Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་པ།


  expand section
  expand section
   
  expand section
  expand section
   
   
  collapse section
   
   
བཤད་པའི་རྣམ་གྲངས་གཉིས་པ།
   
   
   
   
   
   
   
   
   
   
   
   
   
   


 
previousབཤད་པའི་རྣམ་གྲངས་གཉིས་པ།next

བཤད་པའི་རྣམ་གྲངས་གཉིས་པ།


DTG008_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ལ་ལྟོས་པའི་དགའ་བ་ནི། ཤ་ནི་ཤེས་རབ་ཀྱི་མ་མཆུ་གཞི་བས་པ་ལས་མཆོག་ཏུ་དགའ་བའི་མཐར་ཐུག་པའོ། །འདུ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་ཞིང༌། འགྲོ་བ་ནི་བྱང་ཆུབ་ཀྱི་སེམས་འཕྲོ་བས་དགའ་བྲལ་ལོ། །རོ་ནི་གཉིས་ཀའི་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྤངས་པའི་ལུས་སོ། །རུས་པའི་རྒྱན་ནི་རྣམ་པར་མི་རྟོག་པ་སྒྲིབ་པ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའི་རྣམ་པར་ཤེས་པའོ། །འོང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་ཞུགས་པའོ། །ཅང་ཏེའུ་ནི་རྡོ་རྗེ་པདྨའི་སྒྲ་ཡིན་ལ། སྐལ་མེད་ནི་ས་བོན་གཉིས་ཡིན་ཞིང༌། སྐལ་ལྡན་ནི་རྡོ་རྗེ་ཡིན་ནོ། །རེག་མིན་ནི་པདྨའི་ནམ་མཁའི་ཁམས་ལ། ཐོད་པ་ནི་ཤེས་རབ་ཀྱི་གསང་བའོ། །བཟའ་བ་ནི་དེར་ཤུཀྲཱོ། །ཚོད་མ་ནི་རང་འབྱུང་གི་མེ་ཏོག་ཡིན་ནོ། །བཤད་བ་ནི་ཤེས་རབ་ཀྱི་དྲི་ཆེན་ནོ། །གཅི་བ་ནི་ཤེས་རབ་ཀྱི་རྗེས་ཐོགས་སུ་གཅི་བས་གཅི་བའོ། །རང་འབྱུང་ནི་ཤེས་རབ་ཀྱི་རིན་པོ་ཆེ་ཡིན་ལ། ཀྤཔཱུ་ར་ནི་གཉི་གའི་ཤུཀྲའོ། །ཤ་ཆེན་ནི་རྡོ་རྗེ་དང་ཀཀྐོ་ལ་གཞི་བས་པའོ། །དབང་པོ་གཉིས་སྦྱོར་ནི་རྣལ་འབྱོར་གྱིས་སྦྱར་བའོ། །རྡོ་རྗེ་ནི་ནོར་བུ་ཡིན་ལ་ཀཀྐོ་ལ་ནི་ལྟེ་བའོ། །བཤད་པ་རྣམ་གྲངས་གཉིས་པའོ།། །།ཆང་ནི་དེ་བཞིན་ཉིད་དོ། །སྟོབས་ནི་དྲེགས་པ་སྟེ་ང་རྒྱལ་ལོ། །མཱ་ལ་ཡ་ཛཾ་ནི་འབྱུང་པོ་ཐམས་ཅད་རྗེས་སུ་མི་དམིགས་པ་ཉིད་དོ། །ཁེ་ཊ་མཿ་ནི་ལམ་དེ་ལ་གཞལ་བའོ། །ཤུ་ཀྲ་ནི་བདག་མེད་པ་ལ་མོས་པར་བྱེད་དོ། །ནི་རཾ་ཤུ་ནི་བདག་ཉིད་སྟོན་ཁའི་ནམ་མཁའ་དྲི་མ་མེད་པའི་འོད་ལྟར་རང་བཞིན་གྱིས་བསམ་པར་བྱའོ། །པྲོ་ཀྵུ་ནཾ་ནི་རྒྱུན་མི་འཆད་པ་སྙིང་རྗེ་ལ་སྤྱོད་ཅིང་མོས་པར་བྱའོ། །ཀྲི་པི་ཏྲ་ནི་འབྱུང་པོ་རྣམས་སྐུལ་བར་བྱེད་པའོ། །དུཾ་དྷུ་ར་ནི་དེ་བཞིན་ཉིད་དུ་རྟོགས་པའོ། །ཀཱ་ལིཉྫ་ར་ནི་


DTG008_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་མི་རྟོག་པའི་དེ་བཞིན་ཉིད་ལ་དམིགས་པའོ། །ཌིཎྚི་མི་ནི་ཆོས་ཀྱི་སྐུ་དང་བདེ་བ་ཆེན་པོའི་སྐུ་གཅིག་པ་ཉིད་དོ། །པདྨ་བྷཉྫ་ནཾ་ནི་ནཾ་མཁའོ། །ཏྲི་པི་ཏ་ནི་དེ་བཞིན་ཉིད་སྒོམ་པར་བྱེད་པའོ། །མཱ་ལ་ཏཱིནྡྷ་ནཾ་ནི་བདེ་བ་ཆེན་པོས་རྗེས་སུ་མྱོང་བའོ། །ཙ་ཏུཿ་ས་མཾ་ནི་འབྱུང་བ་བཞི་མཉམ་པ་ཉིད་དོ། །ཀསྟུ་རི་ནི་མི་བསྐྱོད་པའི་རང་བཞིན་དུ་བསམ་པར་བྱའོ། །སིཧླ་ནི་བསམ་གཏན་དེའི་ཡེ་ཤེས་ཀྱི་འོད་འབྱུང་བའོ། །ཀཔྤཱུ་ར་ནི་ཟླ་བའི་འོད་ཟེར་སྟོན་པར་བྱེད་པའོ། །ཀུན་དུ་རུ་ནི་ཤེས་རབ་དང་དེའི་བདག་ཉིད་ཐབས་སུ་རྣམ་པར་བརྟག་པར་བྱའོ། །བོ་ལ་ནི་དབྱེར་མེད་པའི་སྟོང་པ་ཉིད་ཡེ་ཤེས་སོ། །ཀཀྐོ་ལ་ནི་ཆོས་ཀྱི་འབྱུང་གནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །བཤད་པའི་རྣམ་གྲངས་གསུམ་པའོ།། །།


previousབཤད་པའི་རྣམ་གྲངས་གཉིས་པ།next