Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་བཞི་པ།


   
   
   
   
  collapse section
   
དང་པོ། སྲུང་བའི་འཁོར་ལོའི་ཡན་ལག
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདང་པོ། སྲུང་བའི་འཁོར་ལོའི་ཡན་ལགnext

དང་པོ། སྲུང་བའི་འཁོར་ལོའི་ཡན་ལག


DTG014_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །ཤྲའི་ན་ཀྵ་ཏྲ་མཎྜལ་སཱ་དྷ་ན་མེ་ཀ་ད་སཾ་ག་ནཱ་མ། བོད་སྐད་དུ། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཡན་ལག་བཅུ་གཅིག་པ་ཞེས་བྱ་བ། །དཔལ་དགེ་བའི་བཤེས་གཉེན་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །ཉིན་མོང་བྱེད་པའི་འོད་ལྟ་བུ། །པདྨ་རྒྱས་པ་འདྲ་བའི་སྤྱན། །སངས་རྒྱས་སེང་གེའི་གདན་བཞུགས་པ། །ལྷ་ཡི་མཆོག་ལ་ཕྱག་འཚལ་ནས། །དཔལ་ལྡན་དུས་ཀྱི་འཁོར་ལོ་ཡི། །རྒྱུ་སྐར་དཀྱིལ་འཁོར་སྒྲུབ་ཐབས་བྲི། །མཚན་ཉིད་ལྡན་པའི་གང་ཟག་གིས། །རྒྱུད་ནས་བཤད་པའི་གནས་དག་ཏུ། །རྟེན་དང་ཡོ་བྱད་བསགས་ནས་ནི། །དངོས་གྲུབ་ཡན་ལག་བཅུ་གཅིག་བསྒོམ། །བསྲུང་དང་ཁ་དོག་དག་པ་དང༌། །བདག་ཉིད་དག་བྱ་བདག་བསྲུང་དང༌། །ཚོགས་གཉིས་བསགས་དང་དཀྱིལ་འཁོར་བསྐྱེད། །བྱིན་གྱིས་བརླབས་དང་དབང་བསྐུར་དང༌། །ཕྲ་མོའི་ཐིག་ལེའི་རྣལ་འབྱོར་དང༌། །མཆོད་བསྟོད་རྗེས་ཀྱི་བྱ་བའོ། །ཆོ་ག་དེ་དག་རེ་རེ་ལའང༌། །ཆོ་ག་དང་ནི་ཏིང་འཛིན་དང༌། ང་རྒྱལ་བཟུང་བ་གསུམ་གསུམ་མོ། །དང་པོར་ཐོ་རངས་སྔར་ལངས་ནས། །ནམ་མཁའི་དཔའ་བོ་རྣལ་འབྱོར་མའི། །རོལ་མོས་གཉིད་བསངས་པ་རུ་བསམ། །ཐལ་སྦྱར་སྔགས་འདིས་ཕྱག་བྱའོ། །ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ན་མཿ་ཀཱ་ཡ་བཱཀྩིཏྟ་པྲ་ཎ་མེ་བནད་ནཾ་ཀ་རོ་ཡཱ་མི། དེ་ནས་ཁམས་བསང་མཎྜལ་བྱ། །མེ་ཏོག་ཚོམ་བུ་ལྷ་གྲངས་བཞིན། །སྐུ་གསུངས་ཐུགས་ཀྱི་རྟེན་ཡང་དགོད། །མཆོད་པ་རྣམས་དང་རོལ་མོ་དང༌། །གཏོར་མ་དག་ཀྱང་བཤམ་པར་བྱ། །བདག་ཉིད་རྡོ་རྗེ་ཤུགས་སུ་བསྒོམ། །སྤྱི་བོ་སོགས་སུ་ཡི་གེ་དགོད། །རྡོ་རྗེ་བསམས་ལ་བཀའ་བསྒོ་བ། །ཧཱུཾ་ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེའི་སྟོབས། །སྲུང་བའི་འཁོར་ལོ་རབ་སྦྱོར་བ། །རྡོ་རྗེ་འབར་བའི་ལུས་


