Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དྲུག་པ།


  collapse section
   
   
   
   
   
   
   
   
   
མཇུག་བྱང་།
  expand section
  expand section
   
  expand section
  expand section


 
previousམཇུག་བྱང་།next

མཇུག་བྱང་།


DTG006_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་རྒྱུད་རྒྱལ་འདི་ལ་རྣམ་སྤྱོད་པའི། །སྐྱེ་བོ་བློ་འཕགས་དུ་མས་རྣམ་མང་དུ། །དོན་གྱི་སྡེབ་སྦྱོར་མང་དུ་ལྷུར་བླངས་པས། །ཤིན་ཏུ་གསལ་བ་རྣམ་བཤད་རྣམ་མང་


DTG006_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །བདག་གིས་དེ་རྣམས་ལ་གནས་དོན་ཉིད་འདིར་བསྡུས་ཀྱི། སྔོན་ཆད་མ་བྱུང་འགའ་ཞིག་འདིར་བརྗོད་གང་ཡང་མེད། །འོན་ཀྱང་འདི་ལས་དྲི་མེད་བསོད་ནམས་གང་སྐྱེས་དེས། །བདག་ནི་རྣམ་ཀུན་འགྲོ་བའི་དོན་ལ་མངོན་པར་བཤད། །དཔལ་དགྱེས་པ་རྡོ་རྗེའི་དཀའ་འགྲེལ་རྡོ་རྗེའི་ཚིག་བཏུ་བ་ཞེས་བྱ་བ་ནང་གི་དོན་བཤད་པ་སློབ་དཔོན་ཆེན་པོ་ཀཱ་མ་དྷེ་ནུ་པས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་བི་ན་ཡང་དེ་བ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།


previousམཇུག་བྱང་།next