Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་དྲུག་པ།


  expand section
  expand section
  expand section
  expand section
  expand section
  collapse section
   
   
   
   
   
   
   
   
   
   
   
ལེའུ་བཅུ་གཅིག་པ། རིག་པ་འཛིན་པ་སྦྱོར་བ་རྒྱས་པར་སྟོན་པ་གསུངས་པའི་འགྲེལ་པ།
   
   
   
   
   
   
   
  expand section
  expand section


 
previousལེའུ་བཅུ་གཅིག་པ། རིག་པ་འཛིན་པ་སྦྱོར་བ་རྒྱས་པར་སྟོན་པ་གསུངས་པའི་འགྲེལ་པ།next

ལེའུ་བཅུ་གཅིག་པ། རིག་པ་འཛིན་པ་སྦྱོར་བ་རྒྱས་པར་སྟོན་པ་གསུངས་པའི་འགྲེལ་པ།


DTG026_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིག་པ་འཛིན་པའི་སྦྱོར་བ་རྒྱས་པར་སྟོན་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ལེའུ་བཞི་བར་རི་སྐེགས་ཀྱི་བྱེད་པའི་ཆོ་གའི་སྔ་མ་ཐམས་ཅད་འདིར་རྟོགས་པར་བྱའོ། །ཁྱད་པར་གསུངས་པ། འདི་ཉིད་ཀྱིས་ཞེས་པ་འཆད་པར་འགྱུར་བས་སོ། །ཟིན་པ་ཞེས་པ་ལ་སོགས་པ་དུས་སུ་ཟིན་པ་གྱུར་པ་དུག་གསོ་བ་པོ་ཐམས་ཅད་ཀྱིས་མི་ནུས་པས་གང་གི་ཚེ་དུས་སུ་བཟུང་པའོ་ཞེས་དོར་བ་དེའི་ཚེ་ལས་བརྩམ་མོ། །ལུས་དཀར་རྣམས་ནི་ཞེས་པ་བཅོམ་ལྡན་འདས་དང་ཕྱོགས་ཀྱི་ལྷ་མོ་རྣམས་དཀར་བ་སྟེ། མཚམས་ཀྱི་ལྷ་མོ་རྣམས་དམར་བའོ། །ཆོ་ག་བཞིན་དུ་ཞེས་པའི་ཏིང་ངེ་འཛིན་གསུམ་རྫོགས་པར་བྱེད་པས་སོ། །རལ་གྲི་ནི་སཱ་ལི་བཏགས་པ་ལས་བྱུང་བའོ། །དེའི་ཚེ་རིག་པ་འཛིན་པ་གཉིས་ཀྱིའོ། །བྲི་སྟེ་གཞུག་གོ །འདབ་མ་ནི་གྲོ་ག་ལ་སོགས་པའོ། །ལྕུག་མ་ནི་ཀ་ར་ཝཱི་ར་དཀར་པོའིའོ། །གཅིག་ལ་ཞེས་པ་རིག་པ་འཛིན་པ་གཅིག་གོ །ལྟུང་བ་ནི་ཟིན་པའི་སྟེང་དུའོ། །དེའི་ཚེ་ཁོ་ན་ཟིན་པ་ལྡང་ངོ༌། །དེ་ལྟར་རི་སྐེགས་ཀྱི་བྱེད་པ་དང་ཆུའི་བྱེད་པ་དང༌། རིག་པ་འཛིན་པའི་བྱེད་པ་རྒྱས་པར་བཤད་དེ། གཞན་བྱེད་པ་བཅོ་ལྔ་རྣམས་ནི་སངས་རྒྱས་ཐོད་པའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་རྒྱས་པར་བསྟན་པ་རྣམས་ཤེས་པར་བྱའོ་ཞེས་པའོ། །མི་འཇིགས་པའི་གཞུང་འགྲེལ་དུ་ལེའུ་བཅུ་གཅིག་པའོ།། །།


previousལེའུ་བཅུ་གཅིག་པ། རིག་པ་འཛིན་པ་སྦྱོར་བ་རྒྱས་པར་སྟོན་པ་གསུངས་པའི་འགྲེལ་པ།next