Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བཞི་པ།


  collapse section
   
   
   
རྣལ་འབྱོར་པ་རྣམ་པ་གཉིས་ཀྱི་དངོས་གྲུབ་བསྒྲུབ་པའི་ཆོ་ག་རྒྱས་པར་བཤད་པ།
  expand section
  expand section
  expand section
   
  expand section
  expand section
  expand section
   
  expand section
  expand section
  expand section
  expand section
  expand section
  expand section
   
   
  expand section
  expand section
   
   
   
   
  expand section
   
   
  expand section
  expand section
   


 
previousརྣལ་འབྱོར་པ་རྣམ་པ་གཉིས་ཀྱི་དངོས་གྲུབ་བསྒྲུབ་པའི་ཆོ་ག་རྒྱས་པར་བཤད་པ།next

རྣལ་འབྱོར་པ་རྣམ་པ་གཉིས་ཀྱི་དངོས་གྲུབ་བསྒྲུབ་པའི་ཆོ་ག་རྒྱས་པར་བཤད་པ།


DTG044_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་ཆོ་ག་བཤད་པར་བྱའོ། །དེ་ལ་སྒྲུབ་པ་པོའི་གང་ཟག་ནི། །བརྟུལ་ཞུགས་སྡོམ་པ་སྔགས་ལྡན་པ། །མི་བརྟན་ལྷ་ཡི་ང་རྒྱལ་བྲལ། །ཅུང་ཟད་ཡེ་ཤེས་དབང་གྱུར་པ། །ཐུན་མོང་སྒྲུབ་པ་ཤེས་པར་བྱ། །རྒྱུ་དང་མི་རྒྱུར་བཅས་པ་རྣམས། །སྒྱུར་འདྲར་སེམས་ཅན་དབྱེར་མེད་རྟོགས། །ཐུན་མོང་ཅིག་ཤོས་དངོས་གྲུབ་ཀྱི། །སྒྲུབ་པར་ཡེ་ཤེས་དབང་གྱུར་པའོ། །དེ་ཡི་ཡིད་དང་མཐུན་བའི་གནས། །ཤིན་ཏུ་དབེན་པའི་རི་དགོན་དང༌། །རྣམ་པ་སྣ་ཚོགས་རི་བོ་དང༌། །ཀླུང་དང་འབབ་ཆུ་རྣམས་དང་ནི། །དུར་གྱི་ཁྲོད་ལ་སོགས་བར་ཡང༌། །བསམ་གཏན་བསྡུས་པ་འདི་བསྒོམ་མོ། །དགོན་པ་ཆེན་པོའི་ས་ཕྱོགས་ནི། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན། །རི་བོ་དབེན་པ་དག་ཏུ་ནི། །དངོས་གྲུབ་ཐམས་ཅད་བསྡུས་པས་འགྲུབ། །ལམ་གྱི་བཞི་མདོ་ཤིང་གཅིག་དྲུང༌། །མཚན་མ་གཅིག་དང་ཞི་གནས་སུ། །རྡོ་རྗེ་དགུག་པའི་ཁྱད་པར་གྱིས། །སྒྲུབ་པ་པོས་ནི་རྟག་ཏུ་བསྒྲུག །དགོན་པ་ཆེན་པོའི་ས་ཕྱོགས་སམ། །རབ་ཏུ་རྣམ་པར་དབེན་པའམ། །རི་བོ་ནགས་འདབ་ཆུ་ངོགས་སུ། །ཏིང་འཛིན་བྱས་ནས་ཏིང་འཛིན་འཐོབ། །རྡོ་རྗེ་འགུག་གནས་མིག་སྨན་དང༌། །ཀ་པཱ་ལ་རུ་བསྒོམ་པར་བྱ། །ཡིད་དུ་འོད་དང་ཤིས་པའི་གནས། །སྒྲུབ་པ་པོ་ཡས་རབ་ངེས་བྱ། །རྗེས་སུ་མཐུན་པའི་ཤེས་པའི་ཟས། །ཉི་མ་དང་ནི་ཟླ་བ་དང༌། །ཆུ་དང་ཤེལ་དང་སྨན་དང་དྲི། །ཕྱག་རྒྱ་ཆེན་པོ་རིག་འཛིན་གྱིས། །ལམ་ལ་མཁས་པ་རྣམས་ཀྱིས་སྔགས། །གླང་ཆེན་ཤ་ཡིས་མངོན་ཤེས་བསྒྲུབ། །རྟ་ཡི་ཤ་ཡིས་མི་སྣང་བསྒྲུབ། །འགུགས་པ་བ་ལང་ཤ་ཡིས་བསྒྲུབ། །ཁྱི་ཤ་ཡིས་ནི་ཐམས་ཅད་བསྒྲུབ། །ནུས་པ་ཡིས་ནི་དགུག་པར་བྱ། །མེད་ན་བསམ་པས་རྣམ་པར་བརྟག །ངོ་བོ་ཉིད་དང་མཐུན་དག་དང༌། །རང་བཞིན་གྱིས་ནི་དེ་འགྲུབ་པའོ། །དེ་ལྟར་བྱས་ནས་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་གྲངས་ཆེན་མཉེས། འདོད་ཁམས་འཇིག་རྟེན་དབང་ཕྱུག་གི །ལས་ཀྱི་གོ་འཕང་ཐོབ་པར་འགྱུར། །གཙོ་བོ་གཟི་ཆེན་སྟོབས་དང་ལྡན། །མདངས་བཟང་མཐོང་ན་ཡིད་དུ་འོང༌། །མཐོང་བས་བསྐུལ་བ་མ་བྱས་ཀྱང༌། །འཇིག་རྟེན་འདི་དག་དབང་དུ་འགྱུར། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་དམ་པ་བྱང་ཆུབ་སྟེ། །


DTG044_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་སྔགས་ཀྱི་གསང་བ་འདི། །རྨོངས་པའི་མན་ངག་སེམས་འདའོ། །མི་སྣང་སྟོབས་དང་བརྩོན་འགྲུས་དང༌། །དམ་ཚིག་ཆེན་པོ་བསྒྲུབ་པ་དང༌། །རྡོ་རྗེ་འགུགས་པ་མཆོག་དག་ཀྱང༌། །དམ་ཚིག་འདི་ཡིས་རྣམ་པར་གྲུབ། །གྲུབ་པ་ཡི་ནི་མཚན་མ་ནི། །ཤིན་ཏུ་འབེབས་པ་ཐོབ་པ་ཡིས། །གདོན་མི་ཟ་བར་འགྲུབ་འགྱུར་ཏེ། །བསོད་ནམས་ཚོགས་ཀྱི་ཡན་ལག་རྫོགས། །སྤྱི་ཡི་མཚན་མར་ཤེས་པར་བྱ། །བཟླས་དང་བསྒོམ་དང་རང་ལྷ་ཡི། །ཁྱད་པར་གང་ཡིན་རྟོགས་པར་མཛད། །རྨི་ལམ་བྱེ་བྲག་རབ་བྱེད་པས། །སོ་སོའི་མཚན་མ་ཤེས་པར་བྱ། །བསམ་གཏན་ངག་གི་བཟླས་པ་ཡིས། །དུས་སམ་བྱིན་རླབས་རབ་སྡུད་དུ། །འདོད་པས་རྙེད་པའི་མཚན་མ་ནི། །རྨི་ལམ་དུ་ནི་ཤེས་པར་བྱ། །རྨི་ལམ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་ཐ་དད་པར་མཐོང་བ་དང༌། རྨི་ལམ་ན་བདག་ཉིད་ཡེ་ཤེས་མཆོག་ཐོབ་ནས་སངས་རྒྱས་ཐམས་ཅད་དང་མཐུ་མཉམ་པར་མཐོང་བ་དང༌། རྨི་ལམ་ན་མཚན་དང་དཔེ་བྱད་དུ་ལྡན་པའི་ལོངས་སྤྱོད་རྫོགས་པའི་སྐུ་རྒྱུད་དག་པ་ལ་སྣང་བར་བདག་ཉིད་མཐོང་བ་དང༌། རྨི་ལམ་ན་བརྒྱ་བྱིན་དང་ཚངས་བ་དང་དྲག་པ་སོགས་པས་བདག་ཉིད་ལ་མེ་ཏོག་ལ་སོགས་པས་མཆོད་པར་མཐོང་བ་དང༌། རྨི་ལམ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱི་ནང་གི་འདོད་པའི་ཡོན་ཏན་ལྡས་བདག་ལ་མཆོད་པར་མཐོང་བ་དང༌། རྨི་ལམ་ན་བདག་ཉིད་རྡོ་རྗེ་འཆང་བའམ། རྟག་པ་ལ་སོགས་པའི་གཟུགས་སུ་མཐོང་བ་དང༌། རྨི་ལམ་ན་རྡོ་རྗེ་གསུམ་མམ་སྤྱན་མ་ལ་སོགས་པའམ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བདག་ལ་བཏུང་ཅིང་ཕྱག་འཚལ་བར་མཐོང་བ་དང༌། རྨི་ལམ་ན་མངོན་དགའ་ལ་སོགས་པའི་ཞིང་དུ་མི་བསྐྱོད་པ་ལ་སོགས་པ་མཐོང་བ་དང༌། དེ་དག་ཀྱང་ཐུགས་རབ་ཏུ་དགྱེས་ནས་ཆོས་ཀྱི་མཛོད་ཆེན་པོ་གཏད་པར་མཐོང་པ་དང༌། རྨི་ལམ་ན་བདག་ཉིད་ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པས་བསྐོར་ཞིང་ཆོས་བཤད་པར་མཐོང་བ་དང༌། རྨི་ལམ་ན་བདག་ཉིད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ནམ་མཁའ་ལ་གདུགས་དཀར་པོ་བཏེག་ཅིང༌། སེང་གེའི་ཁྲི་ལ་


DTG044_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ནས་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བར་མཐོང་བ་དང༌། རྨི་ལམ་ན་གདོལ་བའི་བུ་མོའམ། ཁྱིའམ། རྟ་རྒོད་མ་ལ་སོགས་པའམ། སྙོམས་པར་འཇུག་པ་དེ་དག་ཕྱག་རྒྱ་ཆེན་པོ་གྲུབ་པའི་མཚན་མའོ། །གཞན་ཡང་རྨི་ལམ་ན་ཁ་དོག་སྣ་ཚོགས་པའི་ཀུན་དགའ་རབ་དང་སྐྱེད་མོས་ཚལ་ཡིད་དུ་འོང་བ་མཐོང་བ་དང༌། རྨི་ལམ་ན་ལྷའི་བུ་མོ་གདུ་བུ་དང༌། དཔུང་རྒྱན་དང༌། སྙན་ཆ་དང༌། མགུར་ཆུ་དང༌། ནུ་འབུར་དང༌། ཟུར་ཕུད་ལ་སོགས་པས་བརྒྱན་པ་དང༌། མིའི་ཁྱེའུ་དང་བུ་མོ་ཡིད་དུ་འོང་བ་བཅུ་དྲུག་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཐོང་བ་ནི་ཐུན་མོང་གི་འགྲུབ་བའི་མཚན་མའོ། །རིགས་འཛིན་ལ་སོགས་ཡོངས་སྨིན་ལས། །འཛམ་བུ་གསེར་འདྲའི་སངས་རྒྱས་འགྱུར། །དེ་བས་དེ་དག་ཐམས་ཅད་ཀུན། །ཅིག་ཤོས་མཚན་མར་ཤེས་པར་བྱ། །སྔོན་དུ་བྱ་བའི་ལས་ཀྱི་རྒྱལ་པོ་མཆོག་ནི། སྔགས་པ་རྣམ་པར་དག་པ་ཡིས། །དེ་དག་རབ་ཏུ་རྟོགས་བྱས་ནས། །སྔོན་གྱི་ཕྱིར་ན་གཉིས་ཀྱིས་ཀྱང༌། །ཅི་རིགས་གསང་སྔགས་བཟླས་བརྗོད་བྱ། །དབེན་པར་གཙང་གཏོར་བྱས་ནས་སུ། །བགེགས་བསྐྲད་ས་ལ་གསོལ་བ་བཏབ། །ཅིག་ཤོས་ལ་ཡང་གསོལ་བྱས་ནས། །བཀའ་སྩལ་ས་ནི་བརྐོ་བར་བྱ། །སྔོན་གྱི་རིམ་པ་ཤེས་བྱས་ལ། །ས་སྟེངས་རྒྱན་དང་ལྡན་པ་དང༌། །དག་བྱའི་ཕྱིར་ན་གོང་བཞིན་དུ། །དབང་བསྐུར་བླང་བས་ཡིད་སྦྱང་བྱ། །རྡོ་རྗེས་ཁྱད་པར་བྱས་པ་ཡིས། །ས་འཛིན་ལྟ་བུར་བྱིན་བརླབས་ལ། །བདག་ཉིད་ཏིང་འཛིན་གསུམ་གནས་པས། །དེ་དབུས་ང་རྒྱལ་གསུམ་ལྡན་བྱ། །སྔོན་བཞིན་རྟག་སོགས་གསོལ་བཏབ་ནས། །བྱིན་བརླབས་སྟངས་ཐབས་བརྩམ་པའོ། །ཕུར་བུས་བཏབ་ནས་ས་སྲུང་སྟེ། །ནུབ་གཅིག་སྟ་གོན་གནས་པར་བྱ། །ལྷ་རྣམས་གནས་པར་བྱས་ནས་སུ། །བྲོད་བསྐྱེད་མཆོད་པ་སྣ་ཚོགས་བརྩམ། །དགོངས་པར་བྱ་ཕྱིར་གོང་མ་བཞིན། །འཁོར་ལོ་གསོལ་བ་གདབ་པར་བྱ། །ལྷ་མོ་བཞི་དང་མི་བསྐྱོད་པ། །བདུད་རྩི་འཁྱིལ་པའི་བུམ་པ་ནི། །རྫས་དང་ལྡན་པར་སྟ་གོན་བྱ། །ཡོད་ན་བཅུ་དགུ་ངེས་པའོ། །སྐུད་པ་ཚོན་རྩི་འདུས་བྱས་ལ། །སྔོན་བཞིན་འབེབས་བའི་ཆོ་ག་བྱ། །དེ་ཡིས་ཐིག་དང་ཚོན་བཏབ་ནས། །ཞལ་སོགས་ལྡན་པའི་


DTG044_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་དགོད། །གཞན་ལ་མ་ཐོས་སེམས་ཅན་རྣམས། །གཟུང་བར་བྱ་ཕྱིར་སྔོན་བཞིན་བཤད། །གནས་རྣམས་སྟོང་བ་མི་མཛེས་པས། །དང་ཆུད་སྲིང་པས་དེ་མ་བསྔགས། །མི་རྣམས་ཀྱིས་ནི་ཕྱེ་མ་ཡིས། །ཞལ་ལ་སོགས་པ་རྫོགས་མི་འགྱུ། །ཡན་ལག་མ་རྫོགས་བྱིན་མི་རློབ། །དེ་བས་ལྷ་ཡི་མཛེས་པ་བསྔགས། །རང་གི་ཕྱག་རྒྱའམ་སེམས་ཀྱིས་སུ། །ལྷ་རྣམས་རབ་ཏུ་གནས་བྱས་ནས། །བྱིན་རླབས་སྔོན་དུ་མཆོད་པ་སོགས། །བརྩམས་ཏེ་འབྱུང་གཏོར་ཁྱད་པར་དུ། །རྣམ་རྒྱལ་སྤྱོར་བས་སྐྱོན་བསལ་ནས། །ཚིམ་པར་བྱ་ཕྱིར་ལྷ་རྣམས་ལ། །ཇི་སྲིང་རྫས་ཀྱི་ཐབ་རྣམས་སུ། །སྦྱིན་སྲེག་གིས་ནི་མཉེས་བྱའོ། །སློབ་མ་གཞུག་བའི་རིམ་པ་བཞིན། །བདག་ཉིད་འཁོར་ལོར་ཞུགས་པར་བྱ། །སྡིག་བཤགས་མེ་ཏོག་འདོར་བའི་བར། །བྱས་ནས་ལྷ་རྣམས་ཀྱིས་གནང་བའི། །སྔོན་བཞིན་བུམ་པ་གསང་བ་དང་། །ཤེས་རབ་ཡེ་ཤེས་བརྟུལ་ཞུགས་དང༌། །ལུང་བསྟན་དབུགས་དབྱུང་བཀའ་སྩལ་ཐོབ། །དེ་ཡིས་བསྒྲུབ་པ་བརྩམ་པའོ། །སྒྲུབ་པའི་ཐབས་གང་ཞེ་ན། དང་པོ་དེ་བཞིན་གཤེགས་པ་ཡི། །རིག་འཛིན་སྒྲུབ་ཐབས་བཤད་པར་བྱའོ། །ཇི་བཞིན་བྱས་པའི་སྔགས་པ་ཡིས། །ཐུན་མོང་ཅིག་ཤོས་བགེགས་བསལ་ནས། །སྤྱི་གཟུགས་གྱུར་ནས་རྟག་པ་ལས། །བྱུང་བའི་གཞལ་ཡས་ཁང་པ་བསྒོམ། །ལྔ་དང་བཞི་ལས་མཆོག་དང་པོ། །རབ་བསྐྱེད་སྐྱེ་རིམ་བཞི་སྤངས་ནས། །དྲི་ཟ་རབ་ཏུ་ཞུགས་བྱས་པས། །དེ་ནི་ཆོ་ག་བཞིན་དུ་ཞུ། །རང་གི་ཚངས་པའི་སྤྱོད་པ་བཞི། །མཱ་མ་ཀཱི་ལ་སོགས་གྱུར་ནས། །བསྐུལ་ཏེ་ཐིམ་གྱུར་ས་བོན་གྱུར། །ཕྱག་མཚན་དེས་མཚན་བཤེས་གཉེན་ཞུགས། །དེ་ལས་རྟག་པ་སྔོན་བཞིན་བསྐྱེད། །དེ་ཡི་ཐུགས་ཀར་ཟླ་བ་ལ། །ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན། །བསམས་ནས་སྔགས་ཀྱིས་བྱིན་གྱིས་བརླབ། །ཨོཾ་དྷརྨ་དྷཱ་ཏུ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གཉིས་སོགས་མ་གཏོགས་དེ་ཕྱག་རྒྱས། །གནས་ནས་སྔགས་འདི་བསྒོམ་པར་བྱ། །ཨོཾ་ཨཱཿ་ཨོཾ་ཛིན་ཛིཀ་ཧཱུཾ། །བརྗོད་པས་ཨོཾ་ལས་འོད་ཟེར་ཚོགས། །དཀར་བའི་རྒྱུན་གྱིས་ནང་གསལ་ཏེ། །བ་སྤུའི་བུ་ག་ནས་སྤྲོས་པའི། །འོད་རྩེ་རྟག་པའི་ཚོགས་རྣམས་


DTG044_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །ནམ་མཁའི་ཁམས་ཀུན་བཀང་བྱས་ནས། །སངས་རྒྱས་རྟག་པ་སྤྱན་དྲངས་ནས། །རང་གི་པ་སྤུའི་བུ་གར་གཟུད། །བརྟན་པའི་ངོ་བོས་ཕྱག་བྱས་ནས། །ཡང་ནས་ཡང་དུ་དུས་བཞིར་བསྒོམ། །དེ་ནས་ཞག་བདུན་ལ་སོགས་ནས། །ཉེ་བའི་མཚན་མ་མཐོང་ནས་ནི། །འབྱུང་པོ་རྣམས་ལ་གཏོར་བྱིན་ནས། །ཡང་ནི་སྦྱིན་པ་དེར་ཞེན་བྱ། །འདི་ལྟ་བུ་ཡི་སྦྱོར་ལྡན་པས། །རྡོ་རྗེའི་སྐུ་ནི་རྒྱ་མཚོ་དག །ཟླ་བ་ཕྱེད་ན་ངེས་པ་རུ། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །ཡེ་ཤེས་ལྔ་ལྡན་བསྟེན་ནས་ནི། །རྣམ་པར་སྣང་མཛད་དང་འདྲ་བའི། །སངས་རྒྱས་སྐུ་ནི་འབར་པའི་འོད། །རྡོ་རྗེ་བསྐལ་པ་གསུམ་དུ་གནས། །ཐམས་ཅད་སྔོན་བཞིན་རབ་བྱས་ཏེ། །འོད་དཔག་མེད་བསྒོམས་མགྲིན་པ་རུ། །ཨཱཿ་ལས་པདྨ་ཨཱཿ་ཡིས་མཚན། །བསམས་ནས་བཟླས་བརྗོད་ཡང་བྱའོ། །ཨོཾ་ཨཱཿ་ཨཱ་རོ་ལྀཀ་ཧཱུཾ། །དེ་ཡིས་སྔོན་བཞིན་འོད་དཔག་མེད། །སྤྲོས་ཏེ་བཀུག་ནས་རང་ལ་བཙུད། །བརྟན་བྱས་སྔོན་བཞིན་རབ་བསྒྲུབས་ནས། །ཟླ་བ་ཕྱེད་ན་འགྲུབ་པར་ངེས། །ཡེ་ཤེས་ལྔ་དང་ལྡན་པ་ཡིས། །རྡོ་རྗེ་ཆོས་ནི་བསྟེན་བྱས་ནས། །དེ་དང་འདྲ་བའི་འོད་ཐོབ་སྟེ། །རྡོ་རྗེ་བསྐལ་པ་གསུམ་དུ་གནས། །སྔོན་བཞིན་མི་བསྐྱོད་རབ་བསྐྱེད་དེ། །ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་ལ། །ཧཱུཾ་གིས་མཚན་པ་རབ་བསམས་ལ། །སྔགས་ཀྱི་བཟླས་བརྗོད་བྱ་བའོ། །ཨོཾ་ཨཱཿ་ཧཱུཾ་བཛྲ་དྷྲྀཀ་ཧཱུཾ། སངས་རྒྱས་མི་བསྐྱོད་ཚོགས་རྣམས་ཀྱང༌། །བཙུད་ནས་ཆགས་པར་བྱས་ནས་སུ། །སྔོན་བཞིན་ཉེ་མཚན་མཐོང་བསྒྲུབས་ནས། །ཟླ་ཕྱེད་འགྲུབ་པར་ཐེ་ཚོམ་མེད། །ཡེ་ཤེས་ལྔ་ལྡན་བསྟེན་ན་ནི། །སྟོན་པ་རྡོ་རྗེ་ཐུགས་འདྲ་བ། །ཡེ་ཤེས་ཡོན་ཏན་རྒྱ་མཚོར་འགྱུར། །རྡོ་རྗེ་བསྐལ་པ་གསུམ་དུ་གནས། །ཐམས་ཅད་སྔོན་བཞིན་རབ་གནས་ཏེ། །མི་བསྐྱོད་ཆོ་ག་བཞིན་བསྐྱེད་ནས། །ཐུགས་ཀར་རྡོ་རྗེ་བུམ་པ་རུ། །ཨོཾ་བསམས་བཟླས་བརྗོད་བྱ་བའོ། །ཨོཾ་དྷརྨ་དྷཱ་ཏུ་ཛྙཱ་ན་རསྟུ་ཧཱུཾ། མི་བསྐྱོད་ཚོགས་བཀུག་སྔོན་བཞིན་དུ། །ཞུགས་ནས་ཆགས་བྱས་ཉེ་བར་མཐོང༌། །གཏོར་མ་བཏང་ནས་རབ་བསྒྲུབས་ནས། །ཟླ་ཕྱེད་མི་བསྐྱོད་འདྲ་བ་ཐོབ། མི་བསྐྱོད་པ་ཡི་སྐུ་དག་དང༌། །གསུངས་དང་ཐུགས་མཆོག་འདྲ་བ་འཛིན། །འཇིག་རྟེན་ཁམས་རྣམས་


DTG044_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ། །མི་བསྐྱོད་རྡོ་རྗེ་མཆོད་པར་འགྱུར། །རིན་ཆེན་འབྱུང་ལྡན་སྔོན་བཞིན་བསྐྱེད། །ཐུགས་ཀར་མཚན་མ་ལ་གནས་པའི། །ཨོཾ་བཟླས་པ་ཡིས་འགྲུབ་པའོ། །དེ་དང་འདྲ་བར་བསྒྲུབ་པར་བྱ། །ཨོཾ་ཨཱཿ་ཨོཾ་སམནྟ་ཛྙཱ་ན་རསྟུ་ཧཱུཾ། དེ་ཡིས་རིན་ཆེན་འབྱུང་ལྡན་ཚོགས། །སྤྲོས་པ་བཀུག་ནས་རབ་ཏུ་བཙུད། །བརྟན་བྱས་གོང་བཞིན་རབ་བསྒྲུབས་ནས། །ཟླ་བ་ཕྱེད་ན་རབ་ཏུ་འགྲུབ། །ལུས་དང་ངག་སེམས་རྡོ་རྗེ་ཡི། །རིན་ཆེན་འབྱུང་བའི་འོད་དང་འདྲ། །དེ་ནི་བྱང་ཆུབ་བདག་མེད་དང༌། །ཡི་ཤེས་གསང་བའི་གནས་སུ་འགྱུར། །འོད་དཔག་མེད་པ་བསྒོམ་བྱས་ལ། །དེ་ཡི་ཐུགས་ཀར་པདྨ་ལ། །གནས་པའི་ཨོཾ་ནི་བཟླས་བྱས་པས། །དཔག་མེད་འདྲ་བ་བསྒྲུབ་པར་བྱ། །ཨོཾ་ཨཱཿ་ཨོཾ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་རསྟུ་ཧཱུཾ། འོད་དཔག་མེད་པའི་ཚོགས་སྤྲོས་པས། །བཀུག་ནས་བརྟན་བྱས་ཆགས་བྱས་ནས། །གོང་མ་བཞིན་དུ་རབ་བསྒྲུབས་ནས། །ཟླ་བ་ཕྱེད་ན་འགྲུབ་པར་ངེས། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །དཔག་མེད་པ་ཡི་འོད་དང་འདྲ། །འདི་ནི་སེམས་ཅན་ཐམས་ཅད་ཀྱི། །ཐེག་ཆེན་ལམ་གྱི་མཆོག་ཏུ་འགྱུར། །སྔོན་བཞིན་དོན་ཡོད་གྲུབ་བསྒོམས་ལ། །ཐུགས་ཀར་རལ་གྲིའི་ཡུ་བ་ལ། །ཟླ་བའི་དབུས་སུ་ཨོཾ་བསམས་ལ། །སྔགས་ཀྱི་བཟླས་བརྗོད་བརྩམ་པའོ། །ཨོཾ་ཨཱཿ་ཨོཾ་ཀྲི་ཏ་ཨ་ནུཥྛ་ན་ཛྙཱ་ན་རསྟུ་ཧཱུཾ། དེ་ཡིས་དོན་ཡོད་གྲུབ་པའི་ཚོགས། །སྤྲོས་ཏེ་བཀུག་བྱས་ཞུགས་བྱས་ལ། །གནས་བརྟན་ངོ་བོར་ཆགས་བྱས་ན། །ཟླ་བ་ཕྱེད་ན་དེ་དག་འགྲུབ། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །རྡོ་རྗེ་ཐོགས་མེད་འདྲ་བ་འོང༌། །དེ་ནི་དཔལ་ལྡན་ཡེ་ཤེས་མཚོ། །སེམས་ཅན་དོན་ཀུན་འབྱུང་བར་འགྱུར། །དེ་བཞིན་སྣང་མཛད་བསྒོམ་བྱས་ཏེ། །སྔགས་ཀྱི་བཟླས་བརྗོད་བྱ་བའོ། །ཨོཾ་ཨཱཿ་ཨོཾ་ཨཱ་དཪྴ་ཛྙཱ་ན་བཛྲ་རསྟུ་ཧཱུཾ། སྔོན་བཞིན་ཞུགས་སོགས་རབ་བྱས་ནས། །ཟླ་ཕྱེད་དེ་དང་འདྲ་བར་འགྲུབ། །ཐམས་ཅད་སྔ་མ་བཞིན་བྱས་ཏེ། །སྣང་མཛད་མགོ་མགྲིན་ཐུགས་ཀ་རུ། །འཁོར་ལོ་པདྨ་རྡོ་རྗེ་ལ། །ཟླ་བའི་དབུས་ནས་ཨོཾ་གསུམ་གནས། །ཨོཾ་ཨཱཿ་ཨོཾ་ཨོཾ་ཨོཾ་ཏྲི་ག་ཀ་ར་ཡ་རསྟུ་ཧཱུཾ། དེ་ཡིས་རྡོ་རྗེ་གསུམ་གྱི་ཚོགས། །བཀུག་ནས་གནས་གསུམ་དུ་བརྟན་པར། །བྱས་ནས་ཉེ་བའི་མཚན་མ་མཐོང༌། །གོང་བཞིན་


DTG044_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་ཟླ་ཕྱེད་འགྲུབ། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །སངས་རྒྱས་སྣང་མཛད་འདྲ་བའི་མདོག །དེ་ནི་བྱང་ཆུབ་ཡེ་ཤེས་དང༌། །སྐུ་གསུམ་ཡེ་ཤེས་འགྲུབ་པར་འགྱུར། །དེ་ཡི་རིམ་པས་མི་བསྐྱོད་སོགས། །རང་རང་ངོ་བོས་རབ་བསྒྲུབས་ན། །དཔལ་ལྡན་ཟླ་བ་ཕྱེད་གྲུབ་ནས། །རྡོ་རྗེ་བསྐལ་པ་གསུམ་དུ་གནས། །དེ་བཞིན་དེ་ལྟར་དེ་གཉིས་སམ། །གཅིག་ལའང་གསུམ་དུ་གོམས་བྱས་ནས། །རྒྱལ་བའི་སྲས་པོ་མོས་པ་ཡིས། །ཉུང་ངམ་ལྷག་པར་གནས་པར་འགྱུར། །སྔོན་བཞིན་ཐམས་ཅད་རབ་བྱས་ལ། །རྣམ་པར་སྣང་མཛད་ཆོ་ག་བཞིན། །བསྐྱེད་ནས་ཆོས་དབྱིངས་བྱིན་བརླབས་ནས། །ལག་པ་གཡས་པ་འཁོར་ལོ་བསྐྱེད། །འཁོར་ལོ་གསེར་སོགས་དངོས་བྱས་ལ། །ཨོཾ་བསྐྱེད་ལྟེ་བར་རྟག་པ་ཡི། །འཁོར་ལོ་ཆེན་པོ་རབ་བསྒོམས་ཏེ། །སྔགས་ཀྱི་བཟླས་བརྗོད་བརྩམ་པའོ། །ཨོཾ་ཨཱཿ་ཛིན་ཛིཀ་ཙ་ཀྲ་ཨརྠ་སིདྡྷི་ཧཱུཾ་སྭཱ་ཧཱ། འོད་ཟེར་གྱིས་བཀུག་རྟག་དཀྱིལ་འཁོར། །བསྡུས་ཏེ་བཅུག་ནས་བརྟན་བྱས་པས། །དྲོད་དང་དུད་འཐུལ་འབར་བ་དང༌། །ནམ་མཁའ་ལ་ནི་འཕར་བར་འགྱུར། །དེ་ཡི་སྟེང་དུ་སུ་བསམས་ནས། །ལག་ཏུ་བབས་ནས་སྤྱན་མས་བཟླ། །འབྱུང་པོ་རྣམས་ལ་གཏོར་སྦྱིན་ལ། །ཆགས་བྱས་ཟླ་བ་ཕྱེད་ནས་འགྲུབ། །རི་རབ་སུམ་ཅུ་རྩ་དྲུག་གི །རབ་ཏུ་ཕྲ་བའི་རྡུལ་སྙེད་ཀྱི། །རྡོ་རྗེ་འཛིན་དང་འདྲ་བ་ཀུན། །དེ་ཡི་རྗེས་སུ་འབྲང་བར་འགྱུར། །སྔོན་བཞིན་མི་བསྐྱོད་རབ་བསྒོམས་ལ། །རྡོ་རྗེ་དངོས་བྱས་ཧཱུཾ་བསྐྱེད་དེ། །རྡོ་རྗེ་རིགས་ཀྱི་འཁོར་ལོ་བསྒོམ། །སྔགས་ཀྱི་བཟླས་བརྗོད་བྱ་བའོ། །ཨོཾ་ཨཱཿ་བཛྲ་དྷྲྀཀ་བཛྲ་ཨརྠ་སིདྡྷི་ཧཱུཾ་སྭཱ་ཧཱ། རྡོ་རྗེ་རིགས་ཀྱི་སྤྲོ་དང་བསྡུ། །བརྟན་པར་བྱས་ལ་ཆགས་བྱས་ནས། །སྔོན་བཞིན་རབ་ཏུ་བསྒྲུབ་གྱུར་ན། །ཟླ་བ་ཕྱེད་ན་འགྲུབ་པར་ངེས། །རི་རབ་སུམ་ཅུ་རྩ་དྲུག་གི །རྡུལ་ཕྲན་ཇི་སྙེད་ཡོད་པ་ཡི། །དེ་སྙེད་ཀྱི་ནི་བུད་མེད་རྣམས། །ཡོན་ཏན་ཅན་གྱི་བདག་གིར་འགྱུར། །དྲག་པོ་དག་གིས་ཕྱག་བྱས་པས། །ཁམས་གསུམ་རྡོ་རྗེ་ཆེན་པོར་འགྱུར། །སྔོན་བཞིན་རྒྱས་པར་རིན་ཆེན་འབྱུང༌། །བསྒོམས་ནས་སྭ་བསྐྱེད་རིན་ཆེན་དངོས། །རིན་ཆེན་རིགས་ཀྱི་ལྷ་བསྒོམས་ལ། །སྔགས་ཀྱི་བཟླས་བརྗོད་བྱ་བའོ། །ཨོཾ་


DTG044_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿ་རཏྣ་དྷྲྀཀ་རཏྣ་ཨརྠ་སིདྡྷི་སྭཱ་ཧཱ། རིན་ཆེན་རིགས་ཀྱི་ལྷ་རྣམས་ཀུན། །སྤྲོ་ཞིང་བསྡུ་བས་བརྟན་བྱས་ནས། །ཉེ་བའི་མཚན་མཐོང་སྔོན་བཞིན་བསྒོམས། །ཟླ་བ་ཕྱེད་འགྲུབ་ཐེ་ཚོམ་མེད། །ཡེ་ཤེས་ལྔ་ལྡན་བསྟེན་ན་ནི། །བསྐལ་བ་གསུམ་གྱི་ཡུན་གནས་ཤིང༌། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །གསང་བ་གསུམ་ལ་བསྙེན་བཀུར་བྱེད། །དེ་བཞིན་དཔག་མེད་ཚེ་བསྒོམས་ལ། །གསེར་སོགས་པདྨ་ཨཱཿ་ལས་སྐྱེས། །ལྟེ་བར་གསུང་རིགས་ལྷ་བསྒོམས་ལ། །བཟླས་བརྗོད་རབ་ཏུ་བྱ་བའོ། །ཨོ་ཨཱཿ་ཨཱ་རོ་ལྀཀྐ་མ་ལ་ཨརྠ་སིདྡྷི་སྭཱ་ཧཱ། དེ་སྤྲོས་གསུང་གི་རིགས་བཀུག་ནས། །བཅུག་ནས་བརྟན་བྱ་ཡང་ཡང་བསྒོམ། །མཚན་མ་ཐོབ་ནས་གཏོར་མ་བཏང༌། །ཟླ་བ་ཕྱེད་ན་དེ་འགྲུབ་འགྱུར། །རི་རབ་སུམ་ཅུ་རྩ་དྲུག་གི །རབ་ཏུ་ཕྲ་བའི་རྡུལ་སྙེད་ལ། །སངས་རྒྱས་རྡོ་རྗེའི་དཀྱིལ་འཁོར་ལ། །དག་པའི་བདག་ཉིད་འཇོག་པར་བྱེད། །དོན་ཡོད་གྲུབ་པ་སྔོན་བཞིན་བསྒོམ། །རལ་གྲི་དངོས་བྱས་ཧ་ལས་བསྐྱེད། །ལས་ཀྱི་ལྷ་རྣམས་ཡུ་བར་བསྒོམ། །སྔགས་ཀྱི་བཟླས་པ་བརྩམ་པའོ། །ཨོཾ་ཨཱཿ་པྲཛྙཱ་དྷྲྀཀ་ཁདྒ་ཨརྠ་སིདྡྷི་སྭཱ་ཧཱ། ལས་ཀྱི་རིགས་ཀྱི་ལྷ་རྣམས་སྤྲོ། །བསྡུ་ཞིང་བཅུག་ནས་ཆགས་བྱས་ན། །དེ་མཚན་མཐོང་ནས་སྔོན་བཞིན་བསྒྲུབ། །ཟླ་ཕྱེད་ཀྱིས་ནི་ངེས་པར་འགྲུབ། །ཁམས་གསུམ་ཀུན་གྱིས་རབ་མཆོད་ཅིང༌། །ཚངས་ལ་སོགས་པས་ཕྱག་ཀྱང་བྱས། །སྟོང་གསུམ་ན་ནི་མཆོག་ཏུ་དཔའ། །མི་མཆོག་གསང་བ་འཛིན་པར་འགྱུར། །གང་རྣམས་འདོད་དང་བསམ་པ་དག །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན། །རྡོ་རྗེ་ཐུགས་ལས་རབ་བྱུང་བ། །དེ་ལྟ་བུ་ཡི་དངོས་གྲུབ་སྟེར། །འཁོར་ལོ་ལ་སོགས་གྲུབ་པའི་མཆོག །སངས་རྒྱས་སྐུ་དང་འདྲ་བར་འགྱུར། །གང་གཱའི་བྱེ་སྙེད་ཐམས་ཅད་དུ། །གྲུབ་པ་ཀུན་དུ་རྣམ་པར་སྤྱོད། །དམ་ཚིག་དམ་པ་ཐམས་ཅད་ཀྱི། །རིག་པ་འཛིན་པའི་གཙོ་བོར་འགྱུར། །རྡོ་རྗེ་སྐུ་ནི་རབ་བསྒོམས་པས། །དེ་ནི་དམ་ཚིག་མཆོག་ཏུ་འགྱུར། །ཐམས་ཅད་སྔ་མ་བཞིན་བྱས་ཏེ། །འཇམ་དཔལ་བསྐྱེད་པའི་ཆོ་ག་རྫོགས། །ཐུགས་ཀར་རལ་གྲིའི་ཡུ་བ་ལ། །ཧཾ་གི་འོད་ལྡན་བཟླས་བརྗོད་བྱ།


