Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་དྲུག་པ།


  expand section
   
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅོ་ལྔ་པ། ཡི་གེའི་བརྡ་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་བཅོ་ལྔ་པ། ཡི་གེའི་བརྡ་བསྟན་པ།next

ལེའུ་བཅོ་ལྔ་པ། ཡི་གེའི་བརྡ་བསྟན་པ།


DTG010_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་བདུན་པ་བཤད་པའི་ལས་ཀྱི་སྒྲུབ་པ་བཤད་ནས། རྒྱུད་གཞན་གྱི་རྣལ་འབྱོར་པའི་ཡུལ་མ་ཡིན་པ་འཇིག་རྟེན་གྱི་ཚིག་གིས་མཁས་པར་ཁས་འཆེས་པ་རྣམས་རྨོངས་པ་བསྐྱེད་པར་བྱ་བའི་ཕྱིར་དང༌། འཁོར་ལོ་སྔོམ་པའི་རྣལ་འབྱོར་པ་ཕན་ཚུན་དུ་ཐ་སྙད་དུ་འཇུག་པར་བྱ་བའི་ཕྱིར་དང༌། བདེ་མཆོག་འཁོར་ལོའི་རྣལ་འབྱོར་པའི་ང་རྒྱལ་དང་ལྡན་པ་བརྟག་པའི་ཕྱིར་བརྡའི་ལེའུ་བཅོ་ལྔ་པ་བསྟན་པར་བྱ་སྟེ། དེ་ནས་སྔོམ་པ་ཐམས་ཅད་ལ། །གང་ཞིག་བརྡ་ནི་ཤེས་གྱུར་པ། །ཞེས་བྱ་བ་ལ། དུས་དང་ཡུལ་དང་ས་དང༌། དབྱངས་དང་གསལ་བྱེད་དང༌། དཔའ་བོའི་དབང་ཕྱུག་མ་དང༌། འཁོར་ལོ་སྔོམ་པའི་མཚན་གྱི་རྒྱུད་བླ་མ་དང༌། ཁ་སྦྱར་འབྱུང་བ་དང༌། རྡོ་རྗེ་མཁའ་འགྲོ་དང༌། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་དང༌། རྣལ་འབྱོར་མ་ཀུན་དུ་སྤྱོད་པའི་རྒྱུད་རྣམས་ནི་སྡོམ་པ་ཐམས་ཅད་དོ། །སྔོམ་པ་དེ་དག་ཐམས་ཅད་ལ་རྣལ་འབྱོར་པ་གང་གིས་ཚུལ་ཇི་ལྟ་བ་བཞིན་དུ་བརྡ་རྣམས་ཤེས་པ་དེ་ངེས་པར་འགྲུབ་པར་འགྱུར་ཞེས་བརྡ་བརྗོད་པའི་དགོས་པ་བསྟན་ཏོ། །དེ་ལྟར་དགོས་པ་དང་ལྡན་པ་གང་བསྟན་ཞེ་ན། ཊཱ་ཞེས་བྱ་བ་སྨོས་ཏེ་སྐྱེས་པའམ་བུད་མེད་དུ་བཤད་པར་བྱ་བ་ལ་ཊཱི་ཞེས་བརྗོད་པ་ནི་བརྡ་སྟེ། དེ་ལྟར་བཤད་པ་རྟོགས་པ་ནི་


DTG016_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བརྡའོ། །དེ་བཞིན་དུ་ཡང་ཐམས་ཅད་ལ་བལྟ་བར་བྱའོ། །དཔལ་འཁོར་ལོ་སྔོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། ཡི་གེའི་བརྡའི་ལེའུ་སྟེ་བཅོ་ལྔ་པའོ།། །།


previousལེའུ་བཅོ་ལྔ་པ། ཡི་གེའི་བརྡ་བསྟན་པ།next