DTG014_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡིས། །སྐུ་གསུམ་ལས་བྱུང་དགས་པར་བྱ། །གལ་ཏེ་དམ་ཚིག་ལས་འདས་ན། །ཞིག་འགྱུར་འདི་ལ་ཐེ་ཚོམ་མེད། །རྡོ་རྗེ་འབར་བ་བདེ་ཆེན་པོ། །ཡེ་ཤེས་འབྱུང་བའི་ལས་རྩོམ་གྱིས། །བརྗེས་བྱེད་ལ་སོགས་བགེགས་ཀྱི་ཚོགས། །གནས་འདིར་མ་གནས་གཞན་དུ་དེངས། །རྡོ་རྗེ་རྣམས་ལས་མེད་དཔུང་འབར། །སྔགས་འདིས་བགེགས་རྣམས་སྲེག་པར་བྱེད། །ཨོཾ་ཨཱཿ་ཧཱུཾ་ཧོཿ་ཧཾ་ཀྵཿ་ཧྲཱཿ་ཧྲཱཿ་ཧྲཱཿ་ཧྲཱཿ་ར་ར་ར་ར། བཛྲཱ་ན་ལས་རྦྦཱ་བ་ར་ཎ་དྷ་རྨྨཱ་པཱ་ལ་ཡ་སྭ་བྷཱ་བ་མཱ་ར་ཀ་ཡི་ཀ་བིགྷྣཱཾ་བི་ནཱ་ཡ་ཀཱ་དཱི་ནཱཾ། ད་ཤ་དི་ཀ་ག་ཏཱ་ནཱཾ་ཀཱ་ཡ་བཱཀྩིཏྟ་ནཱི། ད་ཧ་ད་ཧ། པ་ཙ་པ་ཙ། བྷ་སྨཱིཾ་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་པས་བདུད་རྣམས་སྲེག་པར་བསམ། །ཨོཾ་ཨཱཿ་ཧཱུཾ་ར་བཛྲ་ཙནྡྲ་སཱུ་ཪྻ་རཱ་ཧུ་ལ་ཀཱ་ལ་ཨགྣཱ་ཡཿ་ཀཱ་ཡ་བཱ་ཀྩི་ཏྟཱ་ཛྙཱན་བཛྲ་པྲཱ་ཀཱ་རན་ཀུ་རུཀུ་རུ་སྭཱ་ཧཱ། ཞས་པས་སྣ་ཚོགས་རྡོ་རྗེ་ཡིས། །བདག་ཉིད་ས་དང་རྩིག་པ་བཞི། །སྟེང་དུ་མདའ་ཡི་དྲ་བ་ནི། །ཐོ་རངས་གྲིབ་མའི་བར་དུ་བསྒོམ། །ཡང་ན་གནམ་ས་འབྱོར་བར་རོ། །ཨོཾ་ཧཱུཾ་བ་ཤ་ཀཱ་ཡ་བཛྲ་ཀཱུ་ཌཱ་གཱ་རཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པས་མེ་དཔུང་ར་བ་བསྒོམ། །ཨོཾ་ཧཱཾ་ཡཱཾ་རཱཾ་བཱཾ་ལཱཾ་བཛྲཱ་ཀཱ་ཤ་བཱ་ཡུ་ཏེ་ཛ་ཨུ་ད་ཀ་པྲྀ་ཐི་བཱི་བཛྲ་སྭ་བྷཱ་བ་ཕཉྩ་དྷཱ་ཏུ་བྷུ་བཛྲ་མཎྜལ་ནི་ཀུ་རུ་ཀུ་རུ་སྭཱ་ཧཱ། འབྱུང་བ་ལྔ་བརྩེགས་གྱུར་པ་ལས། །རབ་གསུམ་ལྡན་གཞལ་ཡས་ཁང༌།ག །དབུས་སུ་འཁོར་ལོ་རྩིབས་བརྒྱད་བསམ། །ཨོཾ་པཿ་བི་ཤྭ་བཛྲ་པདྨཾ་ཀུ་རུཀུ་རུ་སྭཱ་ཧཱ། ཨོཾ་རཿ་བཛྲ་སཱུ་ཪྻཱ་ས་ན་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པས་གདན་རྣམས་བསམ་པར་བྱ། །ཨོཾ་ཧཱུཾ་ཀྲོ་དྷེ་ནྡྲོ་྅ཧཾ་ཀྲོ་དྷཱ་ནཱཾ་ཨ་ཛྙཱ་དཱ་ཡ་ཀ་སྭཱ་ཧཱ། དབུས་སུ་རྡོ་རྗེ་ཤུགས་ཁྲོ་བོ། །འཆད་པར་འགྱུར་བར་བདག་ཉིད་བསམ། །ཨོཾ་ཧཾ་བཛྲ་ཀྲོ་དྷ་རཱ་ཛ་མ་ཧཱ་ཨུ་ཥྞཱི་ཥོ་ཨུརད་དི་ཤི་རཀྵཱཾ་ཀུ་རུཀུ་རུ་སྭཱ་ཧཱ། ཨོཾ་ཡཾ་བཛྲ་ཀྲོ་དྷ་རཱ་ཛ་ཨ་ཏེ་བི་ལ་བིགྷྣཱ་ནྟ་ཀཱ་པཱུ་རྦ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ར་བཛྲ་ཀྲོ་དྷ་རཱ་ཛ་ཛཾ་བ་ཀ་དུ་ཥྚ་པྲཛྙཱ་ནྟ་ཀ་དཀྵི་ཎ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཝཾ་བཛྲ་ཀྲོ་དྷ་རཱ་ཛ་མན་ཀ་བི་རཱ་ག་པདྨཱ་ནྟ་ཀ་ཨུཏྟ་ར་དི་ཤི་རཀྵཱ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ལཾ་བཛྲ་ཀྲོ་དྷ་རཱ་ཛ་སྟཾ་བྷ་ཀ་ཡ་མཱནྟ་ཀ་པ་ཤྩི་མ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ལཱཿ་བཛྲ་ཀྲོ་དྷ་རཱ་ཛ་མ་ཧཱ་བ་ལ་བཱ་ཡ་བྱཱ་དི་ཤི་རཀྵཱ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཝཱཿ་བཛྲ་ཀྲོ་དྷ་རཱ་ཛ་ཨ་ཙ་