DTG044_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿ་ཧཾ་མྙྫུ་ཤྲཱི་ཧཱུཾ་ཕཊ། དེ་ཡི་འོད་ཀྱིས་ནང་གསལ་ནས། །བ་སྤུ་ལས་བྱུང་འོད་ཟེར་ལྔས། །ཐམས་ཅད་འཇམ་དཔལ་སྐུར་བྱས་ཏེ། །བཀུག་ཅིང་བུ་གར་ཐིམ་པར་བྱ། །ཡང་ནས་ཡང་དུ་བརྟན་བྱས་པས། །བསྤུ་དབང་པོ་གཞུ་མཐོང་ནས། །འབྱུང་པོ་གཏོར་བྱིན་ཆགས་བྱས་ན། །ཟླ་བ་ཕྱེད་ཀྱིས་ངེས་པར་འགྲུབ། །འཇམ་དཔལ་དམ་ཚིག་ལོངས་སྤྱོད་ལ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ས་བཅུ་དག་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དེ་འགྱུར་རོ། །ཡང་ནི་འཇམ་དཔལ་དེ་བཞིན་བསྒོམ། །རལ་གྲི་ཡུ་བར་བཅུག་འཕན་གནས། །བཟླས་བརྗོད་བྱས་ལ་གོང་བཞིན་དཔག །དེ་དང་འདྲ་བར་བསྒྲུབ་པར་བྱ། །ཨོཾ་ཨཱཿཐླིཾ་མཉྫུ་ཧཱུཾ་སྭཱ་ཧཱ། དེ་ནི་ཟླ་བ་ཕྱེད་ན་ཡང༌། །འོད་ཟེར་འབར་བར་གྱུར་པ་ཡིན། །རྡུལ་ཕྲན་རྡོ་རྗེ་ལུས་ངག་གི །རྡོ་རྗེ་སྐུ་དང་འདྲ་བར་འགྱུར། །སྔ་མ་བཞིན་དུ་ཀུན་ཤེས་བྱ། །གཤིན་རྗེ་གཤེད་ལ་སོགས་པ་བཅུ། ལོངས་སྤྱོད་དང་པོ་རྫོགས་པ་ལ། །མཚན་མ་ཡིས་ནི་དེ་འདྲ་འགྲུབ། །ཐོ་བ་དབྱུག་པ་པདྨ་དང༌། །རྡོ་རྗེ་ལྕགས་ཀྱུ་དབྱུག་གསལ་ཞིང༌། །རལ་གྲི་འཁོར་ལོ་རྡོ་རྗེ་རྣམས། །དངོས་བྱས་འཁོར་ལོ་གཅིག་བསྒོམ་བརྗོད། །ཨོཾ་ཨཱཿ་ཡ་མཱནྟ་ཀྲྀ་ཏ་མུད་ར་སིདྡྷི་ཧཱུཾ། ཨོཾ་ཨཱཿཔྲྫྙྰྣྟ་ཀྲྀཏ་བཛྷ་དྷ་ན་ད་སིདྡྷི་ཧཱུཾ། ཨོཾ་ཨཱཿ་པདྨནྟ་ཀྲྀ་ཏ་པདྨ་སིདྡྷི་ཧཱུཾ། ཨོཾ་ཨཱཿ་བིགྷྲྣཱ་ཀྲྀཏ་བཛྲ་སིདྡྷི་ཧཱུཾ། ཨོཾ་ཨཱཿ་ཊཀྐི་རཱ་ཛ་ཨཾ་ཀུ་ཤ་སིདྡྷི་ཧཱུཾ། ཨོཾ་ཨཱཿ་ནཱི་ལ་དཎྜའི་དཎྜ་སིདྡྷི་ཧཱུཾ། ཨོཾ་ཨཱཿ་མྦྷཱ་བ་ལ་ཏྲི་ཤཱུ་ལ་སིདྡྷི་ཧཱུཾ། ཨོཾ་ཨཱཿཨ་ཙ་ལ་ཁདྒ་སིདྡྷི་ཧཱུཾ། ཨོཾ་ཨཱཿ་ཙཀྲ་ཝརྟི་ཙ་ཀྲ་སིདྡྷི་ཧཱུཾ། ཨོཾ་ཨཱཿ་སུ་བྷ་བཛྲོ་སིདྡྷི་ཧཱུཾ། དེ་ཡིས་ཁྲོ་བོའི་ཚོགས་བཀུག་སྟེ། །བཅུག་ནས་བརྟན་པར་བྱས་ནས་སུ། །སྔོན་བཞིན་གཏོར་སོགས་ཀྱིས་བསྒྲུབ་ན། དེ་འདྲ་ཟླ་བ་ཕྱེད་ན་འགྲུབ། །ཡང་ན་རྟག་པ་འོད་དཔག་མེད། །མི་བསྐྱོད་པ་ཡི་མཚན་མ་རྣམས། །བསྒྲུབས་ཏེ་རང་གི་ལྷ་བཅུག་པས། །ཟླ་ཕྱེད་དེ་དང་འདྲ་བར་འགྱུར། །མི་སྣང་བ་བསྒྲུབ་པའི་ཆོ་ག་བཤད་པར་བྱའོ། །སྔོན་དུ་སྤྱི་ཡི་ཆོ་ག་སོགས། །རྒྱས་པར་རབ་ཏུ་བཤད་འགྱུར་ཡང༌། །བདེ་བླག་ཏུ་ནི་རྟོགས་བྱའི་ཕྱིར། །ཡང་ནི་ཐུགས་རྗེས་བསྡུས་ཏེ་བསྟན། །མཚན་མ་ཐོབ་པའི་རྣལ་འབྱོར་པས། །འཛབ་བཟླས་ཆོ་ག་ལ་སོགས་ནས། །ལྷས་དབང་བསྐུར་བའི་


DTG044_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞུགས་ལ། །བདེ་བའི་སྟན་ལ་འཇུག་པར་བྱ། །བགེགས་བཟློག་ཆོག་ནས་བརྩམས་ཏེ། །བརྒྱད་ཀྱིས་ནམ་མཁའ་སྙིང་པོ་བསྐྱེད། །ཆོས་དབྱིངས་བྱིན་རླབས་ལུས་ཀུན་ལ། །གནས་བཞི་མ་གཏོགས་ཁཾ་གིས་མཚན། །ཨོཾ་ཨཱཿ་ཁམ་ན་ཁ་གརྦྷ་ཧཱུཾ། དེ་ཡི་འོད་ཀྱིས་སངས་རྒྱས་རྣམས། །ནམ་མཁའི་སྙིང་པོའི་སྐུར་བྱས་ལ། །བཀུག་སྟེ་ཁཾ་ཀུན་ལ་བསྟིམས་ལ། །ན་མ་མཁའ་བཞིན་དུ་སྟོང་པར་བསམ། །བདག་གི་ཡན་ལག་མི་མཐོང་སོགས། །འབྱུང་པོ་གཏོར་མ་ཡང་བྱིན་ཏེ། །ཆགས་བྱས་ཡད་དུ་བསྒྲུབ་འགྱུར་ན། །ཟླ་བ་ཕྱེད་ན་མི་སྣང་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །ཡང་དང་ཡང་དུ་མཆོད་པ་དང༌། །བསྐལ་པ་གཅིག་ཏུ་གནས་པ་དང༌། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་འགྱུར། །གཞི་ཡི་འབྲས་བུ་གཞན་ཡིན་ཕྱིར། །དེ་བཤད་གསང་བའི་ཐིག་ལེ་ལས། །རིམ་པ་འདི་བཞིན་ཚིག་འགྲུབ་པ། །འཇིག་རྟེན་དབང་པོ་བསྒྲུབ་པ་བཤད། །ཐམས་ཅད་སྔོན་བཞིན་རབ་བྱས་ལ། །སྤྱན་རས་གཟིགས་དབང་བསྒོམ་པར་བྱ། །དེ་ལྕེ་ཧྲཱིཿ་ལས་པདྨ་ནི། །འདབ་བརྒྱད་མདུན་དུ་རྡོ་རྗེ་ནི། །ཨོཾ་ཨཱཿ་ཧྲཱིཿ་ལོ་ཀེ་ཤྭ་ར་བྷ་དྷ་ན་ཨརྠ་སིདྡྷི་ཧཱུཾ་སྭཱ་ཧཱ། བཟླས་པ་ཐོས་པས་སངས་རྒྱས་རྣམས། །འཇིག་རྟེན་དབང་ནི་བསྐུར་བྱ་སྟེ། །བཀུག་སྟེ་ལྕེ་ལ་བཅུག་ནས་ནི། །གནས་བརྟན་ངོ་བོར་ཆགས་པར་བྱ། །ལྕེ་དེ་རྡོ་རྗེ་མཐོང་གྱུར་ནས། །གཏོར་མ་བྱིན་ཏེ་ཡང་ཡང་བསྒོམ། །ཟླ་པ་ཕྱེད་ན་ངེས་པ་རུ། །ཚིག་གི་དངོས་གྲུབ་ཐམས་ཅད་འགྲུབ། །བདེན་པ་རུ་ནི་སྨྲ་བ་དང་། །ཤགས་དང་རྒོལ་བ་སུན་འབྱིན་དང༌། །ཀུན་ཐོས་རྣམས་ནི་ཡིད་འོང་བར། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །དེ་ལས་ཡང་ནི་སྒྲུབ་པའི་མཆོག །མཚོན་ཆ་རྣམས་ནི་འཇིག་འགྱུར་བ། །ཕྱི་མས་གསུངས་པ་འབྱུང་བའི་ཕྱིར། །དེ་ཡི་སྒྲུབ་པའི་ཆོ་ག་བཤད། །སྔོན་གསུངས་རྒྱས་པར་བཤད་པ་ཡི། །ཆོ་ག་རྣམས་ནི་རྫོགས་བྱས་ལ། །ཀླུ་ཤིང་མེ་ཏོག་མཚན་པ་ཡི། །སྣང་མཛད་འདྲ་བའི་བྱམས་པ་བསྐྱེད། །ཐུགས་ཀར་མཚན་མ་ལ་གནས་པའི། །མེ་ནི་ཆོ་ག་བཞིན་བསྒོམས་ལ། །བཟླས་བརྗོད་བྱས་པས་བྱམས་པ་ཡི། །ཚོགས་ཀྱིས་


DTG044_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་དགད་པའོ། །ཨོཾ་ཨཱཿ་མེ་མ་ཧཱ་མེ་དྷ་ར་ས་ར་ཎ་ཧཱུཾ་སྭཱ་ཧཱ། དེ་ཡིས་སེམས་ཅན་ཐམས་ཅད་ལ། །བྱམས་བས་དམིགས་བྱས་སྙིང་རྗེ་སོགས། །ཁྲོ་དང་བྲལ་བར་རབ་བསམས་ལ། །སེམས་ཅན་དེ་དག་རབ་ཏུ་བསྡུ། །བརྟན་པར་རབ་ཏུ་ཆགས་བྱས་ལ། །རལ་གྲི་སོ་སོགས་མ་གཏོགས་ཏེ། །འབྱུང་པོ་གཏོར་སྦྱིན་ཡང་བསྒོམས་ན། །ཟླ་ཕྱེད་མཚོན་ཆས་མི་ཚུགས་སོ། །འཕེན་དང་མི་འཕེན་ལ་སོགས་པ། །མཐོང་བཙམ་གྱིས་འཇིག་པར་འགྱུར། །བཏབ་འགྱུར་འཐོར་རམ་མེ་ཏོག་འགྱུར། །གང་མཐོང་བྱམས་སེམས་དང་ལྡན་པའོ། །སྔོན་བཞིན་བྱ་བ་ཐམས་ཅད་བྱ། །འཇམ་དཔལ་ཆོ་ག་བཞིན་བསྒོམས་ལ། །ཐུགས་ཀར་རལ་གྲིའི་ཡུ་བར་མཾ། །བསམས་ནས་བཟླས་བརྗོད་པར་བྱའོ། །ཨོཾ་ཨཱཿ་མཾ་མཉྫུ་ཤྲཱི་ཨརྠ་སིདྡྷི་ཧཱུཾ་སྭཱ་ཧཱ། འོད་ཟེར་སྟུག་པོས་ནང་གསལ་ཏེ། །བ་སྤུའི་བུ་ག་ལས་བྱུང་བས། །སངས་རྒྱས་ཐམས་ཅད་འཇམ་དཔལ་སྐུར། །བྱས་ཏེ་བཀུག་ནས་བ་སྤུ་ཡི། །བུ་གར་བཅུག་ནས་སྟོད་པ་ཉིད། །བསམས་པས་སྔོན་བཞིན་རྟོགས་འགྱུར་ན། །བར་ཆད་ཞི་བར་བྱས་ནས་སུ། །བསྒྲུབས་ན་ཟླ་བ་ཕྱེན་ན་འགྲུབ། །དཔག་ཆད་བརྒྱ་ཡི་ཁྱོན་ཙམ་དུ། །རྡོ་རྗེ་འཇམ་པའི་འོད་དག་གིས། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡི། །གྲུབ་པའི་མཚན་མ་སྣང་བར་འགྱུར། །ཚངས་པ་དྲག་པོ་ལ་སོགས་ལྷས། །ནམ་ཡང་མཐོང་བར་མི་ནུ་སོ། །ཡང་ནི་སྔོན་བཞིན་ཐམས་ཅད་བྱ། །ཕྱག་རྒྱ་ཆེན་པོ་གང་ཡད་རུང༌། །ཆོ་ག་བཞིན་དུ་དང་པོས་བསྒྲུབ། །དེ་ཡིས་བསྒྲུབ་པའི་རི་ལུ་གསུངས། །བདུད་རྩི་ལྔ་ལྔའམ་རྟ་ཤར་སྦྱར། །ཁྱི་ཤའམ་ཤ་ཆེན་དག་དང་སྦྱར། །བ་ལང་ཤའམ་ཤང་སྲིན་བུ། །ག་བུར་ཙནྡན་དང་སྦྱར་བའམ། །གི་ཝཾ་ཨ་ཀ་རུར་སྦྱར་བའམ། །ག་པུར་གུར་ཀུམ་སྦྱར་བ་ཡི། །རིལ་བུ་སྐྲོད་བྱེད་ལྔ་སྦྱོར་ཙམ། །ཉི་མ་ཟླ་བ་སྲེད་བྱེད་ཀྱི། །ཉི་མ་མན་ཆ་བཞི་དང་ནི། །སྲེག་བྱེད་གཅིག་སྟེ་ཟླ་བ་གཉིས། །བཀྲི་བ་ཙ་ནའི་འབྲུ་ཙམ་དུ། །ཨོཾ་འམ་ཨཱཿ་འམ་ཧཱུཾ་ལས་བསྐྱེད། །ཁར་བཅུག་ནས་ནི་དེ་དབུས་སུ། །རང་གི་འཁོར་ལོ་རབ་བསྒོམས་ལ། །དེ་ཡིས་དེ་ཡི་སངས་རྒྱས་ཚོགས། །བཀུག་སྟེ་བཅུག་ནས་བཟླས་བརྗོད་བྱ། །ཨོཾ་ཨཱཿ་ཀུ་ལ་ཨརྠ་སིདྡྷི་ཧཱུཾ། །བརྟན་པའི།


DTG044_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོར་ཆགས་བྱས་ནས། །འབར་སོགས་མཚན་མ་མཐོང་བར་འགྱུར། །འབྱུང་པོ་གཏོར་མ་ཡང་བྱིན་ནས། །བསྒོམས་ན་ཟླ་ཕྱེད་མི་སྣང་འགྱུར། །རྡོ་རྗེ་སྐུ་དང་རབ་འདྲ་ཞིང༌། །ཉི་མ་ཤར་བའི་འོད་འདྲ་སྟེ། །འཛམ་བུ་ན་དའི་གསེར་འོད་ཀྱི། །བྱང་ཆུབ་ཡེ་ཤེས་ཐོབ་པར་འགྱུར། །འདི་ནི་དཔལ་དང་ལྡན་པ་ཡི། །སངས་རྒྱས་འོད་དང་འདྲ་བར་འགྱུར། །དཔག་ཚད་བྱེ་བ་གང་གཱ་ཡི། །སྟེང་དུ་རྡོ་རྗེ་འགྲོ་བར་འགྱུར། །འདོད་ཐམས་གནས་པའི་བུ་མོ་ནི། །ལྷ་ཡི་ལོངས་སྤྱོད་བརྟུལ་ཞུགས་མ། །ཡང་ན་གཟུགས་ཁམས་གནས་པ་ལ། །སྟོབས་ཆེན་གྱིས་ནི་འདོད་པ་སྤྱོད། །ཐམས་ཅད་སྔོན་བཞིན་རབ་བྱས་ཏེ། །རང་གི་ལྷ་ནི་དང་པོ་དམིགས། །དཀྱིལ་འཁོར་དབུས་སུ་མན་འཇིའི་སྟེང༌། །ཐོད་པ་ཡིས་ནི་བརྒྱན་པར་བྱ། །བདུད་རྩི་ལྔ་ནི་གོ་རིམས་བཞིན། །གོང་གི་ཆོ་གས་དག་བྱས་ནས། །ཨོཾ་ཨཱཿ་ཧཱུཾ་ཡིག་གསུམ་པོ་ནི། །བརྒྱ་དང་བརྒྱད་དུ་བཟླས་པར་བྱ། །དེ་ཡིས་དྲོ་བ་ལ་སོགས་པ། །མཐོང་ནས་བར་ཆད་ཞི་བྱ་སྟེ། །ཡང་ནི་སྦྱོར་བས་བརྟན་བྱས་ན། །ཟླ་ཕྱེད་སངས་རྒྱས་ཀྱིས་མི་མཐོང༌། །དེ་བཞིན་བཤད་པ་འབའ་ཞིག་གམ། །ཁྱི་ཤ་རྟ་ཤ་འབྲས་ཆན་ཤ །གོང་གི་ཆོ་གས་རབ་ཟོས་ནས། །སངས་རྒྱས་ཉི་མས་མི་མཐོང་ངོ༌། །མི་སྣང་གྱུར་པ་ཀུན་ལས་མཆོག །སྟོང་ཁམས་དག་ནི་སྣང་བར་བྱེད། །སངས་རྒྱས་ཀུན་ལ་འཕྲོག་པ་དང༌། །ལྷ་ཡི་བུ་མོ་མཆོག་ལ་སྤྱོད། །མིག་སྨན་སྒྲུབ་པ་བཤད་པར་བྱའོ། །མཚན་མ་ཐོབ་པའི་རྣལ་འབྱོར་པས། །ཐམས་ཅད་སྔོན་བཞིན་རབ་བྱས་ལ། །རང་གི་ལྷ་ཡི་སྦྱོར་བ་ནི། །ལོངས་སྤྱོད་དང་པོས་རྫོགས་པར་བྱ། །ཉ་ཡི་དུས་སུ་བརྩམས་ནས་ནི། །དྲོ་སོགས་རྒྱུ་ལས་རབ་བྱུང་བ། །བརྒྱད་ཀྱི་དུས་སུ་ཤེས་བྱས་ལ། །བཅུ་བཞིའི་དུས་སུ་བསྒྲུབ་པར་བྱ། །གོང་གི་གནས་སུ་སོང་ནས་ཀྱང༌། །ཐོད་པ་གཉིས་ཀྱི་སྟེང་འདུག་ནས། །མདུན་དུ་ཐོད་པའི་མན་འཇི་ལ། །སྐྱེས་པའི་ཐོད་པ་བཟང་པོ་བཞག །དེ་ཡིན་ནང་དུ་ཚིལ་ཆེན་ལ། །ཁྲག་དང་བདུད་རྩི་ལྔ་ཡིས་དགང༌། །པདྨའི་ཁོང་སྲོག་དུར་རས་དཀྲིས། །དེ་ལ་མེ་མར་འབར་བར་བྱ། །སྤྱད་མཁན་ཐོད་བས་སྟེང་བཀབ་ནས། །དེ་ཡི་དུད་པ་བླངས་


DTG044_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སུ།། །འུག་པའི་མགོ་ནི་བསྲེག་བྱས་ནས། །པདྨའི་རཀྟ་བསྲེ་བར་བྱ། །སྲོད་ཀྱི་དུས་སུ་བཏགས་ནས་སུ། །བྱ་རྒོད་རྗེ་ངར་ནང་བཀང་ལ། །པདྨའི་ཟིལ་པས་བརླན་པར་བྱ། །འོད་མེད་ཐུར་མས་མིག་ལ་བསྐུ། །དེ་ཡི་ཐོ་རངས་དུས་ནས་ནི། །གནོད་སྦྱིན་གཏེར་རྣམས་མཐོང་བ་དང་། །འགྲོ་ཀུན་དབང་དུ་འགྱུར་བ་དང༌། །གཟི་ཅན་ཀུན་གྱིས་མི་མཐོང་འགྱུར། །རིག་འཛིན་གྲུབ་པའི་རྣལ་འབྱོར་བ། །བསྐལ་པར་གསོ་བར་གནས་པའི་རྒྱུ། །བདུད་རྩི་སྨན་གྱི་ཆོ་ག་མཆོག །ཇི་བཞིན་དུ་ནི་བཤད་པར་བྱ། །ཐབས་དང་ཤེས་རབ་དབྱེ་བ་ཡིས། །དཀོན་མཆོག་དཔལ་དང་འོད་དཔག་མེད། །དབུ་རྒྱན་ལ་ནི་བསམ་བྱས་ལ། །གཉིས་སུ་མེད་པའི་རོས་ཞུ་འགྱུར། །ཚིམ་པའི་ཆོ་ག་བཞིན་དྲངས་ནས། །རྩ་རྒྱུས་ཐམས་ཅད་ཁྱབ་པར་བྱས། །རླུང་དང་བད་ཀན་མཁྲིས་པ་ནི། །ཁྲོས་པར་གྱུར་ཀྱང་མི་ཐུབ་བོ། །སྐལ་དབང་རྣམ་པ་གསུམ་པོ་ཡིས། །མོས་པའི་སེམས་ཅན་གཟུང་བའི་ཕྱིར། །མཐུན་པའི་ཆོ་ག་ལ་གནས་ནས། །རང་རང་དམ་ཚིག་གིས་གནས་བྱ། །ཐུགས་རྗེས་ནོན་པའི་སྔགས་པ་ཡིས། །ཉན་ཐོས་གཟུགས་ཀྱིས་གཉིས་མེད་སྤང༌། །དགེ་བ་བཅུ་ལ་བཙུད་ནས་ནི། །རང་གི་ངོ་བོར་འགྱུར་བའོ། །དེ་བཞིན་རང་སངས་རྒྱས་གཟུགས་ཀྱིས། །ལུས་ཀྱི་རྫུ་འཕྲུལ་དཔག་མེད་མཛད། །བཙུད་ནས་དེ་དོན་འདི་ལ་བཀོད། །སླར་ཡང་རང་གི་ངོ་བོར་འགྱུར། །དེ་བཞིན་སྐད་ཅིག་ཨོཾ་ལས་བསྐྱེད། །ཚངས་པ་ཆེན་པོ་ཞལ་བཞི་བ། །མཚན་དང་རྒྱན་རྣམས་ཀྱིས་བརྒྱན་པ། །ཚངས་སྐུད་སེ་རལ་ཅོད་པན་ལ། །རྡོ་རྗེ་སེམས་དཔས་མཚན་པ་ཡི། །དང་པོ་དབྱུག་པ་རྩེ་གསུམ་གྱིས། །མཚན་པས་ཞི་བའི་ཀུ་ཙ་བཙིར། །གཉིས་ན་བགྲང་ཕྲེང་གུནྡྡྷེ་འཛིན། །དང་སྟེང་པདྨ་ཟླ་བར་གནས། །གཏི་མུག་ལམ་གྱིས་དམན་པ་རྣམས། །འཇིགས་པ་བསྐྱེད་ཅིང་མོས་མ་ཐག །རང་གི་ལྷ་ཡི་སྐུར་འགྱུར་རོ། །ཨ་ལས་བསྐྱེད་པའི་དྲག་པོ་ནི། །ཐལ་མདོག་ཞལ་གཅིག་སྤྱན་གསུམ་པ། །ཟླ་ཕྱེད་དང་ལྡན་ཅོད་པན་ལ། །རྡོ་རྗེ་སེམས་དཔས་མཚན་པའོ། །ཁ་ཊྭཱཾ་མགུལ་པ་དྲིལ་མཚན་པའི། །ཕྱག་གཡས་ཀྱི་ནི་ཕྲག་པ་བརྟེན། །བདུད་རྩི་


DTG044_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ལྡས་གང་ཐོད་པ་ནི། །གཡོན་པས་བསྣམས་ཤིང་འཁྱུད་པའོ། །ཨུ་མ་སྐུ་མདོག་སེར་པོ་སྟེ། །མེ་ཏོག་སྣ་ཚོགས་སྐུ་ལ་དཀྲིས། །རྒྱན་རྣམས་ཀུན་གྱིས་རབ་བརྒྱན་པ། །རྡོ་རྗེ་རྩེ་མོ་ནང་པ་ལྟས་བསྣམས། །གཉིས་ཀྱིས་དེ་ཡི་ཀུ་ཙ་འཛིན། །སྟག་ལྤགས་ཤམ་ཐབས་གླང་སྟེང་ན། །པདྨ་ཟླ་པ་ལ་གནས་ནས། །ཟླ་བའི་འོད་ཀྱིས་རྒྱན་དུ་མཚན། །དེ་ཡི་གཟུགས་ཀྱིས་འདོད་ཆགས་ཅན། །བུད་མེད་དངོས་པོ་གསུམ་སྤྱད་ན། །བཙུད་ནས་མོས་མ་ཐག་ཏུ་ནི། །རང་གི་ངོ་པོར་འགྱུར་བའོ། །ཧཱུཾ་ལས་བསྐྱེད་པའི་ཁྱབ་འཇུག་གཟུགས། །ནག་པོ་རིན་ཆེན་དབུ་རྒྱན་ཅན། །རྡོ་རྗེ་སེམས་དཔའ་རལ་པ་མཚན། །ཕྱག་བཞི་འཁོར་ལོ་རྩེ་གསུམ་དང༌། །འབུད་དུང་རིན་ཆེན་ལྡན་པའོ། །ལྷ་མོ་གསེར་སྐུའི་བདག་ཉིད་འདྲ། །ཐོད་དུ་མེ་ཏོག་སྣ་ཚོགས་དཀྲིས། །མཚན་མ་བདག་འདྲ་རྒྱན་རྣམས་བརྒྱན། །དང་པོ་གཉིས་ཀྱིས་ལེགས་པར་འཁྱུད། །ཁྱུང་སྟེང་པདྨ་ཉི་མ་བདུག་པ་འབྲུ་མར་གྱིས། །སྲིན་པོ་རྣམས་ནི་དགའ་བར་བྱ། །དེ་གསུམ་ན་གནས། །སྡང་བ་རྣམས་ནི་བསད་ནས་སུ། །ཡལ་བར་མི་འགྱུར་བརྩོན་བྱས་ནས། །སླར་ཡང་རང་གི་བདག་ཉིད་འགྱུར། །དེ་ལྟར་དེ་བཞིན་ཤ་བཟའ་ཞིང༌། །གཞན་གྱི་བུད་མེད་སྤྱོད་པ་ཡིས། །གནོད་སྤྱིན་ཕོ་མོ་བསྒྲུབས་ན་ནི། །དོན་བྱས་ཡང་ནི་གྲོལ་བར་འགྱུར། །འོ་མ་དང་ནི་ཕྲ་མ་དང༌། །འདོད་ཡོན་ལྔ་དང་དྲི་རྣམས་ཀྱིས། །ཀླུ་ཡི་བུ་མོ་བསྟེན་བྱས་ན། །ཡང་ནི་གྲོལ་ནས་ངོ་བོར་གནས། །ཁྲོ་ཞིང་ང་རྒྱལ་གནོད་སེམས་ལྡན། །སྦོས་དང་མེ་ཏོག་སྤྱད་པ་ཡིས། །ལྷ་མིན་བུ་མོ་མཉེས་བྱས་ལ། །གྲོལ་ནས་རང་གི་སྐུར་འགྱུར་རོ། །ཐོས་རུང་བདུག་པ་འབྲུ་མར་གྱིས། །སྲིན་པོ་རྣམས་ནི་དགའ་བར་བྱ། །དེ་བཞིན་འབྱུང་པོ་རྣམས་ཀྱང་ངོ༌། །དེས་ཀྱང་གཙང་བའི་དོན་ཆེན་བྱེད། །བདུད་རྩི་ལྔའམ་ཁྲག་དག་གམ། །ཆང་ལ་སོགས་པ་འཐུང་པ་ཡིས། །གཽ་རའི་ལ་སོགས་མཉེས་བྱས་ལ། །སྡང་བ་མ་ལུས་གསད་བར་བྱ། །དེ་བཞིན་བརྒྱ་བྱིན་ལ་སོགས་པའི། །ངོ་བོ་དམ་ཚིག་ལ་གནས་ནས། །དེ་འདྲའི་སེམས་ཅན་གདུལ་བྱའི་ཕྱིར། །གཟུགས་ཀྱིས་དེ་ཙམ་གནས་པའོ། །


DTG044_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་ཀྱིས་ཀུན་འབྱུང་བ། །ཁམས་རྣམས་དག་ན་རྣམ་པར་སྤྱོད། །སེམས་ཅན་ཀུན་ལ་ཕན་འདོད་པས། །དམ་ཚིག་མ་ལུས་སྤྱད་པར་བྱ། །གང་དང་གང་གིས་བསམ་པ་ཡིས། །འདུལ་བར་འགྱུར་བའི་གཟུགས་ཅན་དེ། །ཐུགས་རྗེས་ནོན་པ་དེ་དང་དེར། །སྙིང་རྗེའི་བདག་ཉིད་རྣམས་ཀྱིས་བསྟན། །ད་ནི་མངོན་པར་ཤེས་པ་ལྔ། །བསྒྲུབ་པའི་ཆོ་ག་བཤད་པར་བྱའོ། །མཚན་མ་ཐོབ་པའི་རྣལ་འབྱོར་པས། །སྔོན་བཞིན་བཟླས་པའི་ཆོ་ག་ནས། །རི་མོའི་དཀྱིལ་འཁོར་རྗོ་གས་བྱས་ནས། །ལྷ་ཡིས་དབང་བསྐུར་བར་ཞུགས་ཏེ། །བགེགས་དགྲ་སྦྱོར་བ་ནས་བརྩམས་ཏེ། །ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབས། །གཉིས་ཀྱི་བསྒྲུབ་པ་རྣམ་པར་བཤད། །གཅིག་ལ་འབྲས་བུ་གཉིས་སུ་ཤེས། །མིག་གཉིས་དང་ནི་རྣ་པ་གཉིས། །དཔྲལ་བ་སྙིང་ག་ལྟེ་བ་རུ། །སྔོན་བཞིན་ཀྵིཾ་སོགས་མཐའ་གཉིས་ལས། །འཁོར་ལོ་ལ་སོགས་དེ་ཡིས་མཚན། །དེ་ལས་བཞི་པོ་གཅིག་གཉིས་སྐྱེད། །དེ་རྣམས་ཐུགས་ཀྱི་འོད་ཟེར་གྱིས། །སངས་རྒྱས་རྣམས་བཀུག་ཞུགས་བྱས་པས། །རྡོ་རྗེ་ལྡར་གྱུར་བཅུད་འཕན་མཚན། །ཨོཾ་ཨཱཿ་བཛྲ་དྷྲྀཀ་པྙྩ་བྷི་བྷྱིད་ཨརྠ་སིདྡྷི་ཧཱུཾ་སྭཱ་ཧཱ། དེ་བརྗོད་འོད་ཟེར་འཕྲོས་པ་ཡིས། །སངས་རྒྱས་ས་སྙིང་སོགས་བྱས་པས། །བཀུག་སྟེ་གནས་བཅུག་བརྟན་བྱས་ནས། །བར་དུ་ཆོད་པའང་མཐོང་ལ་སོགས། །དངོས་གྲུབ་བར་ཆོད་ཉེར་ཞིའི་ཕྱིར། །འབྱུང་པོ་སོགས་ལ་གཏོར་བྱིན་ནས། །གོང་གི་སྦྱོར་བས་ཆགས་བྱས་ན། །ཟླ་བ་ཕྱེད་ན་འགྲུབ་པར་འགྱུར། །དེ་བཞིན་རྟག་པ་རིན་ཆེན་འབྱུང༌། །འོད་དཔག་མེད་དང་དོན་ཡོད་གྲུབ། །འཁོར་ལོ་རིན་ཆེན་པདྨ་དང༌། །རལ་གྲི་གྱུར་པ་བཅུད་འཕེན་མཚན། །ཨོཾ་ཨཱཿ་ཛིན་ཛིཀ་པཉྩ་ཨ་བྷི་བྷྱིད་ཨརྠ་སིདྡྷི་ཧཱུཾ་སྭཱ་ཧཱ། ཨོཾ་རཏྣ་དྷྲྀཀ་པཉྩ་ཨ་བྷི་བྷྱིད་ཨརྠ་སིདྡྷི་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱ་རོ་ལྀཀ་པྙྩ་ཨ་བྷི་བྷྱིད་ཨརྠ་སིདྡྷི་ཧཱུཾ་སྭཱ་ཧཱ། ཨོཾ་པྲྫྙཱ་དྷྲྀཀ་པཉྩ་ཨ་བྷི་བྷྱིད་ཨརྠ་སིདྡྷི་ཧཱུཾ་སྭཱ་ཧཱ། བརྗོད་ཅིང་སྤྲོས་པས་གོང་མ་ལྟར། །ས་སྙིང་ལ་སོགས་བཅུག་བྱས་ཏེ། །མཚན་མཐོང་བར་ཆད་ཞི་བྱས་ནས། །ཟླ་བ་ཕྱེད་ན་ངེས་པར་འགྲུབ། །གང་གཱའི་བྱེ་སྙེང་སངས་རྒྱས་རྣམས། །ཉིད་ཀྱི་རྡོ་རྗེ་


