Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
  collapse section
  collapse section
   
   
  collapse section
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
ཀྱེའི་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེའི་མན་ངག་ཆེན་པོ་ལྔ།  ཞི་བ་འཚོས་མཛད།
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   


 
previousཀྱེའི་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེའི་མན་ངག་ཆེན་པོ་ལྔ། ཞི་བ་འཚོས་མཛད།next

ཀྱེའི་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེའི་མན་ངག་ཆེན་པོ་ལྔ།
ཞི་བ་འཚོས་མཛད།

གོང་བུ་དགུག་པ།


DTG010_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཧེ་བཛྲོ་དྦྷ་བ་ཀུ་རུ་ཀུལླེ་ཡཱ་པཉྩ་མ་ཧོ་པ་དེ་


DTG010_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཤཿ། བོད་སྐད་དུ། ཀྱེའི་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེའི་མན་ངག་ཆེན་པོ་ལྔ། བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྙིང་གི་དབུས་ལས་སྲོག་རླུང་མཆོག་གིས་བསྐུལ་བས་རྩ་དབུས་མཆོག་གི་ནང་ཞུགས་གྱེན་སོང་ཞིང༌། །མྱུར་དུ་སྤྱི་བོའི་ཟླ་དབུས་ལས་འཐོན་རིམ་གྱིས་གསལ་བར་འགྲོ་ཅན་མགོ་ཡི་གཡོན་སྐོར་ཏེ། །གཡས་ཀྱི་རྣ་བུག་ལས་འཐོན་མྱུར་དུ་ལག་མདའི་བུ་གར་ཞུགས་ཤིང་ཕྱག་རྒྱ་ཆེར་བསྒོམས་ནས། །རྡོ་རྗེས་རབ་མྱུར་ས་བོན་རྒྱལ་པོ་བདག་ཉིད་འོད་ཟེར་དམར་པོ་འབར་བས་བསྒྲུབ་བྱ་ཡི། །ལག་མདའི་རྩེ་མོའི་བུ་ག་རྒྱས་བྱེད་སྔོན་དུ་འགྲོ་བས་སྒྲ་འཛིན་བུ་གར་རབ་ཞུགས་ཤིང༌། །མགོ་ཡི་གཡས་ཀྱི་སྣ་བུག་གསལ་བར་འགྲོ་བ་ཅན་གྱིས་སྙིང་གི་མཚོ་སྐྱེས་དབུས་གནས་པའི། །ཧྲཱིཿ་སེམས་མྱུར་དུ་ཁྱེར་ནས་རིམ་བཞིན་རྗེས་སུ་ལམ་དེ་དང་ནི་དེ་ནས་འཐོན་ནས་ནི། །བརྟན་པར་སྙིང་དབུས་ལ་གནས་ཁྱོད་ཀྱིས་ས་ཡི་འཁོར་ལོ་དང་བཅས་ལྷ་ནི་དབང་དུ་སྡུད། །གོང་བུ་དགུག་པའོ།། །།

རྐང་པ་དགུག་པ།


DTG010_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཞིན་མདའ་ལས་འཐོན་ནས་བསྒྲུབ་བྱའི་མཚོ་སྐྱེས་གཡོན་གྱི་ངོས་ཞུགས་ཤིང༌། །གྱེན་དུ་སོང་སྟེ་སྤྱི་བོའི་ཟླ་བ་རིམ་བཞིན་འཛག་བྱས་སྔར་བཞིན་ཞུགས། །མཚོ་སྐྱེས་ཟེ་འབྲུ་ལ་གནས་རྣལ་འབྱོར་པས་ནི་བརྟན་པར་བསྒོམས་པ་ཡིས། །ཆགས་པས་འཛག་པའི་ལས་ཀྱིས་རྒྱལ་ཅན་མ་ཡི་སྐྱེ་བོ་མྱོས་པར་བྱེད། །རྐང་པ་དགུག་པའོ།། །།

སྦྲུལ་གྱི་དུག་སེལ་བ།


DTG010_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་གྱིས་བཟུང་བའི་སྙིང་གའི་ཟླ་དབུས་གནས་པ་གསལ་བར་མཐོང་ནས་དེའི། །འོད་ཟེར་བདུད་རྩི་མང་པོའི་རྒྱུན་གྱི་ཁྲུས་ཀྱིས་སྤྲུལ་གྱི་དུག་སེལ་ཞིང༌། །རྩ་བུག་འོད་ཟེར་གང་བ་ལས་ཀྱང་དུག་འཇོམས་འོད་ལྡན་ཟླ་དབུས་གནས། །དེ་ལྟར་སྦྲུལ་གྱིས་གཟུང་བ་ལ་ནི་བྱམས་པས་ལྷ་ཁྱོད་དུག་ནི་འཇོམས། །སྦྲུལ་གྱི་དུག་སེལ་བའོ།། །།

