Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དྲུག་པ།


  collapse section
   
   
   
   
   
   
ལེའུ་གཉིས་པའི་རྡོ་རྗེའི་ཚིག་བཏུ་བ།
   
   
   
  expand section
  expand section
   
  expand section
  expand section


 
previousལེའུ་གཉིས་པའི་རྡོ་རྗེའི་ཚིག་བཏུ་བ།next

ལེའུ་གཉིས་པའི་རྡོ་རྗེའི་ཚིག་བཏུ་བ།


DTG006_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་བརྟག་པ་གཉིས་པའི་རྡོ་རྗེའི་ཚིག་བཏུ་བ་ལ་འཇུག་པར་བྱ་སྟེ། རང་གི་ཁྱིམ་དུ་མཚན་མོ་ནི། །གྲུབ་པ་ང་ཞེས་བསམ་པར་བྱ། །ཞེས་བྱ་བ་གསུངས་ཏེ། རང་གི་རྣམ་པར་རྟོག་པས་ཕུང་པོ་ལྔ་ལེན་པས་ན་སྲེད་པ་དང་བཅས་པའི་ཕུང་པོ་ལྔ་པོ་དེ་དག་ནི་རང་གི་ཁྱིམ་མོ། །མཚན་མོ་ཞེས་བྱ་བ་ནི་དབང་པོའི་གྲོང་གཉིད་ལོགས་པ་སྟེ། གང་ཡུལ་ལ་མི་འཇུག་པའོ། །གྲུབ་པ་ང་ཞེས་བསམ་པར་བྱ། །ཞེས་བྱ་བ་ནི་ཐ་མལ་པའི་རྣམ་པར་རྟོག་པ་ལས་གྲོལ་བས་གྲུབ་པའི་སྐྱེས་པའི་དཔལ་ཧེ་རུ་ཀ་ལ་སོགས་པ་ནི་བདག་གོ་ཞེས་བསམ་པར་བྱའོ། །དེ་ལྟར་ཡང་གསུངས་ཏེ། ཐ་མལ་རྣམ་པ་གཞོམ་པའི་ཕྱིར། །རང་ལ་ལྷ་ཡི་ངར་འཛིན་བྱ། །ངར་འཛིན་དེ་ཡང་གཞོམ་པའི་ཕྱིར། །དམིགས་པ་མེད་པ་རྣམ་པར་བསྒོམ། །གང་ཚེ་སེམས་ནི་མཉམ་གནས་པའང༌། །དེའི་ཚེ་དེ་ཉིད་ཡིན་པར་ངེས། །ཞེས་སོ། །ཇི་ལྟར་ངར་འཛིན་པའི་ཚུལ་ཡང༌། དང་པོའི་ལས་ཅན་རྣལ་འབྱོར་པ། །དེ་ནི་སྤྲུལ་སྐུ་ལ་གོམས་བྱ། །སྤྲུལ་པ་བརྟན་པར་གྱུར་པ་ན། །ལོངས་སྤྱོད་རྫོགས་པ་བརྟན་པར་བསྒོམ། །སྤྲུལ་པའི་སྐུ་ནི་གསལ་གྱུར་ཅིང༌། །ལོང་སྤྱོད་རྫོགས་པ་གསལ་ཙམ་ན། །ཆོས་སྐུ་དམིགས་པ་མེད་འདི་ནི། །མདོར་བསྡུས་སྨོས་པའོ་ཞེས་གསུངས་སོ། །ལེའུ་གཉིས་པའི་རྡོ་རྗེའི་ཚིག་བཏུ་བའོ།། །།


previousལེའུ་གཉིས་པའི་རྡོ་རྗེའི་ཚིག་བཏུ་བ།next