DTG044_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

གདན་བཞུགས་པ། །ཤིང་ཏོག་ལག་ཏུ་བཞག་པ་བཞིན། །རྡོ་རྗེ་མིག་གིས་མཐོང་བར་འགྱུར། །གང་གཱའི་བྱེ་སྙེད་ཞིང་དག་ན། །རྣ་བའི་དྲུང་ན་འཁོད་པ་བཞིན། །སྒྲ་གྲག་པ་ཡི་ཇི་སྙེད་པ། །མངོན་ཤེས་རྣ་བས་ཐོས་པའོ། །གང་གཱའི་བྱེ་སྙེད་ཞིང་དག་གི །སེམས་ཅན་ཀུན་གྱི་སེམས་རྣམས་ནི། །སྐུ་དང་གསུང་དང་ཐུགས་ཀྱིས་མཚན། །གར་མཁན་ལ་སོགས་རིག་པར་འགྱུར། །བསྐལ་པ་གང་གཱའི་བྱེ་སྙེད་དུ། །འཁོར་བ་དག་ན་གནས་པ་ཡི། །སྔོན་གྱི་གནས་ཀྱི་གཏན་ཚིགས་བརྟག །ཞག་གསུམ་འདས་པ་བཞིན་དུ་དྲན། །གང་གའའི་བྱེ་སྙེད་ཞིང་དག་ཏུ། །སངས་རྒྱས་སྤྲིན་གྱིས་བརྒྱན་པའི་སྐུ། །བསྐལ་པ་གང་གཱའི་བྱེ་སྙེད་དུ། །རྡོ་རྗེ་རྫུ་འཕྲུལ་མཆོག་གིས་འགེངས། །སངས་རྒྱས་མངོན་ཤེས་རྒྱུ་ཡི་ཕྱིར། །ཕུལ་དུ་འབྱུང་བར་བཤད་པ་སྟེ། །གྲངས་དང་ཚད་དུ་རབ་ལྡན་པའི། །མངོན་པར་ཤེས་པ་རྟོགས་པར་བྱ། །གང་གཱའི་བྱེ་སྙེང་གྲངས་མེད་པའི། །འཁོར་གྱིས་ཡོངས་སུ་བསྐོར་ནས་སུ། །རྡོ་རྗེ་སྐུ་དང་གསུང་ཐུགས་ཀྱིས། །འཇིག་རྟེན་ཁམས་ཀུན་བགྲོད་པར་འགྱུར། །ད་ནི་དགུག་པའི་ཆོ་གའི་ལས་འགའ་ཞིག་བཤད་པར་བྱའོ། །མཚན་མ་ཐོབ་པའི་རྣལ་འབྱོར་པས། །གང་གསུངས་གནས་སུ་ཇི་ལྟ་བཞིན། །རི་མོའི་དཀྱིལ་འཁོར་བྲི་བྱས་ནས། །ལྷ་ཡི་དབང་བསྐུར་བྱས་ནས་ཞུགས། །བཀའ་ཡི་འཁོར་ལོ་སོགས་སྦྱོར་བས། །རྡོ་རྗེ་སེམས་དཔའི་སྔོན་འགྲོ་བའི། །འདོད་པའི་ལྷ་རུ་དམིགས་བྱས་ལ། །མིག་ལ་སོགས་པ་བྱིན་གྱིས་བརླབས། །ལྕགས་ཀྱུ་གནས་ནི་བསྒྲུབ་པའི་ཕྱིར། །རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས། །ཡི་གེ་གསུམ་པར་རང་རང་སྔགས། །རིག་པ་དང་བཅས་བཟླས་པར་བྱ། །རྡོ་རྗེ་གསུམ་ལས་འཕྲོས་པ་ཡི། །ལྕགས་ཀྱུས་མཚན་པའི་ལྷ་རྣམས་སྦྲོ། །སྐྱེས་པ་བུད་མེད་ལ་སོགས་པ། །སེམས་ཅན་མ་ཡིན་པ་ཡང་རུང༌། །རླུང་གི་དཀྱིལ་འཁོར་ཐོག་གནས་པ། །ལྕགས་ཀྱུས་སྙིང་གར་སྦྱར་བར་བྱ། །རིམ་བཞིན་འོངས་ཏེ་ལམ་བྱུང་གིས། །ཕབ་སྟེ་མདུན་དུ་ཟླ་གནས་ལ། །འོག་འབྱུང་ཆོ་གས་མཱ་མ་ཀཱི། །སྤྱན་མ་ཞི་


DTG044_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྲུང་བར་བྱ། །དེ་ལྟར་བྱས་པས་ཇི་ཙམ་དུ། །འདོད་པའི་ལས་ནི་བྱེད་ནུས་པས། །ཆོ་གའི་མཆོག་ནི་འདི་ཉིད་ནི། །དགུག་པ་ཀུན་ལ་སྤྱི་རུ་སྦྱར། །དེ་བཞིན་བདུད་རྩི་འཁྱིལ་པ་ཡང༌། །རྡོ་རྗེ་གསུམ་གྱིས་མཚན་པ་བསྒོམ། །སྔོན་བཞིན་རླུང་དཀྱིལ་ལ་གནས་པའི། །མི་ཡི་བུ་མོ་མཆོག་རྣམས་དགུག །ཨོཾ་ཨཱཿ་བིགྷཱནྟ་ཀྲྀཏ་བུ་མོ་ཆེ་གེ་མོ་ཨཱ་ཀཪྵ་ཡ་ཛ་ཧཱུཾ་ཛ། བརྒྱ་རྩ་ལྔ་བཅུར་བརྗོད་པར་བྱ། །སྔོན་བཞིན་འདོད་པའི་རྒྱལ་བོ་ཡང༌། །རྡོ་རྗེ་གསུམ་གྱིས་བྱིན་བརླབས་ལ། །རླུང་གི་དཀྱིལ་འཁོར་ལ་གནས་པའི། །ནམ་མཁའི་བུ་མོ་དགུག་པར་བྱ། །ཨོཾ་ཨཱཿཊཀྐི་རཱ་ཛ་ནམ་མཁའི་བུ་མོ་ཨཱ་ཀཪྵ་ཡ་ཛ་ཧཱུཾ་ཛ། སྤྱོར་བ་དེ་ལྟར་གནོད་མཛེས་ཀྱང༌། །རྡོ་རྗེ་གསུམ་གྱིས་མཚན་བསྒོམས་ལ། །ལྷ་མ་ཡིན་གྱི་བུ་མོ་མཆོག །རླུང་དཀྱིལ་ཏྲི་ཤཱུ་ལྕགས་ཀྱུས་དགུག །ཨོཾ་ཨཱཿསུམྦྷ་རཱ་ཛ་ལྷ་མ་ཡིན་གྱི་བུ་མོ་ཨཱ་ཀཪྵ་ཡ་ཛ་ཧཱུཾ་ཛ། སྔོན་བཞིན་འཇམ་དཔལ་རྡོ་རྗེ་བསྐྱེད། །རྡོ་རྗེ་གསུམ་གྱིས་བྱིན་བརླབས་ལ། །རླུང་གི་དཀྱིལ་འཁོར་ལ་གནས་པའི། །གནོད་སྦྱིན་བུ་མོའི་ཅོད་པན་ལ། །མནན་ཕྱིར་ཁྲོ་བོ་གཤིན་རྗེ་གཤེད། །བསྐལ་པའི་བསྲེགས་པ་ལྟར་བསམས་ལ། །ལྕགས་ཀྱུ་ཞགས་པས་སྙིང་གར་སྦྱར། །མངག་གཞུག་དོན་དུ་དགུག་པར་བྱ། །རང་རང་སྔགས་ཀྱི་ཁྱད་པར་དང༌། །ཕྱག་རྒྱའི་ཁྱད་པར་ཐམས་ཅད་ཀྱིས། །དགུག་པར་རང་རང་ཐབས་སུ་གསུངས། །གཞན་དུ་བྱས་ན་མི་འགྲུབ་འགྱུར། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་དང་ཡང་དུ་བསྐུལ་བར་བྱ། །དེ་ཉིད་ལྷ་རྣམས་ཐམས་ཅད་དང༌། །རྒྱལ་པོ་རབ་ཏུ་བརྟན་པའོ། །རྡོ་རྗེ་རྒྱ་མཚོ་རྐང་པས་གནོན་པའི་ཆོ་ག་བཤད་པར་བྱའོ། །མཚན་མ་ཐོབ་པའི་རྣལ་འབྱོར་པས། །རི་མོའི་ཆོ་ག་སྔོན་བསྟན་བཞིན། །ཆུ་ཡི་དྲུང་སོགས་བྲིས་ནས་ཀྱང༌། །ལྷ་ཡི་དབང་བསྐུར་བར་གྱིས་ཞུགས། །བཀའ་ཡི་འཁོར་ལོ་ལ་སོགས་པ། །རྡོ་རྗེ་སེམས་དཔའ་བསྐྱེད་ནས་ཀྱང༌། །དྲི་ཟ་འཇུག་པ་ལ་སོགས་པས། །བྱང་ཆུབ་སེམས་སུ་ཞུ་བར་འགྱུར། །དེ་ལས་ཕྱོགས་བཞི་དབུས་ལྔའི་ཆུ། །བྷྲཱུཾ་འཾ་ཛྲཱྀ་ཁཾ་ཧཱུཾ་དུ་གྱུར། །དེ་ལ་མཚན་མ་དེ་ཡིས་མཚན། །སྤྲོ་བསྡུ་ལས་ནི་རིགས་


DTG044_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ལྔར་གྱུར། །མིག་ལ་སོགས་པ་བྱིན་གྱིས་བརླབས། །རྡོ་རྗེ་གསུམ་ནི་གནས་གསུམ་བཀོད། །དེ་རྣམས་ཀྱི་ནི་ཡེ་ཤེས་ཀྱིས། །བསྐུལ་སོགས་སྔོན་འགྲོ་དབང་བསྐུར་བྱ། །དེ་ཡི་དབུ་ལ་བདག་ཉིད་ནི། །རྡོ་རྗེ་འཆང་བ་རིག་མར་བཅས། །མི་བསྐྱོད་དབུ་གནས་ཞབས་བཞི་ཡི། །སངས་རྒྱས་བཞི་ཡི་སྤྱི་བོར་བསྒོམ། །ཨོཾ་ཨཱཿ་སརྦྦ་བུདྡྷ་མ་ཀུ་ཨཱཏྨ་ཧཾ་ཧཱུཾ། ང་རྒྱལ་དེ་ཡིས་བརྟན་པར་གནས། །ཆུ་ལ་སོགས་བ་རེག་རུང་སྟེ། །འབྱུང་པོ་མཉེས་པར་བྱས་ནས་སུ། །ཆགས་བྱས་ཟླ་བ་ཕྱེད་ན་འགྲུབ། །དེ་ནས་རྟག་པ་ལ་སོགས་པའི། །རྣལ་འབྱོར་ལྡན་པས་ཆུ་ཡི་རྡུལ། །སྤྱན་ལ་སོགས་པ་བསྒོམ་བྱས་ནས། །དུས་དེ་ཉིད་དུ་འགྲུབ་པར་འགྱུར། །འཇམ་དཔལ་རྡོ་རྗེ་ལ་སོགས་པས། །ཆུ་རྣམས་རང་གི་གནས་སུ་བསྒོམ། །གོང་བཞིན་བརྟན་པར་རབ་བྱས་ནས། །ཟླ་བ་ཕྱེད་ན་འགྲུབ་པར་འགྱུར། །གྲུབ་ནས་རྒྱ་མཚོ་བཞི་ལ་སོགས། །ཐམས་ཅད་ཀུན་དུ་འཆག་འགྱུར་ཏེ། །ཐང་ལ་བྱ་བ་ཇི་བཞིན་དུ། །རྣལ་འབྱོར་པ་ནི་སྤྱོད་པར་བྱེད། །ཐམས་ཅད་སྔོན་བཞིན་རབ་བྱས་ཏེ། །རྡོ་རྗེ་སེམས་དཔའ་སྔོན་འགྲོ་བའི། །བཾ་དང་རྡོ་རྗེ་སེར་པོ་ལས། །དཔའ་པོ་རྡོ་རྗེ་བསྒྲུབ་པར་བྱ། །ཅུང་ཟད་སེར་ལ་གཡས་གཡོན་ཞལ། །གནག་དང་དཀར་པོ་བསྒོམ་པར་བྱ། །དང་པོས་འཁྱུད་ཅིར་ལྷག་མ་ན། །རྡོ་རྗེ་རལ་གྲི་ནོར་བུ་པད། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པ། །མིག་དང་ལུས་རྫོགས་བྱིན་བརླབས་ནས། །བསྐུལ་བ་ལ་སོགས་སྔོན་འགྲོ་བའི། །མི་བསྐྱོད་པ་ཡིས་དབུ་བརྒྱན་བསམ། །ཨོཾ་ཨཱཿབི་བི་ར་བཛྲ་ཧཱུཾ་ཕཊ་སྭཱ་ཧཱ། །བཟླས་པ་སྔོན་བཞིན་རབ་བྱས་པས། །སངས་རྒྱས་ཐམས་ཅད་དེ་རུ་བྱས། །བཀུག་སྟེ་བཅུ་གནས་བརྟན་བྱས་པས། །ཟླ་བ་ཕྱེད་ན་བཀའ་ཉན་ཏེ། །དགུག་དང་དབང་དུ་བྱ་བ་སོགས། །སྨན་དང་སྔགས་ཀྱི་དངོས་གྲུབ་རྣམས། །སྒྲུབ་པ་པོ་ནི་ཅི་འདོད་པའོ། །དེ་དག་ཐམས་ཅད་སྦྱིན་པར་བྱེད། །ཡང་ནི་སྔོན་བཞིན་ཐམས་ཅད་བྱ། །རྡོ་རྗེ་སེམས་དཔའ་ལས་བྱུང་བའི། །ཙུཾ་དང་པདྨ་དཀར་པོ་ལས། །ཙུཾ་གྱིས་མཚན་པ་བསམ་པར་བྱ། །དེ་ཡི་འོད་འཕྲོས་སངས་རྒྱས་ཀྱིས། །ཕྱོགས་བཅུ་ལ་


DTG044_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སངས་རྒྱས་སོགས། །སྐུལ་བྱེད་པ་ཡི་གཟུགས་བྱས་ནས། །བཀུག་སྟེ་དེ་རུ་གཞུག་པར་བྱ། །དེ་ལ་སངས་རྒྱས་རྡོ་རྗེ་མ། །དཀར་མོ་གཡས་གཡོན་གནག་དང་དམར། །དང་པོས་ཐབས་ལ་འཁྱུད་པ་དང༌། །པད་སྣོད་རལ་གྲི་ནོར་བུ་འབར། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡི། །མིག་དང་ལུས་སོགས་བྱིན་བརླབས་ལ། །བསྐུལ་པ་སྔོན་དུ་འགྲོ་བ་ཡི། །མི་བསྐྱོད་པ་ཡིས་དབུ་བརྒྱན་བྱ། །དེ་ཡི་ཡེ་ཤེས་སེམས་མ་ཡི། །ཐུགས་ཀར་ཟླ་བ་ཙུཾ་བཀོད་དེ། །སྤྲོ་བསྡུ་གཞུག་པ་སྔ་མ་བཞིན། །སྔགས་ཀྱི་བཟླས་པ་བྱ་བའོ། །ཨོཾ་ཨ་ཅ་ལེ་ཙུ་ལེ་ཙུནད་ལེ་སྭཱ་ཧཱ་ཧཱུཾ་སྭཱ་ཧཱ། དེ་ཡིས་ཟླ་བ་ཕྱེད་ན་ནི། །ཞི་བ་ལ་སོགས་གང་ཡང་རུང༌། །སྒྲུབ་པོའི་ཡིད་ལ་འདོད་པ་ཡི། །དངོས་གྲུབ་རྣམས་ནི་སྟེར་བར་འགྱུར། །ཁྱད་པར་དུ་ནི་བུམ་བཟང་དང༌། །ཡིད་བཞིན་ནོར་དང་དཔག་བསམ་ཤིང༌། །རྣལ་འབྱོར་པ་ནི་གང་འདོད་པ། །སྒྲུབ་པ་པོ་ལ་སྤྱོན་པར་བྱེད། །སྔ་མ་བཞིན་དུ་ཐམས་ཅད་བྱ། །རྡོ་རྗེ་སེམས་ལས་བྱུང་བ་ཡི། །ཛཾ་དང་རལ་གྲི་འབྲས་བུ་ནི། །ཛཾ་གིས་མཚན་པ་བསམ་པར་བྱ། །དེ་ཡི་འོད་ཀྱིས་སངས་རྒྱས་རྣམས། །གནོད་གནས་ཀྱི་ནི་སྐུར་བྱས་ནས། །བཀུག་ནས་དེ་ལ་ཐིམ་པར་བྱ། །དེ་ལ་གནོད་སྦྱིན་དབང་པོ་ཆེ། །གསུས་ཆེ་རྐང་པ་ཐུང་བ་སྟེ། །གསེར་འདྲ་གཡས་གཡོན་གནག་དང་དཀར། །དང་པོས་འཕགས་མ་ནོར་རྒྱུན་འཁྱུད། །ལྷག་མས་པི་ཛ་པཱུ་ར་དང༌། །སྲེ་མོ་རིན་ཆེན་སྐྱུག་བྱེད་དང༌། །རིན་ཆེན་རལ་གྲི་འཛིན་པའོ། །ཞབས་གཡས་རྡོ་རྗེ་མཚན་པ་ཡི། །བུམ་པ་བཟང་ལ་རབ་བཞག་སྟེ། །གཡོན་པ་བཙན་དཀྱིལ་དུ་གནས་པ། །ཟླ་སྟང་དེ་ཡི་འོད་ཀྱིས་མཚན། །ནོར་རྒྱུན་དེ་འདྲ་དང་པོ་ན། །མཆོག་སྦྱིན་འབྲས་ཀྱི་སྟེ་ལྡན་པ། །སྐུ་འཇམ་དབུ་ལ་མེ་ཏོག་གི །སྣ་ཚོགས་ཐོད་བཅིངས་ཞི་བའོ། །གཞན་གྱི་སྤྱན་ཟླུམ་ཡིད་དགའ་བའོ། །སྤྱི་བོ་སྙིང་ག་ལྟེ་བ་དང༌། །གསང་བ་དང་ནི་རྐང་མཐིལ་དུ། །ཟླ་བ་ཉི་མར་གོ་རིམས་བཞིན། །རྟག་པ་མི་འཁྲུགས་རིན་ཆེན་ཆེ། །འོད་དཔག་མེད་དང་དོན་གྲུབ་བསྒོམ། །སྐུ་སོགས་བྱིན་གྱིས་བརླབ་བྱས་ནས། །བསྐུལ་བ་སྔོན་དུ་འགྲོ་བ་ཡི། །མི་བསྐྱོད་བ་ཡིས་དབུ་བརྒྱན་བྱ། །དེ་ཡི་ཡེ་ཤེས་


DTG044_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཡི། །ཐུགས་ཀར་ཟླ་བར་ཛཾ་བཀོད་དེ། །སྔོན་བཞིན་ནོར་གྱི་ཆར་འབེབས་པ། །རྩོམ་པ་བཅུག་སྟེ་བཟླས་བརྗོད་བྱ། །ཨོཾ་ཨཱཿཛམྦྷ་ལ་ཛ་ལེནྡྲཱ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ཡིས་ཟླ་བ་ཕྱེད་ན་ནི། །ཉིན་རེ་གསེར་སྲང་སྟོང་སྟོང་གི །སྒྲུབ་པ་པོ་ལ་རབ་སྦྱིན་པར། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཡང་ནི་རང་འདོད་སྦྱོར་བ་ཡིས། །ཡན་ལག་བརྒྱད་ནི་རྫོགས་བྱས་ཏེ། །རྡོ་རྗེ་པདྨ་སྦྱར་བརྩམས་ནས། །བདེ་གཤེགས་རང་གི་ཞལ་དུ་གཞག །ཞུ་ནས་རྡོར་ཕྱུང་པད་ནང་དུ། །བྱང་ཆུབ་སེམས་ལ་ཛཾ་བཅུ་དགུ། །དེ་ལས་གཙོ་བོ་གནོད་གནས་ཀྱིས། །འབྲེལ་པའི་འཁོར་ལོ་བརྟན་པར་བྱ། །དེ་ཡི་མིག་ལ་སོགས་པ་དང༌། །སྐུ་གསུང་ཐུགས་ནི་བྱིན་གྱིས་བརླབས། །ཡང་ན་རང་གི་ས་བོན་གྱི། །འོད་ཀྱིས་བདེ་གཤེགས་དགུག་པར་བྱ། །ཞལ་ཞུགས་ཞུ་གྱུར་རྡོ་རྗེར་ཕྱུང༌། །དེ་ཡི་ལྕེ་ལ་ཛཾ་བཀོད་ནས། །འོད་ཀྱིས་དྲངས་ནས་སྔགས་འདི་ཡིས། །ཞལ་དུ་དབབ་པར་བྱས་ནས་དབུལ། །ཨོཾ་ཨཱཿཛཾ་དན་དེ་ཧི་དེ་ཧི་ཧཱུཾ། དེ་ཡིས་ཚིམ་ནས་དབུ་རྒྱན་ལ། །རྡོ་རྗེ་སེམས་དཔའ་མཆོག་བསྒོམ་ཞིང༌། །ཟླ་བ་ཕྱེད་དུ་དུས་བཞི་རུ། །དེ་འདྲའི་ཆུ་རྒྱུན་བྱིན་ནས་འགྲུབ། །ཇི་ཙམ་འདོད་པའི་ནོར་ལྡན་ཞིང༌། །འབྲུ་ཡི་ཆར་ནི་འབེབས་པར་མཛད། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་པའི། །ཡིད་བཞིན་ནོར་བུ་འདྲ་བར་འགྱུར། །ཐམས་ཅད་སྔ་མ་བཞིན་བྱས་ལ། །རང་འདོད་ལྷ་ཡི་རྣལ་འབྱོར་རམ། །འཇམ་དཔལ་རྡོ་རྗེ་རྣལ་འབྱོར་གྱིས། །གནོད་སྦྱིན་མོ་ནི་བསྒྲུབ་པར་བྱ། །ཅི་གསུངས་གཞལ་ཡས་ཁང་བསྒོམས་ལ། །དེ་ཡི་སྦྱོར་བས་དབུས་སུ་གནས། །མདུན་དུ་གསེར་མདོག་ཟླ་བ་ལ། །ཟླ་གམ་ཐིག་ལེ་རྩེ་ལྡན་པ། །ཀྵིཾ་བསྒོམས་དེ་ལས་འོད་ཟེར་སྤྲོ། །ཁ་དོག་སྣ་ཚོགས་འཕྲོས་པ་ཡིས། །སྤྱན་སོགས་ལྷ་མོ་བཀོད་པ་ལ། །ཕོག་པས་གནོད་སྦྱིན་མོ་རུ་འགྱུར། །བཀུག་སྟེ་དེ་ལ་ཐིམ་གྱུར་ནས། །དེ་གཟུགས་གནས་གྱུར་གནོད་སྦྱིན་མོ། །རྒྱུད་གཞན་ལས་ནི་གསུངས་པ་བཞིན། །སྒྲུབ་པོའི་མདུན་དུ་རྣམ་པར་བསམ། །གསེར་མདོག་མཛེས་པའི་ཆ་ལུགས་ཅན། །བུད་མེད་གཞོན་ནུའི་སྐྲ་ཚུལ་ལྡན། །དར་གྱི་ན་བཟས་སྟོད་སྨད་དཀྲིས། །རྒྱན་རྣམས་


DTG044_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་རྣམ་པར་བརྒྱན། །གཡས་པས་གཏུགས་ནི་དཀར་པོ་ཐོགས། །གཡོན་པས་དཔག་བསམ་ཤིང་ལ་བརྟེན། །ཅུང་ཟད་འཛུམ་ཞིང་ཞལ་མཛེས་ཤིང༌། །ཁ་དོག་ལྔ་པའི་མེ་ཏོག་ལས། །མེ་ཏོག་ཕྲིང་བ་སོགས་ཀྱིས་མཛེས། །བྱས་པའི་ཕྱེད་ཀྲུང་ཐོར་ཚུགས་ཅན། །རིན་པོ་ཆེ་ཡི་རི་པུག་ན། །གནས་པར་རབ་ཏུ་བསམ་པའོ། །དེ་ཡི་གཟུགས་ལ་སོགས་པ་ལྔ། །ཤྲཱི་བུདྡྷ་ཧཾ་བྷ་ལྔ་ཡིས། །ལྷ་མོར་བསྐྱེད་ནས་གནས་གསུམ་དུ། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས། །བསྐུལ་པ་སྔོན་དུ་འགྲོ་བ་ཡི། །དབང་བསྐུར་བྱས་པས་དབུ་རྒྱན་ལ། །གཤིན་རྗེ་གཤེད་པོ་རྣམ་བསྒོམས་ཏེ། །དེ་ཡང་ངར་འཛིན་མནན་པར་བྱ། །དེ་ནས་རང་གིས་བོན་གྱི། །འོད་ཀྱིས་ཡེ་ཤེས་སེམས་དཔའ་བཀུག །ཐུགས་ཀར་བཅུག་སྟེ་སྙན་ཚིག་གིས། །བཞམས་ཏེ་བསྒོ་བས་བསྒྲུབ་པར་བྱ། །དེ་ནས་དེ་ཡི་ཡེ་ཤེས་སེམས། །རང་གི་སེམས་དཔར་རབ་བཅུག་པས། །རང་བཞིན་གཅིག་ཏུ་གྱུར་བྱས་ནས། །སྔགས་ཀྱི་བཟླས་བས་འགྲུབ་པར་འགྱུར། །དེ་ནས་ཤ་དང་ཁྲག་དང་ནི། །ཏི་ལ་ཕྱེ་སྒུར་གདོང་ལ་སོགས་པའི། །གཏོར་མས་མཉེས་པར་བྱས་ནས་སུ། །ཞི་བའི་སྦྱོར་བས་བསྒྲུབ་པར་བྱ། །ཡང་ནི་དེ་ཡིས་མ་གྲུབ་ན། །དྲག་ཤུལ་གྱིས་ནི་བསྒྲུབ་པར་བྱ། །ཡེ་ཤེས་སེམས་དཔའ་དེར་བཅུག་ལ། །རྡོ་རྗེ་སྦྱོར་བ་བརྩམ་པར་བྱ། །གནོད་སྦྱིན་མོ་ལ་འཁྱུད་བྱས་ནས། །རྡོ་རྗེ་རྩེ་ལྔ་འོད་ཟེར་འབར། །པདྨར་སྩལ་ནས་སྔགས་བཟླས་པས། །ནང་དུ་འོད་ཟེར་སྤྲོ་བར་བྱ། །ཨོཾ་ཨཱཿཡ་མཱནྟ་ཀྲྀཏ་ཡཀྵིཾ་ཡཀྵིཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། །འོད་ཟེར་མེ་ལྟར་འབར་བ་ཡིས། །ཡེ་ཤེས་སེམས་དཔའ་གདུང་བྱས་པས། །ཚ་སྟེ་སྐྲག་ནས་སྒྲུབ་པོ་ལ། །ཟླ་ཕྱེད་འཕྲལ་དུ་དངོས་གྲུབ་སྟེར། །སྒྲུབ་པོའི་མདུན་དུ་ཐལ་སྦྱར་ནས། །རྗེ་གཅིག་བདག་ལ་བཀའ་སྩོལ་ཞེས། །འཛུམ་པའི་བཞིན་བལྟས་བཀའ་ལེན་ཏེ། །སྒྲུབ་པོས་དེ་ལ་བཀའ་སྩལ་པ། །མ་དང་སྲིང་མོ་ཆུང་མ་དང༌། །གཡོག་མོའི་བྱ་བ་གྱིས་ཞེས་བྱ། །དེ་ནས་དེ་ཡིས་རྗེ་གཅིག་གི །བཀའ་ནི་སྤྱི་བོས་ནོད་ཅེས་ལེན། །གལ་ཏེ་མ་ཡི་བྱ་བ་བྱེད། །ཐོ་རངས་སྲོད་ལ་འོངས་བྱས་ནས། །གསེར་སྲང་བཅུ་དང་མུ་ཏིག་གི །ཧ་ར་


DTG044_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ནི་བཞག་ནས་འགྲོ། །སྲིད་མོ་ཡི་ནི་བྱ་བ་བྱེད། །ཉི་མའི་གུང་ལ་དྲུང་འོངས་ཏེ། །གསེར་སྲོང་བདུན་དང་ཧ་ར་བདུན། །ཕུལ་ཏེ་མིང་པོ་སང་འོད་ཟེར། །གལ་ཏེ་ཆུང་མའི་བྱ་བྱེད་ན། །ཡིད་ཀྱི་འདོད་པའི་དུས་སུ་ནི། །འཕྲལ་དུ་དྲུང་དུ་འོང་བར་བྱེད། །ཅང་མི་སྨྲ་བར་འདོད་པ་སྤྱད། །གསེར་སྲང་ལྔ་དང་ཧ་ར་གཅིག །བཞག་སྟེ་རང་གི་གནས་སུ་འགྲོ། །གལ་ཏེ་གཏམ་སྨྲས་གྱུར་ན་ནི། །ཕྱིན་ཆད་ཅི་ཡང་མི་སྟེར་རོ། །གཡོག་མོའི་བྱ་བ་བྱེད་པ་ཡིས། །ཟས་དང་གོས་དང་གསེར་ལ་སོགས། །བཞོན་པ་ལ་སོགས་ཅི་འདོད་པ། །བཀའ་ཙམ་གྱིས་ནི་སྦྱོར་བར་བྱེད། །གཞན་ནི་ན་ཆུང་ཡིད་དུ་འོང༌། །བཀུག་ནས་བྱིན་ཏེ་རང་གནས་སྐྱེལ། །དེ་སོགས་གནོད་སྦྱིན་མོ་རྣམས་ཀྱི། །ཡོན་ཏན་བསམ་གྱིས་མི་ཁྱབ་ཐོབ། །སྔགས་ཀྱི་ཁྱད་པར་རྣམས་ཀྱི་སྒྲུབ་པར་ཁྱད་པར་བཤད་ཟིན་ཏོ།། །།ད་ནི་ཞི་བའི་ལས་ཀྱི་རིམ་པ་བཤད་པར་བྱའོ། །སྤྱན་གྱི་ཚུལ་གྱི་རྣལ་འབྱོར་གྱིས། །བསམ་གཏན་འདི་ནི་བརྟག་པར་བྱ། །ཡང་ན་མོས་པའི་རྣམ་པ་ཡིས། །རྣལ་འབྱོར་རབ་ཏུ་བརྩམ་བའོ། །གྲོང་ངམ་ཡང་ན་གྲོང་ཁྱེར་རམ། །ལྗང་རྣམས་གང་བའི་ནད་ལ་སོགས། །ཞི་བར་བྱ་ཕྱིར་བསམ་གཏན་མཆོག །འདི་ནི་རྟག་ཏུ་སྦྱར་བར་བྱ། །ཐམས་ཅད་སྔ་མ་བཞིན་བྱས་ལ། །ཞི་བའི་སེམས་ཀྱིས་ཤར་བལྟས་ཏེ། །རྡོ་རྗེ་རྩེ་མོ་ལྔ་པ་མཆོག །ཏ་ལ་བདུན་ཅམ་ནམ་མཁའ་ལ། །ཕྱོགས་དེ་འགྲེང་བུར་རྣམ་པར་བསམ། །དེ་ཡི་བུམ་པ་གཞལ་ཡས་ཁང༌། །གང་ན་དང་བཅས་པ་རྣམ་བསམས་ཏེ། །དེ་ནང་རྟག་པའི་འཁོར་ལོ་ནི། །དཀར་པོ་སྔོན་བཞིན་ཉི་ཤུ་བསྒོམ། །མཆོད་བསྟོད་བདུད་རྩི་མྱང་བྱས་ལ། །སྔགས་ཀྱི་བཟླས་པ་ལས་བྱུང་བའི། །འོད་ཟེར་རྣམ་པར་སྤྲོ་བར་བྱ། །ཨོཾ་ཨཱཿ་བྲུཾ་ཛིན་ཛིཀ་ཆེ་གེ་མོའི་ནང་ཛྭ་ལ་ཛ་ཧཱུཾ་སྭཱ་ཧཱ། དེ་བརྗོད་ལྷ་དང་རྡོ་རྗེ་ཡི། །ལུས་ལས་འཕྲོས་པའི་འོད་ཟེར་གྱིས། །ཟད་དུས་མེ་འདྲར་འགྲོ་ཀུན་གྱི། །ནད་རྣམས་རབ་ཏུ་བསྲེག་འགྱུར་རོ། །ཤེལ་ལྟར་རབ་ཏུ་གནས་པ་ལ། །མི་ལྡོག་བྱ་ཕྱིར་རྒྱས་བྱའི་ཕྱིར། །གསང་སྔགས་འདི་ནི་བརྗོད་བ་ཡིས། །སྤྱན་ལ་སོགས་པ་སྤྲ་བར་བྱ། །ཨོཾ་རུ་རུ་སྡུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་ནད་


DTG044_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཤྰྣྟིཾ་ཀུ་རུ་སྭཱ་ཧཱ། མཁའ་དབྱིངས་ཡོངས་སུ་བཀང་བྱས་ནས། །བདུད་རྩི་ལྔས་གང་བུམ་པ་ཡིས། །དེ་རྣམས་སྤྱི་བོར་བཀྲ་ཤིས་སྒྲ། །ལྡན་པར་བླངས་ནས་དབང་བསྐུར་སྩོལ། །ཨོཾ་ཀཱ་ཡ་བཛྲ་ནད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཝཱ་ཀ་བཛྲ་ནད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། །ཨོཾ་ཙིཏྟ་བཛྲ་ནད་ཤྰྣྟིཾ་ཀུ་རུ་སྭཱ་ཧཱ། དེ་རྣམས་བརྗོད་པས་རྡོ་རྗེ་གསུམ། །བ་སྤུའི་བུ་ག་ལས་སྤྲོས་པས། །སྔོན་བཞིན་དབང་བསྐུར་རབ་བྱིན་ན། །ངེས་པའི་ནད་ཀྱང་ཞག་བདུན་འཇིག །རྡོ་རྗེ་བསམ་གཏན་འདི་ཡིས་ནི། །གང་དཀའ་བའང་རབ་ཏུ་འགེངས། །དེ་ནི་སྦྱིན་པ་རབ་གྲུབ་ཅིང༌། །ཡིད་བཞིན་ནོར་བུ་དཔལ་འདྲར་འགྱུར། །བསྐལ་པ་གསུམ་གྱི་ཡུན་གནས་ཤིང༌། །སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་བའི་སྐུ་སྟེ་སྐྱོན་མེད་པའོ། །ཡང་ན་འགའ་ཞིག་དོན་གྱི་ཕྱིར། །ཐམས་ཅད་སྔ་མ་བཞིན་བྱས་ལ། །ཆུ་ཟླའི་དཀྱིལ་འཁོར་དབུས་སུ་ནི། །རྟག་པའི་འཁོར་ལོ་ཉི་ཤུས་བསྐྱེད། །མཆོད་བསྟོད་བདུད་རྩི་མྱང་བྱས་ལ། །དེ་ཡི་ཡེ་ཤེས་སེམས་དཔའ་ཡི། །ཐུགས་ཀར་ཟླ་བའི་སྟེང་དུ་ནི། །ཞི་བར་འདོད་པ་གཞག་པར་བྱ། །དེ་ནས་གོང་དུ་གསུངས་པ་ཡི། །སྤྱན་མའི་སྔགས་ནི་རིག་མར་བཅས། །བཟླས་བརྗོད་བྱས་བས་བ་སྤུ་ཡི། །བུ་ག་ལས་ནི་སྤྱན་ཚོགས་སྤྲོ། །དེ་རྣམས་འོད་ཟེར་ལྔ་འབར་བའི། །འོད་ཟེར་ཚུལ་གྱིས་ནད་པ་ལ། །ཞི་བར་བྱ་ཕྱིར་རྒྱས་བྱའི་ཕྱིར། །དེ་ལ་གཟི་བརྗིད་དབབ་པར་བྱའོ། །ཡད་ན་མི་ལྡོག་བྱ་བའི་ཕྱིར། །གོང་གི་དབྱུང་བའམ་ས་བོན་ནམ། །ཡི་གེ་གསུམ་པར་རིག་པར་བཅས། །བཟླས་པར་རྟག་པའི་ཚོགས་སྤྲོ་བྱ། །དེ་རྣམས་སྤྱན་དང་བཅས་པ་ཡིས། །བདུད་རྩིས་གང་བའི་བུམ་པ་བཟུང༌། །དབྱངས་དང་བཅས་པས་དབང་བསྐུར་བྱ། །ནད་ནི་ཞག་བདུན་གྱིས་ཞི་བྱེད། །རྡོ་རྗེ་བསམ་གཏན་འདི་ཡིས་ནི། །དགང་དཀའ་བའང་རབ་ཏུ་འགེངས། །དེ་ནི་དེ་མ་ཐག་ཏུ་ཡང་། །དཔལ་ལྡན་རྡོ་རྗེ་འདྲ་བར་འགྱུར། །ཐམས་ཅད་སྔ་མ་བཞིན་བྱས་ལ། །སྤྱན་མའི་དཀྱིལ་འཁོར་འཁོར་ལོ་མཆོག །ཆོ་ག་ཉི་ཤུས་རྫོགས་བྱས་ལ། །མཆོད་བསྟོད་བདུད་རྩི་མྱང་བ་བྱ། །དེ་ཡི་ཡེ་ཤེས་སེམས་མ་ཡིས། །ཤི་བའི་རོ་ནི་གཞག་བྱས་ན། །སྔགས་འདི་རྣམ་


