Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསུར་ཆུ་སྦྱིན་གང་ལའང་འདིས་བསྔོ།
   
   
   


 
previousགསུར་ཆུ་སྦྱིན་གང་ལའང་འདིས་བསྔོ།next

གསུར་ཆུ་སྦྱིན་གང་ལའང་འདིས་བསྔོ།

གསུར་ཆུ་སྦྱིན་གང་ལའང་འདིས་བསྔོའོ༔ ཨོཾ་ཨཱཿཧཱུྃ༔ རང་ཉིད་སྤྱན་རས་གཟིགས་དབང་གི༔ ༼ ཡང་ན་གསུར་བྱེད་ན། ཐུགས་ཀའི་འོད་ཀྱི་རེག་པ་ཡི༔ གསུར་མཆོད་འདོད་ཡོན་རྒྱ་མཚོའི་རྡུལ༔ དཀར་དམར་མངར་གསུམ་སོགས། ༽ སྐྱབས་སྦྱིན་ཕྱག་རྒྱའི་མཛུབ་རྩེ་ལས༔ བདུད་རྩི་འོ་མའི་རྒྱུན་བབས་པས༔ སྦུ་རླངས་ཟིལ་མ་མཆོད་པའི་སྤྲིན༔ དཀར་དམར་མངར་གསུམ་རོ་དྲུག་ཟས༔ འདོད་ཡོན་ལྷ་མོའི་རྣམ་པ་ལ༔ ཟག་མེད་ཡེ་ཤེས་བདུད་རྩི་དངོས༔ ཡི་གེ་གསུམ་གྱི་འོད་དུ་ཐིམ༔ རྩིག་མ་དག་བྱེད་རྒྱུན་བཟང་པོ༔ ནམ་མཁའ་མཛོད་ཀྱི་གཏེར་དུ་གྱུར༔ ཐུགས་ཀའི་འོད་ཀྱིས་མགྲོན་བཞིའི་ཚོགས༔ སྐད་ཅིག་ཉིད་ལ་སྤྱན་དྲངས་གྱུར༔ རྩ་བའི་བླ་མ་ལ་སོགས་པའི༔ དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག༔ ཛཾ་བྷ་ལ་ཡི་དབུར་བཞུགས་ཀྱི༔ དམ་ཚིག་ཅན་གྱི་ཐུགས་དམ་བསྐང་༔ དཀོར་དང་སྲོག་དང་ཞོ་ཤས་བསྐྱང་༔ ལན་ཆགས་བགེགས་རིགས་ཐམས་ཅད་དང་༔ ཡི་དྭགས་རྣམས་ཀྱི་གཙོ་བྱས་པའི༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ མི་དབང་མི་སླེབ་སྒྲིབ་པ་ཅན༔ ལྷག་མའི་མགྲོན་གྱི་ཐུགས་དམ་བསྐང་༔ སོ་སོའི་དགྱེས་པ་ཀུན་ལྡན་གྱིས༔ ཚོགས་རྫོགས་སྒྲིབ་པ་ཡོངས་དག་ནས༔ བདག་དང་སེམས་ཅན་ཐམས་ཅད་ཀུན༔ རྣམ་མཁྱེན་སངས་རྒྱས་ཐོབ་པ་དང་༔ ལན་ཆགས་ཤ་མཁོན་བུ་ལོན་སོད༔ སྡུག་བསྔལ་ཀུན་བྲལ་བདེ་ལྡན་ཤོག༔ སཾ་བྷ་ར་དང་ཆུ་སྦྱིན་སྔགས་གང་འོས་ཀྱིས་བསྔོ༔ མཐར་ནི་འཁོར་གསུམ་དངོས་པོའི་ཆོས༔ མི་དམིགས་མཉམ་པ་ཉིད་ཕྱམ་གདལ༔ ཞེས་པ་འདི་ཡང་ཀློང་ཆེན་ཡངས་བས་བསྐུལ་ངོར་ག་གཱས་སོ། །


previousགསུར་ཆུ་སྦྱིན་གང་ལའང་འདིས་བསྔོ།next