Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་དྲུག་པ།


  expand section
   
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཞི་བཅུ་རྩ་ལྔ་པ། ངག་གི་དངོས་གྲུབ་དགུག་པའི་ཆོ་ག་བསྟན་པ།
   
   
   
   
   
   


 
previousལེའུ་བཞི་བཅུ་རྩ་ལྔ་པ། ངག་གི་དངོས་གྲུབ་དགུག་པའི་ཆོ་ག་བསྟན་པ།next

ལེའུ་བཞི་བཅུ་རྩ་ལྔ་པ། ངག་གི་དངོས་གྲུབ་དགུག་པའི་ཆོ་ག་བསྟན་པ།


DTG010_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་བདུན་པ་དང༌། སྐུ་དག་གི་ལས་བསྟན་ནས། སྐུ་དང་སྔགས་ཀྱི་ཕྲིན་ལས་བསྟན་པར་བྱ་བའི་ཕྱིར། ལེའུ་བཞི་བཅུ་རྩ་ལྔ་པ་བཤད་པར་བྱ་སྟེ། དེ་ནས་ལས་ཀྱི་རབ་མཆོག་ནི། །ངག་གི་དངོས་གྲུབ་བྱེད་པའོ། །ཞེས་བྱ་བ་ལ། དག་བསྒྲུབ་པ་ནི་ངག་གི་དངོས་གྲུབ་སྟེ། དེ་ལ་འཇུག་ཅིང་གྲུབ་པར་བྱེད་པ་ནི་ངག་གི་དངོས་གྲུབ་རབ་ཏུ་སྒྲུབ་པར་བྱེད་པའོ། །བཤད་པ་རྣམས་ལས་ཕུལ་དུ་གྱུར་པའི་ཕྱིར་ལས་ཀྱི་མཆོག་དེ་བསྟན་པར་བྱ་བའི་ཕྱིར། ཀ་ར་བཱི་རའི་མེ་ཏོག་དམར། །ལིངྒའི་སྤྱི་བོར་བསྣུན་པར་བྱ། །ཞེས་བྱ་བ་ལ་སོགས་པ་ནི། ལིངྒ་རང་བྱུང་བའོ། །ཡང་ན་ལིངྒའི་སྤྱི་བོ་ནི་རྒྱུད་འདིར་


DTG016_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་རྡོ་རྗེ་མཁའ་འགྲོ་དང་རྣལ་འབྱོར་མའི་ཕྱག་མཚན་ནོ། །གསང་བའི་རྒྱུད་ལས་ངེས་འབྱུང་བའི། །ཞེས་བྱ་བ་ལ། གསང་བའི་རྒྱུད་ནི་སྐུ་གསུམ་སྟེ། དེ་ལས་བྱུང་བ་ནི་དེའི་དོན་དུ་བྱུང་ཞིང་གསང་བའི་རྒྱུད་ལས་ངེས་པར་བྱུང་བའོ། །ནམ་མཁའི་དབུས་སུ་སྣ་ཚོགས་པདྨ་དེའི་ཕྱི་རོལ་དུ་སྟོན་ཀའི་སྤྲིན་ལྟར་དཀར་བའི་ཟུར་གསུམ་སྐྱེ་གནས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཡི་དགས་ཀྱི་རས་སུ་སན་རྩི་དང་ཙནྡན་དམར་པོས་འཁོར་ལོ་བྲིས་ལ། བསྒྲུབ་བྱའི་གཟུགས་བརྙན་གྱི་སྙིང་གར་དགོད་པར་བྱའོ། །ཡང་ན་སྐྱེ་གནས་སུ་བསམས་ཏེ། རྡོ་རྗེ་མཐེའུ་ཆུང་བསྐྱོད་པར་བྱ། །ཞེས་བྱ་བའི་དོན་ཏོ། །དཔལ་འཁོར་ལོ་སྡོམ་པའི་དགའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། ངག་གི་དངོས་གྲུབ་དགུག་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་ལྔ་པའོ།། །།


previousལེའུ་བཞི་བཅུ་རྩ་ལྔ་པ། ངག་གི་དངོས་གྲུབ་དགུག་པའི་ཆོ་ག་བསྟན་པ།next