Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་བཞི་པ།


   
   
   
   
  collapse section
   
   
   
   
   
   
   
བདུན་པ། བྱིན་གྱིས་བརླབས་པའི་ཡན་ལག
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདུན་པ། བྱིན་གྱིས་བརླབས་པའི་ཡན་ལགnext

བདུན་པ། བྱིན་གྱིས་བརླབས་པའི་ཡན་ལག


DTG010_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡེ་ཤེས་གཞུག་པ་ནི། །རྡོ་རྗེ་སེམས་དཔའ་ཡང་དག་དགྱེས་པའི་མཆོག །སྲས་བཟངས་གྲོགས་དང་འཁོར་དང་རྩ་ལག་བཅས། །ལྷ་དང་ལྷ་མོའི་ཚོགས་ནི་མང་པོས་བསྐོར། །སངས་རྒྱས་ཡབ་ཡུམ་བཅས་པ་དགོངས་སུ་གསོལ། །ཛཿ་ཧཱུཾ་བཾ་ཧོཿ་ཧི། རང་ཉིད་ཟླ་བའི་དཀྱིལ་འཁོར་ནི། །རྡོ་རྗེ་ཧཱུཾ་དང་ལྡན་པ་ལ། །ཛཿ་ལས་རྡོ་རྗེ་ཤུགས་ཁྲོ་བོ། །ཞལ་བཞི་ཕྱག་ནི་ཉི་ཤུ་དྲུག །མདོག་རྒྱན་ཕྱག་མཚན་གཙོ་བོ་བཞིན། །ནག་པོ་སེར་པོའི་ཕྱག་ལྷག་གཉིས། །གླང་ཆེན་པགས་པ་གྱོན་པ་བཟུང༌། །རྐང་བརྒྱད་ཤིང་རྟ་ལ་ཆིབས་ནས། །ཆོས་དབྱིངས་བཞུགས་པའི་ཡེ་ཤེས་སེམས། །ལྟེ་བར་རྡོ་རྗེ་ལྕགས་ཀྱུ་ཡིས། །བཟུང་ལ་ང་རོས་སྤྱན་དྲང་ངོ༌། །ཧཱུཾ་ལས་ཤེས་རབ་མཐར་བྱེད་ཀྱིས། །རྡོ་རྗེ་ཐོགས་ཏེ་གཞུག་པར་མཛད། །བཾ་ལས་གཤིན་རྗེ་མཐར་བྱེད་ཀྱིས། །ཞགས་པ་ཐོགས་ཏེ་གཅིག་ཏུ་བྱས། །ཧོཿ་ལས་པདྨ་མཐར་བྱེད་ཀྱིས། །དྲིལ་བུ་ཐོགས་ཏེ་མཉེས་པར་བྱས། །ཧི་ལས་བགེགས་ནི་མཐར་བྱེད་ཀྱིས། །དབྱུག་