ཤེས་རབ་འཕེལ་བ།


DTG010_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་བརྟན་པའི་རྣམ་པ་ཅན། །བརྟན་པོར་དམིགས་པའི་སེམས་ཀྱིས་སུ། །ལྕེ་ཡི་རྩེ་མོར་བསམ་བྱས་ན། །མི་ཤེས་རབ་རིལ་སེལ་བར་འགྱུར། །ཤེས་རབ་འཕེལ་བའོ།། །།

དབང་དུ་བསྡུ་བ།


DTG010_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་རླུང་གི་དཀྱིལ་འཁོར་གནས་ཤིང་ལྕགས་ཀྱུས་སྙིང་ལ་ཕུག །སྐེ་ལ་ཞགས་པས་བཅིངས་ཤིང་སྐྲ་གྲོལ་གཅེར་བུས་གཡེངས་


DTG010_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན། །ལྷ་མོ་ཁྱོད་ནི་རྣལ་འབྱོར་སྟོབས་ཀྱིས་ནོར་འཛིན་བཀུག་ནས་ནི། །བདག་གི་རྐང་དྲུང་འགྱེལ་ཞིང་རྟག་ཏུ་ཁོལ་པོའི་གནས་སྐབས་འཛིན། །དམར་པོའི་རྣམ་ཅན་སྤྲོས་པའི་འོད་ཀྱི་དྲ་བས་རྣམ་པར་བཅིངས། །བདག་གི་རྐང་དྲུང་འགྱེལ་ཞིང་སྐྲ་གྲོལ་ལག་གི་མདའ་བསྣུན་ནས། །གཡོན་པའི་རླུང་གིས་བཀུག་སྟེ་བཅིངས་ཤིང་མཚོ་སྐྱེས་ནང་དུ་བཅུག །ལྟེ་བའི་མཚོ་སྐྱེས་དབུས་སུ་ཞུགས་ཏེ་མོས་ཤིང་ཐལ་མོ་སྦྱར། །སེམས་དཔའ་པདྨ་ལས་འཛག་ཁྲག་གིས་སྤྱི་བོར་ཁྲུས་བྱས་ལ། །རྣལ་འབྱོར་པ་དེས་བསྒོམས་ན་ལྷ་དབང་ཡང་ནི་དབང་དུ་འགྱུར། །དབང་དུ་བསྡུ་བའོ།། །།ཀྱེའི་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེའི་མན་ངག་ཆེན་པོ་ལྔ་སློབ་དཔོན་ཞི་པ་འཚོས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཧཱ་ན་ཤཱི་ལ་ཉིད་ཀྱིས་བསྒྱུར་རོ།། །།ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ་སྭཱ་ཧཱ། ཨོཾ་ཀུ་རུ་ཀུལླེ་ཨ་མུ་ཀྱཱཿ་པཎྜི་མ་ཨཱ་ཀཪྵ་ཡ་ཧྲཱིཿ་སྭཱ་ཧཱ། ཨ་མུ་ཀིཾ་སཱ་དྷྱཱཾ་ཨཱ་ཀརཥ་ཡ། ཨ་མུ་ཀིཾ་བ་ཤཱིཾ་ན་ཡ། ཨ་མུ་ཀཾ་བ་ཤྱཾ་ཀུ་རུ། ཨ་མུ་ཀ་བ་ཤྱ་ཀུ་རུ། མ་མ་ཨཱ་ཀྲྀ་ཥྚཾ་ཀུ་རུ། མེ་ཨཱ་ཀྲྀ་ཥྚི་ཀུ་རུ། ཨཱཏྨ་ཀཾ་ཨཱ་ཀྲྀ་ཥྚཾ་ཀུ་རུ། ན་མོ་མཱཾ་རཀྵ། ན་མོ་མེ་རཀྵ་ཀུ་རུ་ན་མཿ་ན་མོ་མེ་ཤཱཾ་ཏིཾ་ཀུ་རུ་ན་མཿ། བཽ་ཥ་ཊ་མེ་པུཥྚི་ཀུ་རུ་བཽ་ཥྚ། ཧོ་དེ་བ་དཏྟཾ་མེ་བ་ཤྱཾ་ཀུ་རུ་ཧོཿ་ཧྲཱིཿ་དེ་བ་ད་ཏྟཾ་མེ་ཨཱ་ཀཪྵ་ཡ་ཧཱིཿ་ཛཿ་དེ་བ་ད་ཏྟཾ་མེ་ཨཱ་ཀཪྵ་ཡ་ཛཿ་མེ་ཌཱ་ཀི་མ་མ་དཱ་ཀི་ཨཱཏྨ་ཀཾ།། །།


previousཀྱེའི་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེའི་མན་ངག་ཆེན་པོ་ལྔ། ཞི་བ་འཚོས་མཛད།next