DTG014_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཨཱི་ཤ་ན་དི་ཤི་རྐྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་རཱཿ་བཛྲ་ཀྲོ་དྷ་རཱ་ཛ་ཊཀྐི་ནཻ་རྲྀ་ཧྱཱཾ་དི་ཤི་ར་ཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཡཱཿ་བཛྲ་ཀྲོ་དྷ་རཱ་ཛ་ནཱི་ལ་དཎྜ་ཨཱགྣེ་ཡྻཱཾ་དི་ཤི་ར་ཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཧཱཿ་བཛྲ་ཀྲོ་དྷ་རཱ་ཛ་སུཾ་བྷ་ཨ་དྷོ་དི་ཤི་ར་ཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། སྔར་གྱི་རྡོ་རྗེ་ཤུགས་ཀྱི་ནི། །དབང་པོའི་པུ་ག་སོ་སོ་ལས། །ཁྲོ་བོ་བཅུ་དག་སྤྲོས་ནས་ནི། །རང་རང་ཕྱོགས་སུ་གདན་དགོད་དོ། །ང་ངཱ་ཉི་ཉཱི། ཎཱི་ཎྲཱ། སྔར་བཞིན་བཟད་པར་བཅུ་ཡང་སྤྲོ། །ཐུགས་ཀྱི་ར་བའི་ཕྱི་རོལ་བསྲུང༌། །གྷ་གྷཱ། ཛྷི་ཛྷཱི་ཌྷྲྀ་ཌྷྲཱྀ་བྷུ་བྷཱུ་དྷླཱྀ་དྷླའྀ། དེ་བཞིན་ཕྱོས་སྐྱོང་བཅུ་ཡང་སྤྲོས། །གསུང་གི་ར་བའི་ནང་དུ་བསྲུང༌། ག་གཱ། ཛི་ཛཱི། ཌྲྀ་ཌྲཱི། བུ་བཱུ། དླྀ་ངླའྀ། དེ་བཞིན་གཟའ་བཅུ་སྤྲོས་ནས་ནི། །དེ་ཡི་ཕྱི་རོལ་བཀོད་ལ་བསྲུང༌། །ཁ་ཁཱ། ཚི་ཚཱི། ཋི་ཋཱི། ཕུ་ཕཱུ། ཐལྀ་ཐླཱྀ། དེ་བཞིན་ཀླུ་རྒྱལ་བཅུ་ཡང་སྤྲོ། །སྐུ་ཡི་ར་བའི་ནང་དུ་བསྲུང༌། །ཀ་ཀཱ། ཙི་ཙཱི། ཊྲྀ་ཊྲཱི་པུ་པཱུ་དླྀ་དླཱྀ། འབྱུང་པོ་བཅུ་ཡང་སྤྲོས་ནས་ནི། །དེ་ཡི་ཕྱི་རོལ་བསྲུང་བར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་རཀྵ་ཙ་ཀྲ་སྦ་བྷཱ་བཱཏྨ་ཀོ་ཉ་ཧཾ། སྔགས་ཀྱིས་ང་རྒྱལ་གཟུང་བར་བྱའོ། །སྲུང་བའི་འཁོར་ལོའི་ཡན་ལག་སྟེ་དང་པོའོ།། །།


previousདང་པོ། སྲུང་བའི་འཁོར་ལོའི་ཡན་ལགnext