Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
  expand section
  expand section
   
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ།  ཉི་མ་པ།
   
   
   


 
previousདཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ། ཉི་མ་པ།next

དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ།
ཉི་མ་པ།


DTG01_Page_509
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་གུ་རུ་བ་ན་རཏྣ་སྟོ་ཏྲ་ས་བཏ་ཀཾ། བོད་སྐད་དུ། དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ། །དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་ཞབས་ལ་ཕྱག་འཚལ་ལོ། །བལ་པོའི་ཡུལ་གྱི་རྒྱལ་པོ་བདེ་བར་གཤེགས་པ་ཡི། །ལུགས་ལ་རྟག་ཏུ་རྗེས་སུ་བརྩོན་པ་ལ་བཀོད་ཅིང༌། །མཁས་པ་རྣམས་ཀྱི་མཛོད་གྱུར་མཐར་ཐུག་ཡོན་ཏན་གྱི། །ཚོགས་ཀྱི་ཟབ་མོ་སྣང་མཛད་དགེ་སློང་རྒྱལ་པོ་སྟེ། །རྣམ་པར་གྲགས་ཤིང་མ་ཆུངས་པ་མེད་པའི་གྲགས་པ་ཡི། །རྒྱལ་མཚན་བླ་བྲེ་དར་དཔྱངས་ཟབ་ཅིང་རྒྱ་ཆེའི་བློ། །སྐུ་ཡང་སེམས་ཅན་རྣམས་ཀྱི་སྐྱབས་ནི་གཅིག་པུ་སྟེ། །ཐེག་ཆེན་ཡང་དག་རྟོགས་པས་གྲུབ་པའི་མཐའ་ཡི་མཛོད། །ནགས་ཀྱི་རིན་ཆེན་ཞེས་བྱ་སྡོམ་བརྩོན་མཆོག་གི་བློ། །གནས་བརྟན་འདི་ན་གཉིས་མེད་ཆོས་ཀྱི་དེ་ཉིད་རིག །འདུལ་བའི་སྡོམ་པས་ཡང་དག་སྡོམ་ལ་མངོན་པར་བརྩོན། །ཕས་རྒོལ་གླང་པོའི་དབང་ལ་རི་དགས་རྒྱལ་པོ་ལགས། །ཕྱག་འཚལ་སྡོམ་བརྩོན་ཆེན་པོའི་རྒྱལ་པོ་རྣམས་ཀྱི་མཆོག །མཆོག་གི་ཚུལ་ལ་རབ་ཏུ་རྣམ་པར་ངེས་པ་སྐྱེ། །སྐྱེ་བ་སྡུག་བསྔལ་དག་ལས་འབྱིན་བྱེད་གཅིག་པུ་མཆོག །མཆོག་ཏུ་ནགས་ཀྱི་རིན་ཆེན་གནས་བརྟན་ཆེན་པོ་ལགས། །ཆགས་བྲལ་སེམས་ཅན་མ་ལུས་པ་དག་སད་པར་མཛད། །ཕྱག་གི་ཆུ་སྐྱེས་དག་གིས་མཚོན་གྱི་གཞུ་འཆང་བ། །འཛིན་པའི་མཐིལ་གྱི་རྒྱན་དུ་གྱུར་པ་མཛེས་པའི་སྐུ། །གནས་བརྟེན་ཆེན་པོ་ནགས་ཀྱི་རིན་ཆེན་རབ་ཏུ་མཛེས། །དགའ་བྲལ་དགའ་བའི་གླང་པོ་ལ་སོག་དྲི་མ་ཡི། །དྲི་མ་དྲི་མ་


DTG01_Page_510
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་བྲལ་བ་ཉམས་སུ་མྱོང༌། །སྲིད་དང་སྲིད་པ་མ་ཡིན་གཉིས་ཀྱི་འབེན་ལ་མངའ། །གནས་བརྟན་ཆེན་པོ་ནགས་ཀྱི་རིན་ཆེན་སྐྱབས་སུ་གྱུར། །དགའ་བྲལ་དང་པོའི་བདུད་རྩིའི་བཏུད་པ་བདག་ལ་དགྱེས། །དགྱེས་ཤིང་ངེས་ལ་དུལ་བའི་ཡན་ལག་བརྒྱ་ཕྲག་གིས། །སེམས་ཅན་བརྒྱ་ཕྲག་ཚོགས་རྣམས་ཡོངས་སུ་སྨིན་པ་དག །རྩི་མཛད་གནས་བརྟན་ཆེན་པོ་ནགས་ཀྱི་རིན་ཆེན་ནོ། །བདུད་སྡེ་ལ་སོགས་རྣམས་ཀྱི་ཁ་ལ་རོ་མེད་མཛད། །ཁ་ཡི་ཆུ་སྐྱེས་དག་ནི་དགྲ་ཡིས་གང་བ་འཛེམས། །སྐྱེ་མཆེད་འདར་བའི་ཕས་རྒོལ་རི་ཡི་དབང་པོ་འཁྲུ། །ཁྲུས་མཛད་ནགས་ཀྱི་རིན་ཆེན་གནས་བརྟན་ཆེན་པོའོ། །དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ་འདི་ནི་རྫོགས་སོ།། །།ཡུལ་མ་ག་དྷཱ་ནས་བྱུང་བའི་དགེ་བསྙེན་དམ་པ་ཉི་མ་པ་ཞེས་བྱ་བས་མཛད་པའོ། །འདི་ནི་སྤྱན་མངའ་ཆོས་ཀྱི་རྒྱལ་པོས་གསེར་གྱི་མེ་ཏོག་དང་བཅས་པའི་བཀའ་ལུང་གིས། །རྩེ་ཐང་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་བསྒྱུར་བའོ།། །།


previousདཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ། ཉི་མ་པ།next