Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་པ།


  expand section
  expand section
   
  expand section
  expand section
   
   
  collapse section
   
བཤད་པའི་རྣམ་གྲངས་དང་པོ།
   
   
   
   
   
   
   
   
   
   
   
   
   
   
   


 
previousབཤད་པའི་རྣམ་གྲངས་དང་པོ།next

བཤད་པའི་རྣམ་གྲངས་དང་པོ།


DTG008_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ས་མཱ་དྷི་བྷཱ་ཥ་ཊཱི་ཀ །བོད་སྐད་དུ། །དགོངས་པའི་སྐད་ཀྱི་འགྲེལ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་དུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བར་རབ་འཇུག་པ། །དེ་སྙེད་རྣམས་ལ་རྟག་ཕྱག་འཚལ། །བརྡའི་རྣམ་གྲངས་རྣམ་པ་བདུན་གྱིས་བཤད་པ་བཤད་པར་བྱའོ། །དེ་ལ་ཆང་ནི་ནམ་མཁའི་བདུད་རྩི་ཡིན་ཏེ། དེ་རྒྱུན་མི་འཆད་པར་བཏུང་པར་བྱའོ། །སྟོབས་ནི་རླུང་ཡིན་ལ་དེ་བཟའ་བ་ནི་འགོག་པ་ཞེས་བྱ་བར་དགོངས་སོ། །མ་ལ་ཡ་ཛཾ་འབྱུང་བ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་གཅིག་ཏུ་ཡང་དག་པར་འདུག་ནས་བསྒོམ་པར་བྱ་བ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་དགའ་བས་ཞེས་བྱ་བར་དགོངས་སོ། །ཁེ་ཊ་ནི་རླུང་འགྲོ་བ་ཡིན་ཏེ། དེ་ཡང་རྣལ་འབྱོར་བཞི་དང་ལྡན་པས་མི་གཟུང་བར་


