Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་པ།


  collapse section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
   
  expand section
  expand section
   
   
  expand section
   
   
   
   
   
   
   
   
   
   
   


 
previousལེའུ་ཉེར་བདུན་པའི་བཤད་པ།next

ལེའུ་ཉེར་བདུན་པའི་བཤད་པ།


DTG008_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ལེའུ་ཉི་ཤུ་རྩ་བདུན་པ་ལ་ཚིགས་སུ་བཅད་པ་བྲི། །སྦས་པའི་སྔགས་ལ་གསལ་བ་ཞེས་བྱ་བ་ནི་མི་དགེ་བ་བཅུ་བྱེད་པའི་གང་ཟག་ལ་གསང་པའི་སྔགས་སྦས་པ། ཡི་གེ་གྲགས་པ་ཅན་ཡང་དེ་བཞིན་ནོ། །དགེ་བ་བྱེད་པའི་གང་ཞག་དང༌། །དེ་བཞིན་གསང་བའི་ཚིག་བསྲུང་བ་ལ། ཐམས་ཅད་རབ་ཏུ་གསལ་བར་བྱ། དེའི་ཕྱིར་དད་པ་ཅན་དང༌། དད་པ་མེད་པ་ཉིད་དཔལ་རྡོ་རྗེ་འཛིན་པས་གསུངས་སོ། །དཔལ་ཕྱག་རྒྱ་ཆེན་པའོ་ཐིག་ལེ་ལས་ལེའུ་ཉི་ཤུ་རྩ་བདུན་པའི་བཤད་པའོ།། །།


previousལེའུ་ཉེར་བདུན་པའི་བཤད་པ།next