Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་པ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅོ་ལྔ་པའི་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
  expand section
   
   
   
   
   
   
   
   
   
   
   


 
previousལེའུ་བཅོ་ལྔ་པའི་བཤད་པ།next

ལེའུ་བཅོ་ལྔ་པའི་བཤད་པ།


DTG008_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་བཅོ་ལྔ་པ་ལ་ཟབ་པའི་ཚིགས་སུ་བཅད་པའི་དོན་བྲི། གཟུགས་དང་མཚན་ཉིད་ཅེས་བྱ་བ་ནི་སློབ་དཔོན་གྱི་ཞལ་སྔ་ནས་འདི་སྐད་ཅེས་གསུངས་ཏེ། གཟུགས་ནི་ཀུན་དུ་དམར་བའི་རང་བཞིན་བྱང་ཆུབ་ཀྱི་སེམས། མཚན་མ་ཞེས་བྱ་བ་ནི་ཕྱི་རོལ་དུ་འབྱུང་བའི་རྣམ་པའི་ངོ་བོ། སོགས་པའི་སྒྲས་ནི་གནས་སོ། །དེ་ལ་དོན་ནི་འདི་ཡིན་ཏེ། གང་ཞིག་རྣལ་འབྱོར་མ་རྟག་ཏུ་ཨཱ་ལི་ཀཱ་ལི་བདུད་རྩིའོ། །གསང་བའི་པདྨའི་གནས་ནས་འཛག་པ་དེ་ནི་ཐེ་ཚོམ་མེད་པར་དངོས་གྲུབ་ཆེན་པོ་སྟེར་བར་འོང༌། ཨཱ་ལི་ཀཱ་ལིའི་ཡེ་ཤེས་ལས་ཁམས་གསུམ་སྐྱེ་བའི་ཕྱིར་རོ། །གང་ཞིག་ཉིད་ལས་དེ་ལྟར་གྱུར་པའི་ཡེ་ཤེས་རྟག་ཏུ་འབྱུང་བ་དེ་ནི་མི་ལས་གཞན་པའི་ལྷའི་རིགས་སོ། །ལྷ་མོ་མ་ཡིན་པ་གཞན་མས་དངོས་གྲུབ་ཆེན་པོ་གྲུབ་པར་མི་ནུས་པ་མི་འོང་ཞེས་དགོངས་པའོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ལེའུ་བཅོ་ལྔ་པའི་བཤད་པའོ།། །།


previousལེའུ་བཅོ་ལྔ་པའི་བཤད་པ།next