Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་དགུ་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཞི་བཅུ་རྩ་གསུམ་པའི་རྣམ་པར་བཤད་པ།
   
   
   
   
  expand section
  expand section
  expand section


 
previousལེའུ་བཞི་བཅུ་རྩ་གསུམ་པའི་རྣམ་པར་བཤད་པ།next

ལེའུ་བཞི་བཅུ་རྩ་གསུམ་པའི་རྣམ་པར་བཤད་པ།


DTG020_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་སྙིང་པོའི་སྔགས་ཀྱི་སྦྱིན་སྲེག་ལ་སོགས་ལས་ཀྱི་ཆོ་ག་བསྒྲུབ་པ་བ་སྟན་པའི་ཕྱིར། སྦྱིན་སྲེག་ལས་ཀྱི་ཆོ་ག་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕོ་ཉའི་སྟེང་དུ་གནས་པ་ནི། །ཞེས་བྱ་བ་ནི། ཕོ་ཉ་དང་སྙོམས་པར་ཞུགས་པའོ། །ཆང་དང་འོ་མར་སྦགས་ནས་ནི། །ཞེས་བྱ་བ་ནི་ལས་ཀྱི་བྱེ་བྲག་གིས་ཆང་དང་འོ་མས་སོ་སོར་སྦགས་པའོ། །ཡང་ན་ཆང་ཉིད་འོ་མའོ། །


DTG019_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྒྲུབ་པར་བྱ་བའི་གཟུགས་བྲིས་ཏེ། །ཞེས་བྱ་བ་ནི་ཐོད་པ་ལ་བསྒྲུབ་པར་བྱ་བའི་གཟུགས་བྲི་སྣས། བསྒྲུབ་བྱ་དམ་ཚིག་སེམས་དཔར་བསྐྱེད་དེ། ཡེ་ཤེས་ཀྱི་སེམས་དཔའ་དང་བསྲེ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདབ་མ་རློན་པ་བརྒྱ་ཞེས་བྱ་བ་ནི་དུ་རའི་འཕྲལ་གྱི་འདབ་མའོ། །དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཙནྡན་དམར་ལ་ཞེས་བྱ་བ་ནི་ཙནྡན་དམར་པོའི་རྡུལ་ལས་སོ། །མིད་བྲི་ཞེས་བྱ་བ་ནི། འཁོར་ལོ་དང་བཅས་པའི་མིང་བྲིས་ལ་བསྒྲུབ་བྱ་སྟེ། གཟུགས་བརྙན་གྱི་སྙིང་གར་བཅུག་ནས། སྔགས་བཟླས་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ། །དེ་ཡི་མིང་དང་སྤེལ་བ་ཡི། །ཡི་གེ་ར་ནི་བྲི་བར་བྱ། །ཞེས་བྱ་བ་ནི། བསྒྲུབ་བྱའི་མིང་གི་ངོས་གཉིས་སུ་ར་བྲིས་པས་གཟིར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ལས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ལས་ཐམས་ཅད་ནི་ཞི་བ་ལ་སོགས་པའོ། །དེ་རྣམས་ཀྱི་བསམ་གཏན་དང་སྦྱིན་སྲེག་གི་ཆོ་ག་གང་དང་གང་དུ་འབྱུང་བདེའི་ནི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་གསུམ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩག་སུམ་པའི་རྣམ་པར་བཤད་པའོ།། །།


previousལེའུ་བཞི་བཅུ་རྩ་གསུམ་པའི་རྣམ་པར་བཤད་པ།next