Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་པ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
ལེའུ་བཅུ་གསུམ་པའི་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
  expand section
   
   
   
   
   
   
   
   
   
   
   


 
previousལེའུ་བཅུ་གསུམ་པའི་བཤད་པ།next

ལེའུ་བཅུ་གསུམ་པའི་བཤད་པ།


DTG008_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་བཅུ་གསུམ་པ་ལ་ཟབ་པ་བྲི། ཨུ་རྒྱན་ལ་སོགས་གནས་ཞེས་བྱ་བ་ལ། གནས་ལ་སོགས་པའི་དོན་ལྔར་བཤད་པར་བྱའོ། །རྣལ་འབྱོར་མའི་འདུས་པ་ཞེས་བྱ་བ་ནི་གསང་བའི་མཉམ་པར་སྦྱོར་པའི་དུས་སུ་རྩ་ཕྲད་པའི་འཕོ་བ། དེ་རུ་སྐད་ནི་སྨྲ་བར་བྱེད། །ཅེས་བྱ་བ་སློབ་དཔོན་ཤ་བ་རིའི་གཞུང་གིས་ཕན་ཚུན་བྱང་ཆུབ་སེམས་འདུས་པར་བྱེད་དོ། །དེའི་གསང་བའི་སྒྲ་དང་ལྡན་པ་ཉིད་རྒྱུད་ལས་གསུངས་སོ། །གསང་བའི་སྒྲ་ནི་ལེགས་དགྱེས་ཀྱི་དགའ་བའི་རོ་ཞེས་སློབ་དཔོན་པ་ལ་ས་བཛྲའི་གཞུང་ངོ༌། །སློབ་དཔོན་གཞན་མའི་གཞུང་གིས་གསང་བའི་སྒྲས་ནི་རང་རང་གི་རིགས་ལ་འདུས་པའོ། །སློབ་དཔོན་རཏྣ་བྷཱུ་ཏིའི་གཞུང་གིས་གསང་བའི་སྐད་ནི་འདོར་བའི་བརྡའི་གནས་སོ། །སློབ་དཔོན་ཌོ་མྦིའི་གཞུང་གིས་ནི་སྐལ་བ་དང་ལྡན་པ་མི་ལྡན་པ་བསྟན་པའི་རྒྱུའི་ཕྱིར། གསང་བའི་སྐད་སྨྲ་བའོ། །གཞན་མ་ནི་ཆང་ལ་སོགས་པ་སྒྲ་ཇི་བཞིན་གྱིས་གསུངས་སོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ལེའུ་བཅུ་གསུམ་པའི་བཤད་པའོ།། །།


previousལེའུ་བཅུ་གསུམ་པའི་བཤད་པ།next