DTG014_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

པས་གཉིས་མེད་རོ་མཉམ་བྱས། །དེ་ནས་སྔོན་བཞིན་ལྷ་མོ་རྣམས། །སྤྲོས་ལ་མཆོད་བསྟོད་མཉེས་བར་བྱས། །ཧྲཱ་ཧྲཱི་ཧྲཱྀ་ཧཱུཾ་ཧླཱྀ་ཧཱ། མིག་དང་རྣ་བ་སྣ་དང་ལྕེ། །ལུས་ཡིད་གོ་ཆའི་ལྷ་ཡིས་བརྒྱན། །དེ་ནས་གནས་གསུམ་བྱིན་གྱིས་བརླབ། །དཔྲལ་བར་ཟླ་སྟེང་ཆོ་ག་གསུམ། །སྐུ་ཡི་རྡོ་རྗེ་ཡབ་ཡུམ་བསྐྱེད། །དབུས་དཀར་གཡས་གནག་གཡོན་དམར་ཞལ། །འཁོར་ལོ་རྡོ་རྗེ་པདྨ་གཡས། །རལ་གྲི་དྲིལ་བུ་རིན་ཆེན་གཡོན། །སྤྲོས་ནས་ཕྱོགས་བཅུར་གང་བར་བསམ། །སེམས་ཅན་ཀུན་འདུལ་དོན་མཛད་ནས། །ཚུར་འདུས་མདུན་བཞུགས་གསོལ་བ་གདབ། །ཨོཾ་ཨ་བྷི་ཥི་ཉྩ་ནྟུ་མཱཾ་ཀཱ་ཡ་བཛྲ་དྷ་ར། དེ་ནས་སྐུ་རིགས་ལྷ་མོ་རྣམས། །ཤེལ་བུམ་བདུད་རྩིས་བཀང་བ་ཡིས། །བདག་ལ་དབང་ནི་བསྐུར་བར་བསམ། །ཐོབ་ནས་དཔྲལ་བའི་ཟླ་བ་ལ། །སྐུ་ཡི་རྡོ་རྗེ་ཞུགས་ནས་ནི། །བྱིན་གྱིས་བརླབ་ཅིང་འདི་སྐད་བརྗོད། །དཔལ་ལྡན་རྡོ་རྗེ་སྐུ་འཆད་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་བདག ། དེད་བདག་བྱིན་གྱིས་བརླབས་ནས་སུ། །སྐུ་ཡི་རྡོ་རྗེ་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་གྱི་བདག །དེང་བདག་བྱིན་གྱིས་བརླབས་ནས་སུ། །སྐུ་ཡི་རྡོ་རྗེ་མཛད་དུ་གསོལ། །དཔྲལ་བར་ཟླ་སྟེང་ཨོཾ་དཀར་བསྒོམ། །མགྲིན་པར་ཉི་མཆོག་གསུམ། །གསུང་གི་རྡོ་རྗེ་ཡབ་ཡུམ་བསྒོམ། །དབུས་དམར་གཡས་དཀར་གཡོན་གནག་ཞལ། །པདྨ་རྡོ་རྗེ་འཁོར་ལོ་གཡས། །རིན་ཆེན་དྲིལ་བུ་འཁོར་ལོ་གཡོན། །སྤྲོ་བསྡུ་སྔར་བཞིན་གསོལ་བ་གདབ། །ཨོཾ་ཨ་བྷི་ཥི་ཉྩ་ནྟུ་མཱཾ་བཛྲ་བཛྲི་ན། སྔར་བཞིན་དབང་བསྐུར་མགྲིན་གནས་པས། །དཔལ་ལྡན་རྡོ་རྗེ་གསུང་འཆང་བ། །མི་ཕྱེད་རྡོ་རྗེ་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །གསུང་གི་རྡོ་རྗེ་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་གྱི་བདག །དེང་བདག་བྱིན་གྱིས་བརླབས་ནས་སུ། །གསུང་གི་རྡོ་རྗེ་མཛད་དུ་གསོལ། །མགྲིན་པར་ཉི་མ་ཨཱཿ་དམར་བསྒོམ། །སྙིང་གར་སྒྲ་གཅན་ཆོ་ག་གསུམ། །ཐུགས་ཀྱི་རྡོ་རྗེ་ཡབ་ཡུམ་བསྐྱེད། །དབུས་གནག་གཡས་དམར་གཡོན་དཀར་ཞལ། །རྡོ་རྗེ་འཁོར་ལོ་པདྨ་གཡས། །དྲིལ་བུ་རིན་ཆེན་རལ་གྲི་གཡོན། །སྤྲོ་བསྡུ་སྔར་བཞིན་གསོལ་བ་གདབ། །ཨོཾ་ཨ་བྷི་ཥི་ཉྩ་ནྟུ་མཱཾ་ཙི་ཏྟ་བཛྲི་ན། སྔར་བཞིན་


DTG014_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་ཐུགས་ཀར་བཞུགས། །དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །མི་ཕྱེད་རྡོ་རྗེ་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །ཐུགས་ཀྱི་རྡོ་རྗེ་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་གྱི་བདག །དེང་བདག་བྱིན་གྱིས་བརླབས་ནས་སུ། །ཐུགས་ཀྱི་རྡོ་རྗེ་མཛད་དུ་གསོལ། །ཐུགས་ཀར་སྒྲ་གཅན་ཧཱུཾ་ནག་བསྒོམ། །དེ་ནས་གསུམ་ལ་རིགས་དྲུག་སྟེ། །ལྟེ་བ་གསང་བ་གཙུག་ཏོར་དུ། །ཀ་ཧོཿ་སྭ་ཧཾ་ནི་དགོད་པར་བྱ། །འཁོར་རྣམས་ལ་ཡང་དེ་བཞིན་ནོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ཀྩི་ཏྟ་བཛྲ་སྭ་བྷཱ་བཱ་ཏྨ་ཀོ྅ཧཾ། ཞེས་པས་ང་རྒྱལ་གཟུང་བར་བྱའོ། །བྱིན་གྱིས་བརླབས་པའི་ཡན་ལག་སྟེ་བདུན་པའོ།། །།


previousབདུན་པ། བྱིན་གྱིས་བརླབས་པའི་ཡན་ལགnext