Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་དྲུག་པ།


  expand section
   
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་སུམ་ཅུ་རྩ་བདུན་པ། ནང་གི་བདག་ཉིད་ཀྱི་དབང་དུ་བྱ་བའི་ཆོ་གའི་ཁྱད་པར་དུ་བྱ་བ་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་སུམ་ཅུ་རྩ་བདུན་པ། ནང་གི་བདག་ཉིད་ཀྱི་དབང་དུ་བྱ་བའི་ཆོ་གའི་ཁྱད་པར་དུ་བྱ་བ་བསྟན་པ།next

ལེའུ་སུམ་ཅུ་རྩ་བདུན་པ། ནང་གི་བདག་ཉིད་ཀྱི་དབང་དུ་བྱ་བའི་ཆོ་གའི་ཁྱད་པར་དུ་བྱ་བ་བསྟན་པ།


DTG010_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན་ཉིད་ཀྱི་མཆོད་པས་འགུགས་པའི་ལེའུ་བརྗོད་ནས། ནང་གི་དབང་དུ་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། ལེའུ་སུམ་ཅུ་རྩ་བདུན་པ་བཤད་པར་བྱ་སྟེ། དེ་ནས་གཞན་ཡང་བཤད་བྱ་བ། །ཚར་གཅོད་གནོན་པའི་སྒྲུབ་པ་པོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚར་གཅོད་པ་ནི་བསྒྲུབ་པར་བྱ་བའི་ལུས་སོ། །དེ་གང་གིས་གནོན་པ་དེ་ནི་ཚར་གཅོད་པའི་སྒྲུབ་པ་བོའོ། །ཕན་ཚུན་སྦྱར་བའི་གསང་སྔགས་རྣམས། །ཞེས་བྱ་པ་ལ། ཕན་ཚུན་སྦྱར་བ་ནི་བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་པོ་དེ་གཉིས་འབྲེལ་བ་ནི་ཕན་ཚུན་སྦྱར་བའོ། །བསྒྲུབ་བྱའི་ལུས་ལ་གནས་ནས་སུ་སྒྲུབ་པར་བྱེད་པའི་ལུས་ལ་ཞུགས་པར་བྱའོ། །མཁའ་འགྲོ་མ་རྣམས་ཀྱང་བསྡུ་བར་བྱ་བའི་ཕྱིར། མཁའ་འགྲོ་མ་དང་གཅིག་ཏུ་སྦྱོར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་བསྒྲུབ་པར་བྱ་བ་ལ་གནས་པའི་སྔགས་སྒྲུབ་པ་པོའི་སྔགས་ལ་ཞུགས་པར་གྱུར་པ་དེ་ལྟར་བསྒྲུབ་པར་བྱ་བའི་མཁའ་འགྲོ་མ་རྣམས་ཀྱིས་སྒྲུབ་པ་པོའི་གནས་ཉི་ཤུ་རྩ་བཞི་ལ་གནས་པའི་མཁའ་འགྲོ་མ་རྣམས་དང་ལྷན་ཅིག་འདྲེས་པར་གྱུར་པར་བལྟ་བར་བྱའོ། །བསམ་གཏན་གྱི་ཆོ་ག་བཤད་ནས། སྦྱོར་བ་བསྟན་པར་བྱ་བའི་ཕྱིར། ཟོས་ནས་སྐྱུགས་པའི་བཟའ་བ་ནི། །ཞེས་བྱ་བ་ལ་སོགས་པ་ལ། ཟོས་པ་ནི་བཟའ་བའོ། །སྐྱུགས་པ་ནི་སྐྱུག་པར་བྱ་བ་སྟེ། ཐོད་པ་ལ་སོགས་པར་མར་ལ་སོགས་པའི་བཟའ་བ་དང་བཅས་པའོ། །བཟླས་པའི་མཐའ་


DTG016_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྐྱུག་པར་བྱ། །ཞེས་བྱ་བ་ལ། བཟླས་པ་ནི་ནང་གི་སྟེ་ལྷ་སྐུའི་གཟུགས་བསམ་པའོ། །དེའི་མཐའ་ནི་སྔགས་ཟློས་པ་ལྡན་པའོ། །བཟླས་པའི་མཐའ་དེར་ཟོས་པ་དེ་སྐྱུག་པར་བྱའོ། །སྐྱུགས་པ་དེས་ཅི་ཞིག་བྱ་ཞེ་ན། མཚན་མོའི་བདུན་ནི་རྫོགས་པ་དང༌། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་སྒྲུབ་པ་པོས་ཉིན་ཞག་བདུན་རྫོགས་པ་དང༌། བཟའ་བ་དང་བཏུང་བ་དག་ལ་སྤྱར་ཞེས་བྱ་བ་ནི་གོ་སླའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་པ་ལས། ནང་གི་བདག་ཉིད་ཀྱི་དབང་དུ་བྱ་བའི་ཆོ་གའི་ཁྱད་པར་དུ་བྱ་བའི་ལེའུ་སྟེ་སུ་མ་ཅུ་རྩ་བདུན་པའོ།། །།


previousལེའུ་སུམ་ཅུ་རྩ་བདུན་པ། ནང་གི་བདག་ཉིད་ཀྱི་དབང་དུ་བྱ་བའི་ཆོ་གའི་ཁྱད་པར་དུ་བྱ་བ་བསྟན་པ།next