Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྱག་འཚལ་བའི་བསྟོད་པ།  ཀླུ་སྒྲུབ།
   
  expand section
   
   
   
   
   
   
   
   
  expand section
  expand section
   
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱག་འཚལ་བའི་བསྟོད་པ། ཀླུ་སྒྲུབ།next

ཕྱག་འཚལ་བའི་བསྟོད་པ།
ཀླུ་སྒྲུབ།


DTG01_Page_165
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། བན་ད་ན་སྟོ་ཏྲ་ནཱ་མ། བོད་སྐད་དུ། ཕྱག་འཚལ་བའི་བསྟོད་པ་ཞེས་བྱ་བ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གནོད་བྱེད་འདོད་ཆགས་ཞེ་སྡང་དང༌། །སྲིད་འཁོར་རྨོངས་ཆེན་དྲ་བ་སྤངས། །མཆོག་སྦྱིན་མཛད་པ་རྒྱལ་བ་མཆོག །མཆོག་བྱུང་སངས་རྒྱས་བདག་ཕྱག་འཚལ། །ཡང་དག་ཐུགས་ཆུད་རྫོགས་སངས་རྒྱས། །ལྷ་དང་ལྷ་མིན་མཆོད་བྱས་པ། །འཇིག་རྟེན་གསུམ་གྱི་བླ་མ་ལ། །མི་


DTG01_Page_166
[མ་དཔེ་གཟིགས་ན་འདིར་གནོན།]

ཕམ་མཉམ་པ་མེད་གྱུར་ཅིང༌། །བདུད་སྟོབས་ཕམ་མཛད་བདག་ཕྱག་འཚལ། །ཤཱཀྱའི་རྒྱལ་པོའི་སྲས་སུ་འཁྲུངས། །གདུད་ནི་ཉི་མའི་རིགས་སུ་གྲགས། །དཔའ་བོ་རྨད་བྱུང་སངས་རྒྱས་ནི། །ཡོན་ཏན་ཚོགས་ནི་བསྡུས་པ་ལ། །ལྷ་མི་རླུང་ལྷས་མཆོད་ཕྱག་འཚལ། །གསེར་གྱི་རི་བོའི་རྩེ་འདྲའི་སྐུ། །པདྨའི་འདབ་མའི་སྤྱན་མངའ་བ། །གསེར་གྱི་མདོག་དང་ལྡན་གྱུར་ཅིང༌། །སུམ་ཅུ་རྩ་གཉིས་མཚན་དང་ལྡན། །ཤིས་ལྡན་མཚན་བཟང་ཕྱག་འཚལ་ལོ། །མེ་དང་གློག་དང་མེ་སྟག་དང༌། །ཉི་ཟེར་སྟོང་ལྡན་དཀྱིལ་འཁོར་ཅན། །གང་གིས་སྟོབས་ནི་བརྒྱན་གྱུར་པ། །མཉམ་མེད་སྟོབས་ལྡན་ཕྱག་འཚལ་ལོ། །དཔལ་ལྡན་མཆོག་ནི་འབར་བ་ཡི། །བསོད་དང་དུལ་བར་ཡང་དག་ལྡན། །ཐུབ་པའི་དབང་པོ་མཆོག་གྱུར་བ། །ཡང་དག་བྱང་ཆུབ་བརྙེས་པ་ལ། །ཆེས་དྲེགས་ཕྱག་བྱས་ཕྱག་འཚལ་ལོ། །གང་ཞིག་སེམས་ཅན་ཕན་མཛད་ཅིང༌། །བདེ་བའི་དོན་ཕྱིར་སྙིང་རྗེས་འཇུག །ཡང་དག་དོན་ལ་ཞུགས་གྱུར་པས། །མྱ་ངན་འདས་གྲོང་གཤེགས་ཕྱག་འཚལ། །འདིས་ནི་ལྟོ་འཕྱེ་མི་འམ་ཅི། །ལྷ་དང་ལྷ་མིན་ཕྱག་བྱས་པ། །བདག་གིས་རྒྱལ་བ་བསྟོད་པ་ལས། །བསོད་ནམས་བདག་གིས་གང་བསགས་པ། །དེས་ནི་སེམས་ཅན་ཐམས་ཅད་ཀྱང༌། །བྱང་ཆུབ་ཁོང་དུ་ཆུད་པར་ཤོག །ཕྱག་འཚལ་བའི་བསྟོད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།


previousཕྱག་འཚལ་བའི་བསྟོད་པ། ཀླུ་སྒྲུབ།next