Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཛཾ་ལྷའི་ཆུ་སྦྱིན་བསྡུས་པ།
   
   
   
   
   


 
previousཛཾ་ལྷའི་ཆུ་སྦྱིན་བསྡུས་པ།next

ཛཾ་ལྷའི་ཆུ་སྦྱིན་བསྡུས་པ།

ཛཾ་ལྷའི་ཆུ་སྦྱིན་བསྡུས་པ་ནི། རང་ཉིད་བཅོམ་ལྡན་སྤྱན་རས་གཟིགས། །དཀར་གསལ་བསྒྲང་ཕྲེང་པར་དཀར་འཛིན། །མདུན་གྱི་ནམ་མཁར་ཛམ་བྷ་ལ། །དབུ་དཀར་སྟོད་སེར་སྨད་སྔོ་ནག །ཕྱག་དམར་ཞབས་ལྗང་ཞི་མ་ཁྲོ། །རཏྣ་རྒྱན་རྫོགས་སྐུའི་དབྱིངས་སུ། །དུས་གསུམ་སངས་རྒྱས་སྲས་བཅས་གསལ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཛཾ་བྷ་ལ་ཛ་ལེནྟྲ་ཡེ་སྭཱ་ཧཱ། ཅི་ནུས་བཟླ། མཐའ་བསྐོར་ཆོས་སྐྱོང་སྲུང་མ་དང་། །འོག་འཁོར་ས་གཞིའི་ངོས་ལ་ནི། །བགེགས་རིགས་ལན་ཆགས་ཤ་མཁོན་བདག །ཡི་དྭགས་རིགས་དྲུག་བར་དོའི་མགྲོན། །སྟོན་མོར་ཁྲོམ་འཚོགས་བཞིན་དུ་གསལ། །རང་རང་གནས་ནས་མགྲོན་ཐབས་སུ། །སྐད་ཅིག་ཉིད་ལ་ལྷག་ནས་སུ། །གཉིས་མེད་རོ་གཅིག་འདྲེས་པར་བསམ། །ཛྙཱ་ན་ལོ་ཀ་ས་པཱ་རི་ཝ་ར་ཛ་ཛཿསྟྭཾ། ནམ་མཁའ་མཛོད་ཨ་ཀ་རོའི་འདོད་ཡོན་ཡེ་ཤེས་བདུད་རྩིར་བརླབས། ཨོཾ། ཟག་མེད་བདུད་རྩིའི་གཏོར་སྐྱེམས་འདི། །སྲིད་༼ སྲི་དཔྱད ༽ཞུའི་མགྲོན་རིགས་ཐམས་ཅད་དང་། ཁྱད་པར་གནོད་སྦྱིན་ཛཾ་བྷ་ལར། །མཆོད་པའི་ཡུལ་དུ་དམིགས་ཏེ་འབུལ། །བདག་ཅག་ཚོགས་རྫོགས་སྒྲིབ་དག་ནས། །མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །རཏྣ་ས་མུ་དྲ་སརྦ་པཱུ་ཙ་ཁ་ཧི། སྐུ་ཡི་ལྟོ་བར་རྨའི་གཟུགས་ལས། །བྱིན་རླབས་འོད་ཟེར་འདོད་དགུའི་སྤྲིན། །མགོན་པོ་ཡོན་ཏན་མགྲོན་རྣམས་ཀྱི། །ཐུགས་དམ་དགྱེས་པར་བསྐང་བ་ཡི། །མཆོད་པའི་རྫས་སུ་ཁྱབ་པར་འབུལ། །ཐིམ་པའི་ཚུལ་ཀྱིས་བཞེས་ནས་ཀྱང་། །བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་སེལ། །མཐུན་རྐྱེན་བསྒྲུབ་པར་དམ་བླང་བསམ། །སླར་ཡང་བདུད་རྩིའི་རྒྱུན་བབས་པས། །རིགས་དྲུག་འདོད་པ་ཚིམ་པར་བྱས། ཁྱད་པར་ཡི་དྭགས་མགྲོན་རྣམས་ལ། །རོ་བརྒྱ་བདུད་རྩིའི་འོ་རྒྱུན་གྱིས། །ཟད་མི་ཤེས་པའི་གཏེར་ཆེན་པོར། །རྡོལ་བས་ངོམ་ཞིང་ཚིམ་བྱས་ཏེ། །བཀྲེས་སྐོམ་དབུལ་ཕོངས་སྡུག་བསྔལ་སེལ། །སོར་རྟོགས་ཡེ་ཤེས་རང་ངོ་འཕྲོད། །ཕྱམ་གཅིག་བདེ་ཆེན་ཞིང་དུ་བཀོད། །འཁྲུལ་སྣང་རང་ངོར་སངས་པར་གྱུར། །མཚན་བཞི་དང་སཾ་བྷ་ར་ཅི་མང་གིས་བསྡོས་ལ། ལྷག་མགྲོན་ཉམ་ཐག་ཐམས་ཅད་ཀྱང་། །ཚིམ་ནས་བདེ་བའི་དཔལ་ཐོབ་བསམ། །སཾ་བྷ་ར་ཅི་མང་བརྗོད་ཆོས་སྦྱིན་བྱ་ཞིང་དེ་ཡི་མཐར། མཆོད་སྦྱིན་དངོས་ཡུལ་ཐམས་ཅད་ཀུན། །མི་དམིགས་ཆོས་ཀྱི་དབྱིངས་སུ་ཨཱ༔ དེ་མཐར་དགེ་བ་རྫོགས་བྱང་བསྔོ། །རྣལ་འབྱོར་ཁ་ལོའི་གསུང་བསྐུལ་བཞིན། །མ་ལྡོག་ག་གཱ་ཨ་བྷྱེས་རྩམས། །དགེ་བས་ཚོགས་རྫོགས་སྒྲིབ་དག་ནས། །དམ་པ་སྐུ་གཉིས་ཐོབ་བར་ཤོག །དགེའོ། །


previousཛཾ་ལྷའི་ཆུ་སྦྱིན་བསྡུས་པ།next