Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་བཞི་པ།


   
   
   
   
  collapse section
   
   
   
   
   
   
   
   
   
དགུ་པ། མཆོད་པ་དང་བསྟོད་པའི་ཡན་ལག
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགུ་པ། མཆོད་པ་དང་བསྟོད་པའི་ཡན་ལགnext

དགུ་པ། མཆོད་པ་དང་བསྟོད་པའི་ཡན་ལག


DTG010_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཤད་ལྷ་མོ་བཅུ་གཉིས་ཀྱི། །སྔགས་བརྗོད་མཆོད་པ་དབུལ་བར་བྱ། །ཨོཾ་ཨཱཿ་ཧཱུཾ་ཧྲཱིཿ་ཕཊ། སྔོན་དུ་མཆོད་ཡོན་དབུལ་བ་ནི། ཨོཾ་པྲ་བར་སཏྐ་རཾ་ཧཱ་ར་སྨིན་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་ནས་མེ་ཏོག་ལ་སོགས་དབུལ། །རིན་ཆེན་གསེར་གྱི་མེ་ཏོག་སྣ་ཚོགས་དྲི་མཆོག་སྤོས་སོགས་མར་མེ་དང༌། །དྲིལ་བུ་མེ་ལོང་བླ་རེ་དང་ནི་སྣ་ཚོགས་འབྲས་བུ་བ་དན་གར་དང་རོལ་མོ་དང༌། །སྣ་ཚོགས་མཆོད་པ་བྱས་ཏེ་གཞན་རྣམས་བཅུ་པོ་བདག་ནུས་ཇི་ལྟར་གསུངས་བཞིན་དབུལ། །བདུད་རྩི་སྔར་བཞིན་བྱིན་བཤད་པ། །ཧཱུཾ་བྱུང་རྡོ་རྗེའི་ལྕེ་ཡིས་མྱང༌། །ཨོཾ་བུདྡྷཱ་ཡ་ན་མཿ། ཨོཾ་དྷརྨྨཱ་ཡ་ན་མཿ། ཨོཾ་སཾ་གྷཱ་ཡ་ན་མཿ། ཨོཾ་སྭ་བྷཱ་བི་ཀ་ཀཱ་ཡཱ་ཡ་ན་མཿ། ཨོཾ་དྷརྨྨ་ཀཱ་ཡཱ་ཡ་ན་མཿ། ཨོཾ་སཾ་བྷོ་ག་ཀཱ་ཡཱ་ཡ་ན་མཿ། ཨོཾ་ནི་རྨྨ་ཎ་ཀཱ་ཡཱ་ཡ་ན་མཿ། ཨོཾ་ཙི་ཏྟ་བཛྲཱ་ཡ་ན་མཿ། ཨོཾ་ཛྙཱན་བཛྲཱ་ཡ་ན་མཿ། ཨོཾ་བཱ་ཀ་བཛྲཱ་ཡ་ན་མཿ། ཨོཾ་ཀཱ་ཡ་བཛྲཱ་ཡ་ན་མཿ། ཨོཾ་ཤཱཀྱ་མུ་ན་ཡེ་ན་མཿ།


