Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་དྲུག་པ།


  expand section
   
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་ཉི་ཤུ་རྩ་བཞི་པ། ངག་གི་བརྡའི་ཆོ་ག་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་ཉི་ཤུ་རྩ་བཞི་པ། ངག་གི་བརྡའི་ཆོ་ག་བསྟན་པ།next

ལེའུ་ཉི་ཤུ་རྩ་བཞི་པ། ངག་གི་བརྡའི་ཆོ་ག་བསྟན་པ།


DTG010_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མའི་མཚན་ཉིད་བརྗོད་ནས། ངག་གི་བརྡ་བརྗོད་པར་བྱ་བའི་ཕྱིར། ལེའུ་ཉི་ཤུ་རྩ་བཞི་པ་བརྗོད་པར་བྱ་སྟེ། དེ་ནས་གཞན་ཡང་བཤད་བྱ་བ། །སྒྲུབ་པའི་བརྡ་ཡི་སྐད་རྣམས་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། སོ་སོའི་སྐྱེ་བོ་རྨོངས་བར་བྱེད་པའི་བརྡ་སྟེ་སྒྲའི་བརྡའོ། །དེ་བརྗོད་པའི་དགོས་པ་བསྟན་པར་བྱ་བའི་ཕྱིར། སྤུན་དང་སྲིང་མོར་ངེས་པ་ནི། །གང་གིས་ཤེས་པར་འགྱུར་བ་ཡི། །ཞེས་བྱ་བ་ལ་སོགས་པའི་དགོས་པ་བསྟན་ནས། དེའི་མིང་


DTG016_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བར་བྱ་བའི་ཕྱིར། གྲུས་འགྲོ་གསོང་པོར་སྨྲ་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། ངག་གི་བརྡའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།


previousལེའུ་ཉི་ཤུ་རྩ་བཞི་པ། ངག་གི་བརྡའི་ཆོ་ག་བསྟན་པ།next