Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསུར་མཆོད་བདུད་རྩིའི་སྤྲིན་ཆེན།
   
   


 
previousགསུར་མཆོད་བདུད་རྩིའི་སྤྲིན་ཆེན།next

གསུར་མཆོད་བདུད་རྩིའི་སྤྲིན་ཆེན།

གསུར་མཆོད་བདུད་རྩིའི་སྤྲིན་ཆེན་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀ་རཱ་ཡེ༔ ཞེས་མདུན་བསུས་ནས་བསུར་རྫས་གཙང་བུ་སྣ་ཚོགས་བཤམས་ལ༔ རཾ་ཡཾ་ཁཾ༔ གིས་སྦྱངས་སྤེལ་བསྒྱུར་ལ༔ ཧོ༔ ཟག་མེད་ཡེ་ཤེས་བདུད་རྩི་དངོས༔ རྣམ་པ་གང་ལ་གང་འདོད་པའི༔ གནས་ཁང་ཡོ་བྱད་མལ་ཆ་གོས༔ གསོས་སྨན་དཀོར་ནོར་ཟས་སྐོམ་བཅས༔ ཡས་མགྲོན་རྣམས་ལ་མཆོད་པར་འབུལ༔ ཁྱད་པར་ས་ཕྱོགས་འདིར་གནས་པའི༔ གཞི་བདག་སྡེ་བརྒྱད་ལན་ཆགས་མགྲོན༔ ཀུན་ལ་དགྱེས་པ་བསྐྱེད་ཕྱིར་འབུལ༔ ནད་ཡམས་དལ་གྱི་བདག་པོ་སོགས༔ སྲི་དང་ནོར་ལ་བར་གཅོད་པ༔ དགའ་ཁྲོ་ཆགས་འཇུངས་མཐུན་བྱས་ནས༔ རྩ་རུ་སླེབ་དང་རྒོལ་བ་དང་༔ ནད་གཙེར་གཞན་ལ་བརྒོལ་བས་སུ༔ གནོད་བྱེད་ཆུང་གསུམ་ལ་ཐལ་བའི༔ རིགས་ལ་ཟག་མེད་མཆོད་འབུལ་བས༔ ཚིམ་ནས་བདེ་བའི་དཔལ་ཐོབ་ཏེ༔ ཕན་ཚུན་བྱམས་སེམས་ལྡན་པར་ཤོག༔ ཐམས་ཅད་ནམ་མཁའི་མཛོད་༴ སོགས། སྦྱིན་པ་རྒྱ་ཆེན་གྱུར་༴ སོགས། རང་རང་ལས་བྱུང་ནད་བསྡུས་ཏེ༔ གདོན་ཀྱང་དེངས་ནས་ཕྱིར་མ་ལྡོག༔ བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག༔ སངས་རྒྱས་ཕུན་ཚོགས་བདེན་པའི་མཐུས༔ སྐྱེ་མེད་བསམ་བྲལ་ཆེན་པོའི་ངང་༔ བདག་བཟུང་ལྷ་འདྲེ་རུ་ཏྲ་རྣམས༔ གཉིས་མེད་མཉམ་གྲོལ་རྫོགས་སངས་རྒྱས༔ རང་བྱུང་ཡེ་ཤེས་འབྱམས་སུ་ཀླས༔ བདག་གི་བསམ་པའི་སྟོབས་དག་༴ སོགས། ལན་ཆགས་མགྲོན་ལ་མཆོད་པ་དང་༔ སོགས། འབྱུང་གྱུར་ཅིག༔ མ་ཎི་བརྒྱ་རེ་འདོན༔ དེ་ཡིས་གནས་སྐབས་དོན་ཀུན་འགྲུབ༔ མཐར་ཐུག་ཚོགས་རྫོགས་ལན་ཆགས་བྱང་༔ འབྲས་བུ་སྐུ་གཉིས་ཐོབ་པ་ཡི༔ ཉེ་རྒྱུར་འགྱུར་མེད་ས་མ་ཡཱ༔ ཅེས་ཀྱང་ཐར་གཡང་ལ་ཕན་སླད་དུ་ག་གཱ་བས་སོ། །


previousགསུར་མཆོད་བདུད་རྩིའི་སྤྲིན་ཆེན།next