DTG044_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྗོད་པར་བྱ། །ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་ཤི་བ་སོས་པར་གྱུར་ཅིག་སྭཱ་ཧཱ། དེ་ཡིས་དེ་ནས་ལཾ་འཕྲོས་པའི། །ལྕགས་ཀྱུའི་གཟུགས་སུ་ཕྱུང་བྱས་ཏེ། །དེ་ཡིས་ཤི་བའི་རྣམ་པར་ཤེས། །བར་མ་དོ་ན་གནས་པའམ། །ཡང་ན་སྐྱེ་གནས་ཆུད་ཀྱང་རུང༌། །དྲི་མེད་མར་མེའི་ཚུལ་གནས་པའི། །བཀུག་སྟེ་རོ་ཡི་སྙིང་ག་རུ། །བཅུག་ནས་དབྱུང་སྔགས་དེ་ལ་དགོད། །དེ་ཡི་ཟེར་གྱིས་རོ་བསྲེགས་ཏེ། །རང་མི་ན་ཐ་མས་སྤྱན་མ་ཡི། །གཟུགས་སུ་བསྐྱེད་ནས་ཕུང་པོ་དང༌། །ཁམས་དང་སྐྱེ་མཆེད་ཀྱིས་དག་བྱ། །དེ་ལུས་གང་བའི་ཕྲེང་སྔགས་ཀྱིས། །ཕྱི་ནང་བར་མཚམས་མེད་པར་གཏམས། །སྔགས་ལས་སྔོན་བཞིན་སྤྱན་མ་སྤྲོ། །བསྡུས་ནས་འོད་ཟེར་སྤྲོ་བར་བྱ། །བསྐལ་པའི་བར་དུ་གནས་བྱའི་ཕྱིར། །སངས་རྒྱས་རྟག་པའི་ཚོགས་སྤྲོས་པའི། །དབང་བསྐུར་བྱས་པ་ལས་སྐྱེས་པའི། །ཤི་བ་ཞག་ནི་བདུན་ནས་འཚོ། །འཚོ་ནའང་ལྔ་བརྒྱའམ་སྟོང་གི་བར། །འདི་ཉིད་དུ་ནི་གནས་པར་འགྱུར། །སྤྱན་གྱི་ཡེ་ཤེས་ཀྱིས་བཏབ་ཕྱིར། །རིམ་གྱིས་སངས་རྒྱས་ཐོབ་པའོ། །ཐམས་ཅད་སྔ་མ་བཞིན་བྱས་ཏེ། །རྣམ་པར་སྣང་མཛད་རྣམ་འབྱོར་པས། །ལྟ་བ་རྡོ་རྗེ་དུག་ལ་སོགས། །མི་བཟད་དུག་ནི་དབྲོག་པར་བྱ། །བདག་ཉིད་གཡས་པའི་བར་མ་རུ། །འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། །ལྟེ་བར་ཨོཾ་དཀར་པོ་ཡིས་མཚན། །འོད་ཟེར་དཀར་པོ་སྤྲོས་ནས་བརྩམ། །ནད་པ་མདུན་དུ་གཞག་བྱས་ལ། །སྒྲུབ་པོས་སྤྱི་བོ་ལ་བཞག་སྟེ། །དུག་རྣམས་དབྲོག་པའི་ཆེད་དུ་ནི། །སྔགས་འདི་བརྗོད་ལ་འོད་ཟེར་སྤྲོ། །ཨོཾ་ཨཱཿཛིན་ཛིཀ་ཆེ་གེ་མོའི་དུག་ཞི་བར་མཛོད་ཅིག་ཧཱུཾ་སྭཱ་ཧཱ། བརྗོད་པས་འོད་ཟེར་དཀར་པོ་ནི། །སྤྱི་བོར་ཞུགས་པས་ནག་པོ་དབྱུང༌། །འོད་ཟེར་དེ་ཡིས་ནམ་མཁའི་ཁམས། །ཕྱོགས་བཅུ་ཀུན་དུ་གཏོར་བར་བྱ། །དེ་ཡི་ཤུལ་དུ་འོད་ཟེར་ནི། །དཀར་ཞིང་བསིལ་བ་ཕབ་བྱས་པས། །ཞག་བདུན་ན་ནི་ནམ་མཁའ་ཀུན། །གང་པའི་དུག་ཀྱང་མེད་པར་བྱེད། །ཡང་ནི་སྔོན་བཞིན་ཐམས་ཅད་བྱ། །མི་བསྐྱོད་འཁོར་ལོ་དང་ལྡན་པས། །ཧ་ལ་ཧ་ལ་ལ་སོགས་པ། །སྦྱོར་བ་འདི་ཡིས་གསོ་བར་བྱ། །


DTG044_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱ་མདུན་དུ་རབ་བཞག་ལ། །དེ་ཡི་ཐུགས་ཀར་ཧཱུཾ་བྱུང་བའི། །རྡོ་རྗེ་དཀར་པོ་རྩེ་ལྔ་པ། །འོད་ཟེར་དཀར་པོ་འབར་བ་བསམ། །དེ་ཡང་ཟླ་འོད་ལྟར་བསིལ་ཞིང༌། །བསིལ་བས་ལུས་ཀུན་ཁྱབ་པའི་དུག །སྙིང་ག་ལྐོག་མ་དཔྲལ་བ་དང༌། །མགོ་བོའི་གནས་སུ་ཡང་དག་བསྡུ། །དེ་ལྟར་ལན་གསུམ་བར་བསམས་ལ། །ཐམས་ཅད་སྙིང་གའི་དབུས་སུ་བསྡུ། །དེ་ནས་འདི་ནི་བརྗོད་པ་ཡིས། །ནག་པོ་སྐྱུག་པའི་ཚུལ་དུ་བསམ། །ཨོཾ་ཨཱཿབཛྲ་དྷྲྀཀ་ཆེ་གེ་མོའི་དུག་སོས་པར་གྱུར་ཅིག་སྭཱ་ཧཱ། དེ་ལྟར་བྱས་པས་ཞག་བདུན་ན། །ནམ་མཁའི་ཁམས་ཀུན་གང་བ་ཡི། །དུག་རྣམས་ཀྱང་ནི་ཟད་བྱེད་ན། །བསྒྲུབ་བྱའི་ལུས་ནི་སྨོས་ཅི་དགོས། །སྔོན་བཞིན་ཐམས་ཅད་རབ་བྱས་ལ། །འོད་དཔག་མེད་ཀྱི་རྣལ་འབྱོར་གྱིས། །འབྲས་དང་ཕོ་ལ་མིག་འབྲུམ་ཕྲན་སོགས། །ཉེ་བའི་དུག་རྣམས་དབྱུང་བར་བྱ། །གཡས་ཀྱི་བར་མས་ཨས་བསྐྱེད་པའི། །པདྨ་དཀར་པོ་འདབ་བརྒྱད་པའི། །ལྟེ་བར་འོད་ཟེར་ལྔ་འབར་བའི། །ཨ་བསམས་ནས་ནི་བྱ་པར་བྱ། །བསྒྲུབ་བྱ་མདུན་དུ་རབ་བཞག་ལ། །ཨ་ཡི་འོད་ཟེར་གྱིས་བསྡུས་ནས། །ནག་པོའི་མདོག་ནི་རྣམ་པ་རུ། །བསྒྲུབ་བྱའི་ལུས་ལས་བྱུང་བར་བསམ། །དེ་ཡིས་ཀུན་དུ་རབ་སྤྲོས་པས། །དུག་སྤངས་ཁ་དོག་དཀར་པོ་བསམ། །དེ་ལྟར་དུས་བཞིར་གསང་སྔགས་འདི། །བཟླས་པས་ཞག་བདུན་དུག་རྣམས་འབྱང༌། །ཨོཾ་ཨཱ་རོ་ལྀཀ་ཆེ་གེ་མོའི་ཉེ་བའི་དུག་ཞི་བར་གྱུར་ཅིག་ཧཱུཾ་སྭཱ་ཧཱ། དེ་ཡིས་ལས་སྐྱེས་སྙིང་འབར་བའི། །དུག་རྣམས་ཐམས་ཅད་ཟད་བྱེད་ན། །བསྒྲུབ་བྱའི་ལུས་གཅིག་ལ་གནས་པའི། །ཉེ་བའི་དུག་རྣམས་སྨོས་ཅི་དགོས། །ཐམས་ཅད་སྔ་མ་བཞིན་བྱས་ལ། །ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ནི། །ཁ་དོག་དཀར་པོ་རབ་བསྒོམས་ཏེ། །དུག་རྣམས་ཐམས་ཅད་བསལ་བར་བྱ། །བསྒྲུབ་བྱ་མདུན་དུ་གཞག་བྱས་ལ། །དེ་ཡི་སྙིང་གར་ཟླ་བ་ལ། །ཧཱུཾ་དཀར་འོད་ཟེར་དཀར་པོ་འབར། །འོད་ཟེར་དེ་ཡིས་ལུས་ཀུན་གྱི། །དུག་རྣམས་རབ་ཏུ་སྦར་བྱས་ལ། །གཡས་པའི་སྦར་མར་ཧཱུཾ་དཀར་པོ། །དེ་བསྐྱེད་པདྨ་འདབ་མ་བརྒྱད། །དཀར་པོའི་ལྟེ་བར་ཧཱུཾ་བསམ་མོ། །རང་མིང་ཡི་གེ་དང་པོ་ཡིས། །བསྒྲུབ་


DTG044_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རྣམ་པར་བསམས་ནས་ནི། །གསང་སྔགས་འདི་ཡིས་དེ་ཡི་ནི། །དུག་རྣམས་ཀུན་དུ་བསལ་བར་བྱ། །ན་མཿསམནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཱཾ། །ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཏུ་རུལ་བི་རུ་ལ། སརྦ་པི་ཤ་ག་ཏ་ཡ། ཛ་ལི་ཏ། པི་སྥུ་ལིང་ག་ཏཏ། ཧ་ས་ཀེ་ས་རིས་ཏ་ཏོ་པ། བཛྲ་ཁུ་ར་ནི་ར་ག་ཏ། ཙ་ལི་ཏ་བ་སུ་ཏཏ་ལ་ནི་ཤྩ་ས་མ་རུ་ཏོད་ཀྵི་བི་ད་ད་ར་ནི་ད་ར། བི་ཤ་ན་ཏ་ཧ་ས། ཨ་ཤ་ན་ཏ་ཧ་ས། ཨ་པཱ་ར་མི་ཏཱ། པ་ལ་པར་ཀྲ་མ། ཨཱ་ཪྻ་བེ་ག་སྟེ་བྷུ་ཏ་ག་ན། བྷཱུ་ཏ་བྷུ་ཏ། ཧ་ཡ་གྲའི་བ་ཁ་ད་ཁ་ད། པ་ར་མནྟྲ་ན་ཚིནྡྷི་ཚནྡྷ་སིདྡྷི་མེ་དེ་མ་མེ་ད་ད་བི་ཤ །ཨཱ་བེ་ཤ་ཡ་ར་ཀྵ་ཛ། བི་ཤ་ཙ་ནན། སརྦ་གྲ་ཧེ་ཤྩ་བྱ། པྲ་ཏི་ཏ་ཏོ་ཏ་བྷ་བ་བཛྲ་དཾ་ཥྚ་ཀི་ཙ་མཱ་ར་ཡ་སི། ཨི་དཾ་དུ་ཥྚ། སརྦཱ་ན། དུ་ན་དུ་ན། མ་ཐ་མ་ཐ། མ་ཏ་མ་ཏ། བནྡྷ་བནྡྷ། བུདྡྷ་ར་མ་སངྒ་ནུ་ཛྙཱ་ན་ཏ་ཀ་ར་ནཾ། ཀུ་རུ་སྲི་བན་ཧ་ཡ་གྲཱི་བ་ཡ་ཕཊ། བཛྲ་ཡ་ཕཊ། བཛྲ་ག་ཏ་ཡ་ཕཊ། བཛྲ་ནཻ་ཏྲ་ཡ་ཕཊ། བཛྲ་དཾ་ཥྚ་ཡ་ཕཊ། བཛྲ་ཁུ་ར་ཡ་ཕཊ། བཛྲ་ཁུ་ར་ནི་ར་ག་ཏ་ཡ་ཕཊ། པ་ར་མནྟ་བི་ནཱ་ཤ་ན་ཡ་ཕཊ། ཏྲཻ་ལོ་ཀྱ་ཏ་པ་ཡི་ཀར་ཡ་ཕཊ། སརྦ་ཀརྨ་ཤྠ་པྲ་ཏི་ཧ་ཏ་ཡ་ཕཊ། བཛྲ་ཀུ་ལ་ཏ་པ་ན་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། སྭཱ་ཧཱ། ཧཱུཾ་ལས་འོད་ཟེར་དཀར་པོ་ཡི། །བདུད་རྩི་བབས་པས་བསྒྲུབ་བྱ་ཡི། །ལུས་ལས་ནག་པོའི་དུག་བླངས་ཏེ། །ས་ལ་སོགས་པར་སྤྲོ་བར་བྱ། །ཤུལ་དུ་བདུད་རྩི་དཀར་པོ་ཡི། །འོད་ཟེར་བབ་པར་བྱས་ནས་སུ། །དེ་བཞིན་ཐུན་བཞིར་བྱ་བས་གྱུར་ན། །ཞག་བདུན་ན་ནི་ན་མ་མཁའི་དབྱིངས། །དུག་གིས་ཡོངས་སུ་གང་བ་ཡི། །རྡོ་རྗེ་མི་བཟད་པ་ཡི་དུག །སྦྱར་བ་ཙམ་གྱིས་སེལ་བར་བྱེད། །སྔོན་བཞིན་ཐམས་ཅད་རབ་བྱས་ལ། །ཡང་ནི་དུག་རྣམས་ཟད་བྱའི་ཕྱིར། །སྦྱོར་བ་རྣམས་ལ་བརྒྱད་ལྡན་པར། །གཙུག་ཏོར་འཁོར་ལོས་སྒྱུར་བ་བསྒོམ། །གསེར་འདྲ་གཡས་གནག་གཡོན་དཀར་ཏེ། །དང་པོས་རང་འོད་རིག་མ་འཁྱུད། །གཡས་པས་འོག་འབྱུང་འཁོར་ལོ་འཛིན། །ལྷག་མས་རལ་གྲི་རིན་ཆེན་པད། །འདི་ལ་རྣམ་སྣང་ལྟ་བུར་སྦྱར། །བྲུཾ་ལས་འཁོར་ལོ་རྩི་བས་བརྒྱད་ནི། །དཀར་པོ་བྲུཾ་གྱིས་མཚན་པ་བསམ། །བསྒྲུབ་བྱ་མིང་གི་དང་པོར་བསྐྱེད། །སྒྲུབ་པོའི་མདུན་དུ་


DTG044_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བཞག་ལ། །སྦྱོར་པ་གསུམ་གྱིས་སྤང་བྱའི་ཕྱིར། །གསང་སྔགས་འདི་ནི་བརྗོད་པས་སུ། །བྲུཾ་ལས་འོད་ཟེར་དཀར་པོ་སྤྲོ། །ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཱཾ། ཨོཾ་ཨཱཿ་སརྦ་ལ་བུ་ཏི། ལོ་ཀ་དིཪྴ། ཡནྟྲ་མནྟྲ་ཏནྟྲ། ཙའུ་རྞ་པྲ་ཡོ་གི་ཏི། མ་མ་ཀྲྀ་ཏི་ཡེ་ན་ཀེ་ན་ཙི་ཏ་ཀྲྀ་ཏི། ཏཱ་ནི་སརྦ་ནྟུ། ཚིནྡྷ་ཚིནྡྷ། བིནྡྷ་བྷིནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཀཾ་པ་ཡ་ཀཾ་པ་ཡ། བྡྷྭིཾ་ས་ཡ། ཤ་ཏ་ས་ཧ་སྲཱ། བི་ཙའུ་རྞ་ཡ། ཨོཾ་ཨུཥྞཱི་ཥ་བཛྲ་ཙ་ཀྲ་ཝརྟི། བྷྲཱུཾ་བྷྲཱུཾ་བྷྲཱུཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་སྭཱ་ཧཱ། དེ་ནས་འོད་ཟེར་ཚོགས་སྤྲོས་པས། །སྤྱི་བོ་ནས་ནི་ཕུལ་བྱས་ཏེ། །རྐང་པའི་མཐིལ་དུ་ཕྱུང་བྱས་ལ། །ས་ཡི་གཏིང་དུ་མནན་པར་བྱ། །ཡང་ནི་འོད་ཟེར་དེ་ཡིས་ཀྱང༌། །མདུན་དུ་བསྡུན་པས་དུག་རྣམས་ཀུ་ན། །རྒྱབ་ཏུ་ཕྱུང་བས་ས་ལ་སོགས། །འབྱུང་བ་རྣམས་སུ་སྤྲོ་བར་བྱ། །དེ་བཞིན་འོད་ཟེར་གྱིས་བསྡུས་ནས། །ཕྱུང་སྟེ་གཏོར་ནས་དེ་ཤུལ་དུ། །བདུད་རྩི་དཀར་པོ་རབ་འབབ་པས། །དུག་ནི་རྣམ་པར་སྤང་བར་བྱ། །དཀར་པོ་དང་ནི་སེར་པོ་དང༌། །ནག་པོ་བསམ་གཏན་འདི་ཡིས་ནི། །རྡོ་རྗེ་གསུམ་གྱི་སྤྲུལ་པ་ཡིས། །དུག་རྣམས་ཀྱང་ནི་ཞག་བདུན་འབྱིན། །ཡང་ནི་སྔོན་བཞིན་ཐམས་ཅད་བྱ། །རྣམ་པར་སྣང་མཛད་འཁོར་ལོ་ཆེ། །ཁ་དོག་དཀར་པོ་བསམ་བྱས་ཏེ། །འདོན་པའི་སྔགས་ཀྱིས་ནང་རྣམས་བསལ། །ནད་པ་མདུན་དུ་གཞག་བྱས་ཏེ། །བདག་ཉིད་ཁྲོས་ནས་གསང་སྔགས་འདི། །བརྗོད་པས་འོད་ཟེར་ཚོགས་སྤྲོས་པས། །བསྒྲུབ་པ་བྱའི་ལུས་ལ་གཞུག་པར་བྱ། །ཨོཾ་ཨཱཿ་ཛིན་ཛིཀ་ཆེ་གེ་མོའི་ནད་ཨ་པ་ན་ཡ་ཧཱུཾ། དེ་ཡིས་ནད་རྣམས་བསྐུལ་བར་བྱ། །རླུང་མཁྲིས་བད་ཀན་ལས་བྱུང་བའི། །སྤྲེའུའི་གཟུགས་བརྙན་ལྟ་བུའམ། །དེ་བཞི་ན་ཁྱི་ནི་རྐང་པ་གསུམ། །ཡི་དགས་གཅེར་བུའི་གཟུགས་དག་ཏུ། །བསྒྲུབ་བྱའི་ལུས་ལས་ཕྱུང་ནས་སུ། །ཕྱོགས་བཅུ་དག་ཏུ་རབ་རྒྱུག་ཅིང༌། །འབྲོས་པར་གྱུར་པར་རྣམ་པར་བསམ།། །།ཨོཾ་ཨཱ་ཛིན་ཛིཀ་ཆེ་གེ་མོའི་ནད་མཱ་ར་ཡ་ཧཱུཾ་ཕཊ། བརྗོད་པས་ཐུགས་ལས་འཕྲོས་པ་ཡི། །ཁྲོ་བོའི་འཁོར་ལོས་མཚན་པ་ཡི། །སྤྲེའུ་ལ་སོགས་པའི་ནད་རྣམས་ཀུན། །མཚན་མས་ཕྱེ་མར་རླག་


DTG044_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད། །བཀུག་སྟེ་འོངས་པ་རང་གནས་ཀྱི། །མཚན་མས་ཕྱེ་མར་བརླག་འགྱུར་ཏེ། །བསྒྲུབ་བྱ་ན་ད་དང་རྣམ་བྲལ་པས། །ཤེལ་འདྲའི་ཁ་དོག་ལྟ་བུར་བསམ། །དེ་ནས་བདག་ཉིད་འཁོར་ལོ་ཆེ། །ཁ་དོག་དཀར་པོ་རྣམ་བསམས་ལ། །སྔོན་བཞིན་སྤྱན་མའི་སྔགས་བརྗོད་པས། །འོད་ཟེར་འབབ་པས་ལུས་དགང་བྱ། །ཨོཾ་ཨཱཿ་ཟིན་ཛིཀ་ནད་པ་ཆེ་གེ་མའོ་ལ་ཨ་བྷི་ཥི་ཉྩ་ཧཱུཾ་སྭཱ་ཧཱ། །ཞེས་བརྗོད་སྔོན་བཞིན་རྟག་པའི་ཚོགས། །སྤྱན་དང་བཅས་པས་བུམ་པ་འཛིན། །དབང་བསྐུར་བྱས་ཏེ་བརྒྱ་རྩ་བརྒྱད། །ཞག་བདུན་བར་དུ་དུས་བཞིར་བྱ། །དེ་ལྟར་བྱས་ན་ཕྱི་ནང་གི །མྱོང་བར་ངེས་པའི་ནད་ཀུན་ཡང༌། །རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། །ཐེ་ཚོམ་མེད་པར་འབྱང་བར་འགྱུར། །དེ་བཞིན་མི་བསྐྱོད་རིན་ཆེན་དཔལ། །འོད་དཔག་མེད་དང་དོན་ཡོད་གྲུབ། །ཡི་གེའི་ཚིག་ནི་གང་མོས་པ། །དད་པ་བསྐྱེད་དེ་ནད་རྣམས་བསལ། །ཨོཾ་ཨཱཿ་བཛྲ་དྷྲྀཀ་ཆེ་གེ་མོའི་ནད་ཨ་པ་ན་ཨ་ཧཱུཾ། ཨོཾ་ཨཱཿ་རཏྣ་དྷྲྀཀ་ཆེ་གེ་མོའི་ནད་ཨ་པ་ན་ཡ་ཧཱུཾ། ཨོཾ་ཨཱཿཨཱ་རོ་ལྀཀ་ཆེ་གེ་མོའི་ནད་ཨ་པ་ན་ཡ་ཧཱུཾ། །ཨོཾ་པཱཿཔྲཛྙཱ་དྷྲྀཀ་ཆེ་གེ་མོའི་ནད་ཨ་པ་ན་ཡ་ཧཱུཾ། ཨོཾ་ཨཱཿ་བཛྲ་དྷྲྀཀ་ཆེ་གེ་མོའི་ནད་མཱར་ཡ་ཕཊ་ཧཱུཾ། ཨོཾ་ཨཱཿ་རཏྣ་དྷྲྀཀ་ཆེ་གི་མོའི་ནད་མཱ་ར་ཡ་ཕཊ་ཧཱུཾ། ཨོཾ་ཨཱཿ་ཨཱ་རོ་ལྀཀ་ཆེ་གེ་མོའི་ནད་མཱ་ར་ཡ་ཕཊ་ཧཱུཾ། ཨོཾ་ཨཱཿ་པྲཛྙཱ་དྷྲྀཀ་ནད་པ་ཆེ་གེ་མོའི་ནད་མཱ་ར་ཡ་ཕཊ་ཧཱུཾ། ཨོཾ་ཨཱཿབཛྲ་དྷྲྀཀ་ནད་པ་ཆེ་གེ་མོ་ལ་ཨ་བྷི་ཥིཉྩ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿརཏྣ་དྷྲྀཀ་ནད་པ་ཆེ་གེ་མོ་ལ་ཨ་བྷི་ཥིཉྩ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཨཱ་རོ་ལྀཀ་ནད་པ་ཆེ་གེ་མོ་ལ་ཨ་བྷི་ཥིཉྩ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཔྲཛྙཱ་དྷྲྀཀ་ནད་པ་ཆེ་གེ་མོ་ལ་ཨ་བྷྱི་ཥིཉྩ་ཧཱུཾ་སྭཱ་ཧཱ། དེ་ཡིས་ནད་རྣམས་ཕྱུང་བྱས་ཏེ། །རང་རང་མཚན་མས་སྔོན་བཞིན་བསད། །སྟོབས་དང་དབང་བསྐུར་སོགས་པ་ཡི། །སྔ་མ་བཞིན་དུ་རབ་ཏུ་བྱ། །སྦྱོར་བས་ཟློས་པས་ཞག་བདུན་དུ། །མྱོང་བར་ངེས་པའི་ནད་རྣམས་ཀུན། །རྡོ་རྗེ་བསམ་གཏན་ཆོ་ག་དེས། །ཕྱི་དང་ནང་དུ་བཅས་པ་སེལ། །ད་ནི་རྒྱས་པའི་ལས་ཀྱི་ལམ་གྱི་རིམ་པ་རྒྱས་པར་བཤད་པར་བྱའོ། །སྔོན་བཞིན་བཟླས་པའི་ཆོ་ག་ནས། །དབང་བཀུར་ཡན་ཆད་རྫོགས་བྱས་ཏེ། །རྡོ་རྗེ་པདྨོ་ཅན་


DTG044_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ནི། །སྦྱོར་བས་རྒྱས་པའི་ལས་བརྩམ་མོ། །སྟོབས་ལ་སོགས་པའི་ཆོས་རྣམས་དང༌། །ལྷག་མའི་ཚེར་འགྱུར་འདོད་པ་དང༌། །མཛོད་པོ་ཆེ་ནི་རྒྱས་བྱས་ཕྱིར། །རྒྱས་པའི་སེམས་ཀྱིས་བྱ་བའོ། །བཀའ་ཡི་འཁོར་ལོ་སྦྱོར་བ་ཡིས། །སྔོན་བཞིན་ཁང་པ་བརྩེགས་པའི་དབུས། །རྡོ་རྗེ་སེམས་དཔའ་ལས་བྱུང་བ། །དབང་ཆེན་དཀྱིལ་འཁོར་སེར་པོའི་དབུས། །ཉི་མའི་དཀྱིལ་འཁོར་བསམས་ནས་ནི། །གསེར་ཞུན་ལྟ་བུའི་འོད་དཔག་མེད། །འཁོར་ལོར་བཅས་པ་བསམ་བྱས་ལ། །མཆོད་བསྟོད་བདུད་རྩི་མྱང་བ་བྱ། །དེ་ཡི་ཡེ་ཤེས་སེམས་དཔའ་ཡི། །ཐུགས་ཀར་ཟླ་བའི་སྟེང་དུ་ནི། །འདོད་པ་རྣམས་གསུམ་བཞག་ནས་ནི། །ཐམས་ཅད་གསང་སྔགས་འདི་ནི་ཟློས། །ཨོཾ་ཀ་ཊེ་ནི་ཀ་ཏེ་ཊེ་ཀ་ཊཾ་ཀ་ཊེ་ཀ་རོ་བ་རེ་ཆེ་གེ་མོ་པུཥྚིཾ་ཀུ་རུ་ཧཱུཾ། ན་བཟའ་དཀར་མོ་ལ་སོགས་ཚོགས། །མངོན་པར་འདོད་པའི་དོན་ཆར་འབེབས། །ནམ་མཁའི་ཁམས་ཀུན་རབ་བཀང་ནས། །རྗེས་སུ་འོད་ཟེར་བསྡུ་བར་བྱ། །དེ་ནི་འོད་ཟེར་རྣམ་པ་ལྔ། །འདོད་པའི་སྤྱི་བོ་མགྲིན་པ་དང༌། །ཐུགས་ཀའི་གནས་ནི་གསུམ་པོ་རུ། །འདོད་པ་གསུམ་གྱི་ཚུལ་དུ་བཞག །དེ་རྣམས་མི་བཟད་བྱ་བའི་ཕྱིར། །ཐམས་ཅད་ཀྱི་ནི་གསང་སྔགས་འདི། །བརྗོད་ནས་འོད་དཔག་མེད་པའི་ཚོགས། །བུམ་པ་གང་བ་གཟུང་བར་བྱ། །ཨོཾ་ཨཱཿཛི་ཨཱ་རོ་ལྀཀ་ཆེ་གེ་མོ་པུཥྛིཾ་ཀུ་རུ་ཧཱུཾ། བཀྲ་ཤིས་གླུ་དབྱངས་ཚིགས་བཅད་ཀྱི། །དབང་བསྐུར་བ་ནི་སྩོལ་བར་བསམ། །དེ་ལྟར་དུས་བཞིར་ཞག་བདུན་དུ། །སྦྱོར་བས་ཐམས་ཅད་རྒྱས་པར་འགྱུར། །རྡོ་རྗེ་བསམ་གཏན་འདི་ཡིས་ནི། །དགང་དཀའ་བ་ཡང་རབ་ཏུ་འགེངས། །དེ་ནི་སྦྱིན་པ་རབ་བསྒྲུབ་ཅིང༌། །ཡིད་བཞིན་ནོར་བུ་དཔལ་འདྲར་འགྱུར། །ཡང་ན་འདི་ལྟར་གོས་དཀར་བའི། །འཁོར་ལོ་ལྡན་པའི་སྦྱོར་བ་བསྒོམ། །ཡེ་ཤེས་སེམས་མའི་ཐུགས་ཀ་རུ། །འདོད་པ་དག་ནི་གཞུག་པར་བྱ། །ཨོཾ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ཀ་ཊཾ་ཀ་ཊེ་ཀ་རོ་བ་རེ་ཆེ་གེ་མོ་པུཥྛིཾ་ཀུ་རུ་ཧཱུཾ། བརྗོད་པས་དེ་མཐའ་དབུས་ཡིག་ལ། །ནམ་མཁའི་ཁམས་ནི་དཀར་མོས་གང༌། །དེ་ཉིད་གཟི་བརྗིད་ཚུལ་གྱིས་སུ། །རྗེས་སུ་འོད་ཟེར་སྔོན་བཞིན་དབབ། །གོང་གི་སྔགས་ཀྱིས་


DTG044_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དཔག་མེད། །སྤྲོས་ནས་དབང་བསྐུར་སྩལ་བར་བསམ། །དེ་ལྟར་དུས་བཞིར་ཞག་བདུན་དུ། །བྱས་པས་བསྒྲུབ་པ་བྱ་རྒྱས་པར་འགྱུར། །བསམ་གཏན་སྔགས་ཀྱི་སྦྱོར་བ་འདིས། །རྟག་པར་ཆོས་ཀྱིས་རྒྱས་པར་མཛད། །རྟག་ཏུ་མཛོད་པོ་ཆེ་དང་ལྡན། །ནད་རྣམས་མེད་ཅིང་ཚེ་རྒྱས་འགྱུར། །ད་ནི་དབང་གི་ལས་ཀྱི་རིམ་པ་བཤད་པར་བྱའོ། །ཐམས་ཅད་སྔོན་བཞིན་རབ་བྱས་ལ། །རི་མོའི་དཀྱིལ་འཁོར་བྲི་བར་བྱ། །དོན་ཡོང་གྲུབ་པའི་རྣལ་འབྱོར་པས། །དབང་དུ་བྱ་བ་བརྩམ་པའོ། །སངས་རྒྱས་རྡོ་རྗེ་ཆེན་དང༌། །སེམས་ཅན་ཁམས་རྣམས་མ་ལུས་པ། །དབང་དུ་བྱེད་དམ་བྱེད་འདོད་ཕྱིར། །ཆགས་པའི་ཡིད་ཀྱིས་བྱ་བའོ། །བཀའ་ཡི་འཁོར་ལོ་རབ་བསྐོར་བས། །ཁང་པ་བརྩེགས་པའི་དབུས་སུ་ནི། །རྡོ་རྗེ་སེམས་དཔའ་ལས་བྱུང་བའི། །ཉི་མའི་དཀྱིལ་འཁོར་ཟླ་ག་མ་ལ། །ཇི་བཞིན་སྦྱོར་བས་བནྡུ་ཀ །དོན་ཡོད་གྲུབ་པའི་འཁོར་ལོ་ཆེ། །བསྒོམས་ནས་མཆོད་པ་བསྟོད་པ་དང༌། །བདུད་རྩི་མྱང་བས་མཉེས་པར་བྱ། །དེ་ཡི་ཡེ་ཤེས་སེམས་དཔའ་ཡི། །ཐུགས་ཀར་ཟླ་བའི་སྟེང་དུ་ནི། །གོང་གི་གཉིས་པོ་བཞག་ནས་ནི། །ཐམས་ཅད་ཀྱི་ནི་གསང་སྔགས་བརྗོད། །ཨོཾ་ཨཱཿ་ཁཾ་པྲ་ཛྙཱ་དྷྲྀཀ་ཆེ་གེ་མོ་བ་ཤཾ་རཾ་རཱ་ག་ཡ་ཧོ། །དེ་བརྗོད་ཐམས་ཅད་པ་སྤུ་ཡི། །སྒོ་ལས་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། །མཁའ་དབྱིངས་ཡོངས་སུ་དང་བར་བསམ། །དེ་རྣམས་འོད་ཟེར་རྣམ་ལྔ་ཡི། །ཚུལ་གྱིས་ཐམས་ཅད་འདུས་བྱས་ལ། །ཐུགས་ཀར་འདོད་པ་དེ་ལུས་ལ། །རྗེས་སུ་སྟོབས་ནི་དབབ་པར་བྱ། །གོང་གི་སྔགས་བརྗོད་སྔོན་བཞིན་དུ། །དབང་བསྐུར་དེ་ལ་རྩོལ་བར་བསམ། །དེ་ལྟར་སྤྱོད་པས་དུས་བཞི་རུ། །བཟླས་པས་ཞག་བདུན་འགྲུབ་པར་འགྱུར། །དེ་ནི་དེ་མ་ཐག་ཏུ་ཡང༌། །སངས་རྒྱས་ཀུན་གྱི་ཐུགས་སུ་བྱོན། །འཇམ་དཔལ་དང་ནི་གཞི་བརྗིད་མཉམ། །ལས་ཐབས་བྱེད་པར་དེ་འགྱུར་རོ། །དགའ་བས་མྱོང་བའི་དབང་པོ་དང༌། །དགྱེས་ནས་ཅི་འདོད་རབ་ཏུ་སྩོལ། །བསྐུར་པ་ཆེན་པོ་མ་བྱས་ཀྱང༌། །འགྲོ་བ་འདི་ཀུན་དབང་དུ་འགྱུར། །ཡང་ནི་དེ་ལྟར་སྒྲོལ་མ་ཡི། །འཁོར་ལོ་ལྡན་


DTG044_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

པ་རབ་བསྒོམས་ལ། དེ་ཡི་ཡེ་ཤེས་སེམས་དཔའ་ཡི། །ཐུགས་ཀར་ཟླ་བའི་སྟེང་དུ་ནི། །དབང་དུ་བྱ་བ་བཞག་ནས་ནི། །དབུས་སུ་ཡི་གེ་ཏཱཾ་དམར་པོ། །མཐའ་མ་ཕྲེང་སྔགས་དམར་པོ་ནི། །གྱེན་དུ་འགྲེང་བས་བསྐོར་བར་བསམ། །དམར་བའི་མཚན་མ་རྣམས་དང་ནི། །ཏཱཾ་ལས་འོད་ཟེར་དམར་པོའི་ཚོགས། །གསང་སྔགས་འདི་ནི་བརྗོད་ནས་སུ། །བསྒྲུབ་བྱ་བསྐུར་ཕྱིར་དབྱུང་བར་བྱ། །ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་ཆེ་གེ་མོ་པ་ཤཾ་ཀུ་རུ་ཧོ། །སྐྱེས་པའི་སྙིང་དང་མགྲིན་པར་བསྐུལ། །བུད་མེད་གསང་བ་ནས་བསྐུལ་བྱ། །ཕྲེང་བའི་སྔགས་ལས་འོད་ཟེར་དམར། །རང་གི་སྐྱེ་གནས་ནས་ཕྱུང་བྱ། །གོང་གི་སྒོ་རུ་རབ་ཞུགས་པས། །བསྒྲུབ་བྱའི་སེམས་ནི་བཀག་འདྲ་བ། །ཟླ་བའི་དབྱིབས་འདྲ་བཀུག་ནས་ནི། །རིམ་པ་གཉིས་སུ་ཆུད་པར་བྱ། །གལ་ཏེ་ལྷ་མོ་མདའ་ཅན་མ། །འོག་ནས་འབྱུང་བཞིན་བྱིན་བརླབས། །བསྐུལ་བ་ལ་སོགས་དེ་བཞིན་བྱ། །དེས་ཀྱང་དབང་དུ་བྱེད་པའོ། །གཞན་ཡང་སྔ་མ་བཞིན་དུ་འདོད། །དེ་ནི་ཐུགས་ཀར་རབ་བཞག་ལ། །དཔའ་བོ་བཏང་སོགས་ཆོ་ག་ཡིས། །གཞན་ལ་སྟོབས་ནི་དབབ་པར་བྱ། །དེ་ལྟར་སྦྱོར་བས་དུས་བཞི་རུ། །ཞག་བདུན་པར་དུ་རབ་བྱས་ན། །སངས་རྒྱས་རྡོ་རྗེ་སྡེ་ཅན་དང༌། །སེམས་ཅན་ཁམས་རྣམས་མ་ལུས་པ། །དེ་མ་ཐག་ཏུ་བྲན་བཞིན་དུ། །ཐམས་ཅད་ཡོད་མེད་དབང་དུ་བྱེད། །ཐམས་ཅད་སྔ་མ་བཞིན་བསྒོམས་ལ། །རྡོ་རྗེ་སེམས་དཔའ་ལས་བྱུང་བའི། །འཇམ་དཔལ་རྡོ་རྗེ་འཁོར་ལོ་ཡིས། །དབང་དུ་བྱ་བ་བརྩམས་པའོ། །སྔགས་བྱེད་དང་ནི་དལ་བྱེད་དང༌། །འདོད་བྱེད་དང་ནི་རྨོངས་བྱེད་དང༌། །དབང་གི་རང་བཞིན་མདའ་ལྔ་ནི། །ཆོ་ག་འདི་ཡིས་བྱིན་བརླབ་བྱ། །སྨྱུག་མ་ཨ་ཡིས་བྱིན་བརླབས་ཏེ། །མདེའུ་ནི་ཧཱུཾ་གིས་བྱིན་བརླབས་ལ། །གཡོན་གྱིས་ལཾ་བསྐྱེད་གཞུ་བཟུང་ནས། །དབུ་རྒྱན་རྩེ་མོར་སྦྱར་བྱས་ལ། །དྲངས་ཏེ་རྣ་དྲུང་དུ་བཀང་ནས། །སྔགས་ཀྱིས་རབ་ཏུ་གདབ་པའོ། །ཨོཾ་ཨཱཿམཾ་མཉྫུ་ཤྲཱི་ཆེ་གེ་མོ་པ་ཤཾ་ཀུ་རུ་ཧོ། །དེ་ཡིས་སྤྲོས་པས་བསྒྲུབ་བྱ་ཡི། །མགོ་དང་སྙིང་ག་ལྟེ་བ་དང༌། །གསང་བ་དང་ནི་རྐང་མཐིལ་དུ། །ཁྲོ་བོའི་ཚིག་གིས་རབ་ཏུ་གདབ། །སྔགས་ཀྱི་འོད་ཟེར་དམར་པོ་


