Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་དྲུག་པ།


  expand section
   
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཞི་བཅུ་རྩ་བདུན་པ། མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་པོའི་ལས་ཐམས་ཅད་ཀྱི་ཆོ་ག་བསྟན་པ།
   
   
   
   


 
previousལེའུ་བཞི་བཅུ་རྩ་བདུན་པ། མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་པོའི་ལས་ཐམས་ཅད་ཀྱི་ཆོ་ག་བསྟན་པ།next

ལེའུ་བཞི་བཅུ་རྩ་བདུན་པ། མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་པོའི་ལས་ཐམས་ཅད་ཀྱི་ཆོ་ག་བསྟན་པ།


DTG010_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ལྔའི་ལས་ཀྱི་ལེའུ་བརྗོད་ནས། མཁའ་འགྲོ་མ་ཐམས་ཅད་ཀྱི་སྔགས་ཀྱི་ལས་ཐམས་ཅད་པའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། ལེའུ་བཞི་བཅུ་རྩ་བདུན་པ་བཤད་པར་བྱ་སྟེ། དེ་ནས་ཡང་དག་བཤད་བྱ་བ། །མཁའ་འགྲོ་ཀུན་གྱི་སྙིང་པོ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་པའི་ལེའུ་ལས་གསུངས་པའི་མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་པོའོ། །ཡང་ན་ལེའུ་བཞི་བཅུ་རྩ་བརྒྱད་པ་ལས་འཆད་པར་འགྱུར་བའི་རབ་གཏུམ་ལ་སོགས་པ་མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་པོའི་སྔགས་བརྗོད་པས་སོ། །སྔགས་ཀྱི་མཐུ་བསྟན་པར་བྱ་བའི་ཕྱིར། དངོས་གྲུབ་ཀུན་ཀྱི་འབྲས་བུ་འབྱུང༌། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྟོགས་པའི་རྐང་བ་ནི་བྱ་རོག་གི་རྐང་པའོ། །དཔལ་འཁོར་ལོ་སྡོམ་པའི་


DTG016_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་འགྲིལ་རིན་པོ་ཆེའི་ཆོགས་ཞེས་བྱ་བ་ལས། མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་པོའི་ལས་ཐམས་ཅད་ཀྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་བདུན་པའོ།། །།


previousལེའུ་བཞི་བཅུ་རྩ་བདུན་པ། མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་པོའི་ལས་ཐམས་ཅད་ཀྱི་ཆོ་ག་བསྟན་པ།next