Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསེ་རག་ཕྲན་བུ་བསལ་བའི་བང་མཛོད་གཡང་ལྷའི་དངོས་གྲུབ།


 
previousབསེ་རག་ཕྲན་བུ་བསལ་བའི་བང་མཛོད་གཡང་ལྷའི་དངོས་གྲུབ།no next

བསེ་རག་ཕྲན་བུ་བསལ་བའི་བང་མཛོད་གཡང་ལྷའི་དངོས་གྲུབ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ བསེ་རག་ཕྲན་བུ་བསལ་བའི་བང་མཛོད་གཡང་ལྷའི་དངོས་གྲུབ་ཅེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀ་རཱ་ཡ༔ ཨྠིཔདྨ་ཧོ༔ རབ་ཀྱིས་བསང་གསུང་བྱིན་རླབས་ལས༔ རྡོ་རྗེ་ཧེ་རུ་ཀ༔ དང་པོ་ཐོ་ལའོ༔ གཉིས་པ་གསུར་བསྔོ་ནི༔ རཾ་ཡཾ་ཁཾ༔ གིས་སྟོང་བར་སྦྱངས༔ སཾ་བྷ་ར་ཡིས་བསྔོ་རྒྱུ་བྱིན་གྱི་རླབས་ནས་མང་པོར་སྤེལ་ལ༔ ཀྱཻ༔ སྔོན་ཆད་སེར་སྣ་བྱས་པ་ལས༔ དབང་འབྲས་ཡུལ་དུ་སྨིན་པ་ན༔ ས་གཞི་ཕུང་ཞིང་ཉམས་མི་དགའ༔ བསེ་རག་བཤིག་དྲལ་གཟུགས་སུ་སྨིན༔ དེ་ཡི་ལས་སུ་བཟློག་པའི་ཕྱིར༔ སྦྱིན་པས་བསོད་ནམས་ཚོགས་རྫོགས་པ༔ ཟག་མེད་ཏིང་འཛིན་མཆོད་སྤྲིན་ནི༔ མཆོད་སྦྱིན་མགྲོན་ལ་བསྐང་རྫས་སུ༔ མཐུན་ཞིང་འཚམས་པ་ཉིད་དུའོ༔ བསྔོས་པ་བཞིན་དུ་ཐོབ་གྱུར་ཅིག༔ ཐོབ་ནས་གཏན་བདེ་འགྱུར་མེད་ཤོག༔ བྱང་ཆུབ་སེམས་ནི་མཉམ་ཉིད་དུ༔ བདེན་གཉིས་ཟུང་འཇུག་ཚུལ་གྱིས་བསྐྱེད༔ སྟོབས་འདིའི་རང་བྱུང་རང་ངོ་འཕྲོད༔ བདག་གི་ཕྲིན་ལས་མྱུར་གསང་འཕྲུལ༔ ད་ལྟ་ཉིད་དུ་འབར་གྱུར་ཅིག༔ ཆོས་དབྱིངས་བདེ་ཆེན་མངོན་གྱུར་ཤོག༔ ཅེས་རྒྱུན་དུ་བསྔོས་པས་ཐམས་ཅད་འཁོར་བ་དོང་ནས་སྤྲུགས་པར་འགྱུར་རོ༔ བླ་མ་ཨཀྵ་རའི་ངོར་ག་གཱ་བས་སོ། །སྣང་ལ་རང་བཞིན་མེད་པའི་དགེ་རྩ་འདི། །སྣང་ལ་རང་བཞིན་མེད་པའི་སེམས་ཅན་ལ། །སྣང་ལ་རང་བཞིན་མེད་བའི་རྣལ་འབྱོར་ངས། །སྣང་ལ་རང་བཞིན་མེད་པའི་ངང་ནས་བསྔོ། །སྣང་ལ་རང་བཞིན་མེད་པའི་སྐུ་གཉིས་ཀྱི། །སྣང་ལ་རང་བཞིན་མེད་པའི་འབྲས་ཐོབ་ཤོག །ཅེས་ཀྱང་ག་གཱས་སོ། །དགེའོ། །དགེའོ། །དགེའོ།


previousབསེ་རག་ཕྲན་བུ་བསལ་བའི་བང་མཛོད་གཡང་ལྷའི་དངོས་གྲུབ།no next