DTG044_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །རྡོ་རྗེ་གཉིས་ལས་ཕྱུང་ནས་ཀྱང༌། །ཟླ་བ་སྤྱད་ལྡན་ལྟ་བུའི་སེམས། །འོད་ཟེར་གྱིས་ནི་དགུག་པར་བྱ། །བདག་ནི་སྐྱེ་གནས་བཅུག་སྟེ། །ཡེ་ཤེས་སེམས་དཔའ་དེ་བཞིན་ནོ། །དང་ཤིང་བརྒྱལ་བར་རབ་བསྒོམས་ཏེ། །སྡོང་པོ་བཅད་བཞིན་ཞབས་འོད་འགྱེལ། །སྦྱོར་བ་དེ་ཡིས་དུས་བཞི་རུ། །ཟླ་པ་ཕྱེད་དུ་རབ་བསྒོམས་ན། །བྱིས་པའི་བློ་ནི་གྲགས་ཆེན་པོས། །གསང་བའི་བསྐུལ་བ་བསྒོམ་བྱས་པས། །རྡོ་རྗེ་ཀུན་གྱིས་རབ་གསང་བའི། །རྡོ་རྗེ་དོན་ནི་ཆུད་པར་གསུངས། །དེ་ནས་མངོན་སྤྱོད་ལམ་གྱི་རིམ་པ་བཤད་པར་བྱའོ། །སྔོན་བཞིན་བཟླས་པ་ལ་སོགས་པའི། །དབང་བསྐུར་ཡན་ཆད་རྫོགས་བྱས་ཏེ། །རྡོ་རྗེ་ཁྲོ་བོ་རྣལ་འབྱོར་གྱིས། །ལས་འདི་རབ་ཏུ་བརྩམ་པའོ། །དཀོན་མཆོག་གནོད་བྱེད་མ་ཆགས་པ། །གདུག་པའི་སེམས་ཅན་རྣལ་འབྱོར་གཅོད། །བླ་མ་སྨོད་བརྩོན་མ་རུངས་པ། །གཏུམ་པའི་ཡིད་ཀྱིས་བསྒྲུབ་པའོ། །དེ་རྣམས་བསྐྲད་པ་འཇིགས་འཇིགས་ལྟ། །སྟ་གྲི་གཏུན་ཤིང་ལག་ན་འཛིན། །གནོད་པར་བྱེད་པ་རབ་བརྩོན་ལ། །བསམས་ནས་བསམ་གཏན་རབ་ཏུ་བྱ། །མཁའ་དབྱིངས་སེམས་ཅན་སངས་རྒྱས་ཀྱིས། །ཡོངས་སུ་གང་བར་རབ་ཏུ་བསམ། །གདུག་པའི་སྟ་གྲི་གཏུན་ཤིང་གིས། །གསང་པར་རབ་ཏུ་བསམ་པའོ། །དེ་བཞིན་བྱང་ཆུབ་སེམས་དཔའ་ཡིས། །མཁའ་དབྱིངས་ཡོངས་སུ་གང་བར་བསམ། །སྟ་གྲི་གཏུན་ཤིང་གིས་གསང་པར། །བསམས་ནས་དགྲ་རྣམས་མྱུར་དུ་འཆི། །དེ་ཡིས་དྲན་རྙེད་མཚོན་ཆ་བོར། །སྐྱབས་མེད་སྐྲག་ཅིང་འཇིགས་པས་དཀྲུགས། །སྡུག་བསྔལ་དང་ལྡན་གཟིགས་བྱས་ལ། །སྙིང་རྗེ་ཆེན་པོའི་ཁྲོ་བ་བསྐྱེད། །རང་ལྷ་གོམས་པའི་ཕྱག་རྒྱ་ཡིས། །རྣལ་འབྱོར་བྱས་ནས་གསུམ་པ་རུ། །ཡེ་ཤེས་སེམས་དཔའི་འོད་ཟེར་གྱིས། །སངས་རྒྱས་ཚོགས་སྤྲོ་བཀའ་ལུང་བླང༌། །ཁམས་བཞུགས་མགོན་པོ་རྣམས་ཀྱིས་ནི། །བདག་རྩོམ་ལས་འདི་གཟིགས་མཛད་ཕྱིར། །གྲོ་བ་ཙནྡན་དཀར་པོ་སོགས། །ལས་བརྩམ་བྲིས་པ་སྙམ་དུ་གསོལ། །ཕན་མཛད་ཁྱེད་ཅག་རྣམས་ལ་ནི། །འདི་ཡི་ཐབས་འདི་མ་བརྩམས་ན། །འདི་ནི་མནར་མེད་སྐྱི་གཡའ་བའི། །


DTG044_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བུད་ཤིང་དུ་ནི་འགྱུར་བར་ངེས། །སྙིང་རྗེར་ལྡན་པའི་རྣལ་འབྱོར་པ། །ཁྱོད་ཀྱི་བཀའ་ལུང་བདག་ཅག་བྱེད། །དེ་བས་ལས་ནི་བགྱིད་པ་ལ། །རྡོ་རྗེ་ཅན་རྣམས་བདག་བཀའ་སྩོལ། །བདག་ཅག་ཁྱད་པར་མ་མཐོང་བར། །དད་པ་ཁོ་ན་དང་ལྡན་པས། །སྙིང་རྗེ་འདི་ལ་ཕན་པའི་ཕྱིར། །ཁྱེད་ཀྱི་བཀའ་སྩོལ་བྱེད་པའོ། །གེང་བཞིན་ཁྲོ་བོའི་ཚོགས་སྤྲོས་པས། །དོ་དག་སྙན་དུ་རིག་པ་དང༌། །སྔོན་བཞིན་དུ་དང་གལ་བཅུ་ཡིས། །སྙན་གསན་དབབ་པར་བསམ་པའོ། །ལས་མཛད་འདི་ལ་ཁྱོད་ཀྱིས་ནི། །གྲོགས་པོ་མཛད་པ་རིགས་པ་ཡིན། །དེ་ལྟར་མིན་ན་ཁྱེད་ཅག་འདིར། །དམ་ཚིག་འགལ་བར་གྱུར་པའོ། །དེ་ནས་དེ་དག་ཐམས་ཅད་ཀྱང༌། །ཞལ་གྱིས་བཞེས་པར་བསམ་བྱས་ནས། །འཁོར་ལོ་དང་བཅས་ནག་པོར་བསྒྱུར། །ཁྲོས་ནས་བཀའ་ཡི་འཁོར་ལོ་སྤྲོ། །བགེགས་ཀྱི་ཚོགས་ཀུན་ཉན་པར་བྱོས། །སྐུ་གསུང་ཐུགས་ལ་གནས་པ་ཡི། །དཔལ་ལྡན་བདག་ནི་ཆེ་གེ་མོ། །བཀའ་ཡི་འཁོར་ལོ་བྱེད་པའོ། །གལ་ཏེ་ང་ཡི་བཀའ་འགོམ་ན། །རྡོ་རྗེ་འབར་བའི་གཟུགས་འདི་ཡིས། །འདོད་གསུམ་བསྐྱེད་ལུས་འཇིག་བྱེད་དེ། །འགས་པར་འགྱུར་ཏེ་གཞན་དུ་མིན། །དེ་ནས་ས་བོན་འོད་ཟེར་གྱིས། །མཁའ་ཁྱབ་སངས་རྒྱས་ཞལ་བཅུག་སྟེ། །ཞུ་གྱུར་རྡོ་རྗེ་པདྨ་རུ། །ཆོ་ག་བཞིན་གྱིས་བསྐྱེད་བྱས་ལ། །མི་བསྐྱོད་ལྟ་བུ་དང་པོས་འཁྱུད། །རྡོ་རྗེ་ལྕགས་ཀྱུ་རལ་གྲི་ཞགས། །འཛིན་པའི་ཁྲོ་བོ་སུམྦྷའི་གཟུགས། །དེ་ཡི་སྲུང་མ་དགུག་དོན་བསྐྱེད། །སྙིང་རྗེ་ལྡན་པའི་རྣལ་འབྱོར་པས། །དབྱངས་ཡིག་འོག་ལ་ཧཱུཾ་ཡིག་སྟེང༌། །རྡོ་རྗེ་རྒྱ་གྲམ་ཁ་སྦྱོར་ཕྱིར། །སྔགས་འདིས་སྲུང་མ་དགུག་པའོ། །ཨོཾ་ཨཱཿཧེ་སུམྦྷ་ནི་ཆེ་གེ་མོའི་སྲུང་ངམ་ཁུག་ཅིག་ཛཿཧཱུཾ། དེ་ཡིས་དགུག་ལ་གཡོན་དུ་བཞག །གནོད་མཛེས་དེ་ལ་བཅུག་བྱས་ཏེ། །དེ་ཡི་ལུས་གནས་འཁོར་ལོ་ལ། །དེ་ཡི་ཉེས་པ་བསྒོ་བའི་ཕྱིར། །དཔལ་ལྡན་གནོད་མཛེས་མདུན་དུ་གནས། །རིག་པའི་ཚོགས་ཀྱིས་གསོལ་གདབ་བྱ། །ལས་ཀུན་རྣམ་པ་གང་གིས་ནི། །ད་ལྟ་མཐུ་ནི་ཡོད་འགྱུར་བ། །མ་འོངས་བདེ་བ་འདོད་པས་ན། །ཁྱོད་ཀྱིས་འདི་ཉིད་སྤང་བར་བྱ། །སངས་རྒྱས་གསོད་བྱེད་མ་ཆགས་པ། །


DTG044_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྨོད་པར་བྱེད་པའོ། །འདི་ཡི་སྲུང་དང་བྱིན་རླབས་ཀྱིས། །ད་ལྟ་རུ་ནི་སྤང་བར་གསོལ། །དེ་ལྟར་མིན་ན་ཁྱེད་ཅག་ཀུན། །རང་གི་བསྟན་པ་འདི་ལ་ནི། །བརྫུན་གྱིས་སྒྲུབ་པོ་བསླུས་འགྱུར་བས། །ཁྱེད་རྣམས་དམ་ཚིག་འགལ་བའོ། །དེ་དག་ཐམས་ཅད་མགྲིན་གཅིག་ཏུ། །བདག་གིས་སྤངས་ཀྱི་འདོད་བཞིན་གྱིས། །དགྱེས་ཏེ་བསད་དབྱུང་རང་ལྷ་ཡི། །འཁོར་ལོ་རུ་ནི་གཞུག་པར་བྱ། །བསྲུང་བ་ལ་སོགས་རྣམས་དང་ཡང༌། །དེ་ཡི་ལྷ་རྣམས་མནན་བྱའི་ཕྱིར། །སངས་རྒྱས་རྣམས་ཀུན་བགེགས་དགྲའི་གཟུགས། །སྔོན་བཞིན་ཕུར་བུས་བསྐྱེད་བྱས་ནས། །གཡས་པས་ཐོ་བ་གཟུང་བྱས་ནས། །གཡོན་པས་མགུལ་པ་བརྟེན་བྱས་ཏེ། །སྟོང་པ་དྲན་པར་བྱ་བའི་ཕྱིར། །སྔགས་འདིས་རབ་ཏུ་བཏབ་པའོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུ་ཥྚྲཱ་ན་ཕཊ། ཀའི་ལ་ཡ་ཀའི་ལ་ཡ་སརྦ་དུཥྚྲཱ་ན་ཡེ་ཤེས་སྲུང་མ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱའི་ལ་ཡ། བཛྲ་དྷ་རོ་ཨཱ་ཛྙ་པ་ཡ་ཏི། སརྦ་དུ་ཥྚྲཱ་ན་ཡེ་ཤེས་སེམས་དཔའི་ཀཱ་ཡ་ཝཱཀ་ཙི་ཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། དེ་ཡིས་རང་གི་ཡེ་ཤེས་སེམས། །གཉིས་སུ་མེད་པར་འགྱུར་བར་བསམ། །སྐྲ་བཤིག་གཅེར་བུ་འབྲུ་མར་བྱུགས། །འཇིགས་བཅས་དྲན་ཉམས་སྲོག་མེད་པ། །མེ་ལ་གནས་ཤིང་གཟི་བརྗིད་བྲལ། །སྐྱབས་བྱེད་སྲུང་མས་རྣམ་སྤངས་པས། །ཁང་སྟོང་ལྟ་བུར་བསམས་ནས་ནི། །ལས་ཀྱི་དངོས་གཞི་ལ་འཇུག་བྱ། །སྔོན་བཞིན་ཐམས་ཅད་རབ་བྱས་ལ། །དང་པོ་མགོན་པོ་ལས་བྱུང་བ། །ས་བོན་ལས་སྐྱེས་ཁ་བཞི་པའི། །རྩེ་ལྔ་མགོན་པོས་བྱིན་གྱིས་བརླབས། །འོད་ཟེར་བདེ་གཤེགས་ཐམས་ཅད་ལ། །བསྒྲུབ་བྱའི་སྐྱོན་བརྗོད་དེ་དག་ཀུན། །མི་བསྐྱོད་ངོ་བོར་ཁོར་གྱུར་ནས། །ཞུགས་བཞིན་དེ་ལ་ཐིམ་པར་འགྱུར། །དེ་གཉིས་ཞུ་པར་གྱུར་པ་ལས། །གཡས་བསྐུམ་གཡོན་པ་རྐང་མི་བསྐྱོད་པ། །དྲག་པོ་སྦྲུལ་གྱི་སྐེ་རགས་ཅན། །མགོན་པོ་རྟེན་སོགས་ཀྱིས་མཚན་པ། །དང་པོ་སྦྱོར་བས་རྣམ་བསྒོམས་ཏེ། །དེ་ཁོ་ན་བཞིན་རྟག་པ་སོགས། །སྦྱོར་བ་གཉིས་པས་བསྒོམ་བྱས་ཏེ། །མཆོད་པ་སོགས་ཀྱིས་མཉེས་པར་བྱ། །དེ་ནས་བཛྲ་དྷྲྀཀ་སོགས་ནི། །ཡིད་ཀྱིས་བརྗོད་པས་རབ་བསྐུལ་ལ། །


DTG044_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཞི་བའི་ཚུལ་སྤྲོས་པས། །སྐྲག་པ་སྤང་ཕྱིར་དང་པོ་དགྲ། །འོད་ཀྱི་གོང་བུའི་ཚུལ་དུ་ནི། །ཤ་གླན་ཕྱིར་ན་གནས་གསུམ་དུ། །བཙུད་དེ་རང་སྔགས་བརྗོད་པ་ཡིས། །ཇི་ལྟར་གཟུགས་བཞིན་སྤྲོ་བར་བྱ། །ཨོཾ་ཨཱཿ་བཛྲ་དྷྲྀཀ་ཆེ་གེ་མོ་མཱ་ར་ཡ་ཕཊ་ཧཱུཾ། སེམས་ལུས་ཁྲོས་པའི་ཁྲོ་བོ་ཆེ། །མི་སྡུག་འཇིགས་སུ་རུང་བའི་གཟུགས། །གསོད་པའི་དོན་རྣམས་སེམས་པའི་ཕྱིར། །སྟ་གྲི་ཐོ་བ་སོགས་འཛིན་སྤྲོ། །གཞན་ཡང་གྲི་དང་ཀ་པཱ་ལ་འཛིན། །སྐྲ་འགྲེང་སྲིན་པོའི་ཚོགས་རྣམས་དང༌། །རིང་དུ་སྒྲ་འབྱིན་པ་ཡི་ཚོགས། །ཁྭ་དང་བྱ་རོག་སྣ་ཚོགས་སྤྲོ། །བྱ་རྒོད་ལྕགས་ཀྱི་མཆུ་ཅན་དང༌། །ལྕགས་ཀྱི་མཆེ་བ་ཅན་གྱི་ཁྱིས། །ནམ་མཁའི་ཁམས་ཀུན་གང་བར་བསྒོམ། །བསྐལ་པའི་མེ་བཞིན་འབར་བ་ཡིས། །གྲུ་གསུམ་ལ་གནས་སྔོན་བཞིན་དུ། །གནས་པའི་བསྒྲུབ་བྱ་དེ་དག་གིས། །ཁྲོས་ནས་རྟོག་ཅིང་འཐབ་པའི་ཚུལ། །དྲག་པོའི་ཚིག་གིས་བསྐུལ་བར་བྱ། །ཤ་རྣམས་གཅོད་ཅིང་རྒྱུས་རྐང་དྲངས། །རུས་འཆོས་ཁྲག་འཐུངས་རབ་བསྒོམས་ཏེ། །དུས་བཞིར་རབ་ཏུ་བརྟན་བྱས་ཏེ། །ཉི་མ་བདུན་དུ་བསྒྲུབ་པར་བྱ། །དེ་ལྟར་བསྒོམས་ན་དགྲ་རྣམས་འཆི། །སྙིང་རྗེའི་དབང་གིས་འོག་བཞིན་བརྩམ། །གལ་ཏེ་རྨོངས་པས་འགྲུབ་མི་འགྱུར། །རྡོ་རྗེ་འཛིན་ཡང་ཟླ་ཕྱེད་འཆི། །སྔོན་བཞིན་ཐམས་ཅད་རབ་བྱས་ལ། །གཞིན་རྗེ་གཤེད་ཀྱི་འཁོར་ལོ་ཆེ། །རང་གི་རྡོ་རྗེ་རབ་བརྟན་ལ། །གསུམ་པས་ལས་འདི་བརྩམ་པའོ། །ཨོཾ་ཨཱཿཡ་མཱནྟ་ཀྲྀཏ་ཧཱུཾ་ཕཊ། །དེ་ཡིས་བ་སྤུ་བུ་ག་ལས། །ཞི་བའི་ཚུལ་སྤྲོས་སངས་རྒྱས་ཀྱིས། །སེམས་ཅན་བསྡུ་པར་བྱས་ནས་སུ། །རང་གི་སྐུ་གསུང་འཁོར་ལོ་གཞུག །ཨོཾ་ཧྲྰྸྀཿཥྚྲཱིཿ་ཝའི་ཀྲི་ཏཱ་ན་ན་ཆེ་གེ་མོ་ན་ཤ་ཡ་སྟྭཾ་བྷ་ཡ་མཱ་ར་ཡ་ཧཱུཾ་ཕཊ། བརྗོད་པས་དེ་དག་སྤྲོ་བར་བྱ། །གཤིན་རྗེ་གཤེད་གཟུགས་འབའ་ཞིག་ཏུ། །སྤྲོས་པས་གདུག་སེམས་དགྲ་པོ་རྣམས། །སྔོན་བཞིན་གཅོད་པར་བྱེད་པར་བསམ། །ཐུན་མཚམས་བཞི་རུ་ཞག་བདུན་དུ། །བརྟན་པས་རབ་ཏུ་ཆགས་བྱས་ནས། །མ་མོའི་བདག་གཤེད་ཡང་འཆི་ན། །གདུག་སེམས་ལྡན་པ་སྨོས་ཅི་དགོས། །རྩེ་གཅིག་མ་གྱུར་པ་ཡིས་ཀྱང༌། །བསྲུང་བའི་དམ་ཚིག་བསྒྲུབ་པའི་ཕྱིར། །ཉིན་མཚན་


DTG044_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་ལ་སོགས་བརྩོན། །བདུད་རྩི་འཁྱིལ་པས་གདུག་པ་གཞོམ། །ཐམས་ཅད་སྔ་མ་བཞིན་བྱས་ལ། །རྡོ་རྗེ་སེམས་དཔའ་ལས་བྱུང་བའི། །གདུག་པའི་དགྲ་བོ་འབའ་ཞིག་གམ། །འཁོར་ལོར་བཅས་པ་བསམ་བྱས་ནས། །མཆོད་པ་སོགས་ཀྱིས་མཉེས་པར་བྱ། །ཨོཾ་ཨཱཿ་བིགྷྣཱནྟ་ཀྲྀཏ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། བརྗོད་པས་བ་སྤུའི་བུ་ག་ལས། །གོང་མ་ལྟ་བུའི་སྲིན་པོ་དང༌། །གཏུམ་ཞིང་མི་བཟད་ཁྲོ་བོ་སྤྲོས། །མེ་སྟེང་གནས་པའི་བསྒྲུབ་བྱ་ནི། །བཅིངས་ཤིང་བརྡེགས་པ་ལ་སོགས་པས། །དེ་ནི་སྐྲག་པར་བྱས་པར་བསམ། །དེ་བཞིན་འུག་པ་ཁྭ་ཏ་དང༌། །རིང་དུ་སྒྲ་འབྱིན་པ་སྤྲོས་པས། །མིག་དང་རྣ་བ་ལ་སོགས་པར། །རྩེ་ཞིང་དེང་པར་རབ་བསམས་ཏེ། །སྐྲག་ཅིང་འཇིགས་པར་བསམས་གྱུར་ནས། །དགྲ་བོ་ད་ཡི་མོད་ལ་འཆི། །དེ་བཞིན་སྦྲུལ་ནག་མགོ་བརྒྱ་པ། །རེ་རེ་ལྕེ་གཉིས་མཆེ་ཕྲེང་ཅན། །རྒྱུད་དང་གནས་དུག་བདག་ཉིད་སྤྲོ། །དཔྲལ་བར་དུག་བསམས་གདུག་པ་འཆི། །ཡང་ན་བདག་གི་ལག་པ་རུ། །ཐོ་བ་རབ་ཏུ་དྲག་པོ་བསམ། །བསྒྲུབ་བྱ་གོང་མས་མདུན་བཀུག་ལ། །འོག་མའི་སྔགས་ཀྱིས་སྙིང་གར་བརྡེག །དེ་བཞིན་ལག་ན་གནས་པ་ཡི། །རྡོ་རྗེ་སྟེ་གྲི་གཏུན་ཤིན་སོགས། །བསྒྲུབ་བྱ་བ་ཤིག་ཅིང་གཏུབ་བསམས་ན། །རྡོ་རྗེ་སེམས་དཔའ་འང་འཆི་བར་འགྱུར། །སྔགས་ཀྱི་ཆ་ལུགས་དྲན་བྱས་ནས། །ཕྱག་འཚལ་ལ་སོགས་སྦྱོར་བ་ཡིས། །སྤྲོས་བ་རྣམས་ཀྱིས་བསྒྲུབ་པའི་ཕྱིར། །སྔགས་འདི་བརྗོད་པར་བྱ་བའོ། །ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཱཾ། །ཨོཾ་ཧུ་ལུ་ཧུ་ལུ། ཏིཥྵ་ཏིཥྵ་བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གརྫྫ་གརྫྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། ཆེ་གེ་མོའི་སྲོག་ཛཱི་བི་ཏཱ་ན་ཀ་ར་ཡ་ཕཊ། སྔགས་རྒྱུད་སྦྱིན་སྲེག་ལས་རྣམས་ལ། །འདི་ཡི་ལས་ལ་དེ་མཆོག་ཡིན། །ཕྱོགས་བཅུ་སེམས་ཅན་ཐམས་ཅད་ལ། །འཚེ་ཞིང་གནོད་པ་འབྱུང་བ་ཡི། །དགྲ་རྣམས་འཇིག་པར་བྱེད་པ་ལ། །བསྐུལ་བ་དམ་པ་འདི་མཆོག་ཡིན། །སྔ་མ་བཞིན་དུ་ཐམས་ཅད་ལ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་མཆོག །རྡོ་རྗེ་སེམས་དཔའ་ལས་བྱུང་བའི། །དང་པོ་ལས་བྱུང་ཧྲི་བསྐྱེད་དོ། །དེ་ལ་ཏྲི་ཤཱུལ་ཧྲི་


DTG044_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་མཚན། །དེ་ཡིས་སངས་རྒྱས་ཐམས་ཅད་ཀུན། །མཁའ་འགྲོའི་གཟུགས་བྱས་ཧྲི་ལ་ཞུགས། །དེ་གཉིས་རྡོ་རྗེ་མཁའ་འགྲོར་བསྐྱེད། །དྲག་པོ་མི་སྡུག་ཁྲོས་པ་ནི། །ཨུཏྤལ་སྔོན་པོ་ལྟ་བུ་ལ། །གཡས་དཀར་གཡོན་དམར་ཕྱག་དྲུག་པ། །དང་པོ་རྡོ་རྗེ་མཁའ་འགྲོ་འཁྱུད། །གཡས་པ་ཏྲི་ཤཱུལ་རྡོ་རྗེ་བསྣམས། །གཡོན་པ་ཐོད་པ་རིན་ཆེན་འཛིན། །ཉི་མའི་གདན་ལ་བརྐྱང་བསྐུམ་དུ། །ཁྲོ་བོའི་རྒྱན་གྱིས་བརྒྱན་པ་བསྐྱེད། །དཀོན་མཆོག་གཞོམ་པ་ལ་སོགས་པའི། །བསྒྲུབ་བྱ་ནམ་མཁའི་དབུས་སུ་ནི། །ཁཾ་བསྐྱེད་དམར་གྱིས་རྒྱལ་བ་ལྟར། །བརྒྱངས་པའི་ཡེ་ཤེས་དྲང་བྱས་ནས། །མི་བསྐྱོད་པ་རུ་བསྐྱེད་བྱས་ཏེ། །ལུས་དེ་ཁང་སྟོང་ལྟ་བུར་བསམས། །བདག་གི་ལྕེ་ལ་ཧྲཱིཿ་བསམས་ཏེ། །དེ་ནི་འོད་ཟེར་མཐིང་ག་དང༌། །དཀར་སེར་དམར་པོ་ལྗང་ཁུའི་ཚོགས། །ལུས་དང་ཡན་ལག་བཞི་རུ་བསམ། །རང་གི་མཚན་མ་ཏྲི་ཤཱུལ་དང༌། །རྡོ་རྗེ་རིན་ཆེན་ཕུར་བུ་ཡིས། །གོངས་མ་རབ་ཏུ་ཕུག་བྱས་ཏེ། །བསམ་གཏན་སྔགས་ཀྱི་སྦྱོར་བ་ཡིས། །འོད་ཟེར་ལྔ་ཡིས་ཐོད་པ་རུ། །ཁྲག་དྲང་པ་ནི་བསམ་པར་བྱ། །ཧཱུཾ་ཧྲི་ཁཾ་བཛྲ་དྷྲྀཀ་ནི་ཨ་ནུ་ཀ་ས་མ་ཡ་རཀྟ་ཨཱ་ཀྲྵ་ཡ་ཙུ་ཤ་ཡ་ཧཱུཾ། བརྟན་པར་ཞག་བདུན་ཐུན་བཞི་རུ། །བྱས་པས་སངས་རྒྱས་ཆོས་སྐུ་ཡང༌། །སྐམས་པར་འགྱུར་ན་གདུག་པ་ཀུན། །སྨོས་ཅི་དགོས་ཏེ་དེ་ལྟ་ཡིན། །ཐམས་ཅད་སྔ་མ་བཞིན་བྱས་ཏེ། །བརྒྱུད་ཀྱིས་དབྱུག་སྔོན་འོག་བཞིན་བསྐྱེད། །མཆོད་པ་བཟླས་པ་མཉེས་བྱས་ལ། །སྔགས་རྒྱུད་ལྡན་པའི་ལས་བརྩམ་མོ། །ཤ་ཆེན་དུར་ཁྲོད་སོལ་བ་དང༌། །བལ་མི་ཁམས་ཁྲེ་ཙི་ཕུག །བསྒྲུབ་བྱའི་རྐང་རྗེས་རྣམས་དང་ནི། །བོང་བུའི་གཅིན་གྱིས་གཟུགས་བརྙན་བྱ། །དེ་ཡི་སྙིང་གར་དུར་རས་ལ། །སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ལ། །གནས་པའི་མེ་ཡི་དཀྱིལ་འཁོར་ཏེ། །བསྒྲུབ་བྱའི་མིང་དང་ཕྲེང་སྔགས་སྤེལ། །ཞི་བའི་ས་བོན་བཏོན་ནས་སུ། །ཧཱུཾ་ཕཊ་ལྡན་པར་མི་དགུག་པར། །དུག་ཁྲག་རྣམས་ཀྱིས་བྲི་བྱས་ལ། །དེ་ཡི་སྙིང་གར་གཞུག་པར་བྱ། །བསྒྲུབ་བྱ་བཀུག་སྟེ་བཅུག་བྱས་ན། །རབས་ཆད་ཐོད་པ་ཁ་སྦྱར་གཞག །ཤིན་ཏུ་ཁྲོས་པའི་གཡོན་པ་ཡིས། །མནན་ཏེ་བརྒྱ་དང་བརྒྱད་དུ་ནི། །ཉི་མའི་


DTG044_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གུང་དང་ནམ་ཕྱེད་དུ། །བཟླས་ཏེ་རྡོ་དང་རུས་པ་དང༌། །ནིམ་པའི་ལོ་མ་རྣམས་ཀྱིས་ནི། །གཟུགས་བརྙན་དེ་ནི་མནན་པར་བྱ། །ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཱཾ། ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱན་ནཱི་ལ་བཛྲ་དཎྜ། ཀུ་རུ་ཀུ་རུ། ལ་ཧུ་ལ་ཧུ། །ཧཱ་ཧཱ། ཀུ་ལ་ཀུ་ལ། ཀུ་ལ་པཱ་ཡ་ཀུ་ལ་པཱ་ཡ། ཀྲ་མ་ཀྲ་མ། བྷ་ག་བཱན། བ་ཡུ་བེ་གེ་ན། བུ་དན་ཤི་ཀྲན། ད་ཧ་ད་ཧ། ཧ་ར་ཧ་ར། བ་ཧ་བ་ཧ། ཧ་ན་ཧ་ན། བ་ཙ་པ་ཙ། མ་ཏ་མ་ཏ། མ་ཏ་པཱ་ཡ་མ་ཏ་པཱ་ཡ། སརྦ་ཀརྨ་ནི་ཚིནྡྷ་ཚིནྡྷ། བིནྡྷ་བིནྡྷ། བཀྵ་ཡ་བཀྵ་ཡ། མེ་ཏེ་མཾ་སརྦ་རུ་དྷི་ར། མ་མ་ས་མེད་མྫྫ་རུ་ཏི་པྲི་ཡ། ཨེ་ཧྱེ་ཧི་བྷ་ག་བཱན་སརྦ་བིགྷྣཱཾ། མཱུ་ལ་ཀརྨ་ནི། སརྦ་མཱུ་ལ་གྲ་ཧ་ན། ཧ་ན་ཧ་ན། བཉྫ་བཉྫ། མརད་མརད། ཨི་དི་མེ་གཉ་སྱ་ད་ཡ། ཧཱུཾ་ནཱི་ལ་ཡ་ནཱི་ལ་ཡ་བཛྲ། དྷ་ན་དྷ་ན། དུ་རུ་དུ་རུ། བིགྷྣཱཾ་བི་ནཱ་ཡ་ཀ་ནཱ་ཤ་ཡ། ཧུ་དྲུཾ་ཧུ་དྲུཾ། དཱིཔྟ་དྷ་དྷ་ཡ། སརྦ་མནྟྲ་ན་ཤ་ཏྲུ་ནཱན། ཧྲྀ་ད་ཡ་ནི། པྲི་ད་ཡ། ཚིནྡྷ་ཚིནྡྷ། བིདྱ་ནཱན། ཏིཥྛ་ཨ་ནུ་སྨཱ་ར་ཡ་ས་མ་ཡ་བཛྲ་ད་ར་པ་ཙ་ནཱན། ད་ར་མ་ནི་ནི་ཀྲིནྟ་ཧཱུཾ། ཧ་ན་ཧ་ན། ད་ཧ་ད་ཧ། དུ་རུ་དུ་རུ། ཀུ་རུ་དུ་རུ། ཕཊ་ཕཊ། ཧཱུཾ་ཧཱུཾ་ཀྲི་དྣྟ་ཡ། དཻ་བ་རྀ་ཥི་བིཪྻ་ཀ་པ་ཡ། བཛྲ་དན་ཏེ་ན་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། གཡེལ་མེད་པ་ཡིས་ཞག་བདུན་དུ། །མཚན་མ་མནན་ནས་བཟླས་བྱས་པས། །དེ་ཡི་ཉི་མ་ཁོ་ན་ལ། །གདུག་པ་རྣམས་ནི་གསོད་པར་བྱེད། །དེ་རུ་གལ་ཏེ་མ་གྲུབ་ན། །ནམ་ཕྱེད་དུས་སུ་དུར་ཁྲོད་དུ། །གང་གི་གཟུགས་བརྙན་ཁྱེར་ནས་ནི། །མི་རོ་བསྲེགས་པའི་ཐལ་བ་ལ། །མངོན་སྤྱོད་ཧོམ་ཁུང་གཞུང་བཞིན་བྱས། །ནིམ་པའི་མེ་ནི་སྦར་བྱས་ནས། །ཞལ་དང་སྤྱན་རྣམས་འགྱུར་བ་ཡི། །དབྱིག་སྔོན་ཁ་གདངས་དབུས་བསམས་ལ། །གཟུགས་བརྙན་མཚོན་ཆ་རྣོན་པོ་ཡིས། །གཡོན་པའི་རྐང་ནས་བཅད་གཏུབས་ནས། །གོང་གི་སྔགས་བཟླས་སྦྱིན་སྲེག་བྱ། །དེ་ཡི་མཚན་མོ་འཆི་བར་ངེས། །ཡང་ནི་ཁྲོ་བོ་གང་རུང་གི །བཟླས་པས་སྔགས་པ་དག་བྱས་ལ། །རབ་ཏུ་དབེན་པའི་གནས་དག་ཏུ། །འབུམ་ཕྲག་ཏུ་ནི་རང་སྔགས་བཟླས། །མ་མོའི་གནས་སམ་དུར་ཁྲོད་དམ། །ཁང་སྟོང་དང་ནི་བཞི་མདོ་དང༌། །ལིང་ག་གཅིག་པ་ཤིང་གཅིག་དྲུག །མངོན་སྤྱོད་ལས་ནི་བརྩམ་པའོ། །དབྱུག་སྔོན་ཅན་བསྲུང་རྫས་


