Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གསུམ་པ།


   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
ཕག་མོ་ཐུགས་ཀྱི་སྒྲུབ་ཐབས།  ཀུརྨ་པཱ་ད།
   
  expand section
   
   
  expand section
   
   
   
   
   
   
   


 
previousཕག་མོ་ཐུགས་ཀྱི་སྒྲུབ་ཐབས། ཀུརྨ་པཱ་ད།next

ཕག་མོ་ཐུགས་ཀྱི་སྒྲུབ་ཐབས།
ཀུརྨ་པཱ་ད།


DTG023_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

༄། །༈། །ཕག་མོ་ཐུགས་ཀྱི་སྒྲུབ་ཐབས་བཞུགས།། རྗེ་བཙུན་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །རྗེ་བཙུན་མ་སེར་མོའི་གདམས་པ་འདི་ཉམས་སུ་ལེན་པར་འདོད་པས་འདི་ལྟར་བྱ་སྟེ། །ཐོག་མར་རྗེ་བཙུན་མའི་ཐང་སྐུ་གཅིག་རང་དང་ཉེ་བར་བཀྲམ་པ་དེའི་སྤྱན་སྔར། བླུ་ཛ་བཟང་པོ་བཤམས་ལ་འདིར་ཁྱད་པར་དུ་ཤ་ཆེན་གྱི་སྤོས་ཅིག་གལ་ཆེའོ། །དེ་ནས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། །རྗེ་བཙུན་མ་འདི་བསྒྲུབ་པོ་སྙམ་དུ་སེམས་བསྐྱེད་ལ་སྐྱབས་སུ་འགྲོ་བ་དང༌། སྡིག་པ་བཤགས་པ་ལ་སོགས་པ་བྱས་ལ་དེའི་རྗེས་ལ། །ཐང་སྐུ་ལ་མིག་བལྟས་ལ་སེམས་ཤིན་ཏུ་མ་ཡེངས་པར་དེ་ཀ་ལ་ཤེས་པར་གཏད་ལ་བསྒོམ། དེ་ནས་མིག་ན་ཞིང་ངལ་བར་གྱུར་ན། མིག་བཙུམས་ལ་ཡིད་ཀྱི་ཡུལ་དུ་རྗེ་བཙུན་མ་དེ། ཐང་སྐུ་ལ་བྲིས་པ་དེ་ཀ་ལྟ་བུ་གཅིག་མདུན་དུ་བསྒོམ། བཞུགས་ཚུལ་ནི་ཀུརྨ་པཱ་ད། བྱ་བ་རུས་སྦལ་གྱི་འདུག་ལུགས་དང་འདྲ་བ་ཡིན་པས། མཚན་ཡང་རུས་སྦལ་ཞབས་བྱ་བ་ཡིན། རྒྱ་སྐད་དུ། ཀུརྨ་པཱ་ད་ཟེར་བའོ། །དེ་ལྟར་བསྒོམས་པས། ཐང་སྐུ་དང་ཡིད་ལ་ཡོད་པ་གཉིས་ཁྱད་མི་འདུག་ན་དམིགས་པ་ཟིན་པ་ཡིན་པས། ཡང་བདག་ཉིད་ཀྱི་ལྟེ་བར་པདྨ་དཀར་པོ་འདབ་མ་བཞི་པ་ཅིག་གི་ལྟེ་བར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་སྟེང་དུ། བྷཻ་ར་ཝ་ནག་པོ། །ཞལ་གཅིག་ཕྱག་གཉིས་པ་གཅིག་པ་ཁ་སྦུབ་ཏུ་བསྒྱེལ་བ། གྲི་གུག་དང་ཐོད་པ་འཛིན་པ། སྟག་གི་པགས་པའི་ཤམ་ཐབས་རུས་པའི་རྒྱན་ཅན་ཅིག་གི་ཐོག་ཏུ་མི་ལྤགས་རློན་པའི་གདན་བཏིང་བའི་སྟེང་དུ་རྗེ་བཙུན་མ་སྐུ་མདོག་སེར་མོ། །ཞལ་


DTG023_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཅིག་ཕྱག་གཉིས་པ། གཡས་གྲི་གུག་འཛིན་པའི་ཕྱག་ཐུར་ལ་བརྐྱང་བ། གཡོན་པ་ཐོད་པ་ཐུགས་ཀར་འཛིན་པ། དབུ་སྐྲ་སེར་པོ་ཐུར་དུ་འཕྱང་བ། མེ་མགོ་རློན་པའི་ཕྲེང་བ་ཡོད་བ། ཞབས་གཉིས་པ་ཁ་རུ་བཞུགས་པ། ཕྱག་རྒྱ་ལྔ་དང་ལྡན་པ། འོད་ཟེར་བསྐལ་བའི་མེ་ལྟར་འབར་བ་ཅིག་ཏུ་བསྐྱེད་ལ་བསྒོམ། དེ་ལྟར་བསྒོམས་པས་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཤེས་པ་རྒོད་པ་དང༌། འདར་བ་དང༌། སྤུ་ལྡང་བ་དང༌། ཕྱི་རོལ་གྱི་རྟོག་པ་འགགས་ནས། འགུལ་མི་ཤེས་པ་ལྟ་བུ་བྱུང་ན་ཐུན་རན་པར་བསྒོམ། ལུས་ལ་བསྐུ་མཉེ་བྱ། སེམས་གློད། བཟླས་པ་མང་དུ་བྱ། བཟླས་པ་བྱ་བའི་ཐབས་ནི། རྗེ་བཙུན་མ་གོང་དུ་བཤད་པ་ལྟར་བསྐྱེད་ལ། སེམས་མ་ཡེངས་པའི་སྒོ་ནས། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཕཊ་སྭཱ་ཕཊ། ཞེས་བཟླས་སོ། །དེ་ལྟར་བཟླས་པ་ཚར་ནས་གཏོར་མ་གཏང་བ་ནི། སྐྱེས་པའི་ཐོད་པ་དུམ་བུ་གཅིག་པའམ། གཞན་གང་ཡང་རུང་བའི་ནང་དུ་གཏོར་མ་བཤམས་ལ། འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། རྗེ་བཙུན་མ་མདུན་དུ་དམིགས་ལ་སྙིང་པོ་དེ་ལན་གསུམ་མམ་བདུན་བརྗོད་པས། མདུན་གྱི་རྗེ་བཙུན་མ་དེས་གསོལ་བར་བསམ། འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པ་བརྗོད་པས་ལྷག་ཆད་ཁ་བསྐང་ཞིང་བཟོད་པར་གསོལ། དེ་ལྟར་བསྒོམས་པས་ཆེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཀུརྨ་པཱ་ད་ཞེས་བྱ་བའི་གདམས་པ་ཕག་མོ་ཐུགས་ཀྱི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་ཨཱ་ནནད་ཀ་རའི་ཞལ་སྔ་ནས་དཔྱལ་ལོ་ཙཱ་བ་དཔལ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།།


previousཕག་མོ་ཐུགས་ཀྱི་སྒྲུབ་ཐབས། ཀུརྨ་པཱ་ད།next