DTG008_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ཡིན་ཏེ་གཏང་ཞེས་བྱ་བའི་དོན་ཏོ། །རོ་ནི་ལུས་ཀྱི་འཁྲུལ་འཁོར་འོད་དཔག་ཏུ་མེད་པ་ཡིན་ལ། འདུ་བར་དེར་དགོད་པར་བྱ་བ་ཡིན་ནོ། །ནི་རཾ་ཤུ་ནི་རང་གི་རུས་པ་འདི་དག་ཉིད་བདག་གི་རྒྱན་ཡིན་ནོ་ཞེས་མོས་པར་བྱའོ། །བྲོ་ཀྵུ་ནཾ་ནི་རླུང་འཇུག་པ་ཡིན་ལ། དེ་ཡང་གང་བ་ཅན་ལ་སོགས་པའི་ལས་ཀྱིས་རྗེས་སུ་འགོག་པས་བྱ་བ་ཡིན་ནོ། །ཀྲྀ་པི་ཊ་ནི་གཞོམ་དུ་མེད་པའི་སྒྲ་ཡིན་ལ། དེ་ཡང་སྲོག་དང་རྩོལ་བ་འགོག་པས་བརྡུང་བར་བྱ་ཞིང་མཉམ་པར་བྱ་བ་ཡིན་ནོ། །དུན་དུ་རུ་ནི་རྣམ་པར་རྟོག་པ་ཡིན་ལ། དེ་ཡང་དེར་གཞན་མ་ཡིན་པར་བརྗོད་དོ། །ཀཱ་ལིཉྫ་ར་ནི་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་ཏེ། དེ་ཡང་རླུང་འཇུག་པ་ཡིན་པས་མི་དོན་པར་བྱའོ་ཞེས་བྱ་བར་དགོངས་སོ། །པདྨ་བྷཉྫ་ནཾ་ནི་འཁོར་ལོ་བཞི་ཡིན་ཏེ། སྤྱི་བོ་འམ་སྤྲུལ་པའི་འཁོར་ལོ་འམ། ཡང་ན་ལས་ཀྱི་ཕྱག་རྒྱའི་ཀཀྐོ་ལ་ཡིན་ནོ། །སྤྱི་བོར་ཆང་གིས་གང་པ་ནི་རང་བཞིན་གྱིས་གྲུབ་ནས་ཡོད་པ་སྟེ། དེས་ན་བཏུང་ཞེས་བྱ་བ་ནི་རྒྱུན་མི་འཆད་པས་གྲུབ་པ་ཡིན་ལ། འཁོར་ལོ་བཞི་ནི་པདྨ་བྷཉྫ་ནཾ་ཡིན་ནོ། །འཁོར་ལོ་བཞི་ནི་པདྨའི་སྣོད་ཡིན་ལ། སྤྲུལ་པ་གཅིག་པུ་ནི་རྟག་པ་ཡིན་ལ། གཞན་ཆོས་ལ་ནི་མི་བསྐྱོད་པ་ཡིན་ཞིང༌། གཞན་ཡང་ལོངས་སྤྱོད་ལ་ནི་འོད་དཔག་ཏུ་མེད་པ་སྟེ། བདེ་བ་ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་བདུད་རྩི་ཡིན་ནོ། །རིམ་པ་འདིས་བདག་ཆང་འཐུང་ལ་ཡིན་ནོ་ཞེས་གནས་པར་བྱ་ཞིང་བདག་ཉིད་དེ་ལྟར་མོས་པར་བྱའོ། །ཡང་ན་ལས་ཀྱི་ཕྱག་རྒྱའི་ཀཀྐོ་ལ་ལས་བྱུང་བའི་ཆང་བཏུང་བ་ནི་ལྕེ་ཡིས་བླང་པར་བྱ་བ་ཡིན་ནོ། །ཏྲི་པི་ཏ་བསམ་གཏན་དེ་ཉིད་རྣལ་འབྱོར་པ་རྣམས་ཀྱིས་བཟའ་བར་བྱ་བ་ཡིན་ནོ། །མཱ་ལ་ཏཱིནྡྷ་ནཾ་ནི་འབྱུང་བཞིར་བརྟགས་པ་དེ་བཟའ་བར་བྱའོ། །བཞི་མཉམ་ནི་རྣམ་པར་སྣང་མཛད་ཡིན་ཞིང་དེས་ལུས་བྱུགས་ནས་ཡོད་པའོ། །གླ་རྩི་ནི་མི་བསྐྱོད་པ་ཡིན་ཞིང། །སིཧླ་ནི་རིན་ཆེན་འབྱུང་ལྡན་ཡིན་ནོ། །ཀཔྤཱུ་ར་ནི་འོད་དཔག་མེད་ཡིན་པས་རྣལ་འབྱོར་པ་རྣམས་ལ་ངོ་བོ་ཉིད་འདི་རྣམས་ཀྱིས་བྱུགས་ནས་ཡོད་དོ། །ཤཱ་ལིཉྫ་དོན་ཡོད་གྲུབ་པ་སྟེ་དེ་ཉིད་ཀྱང་ཡོད་པ་ཡིན་ནོ། །ཀུནྡུ་རུཿ་ནི་དབང་པོ་དང་རྣམ་པར་ཤེས་པ་འདུས་


DTG008_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས་འདི་དག་ཀྱང་ཡོད་པ་ཡིན་ནོ། །བོ་ལ་ནི་རྣམ་པར་ཤེས་པ་ཡིན་པ་འམ་ཕྱི་རོལ་རྡོ་རྗེ་ཡིན་ནོ། །ཀཀྐོ་ལ་ནི་གསང་བའི་པདྨ་ཡིན་པ་འམ། ཕྱི་རོལ་དུ་གསང་བ་ཤེས་རབ་ཡིན་པས་འདི་དག་གིས་རྣལ་འབྱོར་དུ་བྱའོ། །བཤད་པའི་རྣམ་གྲངས་གཅིག་གོ། །།


previousབཤད་པའི་རྣམ་གྲངས་དང་པོ།next