Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་བརྒྱད་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
བཅུ་གསུམ་པ། རྒྱུད་འདི་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འབྱུང་ཞིང་གསང་བ་ཐམས་ཅད་ཀྱང་འདིར་འདུས་པས་རྒྱལ་པོར་གྱུར་པ་ཡིན་པར་བསྟན་པ།
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅུ་གསུམ་པ། རྒྱུད་འདི་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འབྱུང་ཞིང་གསང་བ་ཐམས་ཅད་ཀྱང་འདིར་འདུས་པས་རྒྱལ་པོར་གྱུར་པ་ཡིན་པར་བསྟན་པ།next

བཅུ་གསུམ་པ། རྒྱུད་འདི་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འབྱུང་ཞིང་གསང་བ་ཐམས་ཅད་ཀྱང་འདིར་འདུས་པས་རྒྱལ་པོར་གྱུར་པ་ཡིན་པར་བསྟན་པ།


DTG037_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རྒོལ་པ་པ་ན་རེ། ལྷ་དང་སྒྲུབ་པ་པོ་ལ་བསྟོད་པར་བྱེད་ཀྱི་རྒྱུད་ཉིད་ལ་བསྟོད་པ་མི་བྱེད་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། རྒྱུད་ཀྱིས་ཀྱང་ལྷ་མཚོན་པར་བྱེད་པ་ལ་ལྷའི་དཀྱིལ་འཁོར་རང་བཞིན་ཉིད་ཀྱི་རྣམ་པར་སྣང་བས་གཅིག་གི་རང་བཞིན་དུ་གཅིག་དབྱེར་མེད་པར་གནས་པའི་ཕྱིར་ན་ལྷ་ལ་བསྟོད་པ་ཉིད་ཀྱིས་རྒྱུད་ལ་བསྟོད་པ་ཡིན་པར་འགྱུར་ལ་གཉིས་སུ་ན་རྒྱུད་བསྒྲུབ་ཅིང་དང་དུ་ལེན་པའི་སྒྲུབ་པ་པོ་རྣམས་ལ་བསྟོད་པ་ཉིད་རྒྱུད་ཀྱི་ཡོན་ཏན་བརྗོད་ཅིང་བསྟོད་པ་ཡིན་ནོ། །གསུམ་དུ་ན། ལེགས་པར་གསུངས་པའི་རྒྱུད་འདི་ནི། །ཐབས་དང་རྒྱུད་ཀྱི་བདག་པོ་མཆོག །དེ་བཞིན་གཤེགས་པ་ཀུན་གྱི་གསང༌། །གསང་བ་འདུས་པ་ལས་བྱུང་ངོ༌། །ཞས་གསུངས་པ་ཉིད་ཀྱང་རྒྱུད་ཀྱི་དོན་ལ་བསྟོད་པ་ཡིན་པར་གཟུང་སྟེ། དེ་བཞིན་གཤེགས་པས་དཔལ་གྱིས་མགུར་ནས་ལེགས་པར་གསུངས་པའི་གསང་བ་འདུས་པའི་རྒྱུད་འདི་ནི་རྒྱུད་ཐམས་ཅད་ཀྱི་བདག་པོའམ་རྒྱལ་པོ་ལྟ་བུ་བས་མཆོག་ཏུ་གྱུར་བའོ། །ཅིའི་ཕྱིར་ཞེ་ན། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་མ་ལུས་པ་ཀུན་གྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཐམས་ཅད་ཀྱང་གསང་བ་འདུས་པའི་རྒྱུད་འདི་ལས་འབྱུང་ཞིང་འཐོབ་པ་ཡིན་པའི་ཕྱིར་ན་བདག་པོ་དང་མཆོག་ཅེས་བྱའོ། །


previousབཅུ་གསུམ་པ། རྒྱུད་འདི་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འབྱུང་ཞིང་གསང་བ་ཐམས་ཅད་ཀྱང་འདིར་འདུས་པས་རྒྱལ་པོར་གྱུར་པ་ཡིན་པར་བསྟན་པ།next