Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏོར་མའི་གྲངས་བསོགས་བསྡུས་པ།
   
   
   
   


 
previousགཏོར་མའི་གྲངས་བསོགས་བསྡུས་པ།next

གཏོར་མའི་གྲངས་བསོགས་བསྡུས་པ།

གཏོར་མའི་གྲངས་བསོགས་བསྡུས་པ་ནི༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཁཾ༔ ཟག་མེད་བདུད་བརྩིའི་སྤྲིན་ཕུང་འདི༔ ཛམྦྷ་ལ་ཡི་ཐུགས་བསྐྱེད་ཀྱིས༔ འཁོར་འདས་མགྲོན་རིགས་མ་ལུས་པའི༔ ཐུགས་དམ་དགྱེས་པར་སྐོངས་གྱུར་ཅིག༔ ཁྱད་པར་ཡི་དྭགས་སྡེ་ཚན་བཞིའི༔ ཟས་སྐོམ་སྒྲིབ་པ་ཀུན་དག་ནས༔ སྦྱིན་པའི་ལོངས་སྤྱོད་མི་ཟད་གཏེར༔ ནམ་མཁའ་མཛོད་ལ་དབང་བསྒྱུར་ཤོག༔ མཐར་ཐུག་རྒྱུད་ལྔའི་འགྲོ་བ་ཀུན༔ རྒྱུ་འབྲས་དབུལ་བ་ཀུན་སེལ་ཞིང་༔ ཨརྱ་ཛཾ་ལྷའི་གོ་འཕང་མཆོག༔ མངོན་གྱུར་གདོད་མའི་སར་ཕྱིན་ཤོག༔ མཚན་བཞི༔ དེ་བཞིན་གཤེགས་པ་རིན་ཆེན་མང་ལ་༴ སོགས་དང་སཾ་བྷ་ར་སོགས། ཆོས་ཀྱི་སྦྱིན་པ་དམ་པ་བྱ༔ དམིགས་པ་མེད་པས་རྒྱས་གདབས༔ དཔལ་སྤྲུལ་པས་སོ། །དགེའོ། །དགེའོ། །དགེའོ། །


previousགཏོར་མའི་གྲངས་བསོགས་བསྡུས་པ།next