DTG044_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི། །གཟུགས་བརྙན་མིང་དང་བཅས་བྱས་ནས། །གན་རྐྱལ་དུ་ནི་གཞག་བྱས་ཏེ། །དགུག་པ་སྔོན་འགྲོ་ཁ་སྦྱར་དབྱེ། །དེ་ནས་ཁྲོ་བོ་གང་རུང་གི །རྣལ་འབྱོར་ཁྲོས་བྱས་ཁྲག་ཆུ་ཡིས། །གཤེར་བའི་གོས་ནི་གྱོན་པའམ། །བཤད་གཅིས་ས་གཤེར་བའི་གོས་གྱོན་བྱ། །གཟུགས་བརྙན་རྐང་པས་མནན་ནས་ནི། །མངོན་སུམ་བཞིན་དུ་བསམས་བྱས་ནས། །རང་སྔགས་བརྒྱ་རྩ་བརྒྱད་དུ་བཟླ། །དེ་བཞིན་ཆུ་དྲོན་འབའ་ཞིག་གམ། །བཤད་གཅིས་གཤེར་བར་བྱས་པའི་གོས། །ངན་པ་རུལ་པ་དྲི་མནམ་པ། །བགོས་ཏེ་སྔོན་བཞིན་བཟླས་པ་བྱ། །དེ་བཞིན་ཐལ་པའི་སྐྱོ་མ་ཡིས། །གཤེར་བའི་གོས་གྱོན་ལུས་ངན་འཁྲུགས། །སྔོན་བཞིན་བརྒྱ་རྩ་བརྒྱད་བཟླས་ན། །རྡོ་རྗེ་སེམས་དཔའང་འཇིག་པར་འགྱུར། །ཡང་ན་གཅེར་བུར་རབ་ཕྱུང་སྟེ། །སྐྲ་བཤིག་ཐུར་དུ་འཕྱང་བྱས་ཏེ། །མཆེ་གཙིགས་མིག་ནི་བསྒྱུར་བྱས་ལ། །རྐང་བས་གཟུགས་བརྙན་མནན་ནས་ནི། །སྔོན་བཞིན་བརྒྱ་རྩ་བརྒྱད་བཟླས་ཏེ། །ལུས་ངག་ཡིད་གསུམ་ཁྲོ་བྱས་ནས། །ཐུན་བཞིར་ཞག་བདུན་སོགས་སྦྱར་བས། །ནམ་མཁའི་དབྱིངས་ཀྱང་འཇིག་པར་ནུས། །ཡང་ན་གོང་མའི་གནས་དེ་རུ། །རྣལ་འབྱོར་དེར་གནས་ཕུར་བུས་གདབ། །རོ་བསྲེགས་སོལ་དང་ཐལ་བ་དང༌། །ཆུ་ངོགས་པ་དང་ཕུབ་མ་དང༌། །རྐང་རྗེས་དང་ནི་བཤང་གཅིས་བརྫིས། །བསྒྲུབ་བྱའི་གཟུགས་བརྙན་སྙིང་ག་རུ། །སྐེ་ཆེ་དུག་དང་ལན་ཚྭ་དང༌། །ཉུངས་མར་སྣག་ཚས་དུར་རས་ལ། །ཁྲོ་བོ་རྡོ་རྗེ་རྩེ་ལྔ་པའི། །ལྟེ་བར་སྔགས་དང་མིང་སྤེལ་བའི། །རང་རང་སྔགས་ལྡན་མི་དགུག་པར། །བྲིས་ནས་སྙིང་གར་གཞུག་པའོ། །ཁ་སྦྱོར་དབྱེ་བ་སྔོན་འགྲོ་བའི། །དགུག་པས་གཟུགས་ལ་ཕབ་ནས་སུ། །མི་ཡི་རུས་པ་ལས་བྱས་པའི། །སོར་བརྒྱད་པ་ཡི་ཕུར་བུ་ལ། །རང་སྔགས་བརྒྱ་རྩ་བརྒྱད་དུ་བཟླས། །གཟུགས་བརྙན་སྙིང་གར་བཏབ་ནས་ནི། །དགྲ་ཡི་ཁྱིམ་མམ་སྒོའམ་ནི། །གྲོང་ལ་སོགས་པར་སྦ་བར་བྱ། །སངས་རྒྱས་སྐུ་གསུམ་མཆོག་སྦྱིན་པ། །ཤེས་དང་མི་ཤེས་རྣམ་སྤངས་པ། །ཟླ་བ་ཕྱེད་ནི་ཚུན་ཆད་ཀྱིས། །སྐམས་སམ་ཡང་ན་འཇིགས་པར་འགྱུར། །རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱིས། །མངོན་སྤྱོད་ལས་


DTG044_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བགེགས་དགྲས་སྦྱར། །དཀྱིལ་འཁོར་གསུམ་དང་རིགས་ལྔའི་ལས། །ཏིང་འཛིན་དག་པས་བྱེད་ཕྱིར་རོ། །དེ་ཡི་རྣལ་འབྱོར་སྔོན་བཞིན་བྱ། །གཟུགས་བརྙན་གོང་མ་བཞིན་བྱས་ལ། །དགུག་པ་སྔོན་དུ་འགྲོ་བ་ཡིས། །རྟག་པའི་སྦྱོར་བས་ལས་འདི་བྱ། །མི་ཡི་རུས་པའི་ཕུར་བུ་ལ། །སོར་བརྒྱད་རྩེ་མོར་འཁོར་ལོ་བསམ། །མེ་ཏོག་སྔོན་པོས་མཆོད་ཅིང་ནི། །འཁྱིལ་བའི་སྔགས་ནི་རིག་བཅས་བཟླ། །དེ་ཡིས་སྤྱི་བོར་བཏབ་གྱུར་ན། །རྟག་པ་ཡང་ནི་ཀླད་གཟེར་ཅན། །འགྱུར་ན་བདག་སེམས་ལྡན་པ་ཡི། །དགྲ་བོ་དག་ནི་སྨོས་ཅི་དགོས། །དེ་བཞིན་སེང་ལྡེང་རྩེ་མོ་ལས། །བྱས་པའི་ཕུར་བུས་པདྨ་ཅན། །བྱིན་གྱིས་བརླབས་བཟླས་སྔོན་བཞིན་མཆོད། །སྙིང་གར་བཏབ་ནས་ལིང་ག་དེ། །ཐོད་པ་ཁ་སྦྱར་ནང་བཅུག་སྟེ། །དུར་ཁྲོད་མེ་ལ་གདུང་བྱས་ན། །ཚ་བའི་ནད་ཀྱིས་འདེབས་བྱེད་པས། །དཔག་མེད་རྣལ་འབྱོར་གྱིས་བྱའོ། །དེ་བཞིན་མི་བསྐྱོད་རྣལ་འབྱོར་པས། །གསོད་བྱེད་ལྕགས་བྱས་ཕུར་བུ་ལ། །རྡོ་རྗེ་རྩེ་མོར་བྱིན་བརླབས་ལ། །མཆོད་ཅིང་སྔགས་བཟླས་སྙིང་གར་གདབ། །མེ་འབར་ནང་དུ་དེ་བཅས་བསྐུར། །དེ་ཡི་མོད་ལ་གང་སྦྱར་བའི། །སྐུ་གསུམ་འཇིག་པར་བྱེད་པ་སྟེ། །བདག་སེམས་ལྡན་པ་སྨོས་ཅི་དགོས། །བདུད་ཅི་འཁྱིལ་པའི་རྣལ་འབྱོར་གྱིས། །སྔོན་བཞིན་གཟུགས་བརྙན་རབ་བྱས་ལ། །དེ་མནན་ཁྲོ་བོ་བཀའ་ནོད་བསྒོ། །དེ་ནས་བཏང་ནས་བཀུག་སྟེ་གཞུག །སྔོན་མའམ་ཡམས་ནད་འཚེ་བའམ། །ཡུལ་དུ་སྣ་ཚོགས་འབྱུང་བྱེད་པ། །གཟུགས་བརྙན་དེ་ལ་ཕབ་ནས་ནི། །སྙིང་ག་ནས་ནི་རྐང་པའི་བར། །དེ་བཞིན་དུ་ནི་སྤྱི་བོའི་བར། །རྡོ་རྗེ་གསུམ་གྱི་སྔགས་བརྗོད་ཅིང༌། །གདུག་དང་སྡིག་པ་བསལ་བྱས་ནས། །ཆེ་གེ་ལུས་ངག་ཡིད་གསུམ་ལ། །རྡོ་རྗེ་ཕུར་བུས་ཐོབ་ཅེས་པའི། །སྔགས་ནི་གོང་མ་བཞིན་དུ་བརྗོད། །ཐུན་བཞིར་གཡེལ་མེད་ཞག་བདུན་དུ། །ཕུར་བུའི་རྣམ་འཕྲུལ་འདི་བྱའོ། །བསམ་གཏན་རྡོ་རྗེའི་སྦྱོར་བ་ཡིས། །སངས་རྒྱས་དག་ཀྱང་ངེས་པར་འབེབས། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཕུར་བུ་བཏབ་ནའང་མྱུར་དུ་འཆི། །དེ་བཞིན་བདུད་རྩི་འཁྱིལ་པ་ཡི། །རྣལ་འབྱོར་སྔོན་


DTG044_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རབ་བྱས་ཏེ། །ཁ་སྦྱོར་དབྱེ་བ་སྔོན་འགྲོ་བའི། །སྦྱོར་བ་བདུན་གྱིས་བསྒྲུབ་པར་བྱ། །དུར་ཁྲོད་ཐལ་བ་ལ་སོགས་ལ། །སྔོན་བཞིན་གཟུགས་དང་མིང་བཅས་པ། །དགུག་པ་སྔོན་འགྲོ་དུར་ཁྲོད་དུ། །སྐྲ་བཤིག་གཅེར་བུར་ཕྱུང་བྱས་ཏེ། །མཚན་མ་མནན་ནས་སྔོན་མ་ཡི། །སྔགས་ནི་བརྒྱ་དང་རྩ་བརྒྱད་བཟླ། །ཞག་ནི་བདུན་དུ་ཐུན་བཞི་རུ། །སྦྱོར་བ་དེ་ཡིས་ཁམས་གསུམ་འཇིག །རོ་བསྲེགས་ཐལ་བ་འབའ་ཞིག་ལ། །གཟུགས་བརྙན་ལ་སོགས་སྔོན་བཞིན་བྱས། །གོང་ལྟར་སྟོང་རྩ་བརྒྱད་བཟླས་ན། །སྦྱོར་བ་ཡིས་དེ་མོད་ལ་འཆི། །ཆུ་འགྲམ་གཉིས་ཀྱིས་བ་སོགས་ལ། །བསྒྲུབ་བྱའི་གཟུགས་བརྙན་རབ་བྱས་ཏེ། །སྐེ་ཚེ་ལན་ཚྭ་འབྲུ་མང་དང༌། །དུག་དང་ད་དུར་སྣག་ཚར་སྦྱར། །དུར་ཁྲོད་རས་ལ་དེ་ཡི་མིང༌། །སྔགས་སྤེལ་བྱིས་ནས་མིང་བཅུག་སྟེ། །གན་རྐྱལ་མགོ་ནི་བྱང་དུ་བསྟན། །སྲང་ཀོ་ཙ་དང་འབྱི་ཙེ་ཀ ། གཞན་མ་བཙོས་པས་དེའི་ལུས་ལ། །ཏིལ་འབྲུ་ཙམ་དུ་བཙགས་བྱས་ལ། །བསྐུལ་བའི་ཚིག་དང་སྔགས་བཅས་པ། །དགང་ཞིང་ཐུན་བཞིར་ཞག་བདུན་བྱས། །སྦྱོར་བ་དེ་ཡིས་སངས་རྒྱས་ཀྱང༌། །འཇིག་པར་འགྱུར་ན་གནོད་སྦྱིན་ཀུན། །སྨོས་ཅི་དགོས་ཏེ་དེ་ལྟ་ཡིན། །རུས་ཕྱེ་དུག་དང་ཁྲག་རྣམས་ལ། །གཟུགས་བརྙན་མིང་དང་བཅས་བྱས་ལ། །སོལ་ཁུར་སྤངས་བའི་གོས་གོན་ལ། །ཁྲོས་ནས་རྐང་པས་མནན་ཏེ་བཟླས། །ཆེ་གེ་མོ་རཀྵ་སེང་ཀྲ་ཧ་ཡ། བསྐུལ་བའི་ཚིགས་བཅད་ཐུན་བཞི་རུ། །ཞག་བདུན་བཟླས་པས་དགྲ་བོ་དེ། །སྲིན་པོས་ཁྱེར་བར་གདོན་མི་ཟ། །སྐེ་ཚེ་མར་དང་བཤང་གཅིར་སྦྱར། །གཟུགས་བརྙན་ཡོག་པར་བླུགས་བྱས་ལ། །བདུད་རྩི་འཁྱིལ་པའི་རྐང་པ་མཆོག །མེ་ཡི་འཁོར་ལོར་བྱིན་གྱིས་བརླབ། །པྲ་ཤ་ཛ་ལ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། གོང་གི་སྔགས་སྤེལ་ཐུན་བཞི་རུ། །ཞག་བདུན་གཡེལ་མེད་སེམས་ཀྱིས་བསྒྲུབ། །ཚ་བའི་ནད་ཀྱིས་འདེབས་པར་བྱེད། །གང་ཡང་རུང་པའི་རྣལ་འབྱོར་པས། །ཐམས་ཅད་སྔ་མ་བཞིན་བྱས་ལ། །ཕྲན་ཚེགས་རྡོ་རྗེ་གསང་བ་ཡི། །གསང་བའི་ལས་འདི་བསྒྲུབ་པའོ། །རྡོ་རྒྱུས་སམ་དུར་ཁྲོད་སོལ་བ་ལ། །དེ་ཉིད་གསུམ་གྱི་བར་བཅུག་


DTG044_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ཁཾ་ནི་བརྒྱ་རྩ་བརྒྱད་བཟླས་ན། །དུར་ཁྲོད་ས་ལ་སྦྲུལ་གཟུགས་བྲི། །ནག་པོ་མི་སྡུག་འཇིགས་བྱེད་པ། །འོད་འབར་སེམས་འཁྲུགས་མཆེ་ཕྲེང་གཏམས། །ལྕེ་གཉིས་མྱུག་པ་མིག་བགྲད་པ། །མཇུག་མ་རྡེབ་པའི་ཚུལ་ཅན་ནོ། །དེ་ཡི་ཁ་རུ་མི་བཟད་དུག །སྲེག་བྱེད་ལྟ་བུ་དམར་ནག་ཏུ། །གནས་པའི་ཡི་གེ་ཁཾ་བསམས་ཏེ། །དེ་ཡིས་སྦྲུལ་དེ་གནས་ལས་བསྐྱོད། །དེ་ཡི་ལྕེ་ཡི་རྩེ་མོ་ལ། །ཧྲཱི་ལྗང་ཁུ་ཡི་ལྕགས་ཀྱུ་ཡིས། །རྒྱུ་བ་དང་ནི་གནས་པའི་དུག །ཧ་ལ་ཧ་ལ་སོགས་ཀུན། །བཀུག་སྟེ་བསྡུས་ནས་ཁྱེར་འོངས་ནས། །ལྕེ་ཡི་རྩེ་ལ་གཞུག་པར་བྱ། །དེ་ཡིས་ཁམས་གསུམ་དུག་བླངས་ནས། །དེ་ཉིད་དུག་གིས་གང་བར་བསམ། །ཨོཾ་ཀྲྀཥྞ་སརྦ་ཆེ་གེ་མོའི་དཔྲལ་གྲྀཧྞ་ན་ཁཾ་ཧྲི་ཕཊ། བརྗོད་པས་དེ་སོད་དཔྲལ་བར་བཟུང༌། །མཆེ་བས་ཕུག་སྟེ་ལྕེས་རིག་པས། །རྡོ་རྗེ་འཆང་བ་ཆེན་པོ་ཡང༌། །དུག་གིས་འཆི་ངེས་དོགས་པ་མེད། །དེ་ཁོ་ན་བཞིན་སྡིག་པ་དང༌། །སྲེ་མོང་ལྟ་བ་ཨེ་ན་པ། །ཆུ་སྦྲུལ་རླུང་སྦྲུལ་ལ་སོགས་པ། །ས་ཡི་ཟས་ཅན་སྦལ་པ་ལས། །བསྒྲུབ་བྱ་འཛིན་དུ་གཞུག་པའི་ཕྱིར། །བྲི་བའི་རྫས་དང་གཟུགས་དང་བསྐུལ། །བདུག་པ་ཀུན་ནས་རྦད་བཏང་བས། །དེ་ཡིས་མི་འཆི་དོགས་པ་མེད། །གཤིན་རྗེ་གཤེད་ཀྱི་སྦྱོར་ལྡན་པས། །ཐམས་ཅད་སྔ་མ་བཞིན་བྱས་ལ། །དཀོན་མཆོག་གནོད་བྱེད་གཞོམ་པའི་ཕྱིར། །སྦྱོར་བ་བཞི་ཡིས་བསྒྲུབ་པར་བྱ། །ཨོཾ་ཧྲཱིཿ་ཥྚྲཱིཿ་ཝི་ཀྲྀ་ཏཱ་ན་ན་ཆེ་གེ་མོ་པ་ཏ་ཡ་ཧཱུཾ་ཕཊ། དེ་ཡིས་དུར་ཁྲོད་སོལ་བ་ལ། །སྟོང་རྩ་བརྒྱད་ནི་བཏབ་ནས་ཀྱང༌། །རོ་བསྲེགས་ཤུལ་གྱི་ས་ལ་ཡང༌། །བསྒྲུབ་བྱའི་གཟུགས་བྲིས་བཀུག་སྟེ་གཞུག །བཀས་བའི་བསམ་པས་སོལ་བ་དེ། །གོང་གི་སྔགས་བཟླས་སྦུ་གྲི་ལྟར། །བསམས་ཏེ་མགུལ་པའམ་སྤྱི་བོ་ནས། །དེ་ལྟར་ཐུན་བཞིན་ཞག་བདུན་སྦྱར། །སྤྱི་བོ་འགས་སམ་མགོ་འཆད་པར། །འགྱུར་བར་འདི་ལ་སོམ་ཉི་མེད། །དེ་བཞིན་དེ་འདྲའི་རྣལ་འབྱོར་པས། །དེ་ཉིད་ལག་པ་གཡས་པར་འགྱུར། །མདུན་དུ་བསྒྲུབ་བྱའི་ལུས་བསམས་ལ། །སྔགས་འདི་ཉིད་ཀྱིས་བསྣུན་ཞིང་བརྒྱབ། །ཨོཾ་ཧྲཱི་:ཥྚྲཱཿཝི་ཀྲྀ་ཏཱ་ན་ན་ཆེ་གེ་མོ་མུ་ཁ་ར་ཨ་ཏ་ཡ་ཧཱུཾ་ཕཊ། དེ་ཡིས་


DTG044_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་བཞིར་ཞག་བདུན་དུ། །བསྣུན་ཞིང་བརྡུངས་པས་བསྒྲུབ་བྱ་དེ། །གཡང་དུ་ལྟུང་ནས་འཆི་བར་ངེས། །ཡང་ན་དེ་ཡི་རྣལ་འབྱོར་གྱིས། །གཡས་པར་ཧཱུཾ་ལས་བྱུང་བ་ཡི། །རྡོ་རྗེ་རྩེ་ལྔས་བསྒྲུབ་བྱ་ཡི། །ལུས་ལ་བསྣུན་ཞིང་འདི་བརྗོད་དོ། །ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཆེ་གེ་མོ་བཛྲ་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ། དེ་ཡིས་ཐུན་བཞིར་ཞག་བདུན་དུ། །ཁ་ཕྱེ་བསྣུན་པས་བསྒྲུབ་བྱ་དེ། །སྲིན་པོ་ལ་སོགས་འཇིགས་པར་བྱེད། །དེ་ལྟར་དེ་ཡི་རྣལ་འབྱོར་གྱིས། །སྔོན་བཞིན་སྔགས་བཏབ་རྡོ་རྒྱུས་སམ། །སོལ་བས་དུར་ཁྲོད་ས་གཞི་ལ། །བསྒྲུབ་བྱ་ཕོ་མོའི་གཟུགས་བྲིས་ལ། །ཧཱུཾ་བསྐྱེད་སྟ་གྲི་ལག་པར་བསམ། །ཁྲོས་ཏེ་མགུལ་པར་སྔགས་བཟླས་ནས། །མིད་པ་བཅད་པར་བསམ་པ་ནི། །སྦྱོར་བ་ཐུན་བཞིར་ཞག་བདུན་དུ། །ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཆེ་གེ་མོ་ཝཱཀ་ཏི་པ་ཏ་ཧཱུཾ་ཕཊ། བརྗོད་ཅིང་གཡེལ་བ་མེད་པ་ཡིས། །བཟླས་པས་བསྒྲུབ་བྱ་མགུལ་འགགས་ནས། །ཁ་ཟས་མི་ཐར་ནད་ཀྱིས་འཛིན། །དེ་བཞིན་བགེགས་དགྲའི་སྦྱོར་བ་ཡིས། །རོ་བསྲེགས་ཐལ་བ་རུས་ལ་སོགས། །ཁྲོ་བོ་ཉི་ཤུའམ་དེ་ཕྱེད་ཀྱིས། །མེ་ཐབ་དཀྱིལ་འཁོར་གྲུ་གསུམ་བྱ། །མར་ཆེན་དུད་པས་ཁ་དོག་བསྒྱུར། །ཁ་ཕྱེ་རྡོ་རྗེ་རྩེ་གསུམ་པས། །དབུས་སུ་ཁ་ཁྱེར་གསུམ་བྱས་ཏེ། །ཚེར་མའི་མེ་ནི་ཁྲོས་ནས་སྦར། །བཤད་པའི་ཆོ་གས་མེ་ལྷ་བསྐྱེད། །གོང་གསུངས་རྫས་བྱས་གཟུགས་བརྙན་གཏུབ། །དེ་ཡི་ཞལ་དུ་ལན་གསུམ་དུ། །གང་བའི་སྦྱིན་སྲེག་དབུལ་བར་བྱ། །དེ་ཡི་ཡེ་ཤེས་སེམས་དཔའ་རུ། །བདུད་རྩི་འཁྱིལ་པ་ཞལ་གདངས་པ། །ཧཱུཾ་ལྗགས་མཆེ་བ་རྣོན་པོ་ཅན། །ཁྲོ་དང་ལྡན་པ་སྔོན་བཞིན་བསམ། །སྲོག་སོང་སྟེང་ངམ་སྲ་བའམ། །ཡང་ན་ཅི་ཡང་མེད་པ་རུ། །རྐང་པས་རྐང་པ་མནན་ནས་སུ། །སོས་ནི་སོ་ཡང་འཆའ་བར་བྱེད། །བ་ལང་ཤ་དང་ཁྱི་ཡི་ཤ །ཟངས་ཕུད་ཅན་སོགས་ཤ་རྣམས་ནི། །བསྒྲུབ་བྱའི་ཡན་ལག་ཏུ་བསམས་ལ། །གོང་མའི་སྔགས་ཀྱིས་སྦྱིན་སྲེག་བྱ། །ཤ་ཆེན་འབའ་ཞིག་ཁོ་ན་ལ། །དགྲ་ཡི་གཟུགས་བརྙ་ན་བྱས་ནས་ནི། །དེ་ཡི་ཞལ་དུ་སྦྱིན་སྲེག་བྱས། །རྡོ་རྗེ་ལས་བྱུང་འཇིག་པར་བཤད། །སྔོན་བཞིན་དགྲ་ཡི་གཟུགས་བརྙན་ལ། །བཤང་གཅི་འབྲུ་མར་བཅས་བྱུགས་ནས། །སྔོན་


DTG044_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སྔགས་དང་བསྐུལ་བར་བྱ། །ཚེར་མའི་མེ་ལ་ཁྲོས་ཏེ་བསྲེག །ཐུན་བཞིར་ཞག་བདུན་བརྒྱ་རྩ་བརྒྱད། །བཟླས་པས་སངས་རྒྱས་ཀྱིས་སྦྱར་བའི། །ལས་ཀྱང་འཇིག་ན་དགྲ་བོ་ཡི། །སྦྱར་བའི་ལས་ནི་སྨོས་ཅི་དགོས། །བསད་པས་དེ་དག་ཐམས་ཅད་ཀུན། །ཐུགས་རྗེས་བཟུང་ཕྱིར་རྣལ་འབྱོར་ཆེས། །གཉིས་བྲལ་འདས་པའི་དེ་མ་ཐག །འཇུག་པའི་ལས་འདི་བརྩམ་པའོ། །དེ་དག་རྣམས་ཀྱིས་དངོས་པོ་རྣམས། །མ་སྐྱེས་པར་ནི་གཞིག་ནས་ཀྱང༌། །འབྲས་བུ་མྱོང་བར་ངེས་པའི་ཚུལ། །ཡེ་ཤེས་རང་རིག་ཆེན་པོ་མཆོག། ས་བོན་འོད་ཟེར་གྱིས་བཀུག་ནས། །ཞལ་དུ་ཞུགས་ནས་ཞུ་གྱུར་ཏེ། །རྡོ་རྗེ་ལམ་བྱུང་པདྨར་གནས། །ཡེ་ཤེས་བདུད་རྩིའི་གཟུགས་གྱུར་ལ། །སྤྱན་སོགས་ལྷ་མོས་བསྐུལ་པ་ལ། །ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན། །སྤྲོ་བསྡུས་མི་བསྐྱོད་རྡོ་རྗེར་བསྐྱེད། །ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབ། །རང་ལས་དགུ་གཉིས་དྲུག་ཕྱུང་ནས། །གཉིས་དང་གསུམ་དུ་རྫོགས་བྱས་ལ། །དང་པོ་རྟོག་པ་ཡོངས་དག་ཕྱིར། །སྔགས་ཀྱིས་ཕུར་བུ་དབྱུང་བར་བྱ། །ཨོཾ་ཨཱཿ་བཛྲ་ཀཱི་ལི་ཀི་ལཱ་ཡ་ཧཱུཾ། ཕྱུང་ནས་དེ་ཡི་གནས་སུ་ཡང༌། །རང་གི་ཡེ་ཤེས་འཁོར་ལོ་ཅན། །གནས་བཅས་བསམས་ནས་འོད་ཟེར་གྱིས། །སྔོན་བཞིན་རང་སྒྲ་སངས་རྒྱས་སུ། །བསྐྱེད་དང་དེས་བསྐྱེད་ལྷ་མོའི་ཚོགས། །བདུད་རྩི་ལྔས་གང་བུམ་པ་ཡིས། །དབང་བསྐུར་དེ་དང་བླ་མར་བཅས། །ཞུགས་པས་རྡོ་རྗེ་སེམས་དཔར་བསྐྱེད། །ཨོཾ་བཛྲ་དྷྲྀཀ་སྔགས་ཀྱིས་ཕྱུང་སྟེ། །མདུན་དུ་རླུང་གི་དཀྱིལ་འཁོར་སྟེང༌། །འཁོར་ལོ་བཅས་པ་མོས་བྱས་ལ། །མཆོད་བསྟོད་བདུད་རྩི་མྱང་བ་བྱ། །ཨ་ཧོ་ཡཾ་གི་སྔགས་བརྗོད་པས། །རླུང་གིས་བཏེག་ནས་མངོན་དགའ་རུ། །གཤེགས་སུ་གསོལ་བའི་སྔགས་འཕངས་པས། །དེ་དག་སྲས་སུ་སྐྱེ་བར་ངེས། །རང་རང་ལྷ་ཡི་སྦྱོར་བའམ། །དེ་ཡི་གནས་པ་གང་རུང་དུ། །བློ་གྲོས་ལྡན་པའི་རྣལ་འབྱོར་པས། །སྦྱོར་བ་དེ་ཁོན་ཡིས་བྱ། །གཉིས་པོ་རང་ཞུགས་དེ་མ་ཐག །དེ་ཡི་ཡེ་ཤེས་རང་ལྷའམ། །ཞེ་སྡང་དག་པའི་སྦྱོར་ཁོ་ནས། །གོང་མ་བཞིན་དུ་རབ་ཏུ་བརྩམ། །བདག་མེད་སེམས་མེད་བེམས་པོ་ནི། །


DTG044_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་གྱིས་ནི་གཞིག་བྱས་པས། །གོང་གི་སྦྱོར་བས་འབྲས་བུ་ཆེ། །མཇུག་ཏུ་བརྩམ་མི་དགོས་པར་འབྱུང༌། །དེ་ལྟར་ཐབས་དང་སྔགས་ལྡན་པས། །འཁོར་བའི་འོག་མའི་རྒྱུ་ལྡན་པ། །བསད་པས་རང་དང་གཞན་དག་པས། །མ་འཁྲུལ་པ་རུ་གསུངས་བའོ། །སྲེད་པ་ཞེ་སྡང་གིས་བསླང་བའི། །སེམས་ཀྱིས་གསོད་པའི་གཏི་མུག་ཅན། །ཐབས་མེད་ཡེ་ཤེས་དང་བྲལ་བས། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ད་ནི་གནས་ནས་སྤྲོ་བའི་ཆོ་ག་བཤད་པར་བྱའོ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །ཐམས་ཅད་སྣ་མ་བཞིན་བྱས་ལ། །གཉིས་ཀྱི་རབ་ཏུ་བསྒྲུབ་བྱས་པ། །གསུམ་པ་ལས་འདི་བརྩམ་པའོ། །ཐོད་བ་སྲུབས་ནི་གང་བ་དག །ཕོ་དང་མོ་ཡི་བསྐྲད་པ་ལ། །དེ་ཡི་རིགས་པས་བཙལ་བྱས་ལ། །གནོད་བྱེད་ཡུལ་གཞན་དབྱུང་བར་བྱ། །ཨ་རི་ལོ་མའི་ཁུ་བ་དང༌། །རྐང་པ་གཡོན་པའི་སྲིན་ལག་ཁྲག །སྣག་ཚར་བྱས་ཏེ་བྱ་རྒོད་ཀྱི། །སྐྲོག་རྩའི་སྨྱུ་གུས་བྲི་བར་བྱ། །མགར་བའི་དུར་ཁྲོད་རས་མ་ལ། །གཞུ་འདྲ་རླུང་གི་དཀྱིལ་འཁོར་སྟེང༌། །རལ་གྲི་ཡིས་ནི་མཚན་པ་བྲི། །དེ་སྟེང་སྒྲུབ་བྱའི་གཟུགས་གཞག་ལ། །གོང་གི་རས་ལ་དེ་ཡི་མིང༌། །སྔགས་ཀྱི་བར་བཅུག་ཆེ་གེ་མོ། །ཨུཙྪ་ཏ་ཡ་ཕཊ་བྲིས་ལ། །དེ་ཡི་སྙིང་གར་གཞུག་པར་བྱ། །བཀུག་སྟེ་བཅུག་ནས་དེ་དཀྲིས་ལ། །ཐོད་པ་རུ་ནི་བཅུག་བྱས་ཏེ། །ཁྲོ་བོའི་ཚིག་གི་རང་རང་སྔགས། །རིག་དང་བཅས་པར་བརྒྱ་རྩ་བརྒྱད། །ཐུན་བཞིར་ཞག་བདུན་བཟླས་བྱས་ནས། །ཁྱིམ་མམ་གྲོང་གནམ་སྒོ་དག་ཏུ། །སྦས་ཏེ་བཞག་ན་དུས་དེ་རུ། །སངས་རྒྱས་དཔུང་ཡང་སྐྲོད་པར་འགྱུར། །དེ་བཞིན་ཏཱ་ལའི་ལོ་མ་ལ། །གྲོ་གའམ་ཤོག་ཤོག་རས་ལ་སོགས། །སྣོད་མེད་ཆོ་གས་གོང་མ་ལྟར། །སྟོད་རྩ་བརྒྱད་ནི་རིག་བཅས་བཟླས། །དགྲ་ཡི་ཁྱིམ་མམ་སྒོ་དག་ཏུ། །སྦས་ཏེ་བཞག་ན་མྱུར་བ་རུ། །དཀོན་མཆོག་འཇོམས་པའི་དགྲ་བོ་ཆེ། །སྐམས་སམ་འཆིའམ་སྐྲོད་པར་ངེས། །ལས་དེ་བདུད་རྩེ་འཁྱིལ་པ་ཡི། །སྦྱོར་བ་ཡིས་ཀྱང་རབ་ཏུ་བསྒྲུབ། །ཐམས་ཅད་སྔ་མ་བཞིན་བྱས་ལ། །ཆོ་ག་འདི་ནི་རབ་ཏུ་བརྩམ། །རྒྱལ་མཚན་རས་ནི་ཆག་གང་ལ། །གྲུ་བཞི་ལྷམ་པར་ཁ་ཏི་དང༌། །ཨ་རི་


DTG044_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཡི་ལོ་མ་དང༌། །རོ་བསྲེགས་སྨྱོ་བྱེད་སོལ་བ་དང༌། །མུ་ཟིའི་དུག་དང་རྐང་གཡོན་གྱི། །མིང་མེད་ཁྲག་ལ་སྣག་ཚར་བྱས། །ཁྭ་ཡི་གཤོག་པའི་སྨྱུ་གུ་ཡིས། །རླུང་གི་དཀྱིལ་འཁོར་གཞུ་འདྲ་ལ། །ཕྱོགས་བཞི་མཚམས་བརྒྱད་རྩེ་བསྟན་པའི། །རལ་གྲི་བརྒྱད་པའི་འཁོར་ལོ་ལ། །དེ་དབུས་བསྒྲུབ་བྱའི་གཟུགས་བྲིས་ལ། །དེ་ཡི་སྙིང་གར་ཕྲེང་སྔགས་ནི། །གོང་གི་རིག་པ་དང་བཅས་པ། །དགུག་མེད་བྲིས་ནས་སྙིང་གར་གླན། །བཀུག་སྟེ་བཅུག་ནས་རྐང་གཡོན་གྱིས། །མནན་ཏེ་བརྒྱ་དང་རྩ་བརྒྱད་བཟླས། ན་མཿས་མནྟ་ཀྵ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾ་ཥྚྲོའ་ཊ། །ཀ་ཊ་བྷཻ་ར་བ་ཡ། །ཨ་སི་མུ་ས་ལ་པ་ར་ཤུ། །བཱ་ཤ་ཧསྟཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལིཁ་ཁ་ཁཱ་ཧི་ཁཱ་ཧི། །ཏྸྀཥྛ་ཏྀཥྛ། བནྡྷ་བནྡྷ། །ཧ་ན་ཧ་ན། པ་ཙ་པ་ཙ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། །སརྦ་བིགྷྣཱཾ། བི་ནཱ་ཡ་ཀ་ནཾ། ཆེ་གེ་མོ་ཨུཙྪ་ཏ་ཡ་ཕཊ། དེ་ཡང་ཕྱག་འཚལ་མཇུག་ཏུ་ཡང༌། །བསྐུལ་བ་འདི་ནི་བྱ་བ་དང༌། །ཕྱག་འཚལ་བསྐུལ་དང་བོད་པ་དང༌། །ལས་བརྒྱད་དེ་དག་ཏུ་ཤེས་བྱ། །དེ་ལྟར་བསྔགས་ནས་རས་མ་དེ། །མ་མོ་ལ་སོགས་གནས་སུ་སྦ། །སངས་རྒྱས་དཔུང་ཡང་སྐྲོད་བྱེད་ན། །བགེགས་ཀྱི་གནོད་པ་སྨོས་ཅི་དགོས། །ད་ནི་བསྒྲུབ་བྱ་སྲིན་པོ་ལ་སོགས་པས་འཛིན་དུ་གཞུག་པའི་ཆོག་བཤད་པར་བྱའོ། །ཐམས་ཅད་སྔ་མ་བཞིན་བྱས་ལ། །གཞན་གྱིས་མི་ཐུབ་རྣལ་འབྱོར་གྱིས། །གསུམ་པའི་དུས་སུ་རྫས་ལྡན་པར། །ཆོ་ག་འདི་ཡིས་ལས་འདི་བྱེད། །རྒྱལ་མཚན་དང་ནི་མཚོན་བསྣུན་དང༌། །ཤི་བའི་ཐོད་པ་གཉིས་བཙལ་ལ། །དུར་ཁྲོད་ཀྱི་ནི་སོལ་བ་ལ། །ཁྲོ་བོའི་སྔགས་ནི་རིག་བཅས་བཟླས། །དེ་ཡི་ཐོང་པར་སྲིན་པོའི་གཟུགས། །འཇིགས་རུང་གྱེན་བརྫེས་མཆེ་གཙིགས་པ། །ཤ་རློན་ཟ་ཞིང་ཁྲག་འཇག་པ། །གཡས་གཡོན་རོ་ལངས་གྲི་དང་ནི། །སྡིགས་འཛུབ་བྱད་པ་ཧཱུཾ་བསྐྱེད་བྲི། །དེ་ཡི་སྙིང་གར་རུས་ཕྱེ་དང༌། །དུག་དང་མ་ཐེའུ་ཆུང་ཁྲག་གིས་ནི། །ཆེ་གེ་མོ་ནི་ཟུང་ཤིག་བྲི། །ཡང་ནི་ཐོད་པ་གཉིས་པ་ལ། །བསྒྲུབ་བྱའི་རྐང་རྗེས་ས་དང་ནི། །རོ་བསྲེགས་དང་ཐལ་བ་དང༌། །སོལ་བ་གཅིན་གྱིས་སྦྲུས་བྱས་ལ། །དེ་ཡི་གཟུགས་བརྙན་བྱས་


