Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་བཞི་པ།


   
   
   
   
  collapse section
   
   
   
གསུམ་པ། བདག་དག་པར་བྱ་བའི་ཡན་ལག
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསུམ་པ། བདག་དག་པར་བྱ་བའི་ཡན་ལགnext

གསུམ་པ། བདག་དག་པར་བྱ་བའི་ཡན་ལག


DTG010_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་དུས་འཁོར་ཞལ་གཅིག་པ། །ཕྱག་གཉིས་ཡུམ་དང་ལྡན་པ་ཡི། །དཔྲལ་བར་ཨོཾ་ལས་སྣང་མཐའ་ཡས། །མགྲིན་པར་ཨཱཿ་ལས་རིན་འབྱུང་བསམ། །སྙིང་གར་ཧཱུཾ་ལས་དོན་ཡོད་གྲུབ། ལྟེ་བར་ཧོཿ་ལས་རྣམ་སྣང་མཛད། །གཙུག་ཏོར་ཧཾ་ལས་མི་བསྐྱོད་པ། །གསང་བར་ཀྵཿ་ལས་རྡོ་རྗེ་སེམས། །རིགས་དྲུག་པོ་ནི་དགོད་པར་བྱ། །ཨ་ཨི་རྀ་ཨུ་ལྀ་ཨ་ཨེ་ཨར་ཨོ་ཨལ་ཧ་ཡ་ར་ཝལ། ལག་གཡོན་སོར་མོའི་ཚིགས་གསུམ་ལའོ། །ལཱ་ཝཱ་རཱ་ཡཱ་ཧཱ། ཨཱ་ལ་ཨཽ་ཨཱར་ཨཻ་ཨཱཿ་ལཱྀ་ཨཱུ་རཱྀ་ཨཱི་ཨཱ། གཡས་པའི་སོར་མོ་ཚིགས་གསུམ་ལ་དགོད། ཨོཾ་ཧྲཿ་སརྦྦ་ཥཌ་རཱ་ཛཱ་མཱ་ར་ཀླེ་ཤ་ཨནྡྷ་ཀ་ར། བཛྲ་ཏཱི་ཀྵཎ་དུཿ་ཁ་ཙྪེ་ད་མ་མ་ཀར་བི་ཤུདྡྷཱ་ཡ་སྭཱ་ཧཱ། ལས་པའི་ཡེ་གེ་རྡོ་རྗེར་གྱུར། །ཨོཾ་ཨཱཿ་ཧཱུཾ་ཧོཿ་ཧཾ་ཀྵཿ། ཀཱ་ཡ་བཱ་ཀྩི་ཏྟ་ཨ་དྷི་པ་ཏི། བཛྲ་ཀཱ་ཡ་མ་མ་ཀཱ་ཡ་བཱ་ཀྩི་ཏྟ་ཛྙཱ་ན་བཛྲ་བཛྲ་ཀཱ་ཡ་སྭ་བྷཱ་བཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། མཛེས་པའི་ཕྱག་རྒྱ་ཀུན་དུ་རེག །རྡོ་རྗེའི་རང་བཞིན་ལུས་སུ་བསམ། །ཨོཾ་སརྦྦ་ཏ་ཐཱ་གཏ་བཛྲ་ཀཱ་ཡ་སྭ་བྷཱ་བཱ་ཏྨ་ཀོ྅ཧཾ། རྡོ་རྗེའི་ལུས་ཀྱི་ང་རྒྱལ་བྱའོ། །བདག་དག་པར་བྱ་བའི་ཡན་ལག་སྟེ་གསུམ་པའོ།། །།


previousགསུམ་པ། བདག་དག་པར་བྱ་བའི་ཡན་ལགnext