DTG014_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཀཱ་ལ་ཙ་ཀྲཱ་ཡ་ན་མཿ། ཨོཾ་བཛྲ་སཏྭཱ་ཡ་ན་མཿ། དེ་བཞིན་ལྷ་ཡི་སྔགས་རྣམས་ལ། །ན་མཿ་བཏགས་ལ་བདུད་རྩི་མྱང༌། །སྲིན་ལག་དག་གིས་མཆོད་པར་བྱ། །དེ་ནས་སྙན་པའི་དབྱངས་ཀྱིས་བསྟོད། །གང་ལ་ཐོག་མཐའ་དབུས་མེད་གནས་དང་འཆི་དང་སྲིད་པ་དང་ནི་སྒྲ་དང་དྲི་སྟེ་རོ་དང་ནི། །རེག་བྱ་གཟུགས་དང་སེམས་ཏེ་རང་བཞིན་སྐྱེས་བུ་མེད་ཅིང་རྩ་ལག་ཐར་པར་བྱེད་པ་མེད། །ས་བོན་གསལ་བའི་དུས་སུ་མ་ལུས་སྲིད་པ་རུ་ནི་བདེ་དང་སྡུག་བསྔལ་རང་བཞིན་མི་མངའ་བ། །མཚན་མེད་མྱ་ངན་འདས་པར་བྱ་བ་བྲལ་ཞིང་ཡོན་ཏན་བྲལ་བདེ་ལ་ཕྱག་འཚལ་ལོ། །དུས་དང་སྣ་ཚོགས་ལ་སོགས་རྡོ་རྗེ་དཔེ་ཟླ་མེད་ཅིང་སྐྱེས་བུ་མེད་ཅིང་སྤྲོས་པ་མེད། །བརྩེགས་པ་ལ་གནས་རྣ་བ་རྣ་བ་སྣ་དང་ཁ་མིག་མགོ་བོ་ལག་པ་རྐང་བ་རྣམ་ཀུན་དུ། །འབྱུང་བའི་མཐའ་དང་འབྱུང་པོའི་མགོན་ཏེ་གནས་པའི་སྲིད་པ་འཛིན་ཞིང་བྱ་བ་རྣམས་ཀྱི་རྒྱུ། །རིག་པ་དང་པོ་རྣལ་འབྱོར་གྱིས་བགྲོད་གོ་འཕང་མཆོག་གི་བདེ་བ་དུས་འཁོར་ལ་འདུད་དོ། །སྐྱེས་བུ་མཛད་ནུས་པ་ཡི་གཟུགས་ཅན་དྲི་མེད་གློག་འདྲ་གཟི་བརྗིད་ཉི་མ་བཅུ་གཉིས་པ། །ཡེ་ཤེས་རྡོ་རྗེ་འོད་ཟེར་མཆོག་གི་གོ་འཕང་ལ་གནས་ཚེག་དྲག་དེ་ལ་ཕྱག་འཚལ་ལོ། །དཀར་པོ་འཇིག་རྟེན་གསུམ་མགོན་རི་བོང་འཛིན་པ་ལས་འཛེགས་རྟེན་སྤྱི་བོར་ཡང་བདག་བཞུགས། བདུད་རྩི་འཆི་བ་སེལ་ཞིང་སྲིད་པའི་འཇིགས་པ་འཇོམས་པ་ཐིག་ལེའི་གཟུགས་ལ་ཕྱག་འཚལ་ལོ། །སེམས་ཙམ་སྔགས་ཀྱི་གཟུགས་ལ་སུམ་ཅུས་ཡོངས་སུ་བསྐོར་བ་བདེ་དང་སྡུག་བསྔལ་ངོ་བོ་ལ། །མཁས་པ་རྣམས་ལ་ཞི་བའི་གཟུགས་ཀྱིས་ཉིད་མཛད་ཉམས་མྱོང་གདུག་པ་རྣམས་ལ་མི་གདུག་པ། །གང་ཞིག་གང་དུ་རང་གི་ཡིད་ལ་ལས་བྱས་དེ་ཡི་འབྲས་བུ་དེ་རུ་སྐྱེད་པར་བྱེད། །འཇིག་རྟེན་དབང་ཕྱུག་སྣ་ཚོགས་སྲིད་གསུམ་སྐྱེད་མཛད་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། །གཅིག་དང་དུ་མ་མ་ཡིན་གཅིག་སྟེ་མཉམ་དང་མི་མཉམ་མཉམ་པ་གཡས་དང་གཡོན་དང་མདུན་དང་རྒྱབ། །སྟེང་འོག་ཀུན་ནས་དཀར་དང་ལྗང་གུ་ཁ་དོག་ཆེན་པོ་སྣ་ཚོགས་གཟུགས་ཅན་ཐུང་ངུ་རིང་པོ་སྟེ། །རིང་ཐུང་སུ་དང་ཡོན་ཏན་མེད་པ་ཡོན་ཏན་དང་བཅས་སྐྱེས་བུ་བུད་མེད་སྐྱེས་བུ་མིན། །གང་ཞིག་ཀུན་ནས་བརྟེན་བྱས་གཅིག་པུ་བྷ་ག་བཟང་མོ་མཆོག་གི་བྷ་ག་ཁྱོད་ལ་འདུད། །གཞན་ཡང་བསྟོད་པ་ཅི་རིགས་


DTG014_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱ་ཏྨ་ཀོ྅ཧཾ། མཆོད་བསྟོད་ང་རྒྱལ་གཟུད་པར་བྱའོ། །མཆོད་པ་དང་བསྟོད་པའི་ཡན་ལག་སྟེ་དགུ་པའོ།། །།


previousདགུ་པ། མཆོད་པ་དང་བསྟོད་པའི་ཡན་ལགnext