DTG044_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སུ། །དུག་དང་རུས་ཕྱེ་མཛུབ་མོའི་ཁྲག །མིང་དང་སྔགས་བཅས་ཏ་ལེར་བྲིས། །དེ་ཡིས་སྙིང་གར་གཞུག་པར་བྱ། །གཉི་ག་བཀུག་སྟེ་བཅུག་བྱས་ནས། །དེ་ནི་འོག་བཞག་གོང་མ་སྟེང༌། །སྲིན་པོ་དེ་ཡིས་བསྒྲུབ་བྱ་རྣམས། །བཟུང་བར་བསམས་ནས་ཁྲོས་བྱས་ཏེ། །ནག་པོ་གཉིས་ལ་དུར་ཁྲོད་དུ། །ནམ་ཕྱེད་སོང་ནས་བསྒྲེང་བྱས་ཏེ། །སྔགས་བཟླས་སྲིན་པོའི་འཛིན་པར་འགྱུར། །ན་མཿས་མནྟ་ནཾ། ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཱཾ། ཨོཾ་ཧཱུཾ་ཛིན་རི་ཏ་ཆེ་གེ་མོ་རཀྵ་གྷི་ཧ་ནཾ་ཧཱུཾ་ཕཊ། དེ་བཞིན་སྦྲུལ་དང་སེངྒེར་དང༌། །འབྱུང་པོ་སྡིག་ལ་སོགས་པ་རྣམས། །ཆོ་ག་གོང་བཞིན་གཉིས་པར་བྲི། །གོང་གི་སྔགས་དེ་རིགས་བཅས་བཟླ། །གཡེང་མེད་གཉིས་ཀྱི་མཚན་དུས་སུ། །ཁྲོས་ནས་བསྒྲེང་ཞིང་བཟླས་བྱས་པས། །གལ་ཏེ་མི་བསྐྱོད་ཡིན་ན་ཡང༌། །དེ་དག་རྣམས་ཀྱིས་འཛིན་པར་འགྱུར། །དེ་དག་ཐོར་བར་བྱེད་འདོད་པས། །འཛིན་བྱེད་དེ་དག་ཐམས་ཅད་ཀུན། །བསྒྲུབ་བྱའི་ལུས་ལ་བསྡུས་བྱས་ལ། །རྐང་པ་གཉིས་ཀྱིས་མཉེ་བར་བྱ། །ལག་གཉིས་འབར་བའི་རྡོ་རྗེར་བསྐྱེད། །དེ་ཡིས་དབྱུག་པས་བརྡུང་བར་བྱ། །རྡོ་རྗེ་འབར་བས་བརྡུང་བ་དང༌། །སྔོན་གྱི་སྔགས་བཟླས་ལྕུག་མས་གདབ། །ཆེ་གེ་མོ་རཀྵ་ས་འདི་ཕྱི་མོ་ཙ་ཡི། །སྲིན་མོ་མ་རུངས་གཏུམ་མོ་དང༌། །འཇིགས་པ་ཆེན་པོས་འཁྲུགས་པ་ལ། །སྦྱོར་བ་དེ་ཡིས་རབ་སྦྱར་ན། །ཆོ་ག་བཞིན་དུ་གྲོལ་བར་བྱེད། །ད་ནི་དགུག་པའི་ཆོ་ག་རྒྱས་པར་བཤད་པར་བྱའོ། །རི་མོའི་དཀྱིལ་འཁོར་བྲིས་ནས་སུ། །ལྷ་ཡིས་དབང་བསྐུར་ཡན་ཆད་ནི། །ཐམས་ཅད་གོང་མ་བཞིན་བྱས་ལ། །བསམ་གཏན་འཁོར་ལོས་དགུག་པར་བསྒྲུབ། །རྣམ་པར་སྣང་མཛད་སྦྱོར་བ་ཡི། །འཁོར་ལོ་ཆེན་པོ་རྣམ་པར་བསམས། །མཆོད་བསྟོད་བདུད་རྩི་མྱང་བྱས་ལ། །ལྕགས་ཀྱུ་གནས་ནི་བསྒོམ་པར་བྱ། །ཨོཾ་ཨཱཿཛིན་ཀ་ཆེ་གེ་མོ་སེམས་ཅན་ནམ་སེམས་ཅན་མ་ཡིན་པ་ཨཱ་ཀཪྵ་ཡ་ཛཿ། བརྗོད་པས་དེ་ལས་རབ་འཕྲོས་པས། །ལྕགས་ཀྱུ་ཞགས་པས་མཚན་པ་ཡི། །ལྷ་ཡི་སྐུ་ནི་མངས་པོ་དག །བསྒྲུབ་བྱ་འགུགས་ཕྱིར་སྤྲོ་བར་བྱ། །དགུག་བྱ་མིང་གི་ཡི་གེས་བསྐྱེད། །ཡཾ་བྱུང་རླུང་དཀྱིལ་ལ་བཞག་སྟེ། །ལྕགས་ཀྱུས་སྙིང་བཏབ་ཞགས་


DTG044_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཅིངས། །རླུང་གིས་བཏེག་ནས་འོད་བར་བསམ། །རྡོ་རྗེ་པདྨ་འཁོར་ལོ་སོགས། །མཚན་མའི་ལྷ་རྣམས་སྤྲོས་བྱས་ནས། །དེ་ཡིས་བཏབ་པས་དེ་བཞིན་དུ། །དགུག་པར་ཐེ་ཚོམ་མེད་པའོ། །ལཾ་གིས་ཕབ་སྟེ་མདུན་བཞག་ནས། །སྔོན་བཞིན་ལྷ་མོ་གཉིས་ཀྱིས་ནི། །འཚེ་བ་བཟློག་ནས་བཀའ་ནོད་བསམ། །དེ་ལྟར་སྦྱོར་བས་ཞག་བདུན་དུ། །ཐུན་བཞིར་རབ་ཏུ་སྦྱར་བྱས་ནས། །དགུག་ལས་མི་འདའ་ཀུན་གྱིས་ཀྱང༌། །སྒྲུབ་པོ་ལས་ཐབས་བྱེད་པར་འགྱུར། །དེ་བཞིན་མི་བསྐྱོད་རྡོ་རྗེ་དང༌། །རྣམ་པར་སྣང་མཛད་འོད་དཔག་མེད། །འཁོར་ལོ་ཆེན་པོའི་སྦྱོར་བ་ཡིས། །ལྕགས་ཀྱུས་གནས་བསམ་རང་སྔགས་བརྗོད། །ཨོཾ་ཨཱཿབཛྲ་དྷྲྀཀ་ཆེ་གེ་མོ་ཨཱ་ཀཪྵ་ཡ་ཛཿ། ཨོཾ་ཨཱཿཨ་རོ་ལྀཀ་ཆེ་གེ་མོ་ཨཱ་ཀཪྵ་ཡ་ཛཿ། གཞན་ཀུན་སྔོན་བཞིན་དཔག་བྱས་ལ། །མཐུན་བཞིར་ཞག་བདུན་སྦྱོར་བ་ཡིས། །རྡོ་རྗེ་གསུམ་གྱི་ནུས་པ་ཡང༌། །འགུགས་འགྱུར་བསྒྲུབ་བྱ་སྨོས་ཅི་དགོས། །སེམས་ཀྱི་སྤྱོད་པ་གཞན་བྲལ་བས། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་བས། །དེ་ཡི་བསམ་གཏན་འབའ་ཞིག་གིས། །དགུག་པ་དག་ནི་ཐབས་སུ་གསུངས། །དགའ་དང་དགའ་བ་རབ་དགའ་ཡི། །སྐྱེད་པ་གོང་དུ་མངོན་བྱས་ལ། །བསྒྲུབ་བྱ་ཡེ་ཤེས་ངོ་བོ་རུ། །བྱས་ཏེ་གཉིས་པར་ཆུད་བྱས་ཏེ། །མ་འཕྲོས་རྩི་གཅིག་པ་ཡིས་གཟུང༌། །ཡེ་ཤེས་གསུམ་གྱིས་སྐུ་གསུམ་མཆོག །དེ་ཡི་རྒྱུད་ལ་འགུགས་འགྱུར་ན། །སྔགས་རྒྱུད་ལ་སོགས་བསྒྲུབ་བྱ་ནི། །སྨོས་ཅི་དགོས་ཏེ་དེ་མཆོག་ཡིན། །དེ་བས་རྣམ་པ་ཐམས་ཅད་དུ། །ལས་རྣམས་ཀུན་འདི་བསྟན་པ་ཡིན། །ལུས་སོགས་མེད་པའང་དགུག་སོགས་འགྱུར། །གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས། །ཐམས་ཅད་སྔ་མ་བཞིན་བྱས་ལ། །རང་གི་སྔགས་ཀྱི་རིག་པ་མཆོག །གྲངས་མེད་བཟླས་པ་རབ་ཏུ་བྱ། །དེ་ནས་ལུས་རྩལ་ཐོབ་པ་ཡིས། །འབུམ་ཕྲག་གཅིག་ནི་བཟླས་པ་བྱ། །རི་མོའི་དཀྱིལ་འཁོར་བྲིས་བྱས་ལ། །ལྷ་ཡིས་དབང་བསྐུར་བར་གྱིས་ཞུགས། །བུད་མེད་གཞོན་ནུའི་ཐོད་པ་ནི། །མ་ཆག་ཅིང་ནི་མ་གས་པ། །པདྨ་ལྟར་མཛེས་ཡིད་དུ་འོང༌། །དུམ་བུ་གཅིག་པ་བླངས་བྱས་ནས། །གི་ཝང་ལ་ནི་སྔགས་བཟླས་


DTG044_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །རླུང་གི་དཀྱིལ་འཁོར་སྟེང་དུ་ནི། །པདྨ་འདབ་མ་བརྒྱད་བྲིས་ཏེ། །ལྟེ་བར་དགུག་པར་བྱ་བ་ནི། །གུར་གུམ་གོ་རོ་ཙ་ནས་བྲི། །གྲོ་ག་ཤོག་ཤོག་ལ་སོགས་ལ། །ཕྲེང་སྔགས་འདི་ནི་མི་དགུག་པར། །སྭཱ་ཧཱ་བཏོན་ཏེ་ཛ་བཅུག་ནས། །བསྐུལ་བ་དང་བཅས་བྲིས་ནས་ནི། །དེ་ཡི་སྙིང་གར་གླན་པར་བྱ། །ཐོད་པ་དེ་ཡང་ཁ་སྦུབས་ནས། །གཤིན་རྗེ་གཤེད་ཀྱི་ཞབས་གཡས་བརྐྱང༌། །གཡོན་པར་བསྐུམ་པས་མནན་བྱས་ལ། །ཁྲོ་དང་བཅས་པས་གསང་སྔགས་འདི། །རྡོ་རྗེ་གསུམ་དང་བཅས་བསམས་པས། །ལན་གསུམ་དྲག་ཏུ་བརྗོད་པར་བྱ། །ན་མཿས་མནྟ། ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཱཾ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། །སརྦ་དུཥྚྲཱ་ནས་ཏྭ་ད་མ་ཀ །ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧ་སྟཱ་ཡ། ཙ་ཏུརྦྷུ་ཛ་ཙ་ཏུརྨུ་ཁ། ཥོ་ཌ་ཤ་ཙ་རཱ་ཡ། ཨཱ་གྩྪ། སརྦ་དུཥྚྲཱ་ན་པྲཱ་ཎཱཾ་ཨ་ཧ་རི་ཎི། མ་ཧཱ་བིགྷཱ་བི་ནཱ་ཡ་ཀ །བི་ཀྲྀ་ཏཱ་ན་ན་སརྦ་བྷཱུ་ཏ་བྷ་ཡཾ་ར་ཡ། ཨཱ་གཏྟ་ཧ་ས་ད་དི་ནི། བྱཱ་གྷྲ་ཙརྨ་ཎི་བ་ས་ན། ཀུ་རུ་ཀུ་རུ། སརྦ་ཀརྨ་ཚིནྡྷི་ཚི་ནྡྷ། སརྦ་མནྟྲཾ་བྷིནྡ་བྷིནྡ། པ་ར་མུ་ཏྲཾ། བུ་མོ་ཆེ་གེ་ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ། སརྦ་བྷཱུ་ཏཱཾ། ནིར་མ་ཐ་ཡ་ནིར་མ་ཐ་ཡ། སརྦ་དུཥྚྲཱན། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། །མཎྜལ་མ་བི་བི་བེ་བ་སྭཱ་ཧཱ་ཛཱི་བི་ཏཱན་ཏ་ཀ་པྲི་ཡ། ཀུ་རུ་ཀུ་རུ། །མ་མ་ཀཪྻཾ། ད་ཧ་ད་ཧ། པ་ཙ་པ་ཙ། མ་བི་ལམྦ་མ་བི་ལམྦ། ས་མ་ཡ་མ་ནུ་སྨ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། སྥོ་ཊ་ཡ་སྥོ་ཊ་ཡ། སརྦ་ནཱ་ཤ་ཡ་ནི་སུཾ་ཀ་ར་ཀ་ར། །ཧེ་ཧེ་བྷ་ག་བཱན། ཀཉྩི་ར་ཡ་སི་མ་མ་ཨརྠ་སཱ་དྷ་ཡཛྫ། དེ་ལས་འཕྲོས་པའི་གཤིན་རྗེ་གཤེད། །ལྕགས་ཀྱུ་ཐོགས་པ་མང་པོ་ཡིས། །སྔོན་བཞིན་རླུང་དཀྱིལ་ལ་གནས་པའི། །བསྒྲུབ་བྱ་བུད་མེད་དགུག་པར་བྱེད། །སྐྲག་པས་འཚེ་བ་བཟློག་པའི་ཕྱིར། །སྤྱན་མའི་སྔགས་ཀྱིས་སྔོན་བཞིན་དུ། རིང་དུག་གནས་པར་བྱ་བའི་ཕྱིར། །མཱ་མ་ཀཱི་ནི་སྦྱོར་བས་སྲུང༌། །དེ་བཞིན་སྐྱེས་པའི་ཐོད་པ་ལ། །གཡོན་བརྐྱང་གཡས་བསྐུམ་པས་མནན་ཏེ། །ཆོ་ག་སྔོན་བཞིན་རབ་བྱས་ཏེ། །སྐྱེས་བ་རྣམས་ཀྱང་དགུག་པར་བྱེད། །བསམ་གཏན་སྔགས་རྒྱུད་སྦྱོར་བ་ཡི། །ཞག་བདུན་ཐུན་བཞིར་རབ་བརྩམས་ནས། །གཤིན་རྗེ་གཤེད་ཀྱི་ཡོན་ཏན་ཡང༌། །འགུགས་འགྱུར་གཞན་ལྟ་སྨོས་ཅི་དགོས། །ཐམས་ཅད་


DTG044_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་བཞིན་བྱས་ལ། །འདོད་པའི་རྒྱལ་པོ་ཁྲོ་བོ་ཆེ། །འོག་ནས་འབྱུང་བའི་ཆོ་གས་བསྒོམ། །བུ་མོ་རྣམས་ནི་དགུག་པའི་མཆོད་།གཤིན་རྗེ་གཤེད་ཀྱི་རྒྱུད་གསུངས་པའི། །ཆོ་གས་བསྒྲུབ་བྱ་བཀུག་བཅུག་ནས། །གཡོན་བརྐྱང་གཡས་བསྐུམ་གྱིས་མནན་ན། །སྔགས་འདིས་རིག་བཅས་བཟླས་བརྗོད་བྱ། །ན་མཿས་མནྟ། ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཱཾ། ཏ་ཀི་བུ་མོ་ཆེ་གེ་མོ་ཧཱུཾ་ཨཱ་ཀཪྵ་ཡ་ཛཿ། བརྗོད་པས་སྔགས་བྱུང་ཁྲོ་བོ་ཡིས། །ལྕགས་ཀྱུས་སྔོན་བཞིན་བསྐུག་བྱས་ནས། །ཞི་བསྲུང་བའི་ཆོ་ག་ཡིས། །ལྷ་རྣམས་ལ་སོགས་འགུགས་པར་བྱེད། །སྔོན་བཞིན་ཐམས་ཅད་རབ་བྱས་ལ། །རྡོ་རྗེ་ལས་བྱུང་མི་གཡོ་ནི། །འོག་ནས་འབྱུང་བཞིན་རབ་བསྒོམས་ལ། །ལྷ་ཆེན་ཆུང་མར་བཅས་པ་དགུག །སྐྱེས་པའི་ཐོད་པ་མ་གས་པ། །མཛེས་ཤིང་སྲུབ་མེད་མ་གས་པ། །འཐབ་ཚེ་གཡུལ་དུ་ཤི་བ་ཡི། །སྐྱོན་མེད་པ་དེ་བཙལ་བར་བྱ། །རྐང་པ་གཡས་པའི་སོར་མོའི་ཁྲག །ལན་ཚྭ་ཡུངས་ཀར་སྐེ་ཆེ་ལ། །སྣག་ཚ་བྱས་ལ་བྱ་རྒོད་རྐང༌། །ལྷ་ཆེན་ཆུང་མར་བཅས་པ་ཀུན། །ཐོད་པ་དེ་ལ་བྲི་བར་བྱ། །དེ་ཡི་སྙིང་གར་གོང་མ་ལྟར། །རིག་བཅས་སྔགས་ནི་དགུག་པར་བྱ། །བྲིས་ནས་སྙིང་གར་གླན་པར་བྱ། །བཀུག་སྟེ་བཅུག་ནས་ཁ་སྤུབས་ལ། །གཡོན་བསྐུམ་གཡས་བརྐྱང་པས་མནན་ན། །སྔགས་འདི་ཐུན་བཞིར་ཞག་བདུན་དུ། །རིག་པ་དང་བཅས་བཟླས་དགུག་བྱ། །ན་མཿས་མནྟ། །ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཱཾ། །ཨ་ཙ་ལ་ག་ན་ཙ་ཏ། །ན་ཌཱ་ན་ཌཱ། མོ་ཊ་མོ་ཊ། སྤོ་ཏ་སྤོ་ཏ། ད་ཧ་ད་ཧ། མོ་ཧ་མོ་ཧ། །ས་ཧ་ས་ཧ། ཧ་ན་ཧ་ན། །ཏིཥྛ་ཏིཥྛ། །ཨ་བི་ཤ་ཨ་བི་ཤ །མ་ཧཱ་མཏྟ་པ་ལ་ཀ །དྷུ་ན་དྷུ་ན། །ཉི་ནི་ཉི་ནི། ཁ་ད་ཁ་ད། །བིགྷྣཱཾ་མ་ར་མ་ར་དུཥྚ་ནཱན། བྷཀྵ་བྷཀྵ། སརྦཾ་ཀུ་རུ་ཀུ་རུ། ཀི་རི་ཀི་རི། མ་ཧཱ་བི་ཤ་བཛྲ། སྤོ་ཊ་ཡ་སྤོ་ཊ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཏྲི་བ་ལི་བཾ་ག་ན་རྟ་ཡ། །ཨཾ་ཧཾ་ཨཾ་ཧམ་ཨ་ཙ་ལ་ཙེ་ཏེ། །སྤོ་ཏ་ཡ་སྤོ་ཏ་ཡ། །ཧཱུཾ་ཧཱུཾ། ཨ་ས་མནྟི་ཀ །ཏྲ་ཏ་མ་ཧཱ་བ་ལ། ས་མ་ཡ་མནྟྲ་ནཾ། ཏཾ་མ་ཤུ་ཏ་བུ་ལོ་ཀ་དུ་ཤྱ་དུ། །བཛྲ་ནི་མསྟ་པྲི་ཏི་ཧ་ཏ་བ་ལ་བྱ། །ཛལ་ཡ་ཏྲ་ཨ་ཧ་ས་ན་ནམ། །ལྷ་ཆེན་པོ་བུད་མེད་དད་བཅས་པ་ཨཱ་ཀཪྵ་ཡཛྫ། །སྔགས་ལས་བྱུང་བའི་ཁྲོ་བོ་ཆེ། །ལྕགས་ཀྱུ་ཐོགས་པས་འགུགས་


DTG044_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ནས། །སྔོན་བཞིན་རབ་མཆོད་བསྲུང་བ་ཡིས། །གཡོག་དང་ཆུད་མའི་བྱ་བ་བྱེད། །དེ་བཞིན་ལྷ་མིན་ལ་སོགས་ཀྱང༌། །སྦྱོར་བ་དེ་ཡིས་རབ་སྒྲུབས་ན། །སྐྲག་ཅིང་འཇིགས་པ་གོང་མས་བསྲུང༌། །ཁ་སྦྱར་ལུས་སུ་བཅས་པ་འགྲུབ། །ཐམས་ཅད་སྔ་མ་བཞིན་བྱ། །ལ། །འོག་ནས་འབྱུང་བའི་ཆོ་ག་ཡིས་།གནོད་མཛེས་རྒྱལ་པོ་བསྒོམས་བྱས་ཏེ། བུ་མོ་རྣམས་དགུག་པར་བྱ། །མཚན་རྣམས་ཀུན་གྱིས་རྣམ་བརྒྱན་པ། །རྒྱལ་མཚན་གྱུར་པའི་ཐོད་པ་ལ། །རྐང་པ་གཡོན་པའི་མིང་མེད་ཁྲག །སྣག་ཚ་བྱས་ནས་ནེ་ཙོའི་སྒྲོས། །བསྒྲུབ་བྱའི་བུ་མོའི་གཟུགས་བྲིས་ལ། །དེ་ཡི་སྙིང་གར་གོང་མ་ལྟར། །རིག་བཅས་སྔགས་བྲི་གླན་བྱས་ལ། །དེ་ཡི་བྷ་གར་གནོད་མཛེས་ཀྱི། །རྐང་པོ་གཡོན་པའི་མཐེ་བོས་མནན། །ཐུན་བཞིར་ཞག་བདུན་གསང་སྔགས་འདི། །བསྐུལ་དང་བཅས་པས་ཁྲོས་བྱས་ནས། བརྒྱ་རྩ་བརྒྱད་དུ་བཟླས་པའོ། །ཨོཾ་སུམྦྷ་ནི་སུམྦྷ་བུ་མོ་ཆེ་གེ་མོ་ཧཱུཾ། གྲྀཧྞཱ་བུ་མོ་ཆེ་གེ་མོ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ། །བུ་མོ་ཆེ་གེ་མོ་ཧཱུཾ། ཨཱ་ན་ཡ་ཧོཿབྷ་ག་བཱན་བིདྱ་རཱ་ཛ་བུ་མོ་ཆེ་གེ་མོ་ཧཱུཾ་ཕཊ་ཛྫ། དེ་ནས་དེ་བཞིན་གཤེགས་པ་ཀུན། །གནོད་མཛེས་གྱུར་པ་ལྕགས་ཀྱུ་ཞགས། །ཐོགས་པ་འཕྲོས་པས་རླུང་དཀྱིལ་ལ། །གནས་པའི་བུ་མོ་སྙིང་དག་ཕུག །ཞགས་པས་སྐེ་ནས་བཅིངས་ནས་ནི། །འོངས་པའི་ཚེ་ན་བཟློག་པའི་ཕྱིར། །ཞིང་དག་བསྲུང་བས་བརྟན་བྱས་པས། །ཇི་ལྟར་འདོད་པའི་ལས་རྣམས་བྱེད། །གང་ཡང་རུང་བའི་རྣལ་འབྱོར་བས་།སྔ་མ་བཞིན་དུ་ཐམས་ཅད་བྱ། །ཁ་ཏི་ལ་སོགས་བསྒྲུབ་བྱས་ལ། །སྐྱེས་པ་བུད་མེད་དགུག་པ་སྒྲུབ། །ཟླ་བ་སྦྱང་ཀི་ཟིན་པའི་ཚེ། །བཙག་གམ་རྡོ་རྒྱུས་ལ་སོགས་པ། །རང་གི་ཁ་རུ་བཅུ་གནས་ཀྱང༌། །དེ་ཉིད་གསུམ་བསྐྱེད་ལྷ་རུ་བསམ། །དེ་པར་རང་སྔགས་བཅུ་གནས་ནི། །སྤར་ཎ་ཡིས་སྤྲོ་བྱས་པས། །དེ་ལས་བྱུང་བའི་ལྷ་རྣམས་ནི། །ལྕགས་ཀྱུས་མཚན་པས་རྣམ་མཁའ་དགང༌། །བསྡུ་བའི་སྦྱོར་བས་ཀུན་བསྡུས་ནས། །རྫས་ཀྱིས་ལྷ་ལ་བསྟིམ་པར་བྱ། །བརྟན་པའི་ངོ་བོ་བོས་ཡང་དག་དང་ཡང༌། །ཟླ་བ་གྲོལ་གྱི་བར་དུ་གཟུང༌། །དེ་ནས་བརྩམས་ཏེ་ཐུན་བཞི་རུ། །ཞག་བདུན་གོམས་


DTG044_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་དེ་བཏོན་པ། །ཚངས་པ་དྲག་པོ་ལ་སོགས་ལྷ། གང་གི་མིང་རྣམས་བྲིས་འགྱུར་ན། །རྡོ་རྗེ་ཐུགས་ཀྱི་བཀའ་བཞིན་དུ། །སྐྲག་ཅིང་འཇིགས་ནས་འོང་འགྱུར་ན། །ཐ་མ་ལ་སྐྱེས་པ་བུང་མེད་སོགས། །སྨོས་ཅི་དགོས་པར་འོང་བར་འགྱུར། །སྔོན་བཞིན་བཟླས་པ་ལ་སོགས་ནས། །དབང་བསྐུར་ཡན་ཆད་ཞུགས་བྱས་ཏེ། །རྡོ་རྗེ་འཛིན་པ་ལས་བྱུང་བའི། །ཐོར་ཚུགས་གཅིག་མ་བསྒོམ་པར་བྱ། །གཡས་དཀར་གཡོན་མར་དབུ་མ་སྔོ། །དང་པོས་རང་གི་ཐབས་ལ་འཁྱུད། །གཡས་གཉིས་གྲི་དང་རལ་གྲི་དང༌། །གཡོན་གཉིས་ཐོད་པ་ནོར་བུ་བསྣམས། །རྒྱན་རྣམས་ཀུན་གྱིས་རྣམ་བརྒྱན་པ། །རྣམ་པར་སྨིན་སོགས་མོས་པ་ཡིས། །རང་སྒྲ་དང་ནི་ལྡན་བྱས་ནས། །ཅུང་ཟད་མཚེ་གཙིགས་དམིགས་པར་བྱ། །མཚམས་ཐུང་མི་སྨྲར་གྱུར་པ་ཡི། །ཐོད་པ་ཀླུ་ཤིང་མེ་ཏོག་དང༌། །རྐང་པ་གཡོན་པའི་མིང་མེད་ཁྲག། བསྲེས་ཏེ་འོ་མར་སྦྱར་བྱས་ལ། །དེ་ཡི་སྐྲ་ཡི་བིར་གྱིས་ནི། །རླུང་གི་དཀྱིལ་འཁོར་ལ་གནས་པ། །ནོར་རྒྱས་ལ་སོགས་བུ་མོ་བྲི། །དེ་ཡི་སྙིང་གར་རིག་སྣག་ནི། །བསྐུལ་བ་དང་བཅས་བྲིས་ཏེ་གླན། །བཀུག་སྟེ་བཅུ་གནས་གཡས་བརྐྱང་སྟེ། །གཡོན་བསྐུམ་པ་ཡིས་གནས་བྱས་ལ། །སྔགས་འདི་བརྒྱ་དང་རྩ་བརྒྱད་བཟླས། །ཨོཾ་ཨཱཿབཛྲ་ཤུ་ལི་ནི་ཀླུའི་བུ་ཆེ་གེ་མོ་ཨཱ་ཀཪྵ་ཡཛྫ། བརྗོད་པས་གསུམ་ལས་བྱུང་བ་ཡི། །བདུང་ཅན་མ་ནི་ལྕགས་ཀྱུས་མཚན། །རླུང་དཀྱིལ་ལ་གནས་བསྒྲུབ་བྱ་ནི། བཅུག་སྟེ་ངོན་བཞིན་འཚེ་བ་བ་བཟློག །དེ་ལྟར་ཞག་བདུན་ཐུན་བཞི་རུ། །སྔགས་རྒྱུད་དེ་ཡིས་རབ་སྦྱར་ཏེ། །ཀླུ་ཡི་བུ་མོ་མིག་བཟང་དང༌། །བཀུག་ནས་ཉེ་བར་སྤྱད་པར་བྱ། །ཐམས་ཅད་སྔ་མ་བཞིན་བྱས་ལ།།རྡོ་རྗེ་འཛིན་པ་ལས་བྱུང་བའི། །ཁྲོ་གཉེར་མ་ཡི་སྦྱོར་བ་ཡིས། །ནམ་མཁའི་རིག་འཛིན་བུ་མོ་དགུག །དམར་སྐྱ་གཡས་སྡོ་གཡོན་དཀར་བ། །དང་པོ་རང་གི་ཐབས་ལ་འཁྱུད། །གཡས་གཉིས་པདྨ་རལ་གྲི་འཛིན། །གཡོན་གཉིས་རིན་ཆེན་འཁོར་ལོ་འཛིན། །གསུམ་པོ་མོས་པས་དཔག་མེད་མཚན། །སེ་རལ་ཐོད་པའི་ཕྲེང་བ་བརྒྱན། །རྒྱན་ཀུན་བརྒྱན་པའི་ན་བཟའ་བཀླུབས། །མཆེ་བ་ཅུང་ཟད་གཙིགས་པ་བསྒོམ། །རྒྱལ་


DTG044_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདྲ་བའི་བུ་མོ་ཡི། །ཐོད་པར་རིག་འཛིན་བུ་མོའི་གཟུགས། །རླུང་གི་དཀྱིལ་འཁོར་ལ་གནས་པ། །གོང་གི་རྫས་ཀྱིས་བྲི་བར་བྱ། །སྙིང་གར་སྔོན་བཞིན་མིང་གས་བྲིས་ནས། །བཀུག་སྟེ་བཅུ་གནས་གཡས་བརྐྱང་དང༌། །གཡོན་བསྐུམ་པ་ཡིས་མནན་བྱས་ལ། །འདི་ནི་བརྒྱད་དང་རྩ་གཅིག་བཟླ། །ཨོཾ་ཨ་པ་ཡ་ན་ཤ་ནི་ཏྲ་ས་པྲ་བྷེ་ནི་ཏྲཱ་ཡ་ཏྲཱ་ས་ཡ། །བེ་ཏི་བེ་ར་ཏེ། །ཤྠེ་པ་ཏི་ཤྠེ་བེ་ཏ། ཛ་ཏི་ནི་རིག་པ་འཛིན་པ་བུ་མོ་ཆེ་གེ་མོ་ཨཱ་ཀཪྵ་ཡཛྫ། །བརྗོད་པས་སྔགས་ལས་བྱུང་བ་ཡི། །ཁྲོ་གཉེར་ལྕགས་ཀྱུས་མཚན་པ་ཡིས། །རླུང་གི་དཀྱིལ་འཁོར་ལ་གནས་པའི། །རིག་པ་འཛིན་པའི་བུ་མོ་མཆོག །གསེར་གྱི་རྣ་རྒྱན་འཕྱང་བ་རྣམས། །བཀུག་སྟེ་འོང་བ་རྒྱས་བཏབ་བོ། །ལྷུན་གྱིས་གྲུབ་པ་གཉིས་མི་དགོས། །ཐུན་བཞིར་ཞག་བདུན་སྦྱར་ན་འགྲུབ། །གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས། །སྔོན་བཞིན་ཐམས་ཅད་རབ་བྱས་ལ། །མར་ངོ་བཅུ་བཞི་ཚེས་བརྒྱད་ལ། །རོ་བསྲེགས་སོལ་བ་བླངས་ནས་ནི། །སྔགས་འདི་བརྒྱད་རྩ་བརྒྱད་དུ་ནི། །བཟླས་ནས་སྲིན་པོ་ལ་སོགས་པ། །མིང་ས་བཅས་གྲོ་ག་ལ་སོགས་པ། །བྲིས་ནས་དེ་ཡིས་དགུག་པར་བྱེད། །ཨོཾ་ཧཱིཿཥྀཊྲཱིཿཝྰྸི་ཀྲྀ་ཊཱ་ན་ན་སྲིན་པོ་ལ་སོགས་པ་ཆེ་གེ་མོ་སྐྱེས་པའམ་བུད་མེད་འདི་བདག་ལ་བྱིན་ཞིག་སྟམྦྷ་ཡ་ཧཱུཾ་ཕཊ་ཛྫ། །བརྗོད་ཅིང་དེ་མནན་ཐུན་བཞི་རུ། །བདུན་སྦྱར་སྲིན་པ་ལ་སོགས་པས། །རང་གིས་བཀའ་སྩལ་གང་ཡང་རུང༌། །ཁྲིད་ནས་ངེས་པར་འབུལ་བར་བྱེད། །འདས་མ་ཐག་པའི་སྦྱོར་བ་ཡིས། །ཐམས་ཅད་སྔ་མ་བཞིན་བྱས་ལ། །ཇི་སྐད་བཤད་པའི་ཕྱག་རྒྱ་མཆོག །བསྒྲུབ་ཕྱིར་སྦྱིན་སྲེགས་ཆོ་ག་བྱ། །དུར་ཁྲོད་ཐལ་བ་སོལ་བ་ལ། །ཧོམ་ཁུང་གྲུབ་གསུམ་ཁྲུ་དོ་པ། །ཟབས་སུ་ཁྲུ་གང་ཁ་ཁྱེར་ནི། །སོར་མོ་བརྒྱད་པའི་ཚད་དུ་བྱ། །རྡོ་རྗེ་རྩེ་གསུམ་སོར་བཅུ་གཉིས། །རྩེ་དབུས་ལྕགས་ཀྱུ་ལྟར་བྱས་ནས། །དབུས་དང་ཁ་ཁྱེར་ལ་བཀོད་དེ། །དམར་ནག་ཁ་ཁྱེར་རམས་ཀྱིས་བྱུག །ཇི་སྐད་རྡོ་རྗེ་ལྕེ་ལྡན་པའི། །ཞལ་དུ་ངེས་པར་འགྱུར་བྱས་ལ། །པོ་སོན་ཆ་སོགས་མེ་སྦར་རོ། །དུག་གི་ཁྲག་རབ་རུ་སྦྱར། །ལན་ཚྭ་སྐེ་ཚེ་དེ་བཞིན་སྦྱར། །དྷ་དུ་ཨ་ཡི་འབྲས་བུ་ཡིས། །ཞལ་དུ་བྲེགས་


DTG044_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ལུས་དང་ངག །ཁྲོ་ཞིང་བསྒྲུབ་བྱའི་མིངས་བཅས་པའི། །སྔགས་འདི་སྟོང་དང་རྩ་བརྒྱད་དུ། །བློ་དང་ལྡན་པས་གཡེལ་མེད་པས། །བཟླ་ཞིང་སྦྱིན་སྲེགས་བརྩམ་པའོ། །ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་བུ་མོ་ཆེ་གེ་མོ་སྟམྦྷ་ཡ་ན་ཤཱ་ཡ་ཧཱུཾ་ཧཱུཾ་ཕཊ་ཛྫ། དེ་ལས་འཕྲོས་པའི་གཤིན་རྗེ་གཤེད། །ལྕགས་ཀྱུ་ཐོགས་པ་འཕྲོས་བྱས་པས། །རླུང་དཀྱིལ་ལ་གནས་བུ་མོ་ཡི། །སྙིང་གར་སྦྱར་ཏེ་དགུག་པར་བསམ། །ཉི་མའི་གུང་དང་ནམ་ཕྱེད་ན། །འདི་ནི་ཤིས་པའི་དུས་ཡིན་པས། །བློ་དང་ལྡན་པས་སྦྱོར་བ་དེས། །ཉི་མ་གསུམ་དང་དྲུག་ཏུ་བྱ། །འོངས་པས་འཚེ་བ་བཟློག་པའི་ཕྱིར། །སྔོན་བཞིན་ཞི་དང་བསྲུང་བ་བྱ། །བསྐལ་པ་གྲངས་མེད་གསུམ་དུའང༌། །དེ་ཡིས་རྟག་ཏུ་འདུལ་བྷར་འགྱུར། །སངས་རྒྱས་སམ་ནི་ཆོས་འཛིན་ནམ། །རྡོ་རྗེ་སེམས་དཔའ་གང་ཡང་རུང༌། །གལ་ཏེ་རྨོངས་པས་འདས་ན་ནི། །དེ་ཡི་ཚེ་ནི་དྲེ་ཟད་འགྱུར། །ད་ནི་ཀླུ་སྐམས་པས་ཆར་གཅད་པར་བྱ་བའི་ཆོ་ག་བཤད་པར་བྱའོ། །སྔོན་བཞིན་བྱས་པའི་རྣལ་འབྱོར་པས། །རྡོ་རྗེ་འཛིན་པ་ཆེན་པོ་ཉིད། །ཁ་དོག་སེར་པོ་བསྒོམས་བྱས་ལ། །ཆར་མི་བཅད་པ་འགོག་པར་བྱ། །ཡུལ་ཡུལ་ཀུན་ནས་ཕྱོགས་གཅིག་སྟེ། །ཧཱུཾ་བསྐྱེད་སྣ་ཚོགས་རྡོ་རྗེ་ནི། །རབ་འབར་མེ་སྟག་འཕྲོ་བ་ནི། །འདོད་པའི་ཕྱོགས་ནི་གཡོགས་པར་བསམ། །དེ་ཡི་ལྟེ་བར་ཧཱུཾ་བསྐྱེད་པའི། །རྡོ་རྗེ་རྩེ་ལྔ་འགྲེངས་བུ་ནི། །ཏཱ་ལའི་ཚད་ཙམ་མེ་འབར་བའི། །བིམ་པར་རྟེན་གྱི་དཀྱིལ་འཁོར་བསམ། །དེ་རུ་གོང་གི་སྦྱོར་བ་ནི། །འཁོར་ལོ་དང་བཅས་དེ་བཞིན་བསྒོམ། །བདག་ཅི་འདྲ་བར་འཁོར་རྣམས་ཀྱང༌། །བརྗོད་པར་བསམས་ཏེ་སྔགས་འདི་བཟླས། །ཨོཾ་ཨཱཿཧཱུཾ་མ་ཧཱ་བ་རཤ་ཧ་ན་ཧ་ན་ཧཱུཾ་ཕཊ། དེ་རྣམས་བ་སྤུའི་བུ་ག་ལས། །འཕྲོས་པའི་འོད་ཟེར་སེར་པོ་ཡིས། །འདོད་པའི་ཕྱོགས་ནི་ཁྱབ་བསམ་སྦས། །སྣ་ཚོགས་རྡོ་རྗེ་མེ་ཡིས་ནི། །ས་གཞི་ཐམས་ཅད་བསྲེགས་ནས་ནི། །ཀླུ་སྐབས་གྱུར་ཞིང་འབྲོས་བསམས་ན། །རང་འདོད་གནས་ལས་ཕྱི་རོལ་དུ། །འབབ་བམ་འོན་ཏེ་མི་འབབ་འགྱུར། །ཡང་ན་སྦྱོར་བ་ངེས་གནས་ལ། །སྐེ་ཚེ་ལན་ཚྭ་འབྲུ་མར་དང༌། །དུག་དང་དྷ་དུ་ར་དག་གིས། །དུར་ཁྲོད་རས་ལ་འཁྲུལ་འཁོར་བྲི། །དང་པོ་པདྨ་འདབ་བརྒྱད་


