Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་པ།


  collapse section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
   
  expand section
  expand section
   
   
  expand section
   
   
   
   
   
   
   
   
   
   
   


 
previousལེའུ་བཅུ་བཞི་པའི་བཤད་པ།next

ལེའུ་བཅུ་བཞི་པའི་བཤད་པ།


DTG008_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་བཅུ་བཞི་པ་ལ་ཟབ་པའི་ཚིགས་སུ་བཅད་པ་བྲི། ཡན་ལག་ཕྱག་རྒྱ་ལ་སོགས་པའི་མཚན་ཉིད་ལ་སོགས་ཞེས་བྱ་བ་ལ། རྡོ་རྗེ་སློབ་དཔོན་གྱི་ཞལ་སྔ་ནས་འདི་སྐད་གསུངས་ཏེ། ཡན་ལག་གི་སྒྲས་ནི་ཐབས། ཕྱག་རྒྱའི་སྒྲས་ནི་ཤེས་རབ། མཚན་ཉིད་ཅེས་བྱ་བ་ནི་བདེ་བར་སྦྱོར་བ། སློབ་དཔོན་ཛྙཱ་ན་བྷཱུ་ཏིའི་གཞུང་གིས་ཡན་ལག་ནི་སྲིད་པ། ཕྱག་རྒྱ་ནི་མྱ་ངན་ལས་འདས་པ་དེ་དག་གཉིས་ཀྱིས་ཡོངས་སུ་ཤེས་པ་ལས་ཕྱག་རྒྱའི་དངོས་གྲུབ་པོ། །སློབ་དཔོན་ནག་པོ་པའི་གཞུང་གིས་ཡན་ལག་ནི་མཆོག་


DTG008_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གི་དགའ་བ། ཕྱག་རྒྱ་ནི་ཆད་པའི་དགའ་བ། སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་གཞུང་གིས་ཕྱག་རྒྱའི་དངོས་གྲུབ་མངོན་དུ་གྱུར་པའི་རྣལ་འབྱོར་པ་ལ་ཉེ་བར་བརྟགས་པའི་དོན་གྱི་ཕྱིར་རྣལ་འབྱོར་མ་འདུས་པའོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ལེའུ་བཅུ་བཞི་པའི་བཤད་པའོ།། །།


previousལེའུ་བཅུ་བཞི་པའི་བཤད་པ།next