་གིས༔ ལན་ཆགས་བགེགས་རིགས་འཁོར་བཅས་བརྔན༔ གང་འདོད་འཇོ་བའི་འདོད་ཡོན་དུ༔ རིགས་དྲུག་སྙིང་རྗེའི་མགྲོན་ལ་བསྔོ༔ ཕཊ་ཕཊ་ཕཊཿ བདག་སོགས་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི༔ ཚོགས་རྫོགས་ཉོན་ཤེས་སྒྲིབ་པ་ཀུན་དག་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པ་དང་༔ བྱང་ཆུབ་སེམས་ཀྱི་འགྲོ་ཀུན་རྒྱུད་ཚིམ་ཤོག༔ ཕཊ་ཕཊ་ཕཊཿ མཐར་ནི་འཁོར་གསུམ་དམིགས་པ་མེད་པ་ཡི༔ ཡུམ་ཆེན་དགོངས་པར་ཕྱམ་གཅིག་རྫོགས་སངས་རྒྱས༔ ཨ་ཨ་ཨཱ༔

ཅེས་ཀྱང་ག་གཱས་སོ། །


previousགཏེར་གསར་རྙིང་གི་གཅོད་དོན་བསྡུས་པ་བདག་འཛིན་གཅོད་པའི་རལ་གྲི།next