Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡེ་ཤེས་མཁའ་འགྲོའི་བཞེངས་བསྐུལ་ཐབས་ཀྱི་ཞགས་པ།
   
   
   
   
   
   
   
   


 
previousཡེ་ཤེས་མཁའ་འགྲོའི་བཞེངས་བསྐུལ་ཐབས་ཀྱི་ཞགས་པ།next

ཡེ་ཤེས་མཁའ་འགྲོའི་བཞེངས་བསྐུལ་ཐབས་ཀྱི་ཞགས་པ།

རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ ཡེ་ཤེས་མཁའ་འགྲོའི་བཞེངས་བསྐུལ་ཐབས་ཀྱི་ཞགས་པ་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །གང་ཞིག་གཞན་གྱི་དོན་བྱེད་པའི༔ ཐབས་མཆོག་ཚོགས་ཀྱི་འཁོར་ལོ་ནི༔ ཕུང་པོ་བསྲེ་ཕྱིར་ལས་གཞུང་བསྲང་༔ དེ་ནས་ཚོགས་ཀྱི་སྤྱན་འདྲེན་མཐར༔ ཨ་བཾ་ཧ་རི་ནི་ས་ཧཱུྃ༔ ཕཊཿ མ་སྤྲོས་པ་བྲལ་བའི་ཆོས་དབྱིངས་ནས༔ ཀུན་ཏུ་བཟང་མོའི་ཐུགས་དམ་བསྐུལ༔ བྱ་རྒྱལ་རྒོད་ཀྱི་སྐུར་བཞེངས་ལ༔ བསོད་ནམས་ཞིང་དུ་གཤེགས་སུ་གསོལ༔ ཕཊཿ ཕཊཿ ཕཊཿ མ་ཡེ་ཤེས་ལྔ་ལྡན་དཀྱིལ་འཁོར་ནས༔ རིགས་ལྔའི་མཁའ་འགྲོའི་ཐུགས་དམ་བསྐུལ༔ བྱ་རྒྱལ་རྒོད་ཀྱི་སྐུར་བཞེངས་ལ༔ བསོད་ནམས་ཞིང་དུ་གཤེགས་སུ་གསོལ༔ ཕཊཿ ཕཊཿ ཕཊཿ མ་སྣ་ཚོགས་ཐུགས་རྗེའི་དཀྱིལ་འཁོར་ནས༔ ལས་དང་དམ་ཚིག་ཤ་ཟ་འབུམ༔ བྱ་རྒྱལ་རྒོད་ཀྱི་སྐུར་བཞེངས་ལ༔ བསོད་ནམས་ཞིང་དུ་གཤེགས་སུ་གསོལ༔ ཕཊཿ ཕཊཿ ཕཊཿ མ་གནས་གསུམ་དག་པའི་དཀྱིལ་འཁོར་ནས༔ ཤུགས་འགྲོ་གནས་ཉུལ་བྱེ་བ་འབུམ༔ བྱ་རྒྱལ་རྒོད་ཀྱི་སྐུར་བཞེངས་ལ༔ བསོད་ནམས་ཞིང་དུ་གཤེགས་སུ་གསོལ༔ ཕཊཿ ཕཊཿ ཕཊཿ རང་སྣང་རྣམ་པར་དག་པའི་ཀློང་༔ དགུ་ལྡན་རྩ་བརྒྱུད་བླ་མ་ཡང་༔ བྱ་རྒྱལ་རྒོད་ཀྱི་སྐུར་བཞེངས་ལ༔ བསོད་ནམས་ཞིང་དུ་གཤེགས་སུ་གསོལ༔ ཕཊཿ ཕཊཿ ཕཊཿ ཡེ་ཤེས་དགུ་ཀློང་རྔམ་པ་ནས༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཀྱང་༔ བྱ་རྒྱལ་རྒོད་ཀྱི་སྐུར་བཞེངས་ལ༔ བསོད་ནམས་ཞིང་དུ་གཤེགས་སུ་གསོལ༔ ཕཊཿ ཕཊཿ ཕཊཿ མི་ཟད་བརྒྱད་ལྡན་དཀྱིལ་འཁོར་ནས༔ གྲངས་མེད་དེ་བཞིན་གཤེགས་པ་ཡང་༔ བྱ་རྒྱལ་རྒོད་ཀྱི་སྐུར་བཞེངས་ལ༔ བསོད་ནམས་ཞིང་དུ་གཤེགས་སུ་གསོལ༔ ཕཊཿ ཕཊཿ ཕཊཿ ཞིང་གྱུར་ཡེ་ཤེས་ཡོན་ཏན་ལྡན༔ ཐེག་གསུམ་དབང་འབྱོར་དགེ་འདུན་ཡང་༔ བྱ་རྒྱལ་རྒོད་ཀྱི་སྐུར་བཞེངས་ལ༔ བསོད་ནམས་ཞིང་དུ་གཤེགས་སུ་གསོལ༔ ཕཊཿ ཕཊཿ ཕཊཿ དག་མཉམ་བཟང་ངན་ཆོས་སྐུར་ཕྱལ༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་མགྲོན༔ བྱ་རྒྱལ་རྒོད་ཀྱི་སྐུར་བཞེངས་ལ༔ བསོད་ནམས་ཞིང་དུ་གཤེགས་སུ་གསོལ༔ ཕཊཿ ཕཊཿ ཕཊཿ རང་རང་ལས་སྣང་རིགས་དྲུག་ཞེན༔ དོན་ལ་བདེ་ཆེན་ལོངས་སྤྱོད་རྫོགས༔ བྱ་རྒྱལ་རྒོད་ཀྱི་སྐུར་བཞེངས་ལ༔ བསོད་ནམས་ཞིང་དུ་གཤེགས་སུ་གསོལ༔ ཕཊཿ ཕཊཿ ཕཊཿ འཁོར་འདས་གཉིས་ཀྱི་མགྲོན་རིགས་ཀུན༔ མཆོད་སྦྱིན་བསོད་ནམས་ཞིང་དུ་བྱོན༔ ནམ་མཁའི་སྐར་ལྟར་འཁྲིགས་ལ་བྱོན༔ བར་སྣང་སྤྲིན་ལྟར་གཏིབ་ལ་བྱོན༔ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ ད་ལྟ་མྱུར་དུ་གཤེགས་སུ་གསོལ༔ མ་འགྱང་མ་གཡེལ་གཤེགས་སུ་གསོལ༔ ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ ཨོཾ་བཛྲ་ཊཱཀྐི་ནི་གུ་རུ་དེ་ཝ་བུདྡྷ་དྷརྨ་སངྒྷ་ཡ་བིགྣན་ཏྲི་རཱ་ཛ་ན་ག་ཙ་ཤ་ཀ་ཡ་ཀྲ་ཏ་ཕཻམ་ཛ་ཛ༔ ཡང་ན་བསྡུས་བར་འདོད་པས༔ ཨོཾ་བཛྲ་ཊཱཱཀྐི་ནི་སརྦ་ཀཱ་ཡ་ཀྲ་ཏ་དྷུ་པནྩ་ཕེམ་ཛ༔ ཞེས་བཟླས་བརྒྱ་ཚོ་གཅིག་གི་འོང་༔ ༼ ཚོགས་མཆོད་མཇུག་ཏུ་མཆན་ནོ། ༽དེ་ནས་ཞལ་བསྟབས་བསྡུས་པ་ནི༔ ཕཊཿ ཕཊཿ ཕཊཿ བདེ་ཆེན་ཀུན་ཏུ་བཟང་མོ་ལ༔ ཡེ་ཤེས་བདུད་རྩིའི་ཚོགས་མཆོད་འབུལ༔ ཚོགས་རྫོགས་སྒྲིབ་པ་ཀུན་དག་ནས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས༔ ཕཊཿ ཕཊཿ ཕཊཿ རིགས་ལྔ་ཡེ་ཤེས་མཁའ་འགྲོ་ལ༔ ཕུང་པོ་འབྱུང་ལྔ་མཆོད་པ་འབུལ༔ ཚོགས་རྫོགས་སྒྲིབ་པ་ཀུན་དག་ནས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས༔ ཕཊཿ ཕཊཿ ཕཊཿ སྤྲུལ་འཁོར་གནས་གསུམ་མཁའ་འགྲོ་ལ༔ ལུས་ཟུངས་དྭངས་མ་བཅུ་བཞི་འབུལ༔ ཚོགས་རྫོགས་སྒྲིབ་པ་ཀུན་དག་ནས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས༔ ཕཊཿ ཕཊཿ ཕཊཿ དཀོན་མཆོག་སྲིད་༼ སྲི་དཔྱད ༽ཞུའི་མགྲོན་རྣམས་ལ༔ ནང་གི་དཀར་དམར་མངར་གསུམ་འབུལ༔ ཚོགས་རྫོགས་སྒྲིབ་པ་ཀུན་དག་ནས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས༔ ཕཊཿ ཕཊཿ ཕཊཿ མགོན་པོ་ཡོན་ཏན་མགྲོན་རྣམས་ལ༔ མི་ཟད་ནང་གི་རྒྱན་གཏོར་འབུལ༔ ཚོགས་རྫོགས་སྒྲིབ་པ་ཀུན་དག་ནས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས༔ ཕཊཿ ཕཊཿ ཕཊཿ བགེགས་རིགས་ལན་ཆགས་མགྲོན་རྣམས་ལ༔ ཤ་རི་ཁྲག་མཚོ་རུས་གྲམ་འབུལ༔ ཚོགས་རྫོགས་སྒྲིབ་པ་ཀུན་དག་ནས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས༔ ཕཊཿ ཕཊཿ ཕཊཿ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ༔ འདོད་ཡོན་མི་ཟད་གཏེར་དུ་འབུལ༔ ཚོགས་རྫོགས་སྒྲིབ་པ་ཀུན་དག་ནས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས༔ ཕཊཿ ཕཊཿ ཕཊཿ རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་དང་༔ ཕུང་པོ་ཁམས་དང་སྐྱེ་མཆེད་དེ༔ བདག་དུ་བཟུང་བའི་དྭངས་མ་འདི༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ལ༔ དེ་རིང་སྟོན་ཆེན་མགྲོན་ལ་འགྱེད༔ ཚོགས་གཉིས་ཡོངས་སུ་རྫོགས་གྱུར་ཅིག༔ ལན་ཆགས་བུ་ལོན་བྱང་གྱུར་ཅིག༔ ས་ལམ་བར་ཆད་ཀུན་ཞི་ནས༔ རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག༔ ཕཊཿ ཕཊཿ ཕཊཿ ལྷག་རོལ་མེད་པར་གྱུར༔ ༼ བསྡུ་རིམ་འགོར་མཆན་ནོ། ༽ གཤེགས་གསོལ་ནི༔ ཀྱཻ༔ མི་མིན་ཡེ་ཤེས་མཁའ་འགྲོ་ཚོགས༔ སེམས་ཅན་དོན་དུ་མཛད་ལགས་ཀྱི༔ གཤེགས་བྱོན་བཞུགས་བའི་ཟོལ་སྦྱོར་བ༔ ད་ནི་ཆོས་ཀྱི་དབྱིངས་སུ་གཤེགས༔ ཕཊཿ ཕཊཿ ཕཊཿ ཨ་ནི་ཡུམ་ཆེན་ཀུན་ཏུ་བཟང་༔ སྐྱེ་བྲི་མེད་དེ་ཡེ་ནས་འབྱམས༔ བློ་ཚོགས་སེལ་གྱི་དབྱེན་པོ་ཉིད༔ རྗེས་བསྟི་མི་དམིགས་རང་སར་གྲོལ༔ ཨ་ཨ་ཨཱ༔ ཞེས་བརྗོད་ཕྱི་གནོན་ལ་སོགས་བྱ། །ལར་ནི་ཚོགས་མཆོད་རྗེས་སུ་སྤྲོད། །དེ་སྐད་ཛྙཱ་ན་ཨཀྵ་ར། །ཟུང་གི་བསྐུལ་བཞིན་ག་གཱས་སོ། །མ་དབུས་ཕྱོགས་༴ སོགས། མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཕཊཿ དབུས་ཕྱོགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ་མཐིང་ནག་སེང་གེའི་གདོང་བ་ཅན་འཁོར་སྣང་སྲིད་ལྷ་འདྲེའི་བསྐོར་བ་དང་བཅས་པ་རྣམས་ཀྱིས་བདག་དང་བསྲུང་བྱ་འདིའི་ཉོན་མོངས་པ་གཏི་མུག་དང་། དེ་ལས་བྱུང་བའི་ནད་ན་ས། གདོན་སྣ་འདྲེན་དཔུང་ཚོགས་རྒྱབ་བརྟེན་དང་བཅས་པ་ཐམས་ཅད་རྗེས་མེད་ཤུལ་མེད་ལྷག་མེད་དུ་རོལ་ནས་སམ་ཟོས་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངང་དུ་འབྱམས་ཀླས་པར་བསམ། ཕཊཿ ཕཊཿ ཕཊཿ མ་མི་མིན་སོགས་ ༴ དངོས་གྲུབ་སྩོལ༔ ཤར་ཕྱོགས་རྡོ་རྗེའི་རིགས་ཀྱི་མཁའ་འགྲོ་མ་དཀར་མོ་སྦྲུལ་གྱི་གདོང་བ་ཅན་འཁོར་སྣང་སྲིད་༴ བདག་དང་བསྲུང་བྱ་འདིའི་ཉོན་མོངས་པ་ཞེ་སྡང་དང་སོགས་༴ མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངང་དུ་འབྱམས་ཀླས་པར་བསམ། ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ་སེར་མོ་རྟ་ཡི་གདོང་བ་ཅན་འཁོར་སྣང་སྲིད་༴ སོགས། བདག་དང་བསྲུང་བྱ་འདིའི་ཉོན་མོངས་པ་ང་རྒྱལ་དང་༴ སོགས། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་༴ སོགས། ཕཊཿ ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་མ་དམར་མོ་བྱ་རྒོད་ཀྱི་གདོང་བ་ཅན་འཁོར་སྣང་སྲིད་༴སོགས། བདག་དང་བསྲུང་བྱ་འདིའི་ཉོན་མོངས་པ་འདོད་ཆགས་དང་སོགས། སོ་སོར་རྟོགས་པའི་ཡེ་ཤེས་༴ སོགས། བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ་ལྗང་མོ་ཁྱི་ཡི་གདོང་བ་ཅན་འཁོར་སྣང་༴ སོགས། བསྲུང་བྱ་འདིའི་ཉོན་མོངས་པ་ཕྲག་དོག་དང་༴ སོགས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངང་དུ་༴ སོགས། སྟེང་ཕྱོགས་མཁའ་སྤྱོད་རིགས་ཀྱི་མཁའ་འགྲོ་མ་དཀར་མོ་ཁྱུང་གི་གདོང་པ་ཅན་འཁོར་༴ སོགས། བདག་དང་བསྲུང་བྱ་འདིའི་ཉོན་མོངས་པ་རྒྱུ་བདག་ཉིད་གཅིག་པུའི་མ་རིག་པ་དང་༴ སོགས། དབྱིངས་གྲོལ་ཡེ་ཤེས་ཀྱི་ངང་དུ་༴ སོགས། འོག་ཕྱོགས་ས་སྤྱོད་རིགས་ཀྱི་མཁའ་འགྲོ་མ་ནག་མོ་ཕག་གི་གདོང་བ་ཅན་འཁོར་༴ སོགས། བདག་དང་བསྲུང་བྱ་འདིའི་ཉོན་མོངས་པ་རྐྱེན་ལྷན་ཅིག་ཚོགས་པའི་མ་རིག་པ་དང་༴ སོགས། འདའ་ཀ་ཐུགས་ཀྱི་ཡེ་ཤེས་ཀྱི་ངང་དུ་སོགས། མཚམས་ཕྱོགས་འཛིན་རིགས་ཀྱི་མཁའ་འགྲོ་མ་དཀར་སེར་དམར་ལྗང་གྲངས་མེད་པ་འཕྲོས་ཏེ་འཁོར་༴ སོགས། བདག་དང་བསྲུང་བྱ་འདིའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དང་༴ སོགས། མཐའ་གྲོལ་ཡེ་ཤེས་ཀྱི་ངང་དུ། སོགས། བར་དམ་ཚིག་ཤ་ཟ་མཁའ་འགྲོ་མ་དཀར་སེར་དམར་ལྗང་མགོ་བརྙན་གྲངས་མེད་པ་འཕྲོས་ནས་འཁོར་༴ སོགས། བདག་དང་བསྲུང་བྱ་འདིའི་ཉོན་མོངས་པ་ཀུན་ཏུ་བརྟགས་པའི་མ་རིག་པ་དང་༴ སོགས། མི་གནས་པའི་ཡེ་ཤེས་ཀྱི་ངང་དུ་འབྱམས་ཀླས་པར་གྱུར་ཅིག །མཁའ་འགྲོ་བཅུ་འགྱེད་ཡིན་ཀྱང་། བཅུ་གཅིག་བྱས་ནས་གསུང་སྲོལ་ཡོད་པ་ལྟར་བཀོད་པ་ལ་གཏེར་གཞུང་གི་དེ་དང་ཅུང་མི་འདྲ་ཡང་། བླ་མ་ཉིད་ཀྱིས་ནད་པ་ལ་གསུང་ལུགས་ཡིན་པས་རྨོད་པར་མི་བྱའོ། །ཞེས་ཀྱང་ག་གཱས་སོ། །


previousཡེ་ཤེས་མཁའ་འགྲོའི་བཞེངས་བསྐུལ་ཐབས་ཀྱི་ཞགས་པ།next