Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་བཞི་པ།


   
   
   
   
  collapse section
   
   
   
   
   
ལྔ་པ། ཚོགས་གཉིས་བསགས་པའི་ཡན་ལག
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྔ་པ། ཚོགས་གཉིས་བསགས་པའི་ཡན་ལགnext

ལྔ་པ། ཚོགས་གཉིས་བསགས་པའི་ཡན་ལག


DTG010_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྙིང་གར་པཾ་ལས་ནི། །པདྨ་ཨཱཿ་ལས་ཟླ་བའི་སྟེང༌། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ། །འོད་ཟེར་ལྔ་ལྡན་ཕྱོགས་བཅུར་སྤྲོ། །བླ་མ་དཀྱིལ་འཁོར་རྒྱལ་སྲས་རྣམས། །སྤྱན་དྲངས་མདུན་གྱི་མཁའ་ལ་བཞུགས། །འོད་ཟེར་སླར་ཡང་སྙིང་གར་བསྡུ། །ཟླ་དཀྱིལ་ཀ་སོགས་སྡེ་ཚན་དྲུག །


DTG014_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ཐུང་བརྩེགས་པ་བཅུ་གཉིས་ལས། །མཆོད་རྫས་ལྷ་མོར་གྱུར་པ་སྤྲོ། །ཨོཾ་ཙྪ་བཛྲ་གནྜཧེ་ཨ་རྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཙྪྫྫྷྙཱ་བཛྲ་མཱ་ལེ་མཱ་ལ་ཨ་རྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཊཥྜྜྷྞ་བཛྲ་ཧཱུཾ་པེ་དྷཱུ་པེ་དྷཱུ་པ་ཨ་རྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཊཋྜྜྷྞཱ་བཛྲ་པྲ་དཱི་པེ་པྲ་དཱི་པ་ཨ་རྩ་ནཾ་ཀུ་རུ་ཀུ་སྭཱ་ཧཱ། ཨོཾ་པྥྤྥྷྨ་བཛྲ་མྲྀ་ཏེ་ནཻ་བི་དྱ་པཱུ་ཛཱི་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་པྥྦྦྷྨཱ་བཛྲ་ཨཀྵ་ཏེ་ཨཀྵ་ཏ་ཕ་ལ་ཨ་རྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཏྠྡྡྷྣ་བཛྲ་ལཱ་སྱ་བྶྟྲ་ཨཱ་བ་ར་ཎ་པཱུ་ཛཱི་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཏྠྡྡྷྣཱ་བཛྲ་ཧ་སྱེ་གྷ་ཎྚཱ་ད་ཪྴ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཀྑྒྒྷྔ་བཛྲ་ཝཱ་དྱེ་ཝཱ་དྱེ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཀྑྒྒྷཱ་བཛྲ་ནྲྀ་དྱེ་ནྲི་དྱ་ཕཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་སྒྤྵྴྠྐ་བཛྲ་གཱི་ཏེ་གཱི་ཏ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་སྖྤྵྴཀཱ་བཛྲ་ཀཱ་མེ་སརྦྦ་བུ་དྡྷཱ་བོ་དྷི་སཏྦཱ་ནཱཾ་བཛྲ་སུ་ར་ཏ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། སྣ་ཚོགས་མཆོད་པ་བྱས་ཏེ་སྡིག་པ་རྣམ་པ་མང་པོ་བཤགས་བགྱིས་ལ། །སྒྲུབ་པ་པོས་ནི་ལུས་དང་ངག་ཡིད་དང་བས་གསུམ་ལ་གུས་སུ་མཆི་བར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྣ་ཚོགས་དགེ་བ་གང་བྱས་པ་ཡི་དགེ་འདུན་དང༌། །དགེ་དག་ཀུན་ལ་རྗེས་སུ་ཡི་རང་ནས་ནི་སྡིག་བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་འཇུག །སངས་རྒྱས་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་མྱ་ངན་ན་མི་འདའ་བཞུགས་པར་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་འཇོམས་དག་ལ་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །འདི་ནི་སེམས་ཅན་དོན་ཕྱིར་རྫོགས་པའི་བྱང་ཆུབ་བདག་འགྱུར་སྨོན་ལམ་གདབ་པར་བགྱི། །བསོད་ནམས་རྩ་བ་གསུམ་སོགས་དྲན། །ཡེ་ཤེས་ཚོགས་ནི་སྟོང་ཉིད་བསྒོམ། །ཕྱི་ནང་སྣོད་བཅུད་ཐམས་ཅད་ནི། །དངོས་དང་བྲལ་བས་སྟོང་པ་ཉིད། །རྒྱུ་ལས་འདས་པས་མཚན་མ་མེད། །འབྲས་བུ་མེད་པས་སྨོན་པ་མེད། །སྐྱེ་འགག་མེད་པས་འདུས་མ་བྱས། །ཨོཾ་ཤཱུ་ཉ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བཱ་ཏྨ་ཀོ྅ཧཾ། ཨོཾ་ཨ་ནི་མི་ཏྟ་ཛྙཱན་བཛྲ་སྭཱ་བྷཱ་བཱཏམ་ཀོ྅ཧཾ། ཨོཾ་ཨ་པྲ་ཏི་ཧ་ཏ་ཛྙཱན་བཛྲ་སྭ་བྷཱ་བཱ་ཏྨ་ཀ་ཉ་ཧཾ། ཨོཾ་ཨ་ན་བྷའི་སཾ་སྐཱ་ར་ཛྙཱན་བཛྲ་སྭ་བྷཱ་བཱ་ཏྨ་ཀོ྅ཧཾ། །རང་ཉིད་ཐུགས་མཚན་ཡི་གེ་སོགས། །ཐིག་ལོའི་བདག་ཧཾ། ཨོཾ་ཨ་ན་བྷཱི་སཾ་སྐཱ་ར་ཛྙཱན་བཛྲ་སྭ་བྷཱ་བཱ་ཏྨ་ཀོ྅ཧཾ། རང་ཉིད་ཐུགས་མཚན་ཡི་གེ་སོགས། །ཐིག་ལེའི་བདག་ཉིད་སྐར་མདའ་བཞིན། །རིམ་པས་བསྡུས་ཏེ་འཛིན་མེད་པར། །སེ་ཆུ་མེ་རླུང་ནམ་མཁའི་


DTG014_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས། །རང་བཞིན་ཞུགས་པས་ཡུལ་དང་བྲལ། །ཀུན་གཞི་རྣམ་ཤེས་འོད་གསལ་བསྒོམ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཱུ་ཉ་ཏཱ་ཛྙཱན་བཛྲ་སྭཱ་བྷཱ་བཱ་ཏྨ་ཀོ྅ཧཾ། དེ་ཡིས་ང་རྒྱལ་གཟུང་བར་བྱའོ། །ཚོགས་གཉིས་བས་གསགས་པའི་ཡན་ལག་སྟེ་ལྔ་པའོ།། །།


previousལྔ་པ། ཚོགས་གཉིས་བསགས་པའི་ཡན་ལགnext