DTG044_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཀླུ་བརྒྱུད་རྣམས་ཀྱི་ས་བོན་ནམ། །རང་རང་སྙིང་པོ་བྲི་བའོ། །ཕུ་ཕཾ་ཕེ་ཕོ་ཕ་ཕི་ཕཾ། །སྙིང་པོ་ཕཊ་གཉིས་བར་དུ་ནི། །ཆུ་ཡི་སྙིང་པོ་བཱ་བྲིས་ལ། དེ་རྣམས་བཀུག་སྟེ་ས་བོན་ལ། །བཅུག་སྟེགས་ལ་བར་བསྒོམ་པར་བྱ། །ཡང་ནི་རས་མ་གཉིས་པ་ལ། །ལས་ཀྱི་རྡོ་རྗེ་སེར་པོ་ནི། །འོད་ཟེར་འབར་བ་བྲི་བྱས་ལ། །ལྟེ་བར་རྡོ་རྗེ་རྩེ་ལྔ་པ། །ཧཱུཾ་གིས་མཚན་པ་བྲི་བར་བྱ། །གོང་གི་སྦྱོར་བས་བྱིན་བརླབས་ལ། །དང་པོ་རས་མ་བཀན་ཏེ་བཞག །རས་མ་གཉིས་པ་ཁ་སྦུབས་ནས། །རྡོ་ལ་སྤོས་མནན་པས་བྱས་པ། །གོང་མའི་སྔགས་ནི་བཟླས་བརྗོད་བྱ། །ཀླུ་རྒྱལ་འབུམ་ནི་ཁྲོས་གྱུར་ཡང༌། །ཆར་བ་འགོག་པའི་མཆོག་ཡིན་ནོ། །ད་ནི་ཕ་རོལ་ངག་དང་དཔུང་གནོན་པའི་ཆོ་ག་བཤད་པར་བྱའོ་།སྔ་མ་བཞིན་དུ་ཐམས་ཅད་བྱ། །ཏིང་འཛིན་འདི་ཡིས་ཞག་བདུན་དུ། །ཐུན་བཞིར་གཟུགས་བརྙན་གཅིག་སྦྱར་བྱ། །འཕྲལ་དུ་མངོན་དུ་ཕྱིས་བྱེད་འགྱུར། །གང་ཡང་རུང་བའི་སྦྱོར་ལྡན་པས། །གཅེར་བུ་ལ་སོགས་ཕྱིར་རྒོལ་རྣམས། །མིང་གི་ཡི་གེ་དང་པོས་བསྐྱེད། །སྤོབས་པ་མནན་ཕྱིར་དེ་ཡི་མགོར། །ལཾ་ལ་དབང་ཆེན་སེར་པོ་ལ། །གྲྭ་བཞིར་རྡོ་རྗེ་མཚན་པར་བསམ། །དེ་སྟེ་ཧཾ་བྱུང་ལས་རྡོ་རྗེ། །དེ་སྟེང་པཾ་བསྐྱེད་པདྨ་ལ། །གཞལ་ཡས་ཁང་པ་ཇི་བཞིན་བསམ། །དེ་དབུས་ཁྲོ་བོའི་འཁོར་ལོ་ཆེ། །ཁ་དོག་སེར་པོ་བསྒོམས་བྱས་ནས། །དེ་ནི་གནོན་པ་རྣམ་པར་བསམ། །རྐན་གྱི་དབུས་སུ་ཧཾ་བསྐྱེད་པའི་།སྣ་ཚོགས་རྡོ་ཁ་བཞི་ཡིས། གསུམ་པོས་སྤྱི་བོ་རྣ་བ་གཉིས། །ལྐོག་མར་ཕུག་བསམ་སྔགས་བཟླའོ། །དེ་ཉིས་གསུམ་པར་རང་རང་སྔགས། །ཆེ་གེ་པ་ཤ་པ་ཡ་ཧཱུཾ། །བརྗོད་ཅིང་བལྟས་པས་བསྒྲུབ་བྱ་དེ། །མིག་མི་ལྟ་ཞིང་སྨྲ་མི་ནུས། །གང་ཡང་རུང་བའི་རྣལ་འབྱོར་བས། །འདི་ཡང་སྔོན་བཞིན་རབ་སྦྱར་ནས། །གང་ཚེ་དཔུང་ཚོགས་མཐོང་བ་ཡི། །དེ་ཚེ་ལས་ལ་ཡང་དག་སྦྱར། །དཔུང་རྣམས་ཀུན་གྱི་སྤྱི་བོ་རུ། །ས་སོགས་རྟེན་ནི་སྔོན་བཞིན་བསྐྱེད། །འཁོར་ལོ་ཐམས་ཅད་ཁྲོ་བོ་ཆེ། །པདྨོ། །རི་ཡི་རྒྱལ་པོ་ཙམ་བསམས་ཏེ། །དེ་ཉིས་གསུམ་པར་རང་རང་སྔགས། །བ་ཧུ་པ་ཡ་ཧཱུཾ་ཞེས་བརྗོད། དཔུང་རྣམས་ས་འོག་འབྱིང་


DTG044_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར། །ཁྲོ་བོ་རྣམས་ནི་ཕར་བལྟས་བསམ། །བ་ཧུ་བི་ར་ཧཱུཾ་ཞེས་བརྗོད། །དེ་དག་ཕྱིར་ནི་མི་ལྡོག་པར། །འབྲོས་པར་རབ་ཏུ་གྱུར་པའོ། །གལ་ཏེ་ཁྲོ་བོ་རང་མདུན་བལྟས། །བ་ཧུ་གྲྀཧྞཱ་ཧཱུཾ་ཞེས་བརྗོད། །དེ་ནི་འབྲོས་པར་བྱེད་འདོད་ཀྱང༌། །མདུང་བཞིན་དུ་ནི་རེངས་པར་འགྱུར། །ཚུ་རོལ་ཕམ་པར་བྱེད་འདོད་པས། །གཉི་ག་མདུན་གྱི་ཕྱོགས་བྱས་པས། །བ་ཧུ་ཨེ་ཧི་ཧཱུཾ་བརྗོད་པས། །ཕ་རོལ་རྒྱལ་བར་འགྱུར་བའོ། །དེ་ལྟར་སྦྱོར་བའི་རྣམ་པ་ཡིས། །གཡེལ་བ་མེད་པར་སྦྱར་འགྱུར་ན། །སངས་རྒྱས་དཔུང་ཡང་གནོན་བྱེད་ན། །མི་དབང་ལ་ནི་དོགས་པ་མེད། །ཡང་ནི་སྔོན་བཞིན་རབ་བྱས་ལ། །གང་ཚེ་དཔུང་ཚོགས་མཐོང་འགྱུར་ནས། །དེ་རྨོངས་བྱ་ཕྱིར་ཕུར་བུ་ཡི། །བསམ་གཏན་འདི་ནི་སྦྱར་བར་བྱ། །ཧཱུཾ་ལས་བསྐྱེད་པའི་ཕུར་བུ་ནི། །སྟེང་ནི་རྩེ་ལྔ་འོག་རྩེ་གཅིག །སོར་བརྒྱད་ཚད་ཙམ་རབ་བསམས་ལ། །དེད་དཔོན་དང་པོས་དཔུང་རྣམས་བསྐྱེད། །ཐམས་ཅད་སྙིང་ནི་ཕྱོགས་བསམས་ནས། །དེ་ནི་རྡོ་རྗེ་ཐོ་བ་ཡིས། །ཁྲོས་ཤིང་ཐམས་ཅད་ཕོག་བསམས་ལ། །སྔགས་འདིས་རབ་ཏུ་གདབ་པའོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། དཔུང་ཐམས་ཅད་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། དཔུང་ཐམས་ཅད་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་རོ་ཨཱཛྙཱ་པ་ཡ་ཏི། དཔུང་ཐམས་ཅད་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཁྲོས་པས་བཟླ་ཞིང་བཏབ་འགྱུར་ན། །སངས་རྒྱས་དག་གི་དཔུང་དག་ཀྱང༌། །ཏིང་འཛིན་དེ་ཡིས་འཇིག་འགྱུར་ན། །མི་ཡི་དབང་པོ་སྨོས་ཅི་དགོས། །ད་ནི་ཆར་དབབ་པའི་ཆོ་ག་རྒྱས་པར་བཤད་པར་བྱའོ། །འོག་འབྱུང་བ་ཡི་རིམ་པ་ཡིས། །སྟོབས་པོ་ཆེ་ཡི་རྣལ་འབྱོར་པས། །གྲངས་མེད་བཟླས་པས་བཀའ་ལུང་ཐོབ། །འབུམ་ཕྲག་གཅིག་ནི་བཟླས་པ་བྱ། །ཐམས་ཅད་དམར་པོར་རབ་བསམས་ལ། །རྫ་ཕོར་སོ་ནི་མ་བཏང་ལ། །རལ་གྲི་རྩེ་བརྒྱད་འཁོར་ལོ་ལ། །པདྨ་འདབ་མ་བརྒྱད་པོ་བྲི། །དེ་ལ་རམས་ཀྱི་ཁུ་བ་ཡིས། །རྡོ་རྗེ་ཐོར་ཚུགས་གཅིག་མ་ཡི། །སྔགས་ཀྱི་སྙིང་པོ་འདི་བྲིའོ། །ཨོཾ་ཤུ་ལི་ནི་ནན་སྭཱ་ཧཱ་བྲི། །དེ་དད་འདྲ་བའི་ཁམ་ཕོར་གཞག །ཁ་སྦྱར་སྐུད་པ་སྔོན་དམར་དཀྲི། །དེ་དད་དེ་འདུལ་རབ་བཀུག་སྟེ། །འཁོར་ལོ་འདི་ལ་གནས་


DTG044_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ། །དེ་ནི་ཇི་བཞིན་གཞན་ཐལ་སྦྱར། །མཆོད་པའི་ཚོགས་ཀྱིས་མཆོད་བྱས་ནས། །ཀླུ་གནས་མཚོ་དང་རྫིང་བུ་སོགས། །གཞན་ལ་གསང་ནས་གཞུག་པའོ། །བདག་ཉིད་གནས་དགོན་དབེན་པ་རུ། །ས་སོགས་ཆོ་ག་སྔོན་འགྲོ་བས། །མེ་ཡི་དཀྱིལ་འཁོར་གྲུ་གསུམ་སྟེང༌། །རླུང་གི་དཀྱིལ་འཁོར་ཟླ་གམ་བྲི། །ཆུ་ཡི་དཀྱིལ་འཁོར་ཟླུམ་པོ་སྟེ། །པདྨ་འདབ་མ་བརྒྱད་པོ་ནི། །ཕྱོགས་དང་མཚམས་ནི་མ་འཁྲུལ་བར། །སྤྲུལ་བརྒྱད་ཕྱི་རོལ་བསྣོལ་མར་བྲི། །དབུས་སུ་ཆུ་བདག་དཀར་པོ་ཆེ། །སྤྲལ་མགོ་བདུན་པ་ཞབས་ཀླུ་གཅིག །སྐྱེས་བུའི་གདོང་ཅན་སྦྲུལ་ཞགས་བསྣམས། །ལྟོ་འཕྱེ་མཁའ་འགྲོ་ཞོན་པ་བྲི། །ཤར་གྱི་འདབ་མར་མཐའ་ཡས་ལྗང༌། །ཨུཏྤལ་ཐོགས་པ་བྲི་བར་བྱ། །ལྷོ་ཡི་འདབ་མར་ནོར་རྒྱས་དཀར། །རིན་ཆེན་བུམ་ཐོགས་བྲི་བར་བྱ། །ནུབ་ཀྱི་འདབ་མར་འཇོག་པོ་དམར། །དགྲ་སྟ་ཐོགས་པ་བྲི་བར་བྱ། །བྱད་དུ་ཀརྐོ་ཊ་ནག་པོ། །སྦྲུལ་ཤོག་ཐོགས་པ་བྲི་བར་བྱ། །ནུབ་ཕྱོགས་འདབ་མར་པདྨ་དཀར། །པདྨ་ཐོགས་པ་བྲི་བར་བྱ། །བདེན་བྲལ་འདབ་མར་པད་ཆེན་དཀར། །པད་དཀར་ཐོགས་པ་བྲི་བར་བྱ། །རླུང་མཚམས་འདབ་མར་དུང་སྐྱོང་སེར། །དུང་ཕོར་ཐོགས་པ་བྲི་བར་བྱ། །དབང་ལྡན་རིགས་ལྡན་སྣ་ཚོགས་པ། །རྒྱལ་བུ་འཛིན་པ་བྲི་བར་བྱ། །དེ་དག་ཀུན་ཀྱང་སྦྲུལ་མགོ་གདེངས། །ཞབས་ཀྱང་སྦྲུལ་འཁྱིལ་སྤྲིན་གྱི་ནི། །གདན་ལ་བཞུགས་པ་བྲི་བར་བྱ། །གཡོ་བ་དྲག་པོ་ལ་སོགས་པ། །རང་རང་ཕྱོགས་སུ་བརྒྱད་པོ་ནི། །ཟུར་དང་སྒོ་རུ་གཉིས་འཁྱིལ་ནས། །སྒོ་ཟུར་གཉིས་སུ་མགོ་མཇུག་བསྣོལ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་ནི། །བུམ་པ་འོ་མ་གང་བ་དགུ། །ཕྱོགས་མཚམས་རྣམས་སུ་བཞག་ནས་ནི། །རྒྱན་རྣམས་ཀྱིས་ཀྱང་མཛེས་པར་བྱ། །དེ་ཡི་རྟོག་པ་ལས་བཤད་པའི། །ཆོ་གས་ཀླུ་རྣམས་ནཾ་གིས་བསྐྱེད། །སྲོག་དང་བཅས་པ་བཞིན་དུ་ནི། །གོང་མ་ལྟ་བུ་བསྒོམ་བར་བྱ། །དེ་རྣམས་ཛ་ནཾ་ཛ་ཞེས་བརྗོད། །དེ་ནས་བཀུག་ལ་བསང་གཏོར་སོགས། །བྱས་ནས་དེ་ལ་ཞུགས་པར་བསམ། །དེ་ནས་གཏོར་མ་འོ་མར་བཅས། །བུ་རམ་ལ་སོགས་ལྟ་བཤོས་ཆེ། །ཕུལ་ནས་རང་རང་སྔགས་འདི་ནི། །བརྒྱ་རྩ་བརྒྱད་


DTG044_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དགའ་བར་བྱ། །ཨོཾ་བཾ་བ་རུ་ཎ་ཡ་གཱ་ཏི་པ་ཏ་ཡེ་ན་ག་ནཾ་པཪྴ་ཡ་ཧཱུཾ་ནཾ་ཧཱུཾ་ནཾ་སྭཱ་ཧཱ། །ཨོཾ་ཨཾ་ཨ་ནནྟ་ཡ་ཧཱུཾ་ནཾ་ཧཱུཾ་སྭཱ་ཧཱ། ཨོཾ་བཾ་བ་སུ་ཀེ་ཧཱུཾ་ནཾ་ཧཱུཾ་སྭཱ་ཧཱ། ཨོཾ་ཏཾ་ཏཀྴ་ཀ་ཧཱུཾ་ནཾ་ཧཱུཾ་སྭཱ་ཧཱ། ཨོཾ་ཀཾ་ཀརྐོ་ཊ་ཧཱུཾ་ནཾ་ཧཱུཾ་སྭཱ་ཧཱ། ཨོཾ་པཾ་པདྨ་ཧཱུཾ་ནཾ་ཧཱུཾ་སྭཱ་ཧཱ། ཨོཾ་མཾ་མ་ཧཱ་པདྨ་ཧཱུཾ་ནཾ་ཧཱུཾ་སྭཱ་ཧཱ། ཨོཾ་སཾ་ཤཾ་ཁ་བ་ལ་ཧཱུཾ་ནཾ་ཧཱུཾ་སྭཱ་ཧཱ། ཨོཾ་ཨ་ན་པ་ཏ་ཧ་ཧཱུཾ་ནཾ་ཧཱུཾ་སྭཱ་ཧཱ། དེ་ནས་པོག་སྣོད་བཟུང་བྱས་ཏེ། །གཏོར་མ་སོགས་ཀྱིས་མཉེས་བྱས་ལ། །སྟོབས་ཆེན་སྦྱོར་བ་དེ་ཉིད་ཀྱིས། །བཞག་སྟེ་ཚིག་གིས་གསོལ་བ་གདབ། །ཀླུ་ཆེན་པོ་ནི་ཁྱེད་རྣམས་ཀྱིས། །བདག་ལ་ཡང་དག་དགའ་བ་དང༌། བཅོམ་ལྡན་འདས་ཀྱི་བཀའ་ཡིས་ནི། །ཆར་གྱི་རྒྱུན་ནི་དབབ་ཏུ་གསོལ། །ལན་གསུམ་བརྗོད་པས་ཀླུ་རྣམས་ཀྱིས། །དགའ་བས་ཆར་པ་འབེབས་བསམས་ནས། །རང་གི་སྦྱོར་བ་མཉམ་པར། །ཇི་བཞིན་རང་གི་སྔགས་བཟླའོ། །ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཱཾ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཨུ་གྲ་ལ་ཤུ་ལ་བ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཨོཾ་ཛོ་ཏི་ད་ནི་ད་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཨོཾ་ཨོཾ་ཨོཾ། མ་ཧཱ་པ་ལཱ་ཡ་སྭཱ་ཧཱ། དེ་ཡི་དབང་དུ་རབ་བྱས་ནས། །ས་གཞི་ཐམས་ཅད་ཆར་གྱི་ནི། །རྒྱུན་གྱིས་ངོམས་པར་བྱས་ནས་ནི། །ཐམས་ཅད་བདེ་ལ་གནས་པར་བྱེད། །དེ་ཡིས་ཕེབས་པར་མ་གྱུར་ན། །སྟོབས་པོ་ཆེ་ཡི་རྣལ་འབྱོར་པས། །ཐམས་ཅད་དཀར་པོས་བསམས་བྱས་ཏེ། །ཞི་བའི་སྦྱིན་སྲེག་གིས་ནི་བསྒྲུབ། །ཧོམ་ཁུང་ཟླུམ་པོ་ཁྲུ་གང་པར། །ཁྲུ་ཕྱེད་ཟབས་སུ་ཁ་ཁྱེར་ལ། །སོར་བཞི་ཚད་ཙམ་དེ་ཙམ་འཕགས། །པདྨའི་འདབ་མས་བསྐོར་བར་བྲི། །འཁོར་ལོ་འཁོར་ལོ་ཕྲེང་བསྐོར་ལ། །རྡོ་རྒྱུས་སོགས་ཀྱིས་བྱུགས་བྱས་ཏེ། །ཇི་བཞིན་པ་ཡི་ཆོ་ག་ཡིས། །མེ་ལྷ་ལ་སོགས་མཆོད་པར་བྱ། །དེ་ཡི་དབུས་སུ་སྟོབས་པོ་ཆེ། །འོག་ནས་འབྱུང་བ་བཞིན་དུ་བྱ། །ཕྱོགས་དང་མཚམས་སུ་ཀླུ་བརྒྱད་ཀྱང༌། །དེ་ཡི་ཞལ་བལྟས་ཐལ་སྦྱར་བསམ། །གོང་གི་སྔགས་ཀྱིས་སྤྱན་དྲངས་ནས། བསང་གཏོར་ཞབས་བསིལ་ལ་སོགས་པ། །བྱས་ནས་ལ་ཐིམ་པར་བསམ་དེ་རྣམས་ལྕེ་ཡི་དབུས་སུ་ནི། །ཡི་གེ་ནཾ་ནི་བསམ་བྱས་ཏེ། །བླུགས་གཟར་དགང་གཟར་ཆོ་ག་བཞིན། །བྱས་ནས་བསང་གཏོར་ལ་


DTG044_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ། །ཡང་ནི་བྱས་ནས་སྦྱིན་སྲེག་དབུལ། །འོ་མ་དང་ནི་འབྲས་ཆན་དང༌། །བུར་རམ་སྦྲང་རྩི་ལི་ཁར། །དབང་པོ་ལ་སོགས་སྨན་རྣམས་ནི། །དང་པོར་གསུམ་གསུམ་དབུལ་བར་བྱ། །གོང་གི་སྔགས་ལ་ཞི་བ་ཡི། །རིག་པ་དང་བཅས་བཟླས་ན་ནི། །ཀླུ་རྣམས་ཀུན་ལ་ཅི་འདོད་པའི། །གོང་གི་རྫས་ནི་སྦྱིན་སྲེག་བྱ། །ཚིམ་པར་བྱས་ནས་རང་གི་སྔགས། །གོང་མ་བཞིན་དུ་རབ་བརྗོད་པས། །ཇི་ལྟར་འདོད་པའི་ཕྱོགས་རྣམས་སུ། །ཆར་གྱི་རྒྱུན་ནི་འབེབས་པར་བྱེད། །དེ་ཡིས་ཕེབས་པར་མ་གྱུར་ན། །སྟོབས་ཆེན་ཁྲོ་བོའི་རྣལ་འབྱོར་པས། །ཐམས་ཅད་ནག་པོར་བསམས་བྱས་ཏེ། །འཁྲུལ་འཁོར་ཆོ་ག་བསྒྲུབ་པར་བྱ། །ཆུ་བོའི་ངོས་གཉིས་ས་དང་ནི། །གྲོག་མཁར་ས་དང་བཤད་གཅིག་བསྲེས། །ཀླུ་ཡི་གཟུགས་བརྙན་མཐོ་གསུམ་པའི། །སྙིང་གར་འཁོར་ལོ་འདི་ནི་གཞུག །དུར་ཁྲོད་ཅི་ནི་རས་མ་ལ། །སྐེ་ཚེ་ལན་ཚྭ་ཡུངས་མར་དང༌། །ཁྲག་དུག་རམས་ཀྱི་སྣག་ཚ་ཡིས། །རལ་གྲི་རྩེ་བརྒྱད་འཁོར་ལོ་པྲི། །དེ་སྟེང་པདྨ་འདབ་བརྒྱད་ལ། །ཕུ་སོགས་བརྒྱད་ནི་བྲི་བ་དང༌། །སྙིང་པོར་ཡི་གེ་བཱ་བྲིས་ལ། །སྔོན་བཞིན་བསམས་ཏེ་དགུག་གཞུག་བྱ། །གཟུགས་བརྙན་ཡན་ལག་ཐམས་ཅད་ཀུན། །ཚ་བ་གསུམ་དང་སྐེ་ཚེ་དང༌། །དྷ་དུ་ར་དང་ཡུངས་མར་དང༌། །བྱུགས་ནས་མེ་ལ་གདུང་བྱ་ཞིང༌། །གོང་གི་སྔགས་ནི་བརྗོད་བྱ་ཞིང༌། །ཀླུ་རྣམས་གཟུགས་ནི་རབ་ཚ་བས། །བྱེ་མ་མེ་ཡི་འཇིགས་པ་ཡིས། །འཇིགས་ནས་ཆར་རྒྱུན་འཇམ་པོ་ཡི། །མངོན་པར་འདོང་པའི་ཕྱོགས་ནི་འབེབས། །དེ་ཡིས་ཆར་ནི་མི་འབེབས་ན། །སྔོན་བཞིན་ཀླུ་ཡི་དཀྱིལ་འཁོར་བྲི། །སྟོད་གཡོགས་སེར་པོ་སྨད་གཡོགས་དམར། །ཟེའུ་ཁ་སྔོན་པོ་བཅིངས་ནས་ནི། །གོས་ནི་དམར་པོ་བགོ་བའམ། །ཡང་ན་གཅེར་བུར་བྱུང་བྱས་ལ། །སྐྲ་བཤིག་སོ་ནི་གཙིགས་བྱས་ནས། །རྐང་པར་ཉི་མའི་དཀྱིལ་འཁོར་ལ། །རྡོ་རྗེ་འབར་བྱིན་བརླབས་ལ། །ཀླུ་ནི་གན་རྐྱལ་གནས་པར་བསམ། །གཡོན་པས་དེ་ཡི་དཀྱིལ་འཁོར་མནན། །སྐྲག་སྟེ་གདེངས་ཀ་གཡོ་བར་བསམ། །གྱེན་བལྟས་ཁ་ལས་ཕུས་འདེབས་ཤིང༌། །དེ་ཡི་ཁྲག་གིས་མཁའ་


DTG044_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་ནས། །རྒྱ་མཚོ་ལྟ་བུར་གྱུར་བསམས་ནས། །སྔགས་འདི་གཡེང་བ་མེད་པར་བཟླ། །ན་མཿ་ས་མནྟ། །ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཱཾ། །ཨོཾ་ནཾ་ཧཱུཾ་ནཾ་ཧཱུཾ་ནཾ་ཧཱུཾ། །ཕཊ་ནཾ་ཕཊ་ནཾ་ཕཊ། །ཨོཾ་ཨུ་གྲ་ལ་ཤུལ་པ་ནི་ནམ། །ཧཱུཾ་ནཾ་ཧཱུཾ་ནཾ་ཧཱུཾ། །ཕཊ་ནཾ་ཕཊ་ནཾ་ཕཊ། །ཨོཾ་ཛོ་ཏི་ནི་རྣ་ཏ། ཧཱུཾ་ནཾ་ཧཱུཾ་ནཾ་ཧཱུཾ། ཕཊ་ནཾ་ཕཊ་ནཾ་ཕཊ། ཨོཾ་མ་ཧཱ་བ་ལ་ནཾ་ཕཊ། དེ་ཡིས་ཀླུ་རྣམས་སྟོབས་ཆེན་ལ། །སྐྲག་ནས་ས་གཞི་རྒྱས་པ་རུ། །དམ་ཚིག་དབང་གིས་དེ་དག་གིས། །ཆར་གྱི་རྒྱུན་ནི་འབེབས་པར་བྱེད། །དེས་ཀྱང་ཆར་ནི་མི་འབབ་ན། །སྔོན་བཞིན་མངོན་སྤྱོད་ཧོ་མ་ཁུང་དུ། །བོ་སོན་ཆ་ཡི་ཚེར་མས་དགང༌། །སྨེ་ཤ་ཅན་གྱི་མེ་སྦར་བྱ། །མེ་ལྷ་སྔོན་བཞིན་མཆོད་བྱས་ནས། །དེ་དབུས་སྟོབས་པོ་ཆེ་བསམས་ནས། །ཞལ་གདངས་རྡོ་རྗེ་རྩེ་ལྡན་པ། །མཆེ་བ་གཙིགས་པ་བསམ་པར་བྱ། །སྔོན་གཟུགས་ཀླུ་ཡི་གཟུགས་བརྙན་ནི། །དུག་དང་ལན་ཚྭ་དྷ་དུ་ར། །སྐེ་ཚེ་སོགས་པ་རབ་བྱས་ལ། །ཕུཿས་བསྐྱེད་དགུག་ཅིང་གཞུག་པར་བྱ། །དེ་ནི་བཤང་བ་གཅི་བས་བྱུགས། །གདུག་པའི་དགྲ་ཡི་གཡོན་པ་ཡིས། །དེ་ཡི་མཇུག་མའི་རྩེ་མོ་ནས། །གཏུབ་ཅིང་གོང་མའི་སྔགས་ཟློ་ཞིང༌། །ཀླུ་རྣམས་མཱ་ར་ཡ་ཕཊ་ཅེས། །བརྗོད་ཅིང་སྦྱིན་སྲེག་བརྒྱ་རྩ་བརྒྱད། །བྱིན་པས་ཀླུ་རྣམས་ཐམས་ཅད་ཀྱང༌། །ཚ་སྟེ་སྐྲག་ནས་ཆར་འབེབས་བྱེད། གལ་ཏེ་དེ་ལྟར་བྱེད་པ་ལ། །ཆར་ནི་འབེབས་པར་མི་བྱེད་ན། །སྟོབས་པོ་ཆེ་ཡི་འགལ་བའི་ཕྱིར། །དེ་གནོན་པ་ཡི་ཆོ་ག་བྱ། །ཆུ་ངོགས་ས་ལ་སོགས་པ་ཡི། །སྔོན་གསུངས་རྫས་ལ་ཁྲོ་བོ་ཆེ། གཟུགས་བརྙན་ཞལ་གསུམ་ཕྱག་དྲུག་པ། །བྱས་ཏེ་གན་རྐྱལ་གཞག་པར་བྱ། །བདག་ཉིད་དཔལ་ལྡན་གསུམ་པ་ཡི། །རྣལ་འབྱོར་འོག་ནས་འབྱུང་བཞིན་བསྐྱེད། །དེ་ནི་བཀུག་ནས་གཟུགས་བརྙན་བཅུག །གཡོན་པས་མ་ནན་ཏེ་སྔགས་བཟླའོ། །ཨོཾ་སུ་མྦྷ་ནི་སུ་མྦྷ། མ་ཧཱ་བ་ལ་བཪྵ་ཤཱི་གྷྲཾ་ཧཱུཾ་ཕཊ། གྲྀ་ཧཎ་གྲྀཧྞཱ་མ་ཧཱ་བ་ལ་བཪྵ་ཤཱི་གྷྲཾ་ཧཱུཾ་ཕཊ། གྲྀཧྞཱ་པ་ཡ་གྲྀཧྞཱ་བ་ཡམ་ཧཱ་བ་ལ་བཪྵ་ཤཱི་གྷྲཾ་ཧཱུཾ་ཕཊ། ཨཱ་ན་ཡ་ཧོཿ་བྷ་ག་བཱན་བིདྱཱ་རཱ་ཛ་མ་ཧཱ་བ་ལ་བཪྵ་ཤཱི་གྷྲཾ་ཧཱུཾ་ཕཊ། དེ་ཡང་ཇི་བཞིན་ཁྲི་ཕྲག་གཉིས། །བཟླས་བརྗོད་བྱས་ནས་གོང་མ་ཡི། །ཧོམ་ཁུང་དབུས་སུ་གནོད་


DTG044_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་ཆེ། །ཞལ་གདངས་ཧཱུཾ་གི་ལྕེ་ཅན་བསམ། །བསྐུལ་བའི་ཚིག་དང་བཅས་པ་ཡིས། །གཟུགས་བརྙན་གཏུབ་ཅིང་ཁྲི་ཕྲག་གཅིག །དེ་ཡི་ཞལ་དུ་སྦྱིན་སྲེག་བྱ། །སྟོབས་པོ་ཆེ་ཡིས་ཆར་ཕབ་ནས། །འཛམ་གླིང་འདི་དང་ཐམས་ཅད་ཀུན། །ཆར་གྱིས་ངོམས་པར་བྱས་པ་ཡིས། །ལོ་ལེགས་འབྲུ་རྣམས་འཕེལ་བར་འགྱུར། །འཁྲུལ་འཁོར་རྒྱུད་ནི་ཀུན་ལ་གྲགས། །དེ་ནས་ཞི་བའི་ཧོམ་ཁུང་ནི། །སྔོན་བཞིན་དུ་ནི་རབ་བྱས་ནས། །སྤྱན་མ་དཀར་མོ་བསམས་ནས་ནི། །དེ་ཡི་སྔགས་དང་དེའི་ཆོ་གས། །མར་དང་འོ་མ་འབྲས་ཆན་སོགས། །དེ་ཡི་ཞལ་དུ་དབབ་བྱས་ནས། །སྲེག་བླུགས་ཁྲི་ཕྲག་གཅིག་དབུལ་བས། །ཀླུ་དང་ཁྲོ་བོ་སྟོབས་པོ་ཆེ། །ཚར་བཅད་དེ་ཡིས་ཞི་བར་བྱེད། །དེས་ན་དེ་ཡིས་དགའ་འགྱུར་ཏེ། །གཞན་དུ་སྦྱར་བ་ཙམ་གྱིས་ནི། །མདོ་ལ་ཆར་གྱི་རྒྱུན་འབེབས་བྱེད། །ལས་ཀྱི་ཚོགས་ནི་དེ་དག་གམ། །གཞན་ལ་སྒྲུབ་པོ་བསྲུང་བའམ། །ཡང་ན་བདག་གིས་གཞན་བསྲུང་ཕྱིར། །སྦྱོར་བ་འདི་ནི་བརྩམ་པའོ། །རྡོ་རྗེ་འཛིན་པ་ལས་བྱུང་བའི། །མཱ་མ་ཀཱི་ནི་སྔོན་བསམ། །ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ། །བསྒྲུབ་བྱ་བཞག་ནས་སྔགས་འདི་བཟླ། །ཨོཾ་ཨཱཿ་ཤད་ཀ་རེ་ཤནྟིཾ་ཀ་རེ་གྷུཊྚ་གྷུཊྚི་ནི་གྷུཊྚི་ནི་གྷ་ཏ་ཡ་སྭཱ་ཆེ་གེ་མོ་རཀྵ་རཀྵ་ཧཱུཾ། །བརྗོད་པས་སྔོན་བཞིན་སྟོབས་དབབ་དང༌། དབང་བསྐུར་བྱས་ནས་བསྒྲུབ་བྱ་དེ། །རྡོ་རྗེ་སེམས་དཔའི་སྤྲུལ་པ་ཡང༌། །སྲུང་ན་གཞན་སྦྱར་སྨོས་ཅི་དགོས། །གལ་ཏེ་ཀྱིས་གཙེས་ལ་སོགས་ལ། །མཚོན་ཆ་ནོར་ནི་གཞན་ལྟ་བསྒྲུབ། །དེ་ཚེ་གསུམ་སྒྲས་འགེངས་ཚེ། །རྣལ་འབྱོར་འདི་ཡིས་བསྲུང་བ་བྱ། །རང་གི་ལྷ་ཡི་སྦྱོར་བ་ཡ། །སྤྱི་བོར་ཧཱུཾ་ལས་རྡོ་རྗེ་བསྐྱེད། །དེ་ཡི་ལྟེ་བར་ཟླ་བ་ལ། །མཱ་མ་ཀཱི་ནི་སྔོན་བཞིན་བསམ། །དེ་ཡི་ཤེས་ལྷ་མོ་ནི། །ཐུགས་ཀར་མཾ་ལ་བཟླས་པའི་སྔགས། །ཡང་འགྲེང་རིག་བཅས་བསྐོར་བར་བསམ། །དེ་ཉིད་བཟླས་པས་འོད་ཟེར་འཕྲོས། །དེ་ཡིས་སྤྱི་བོ་ནས་བརྩམས་ཏེ། རྐང་མཐིལ་བར་གྱི་རྡོ་རྗེ་ཡི། །གོ་ཆས་བར་མཚམས་མེད་གཏམས་ཏེ། །འབྱི་ལོ་ཀ་ནི་ཆུར་བླུགས་བཞིན། །སྦྱོར་བ་ཡང་དང་ཡང་བསམས་ཏེ། །བདག་དང་གཞན་ནི་སྲུང་བར་བྱེད། །


DTG044_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་སྟོང་གསུམ་གང་བ་ཡང༌། །སྲུང་བྱེད་སྟོབས་སུ་འགྱུར་བར་བཤད། །མངོན་རྟོགས་ཉེ་བའི་རྣལ་འབྱོར་པས། །ལས་ནི་བཞི་སྟེ་གཅིག་ལ་གསུམ། །བསྒྲུབ་ཕྱིར་ཉེ་དང་མི་ཉེ་བས། །བསམ་གཏན་རི་མོ་བསྲུང་བའི་ཕྱིར། །རང་བཞིན་དག་པའི་ཆོས་རྣམས་ཀྱི། །དོན་དང་འབྲས་བུར་བཅས་པ་རྣམས། །དག་པའི་ཁྲོ་བོ་རྣམས་ཀྱི་ནི། །བསྒོམ་པའི་ཆོ་ག་བཤད་པར་བྱ། །སྔོན་བཞིན་བརྟེན་གྱི་དཀྱིལ་འཁོར་དང༌། དང་པོ་མགོན་པོ་བསྐྱེད་ནས། སེམས་ཅན་སྐྱེ་རིམ་བཞི་སྤངས་ནས། །བར་མའི་སེམས་ཀྱིས་དང་པོར་འགྱུར། །བསྐུལ་པས་ཧཱུཾ་ལྔ་བྷཱུཾ་དུ་བྱུང༌། །ཧཱུཾ་ལྔ་ལྕགས་ཀྱུ་དབྱུག་ཏོ་དང༌། །རྩེ་གསུམ་རལ་གྲི་རྡོ་རྗེར་འགྱུར། །བྷཱུཾ་ནི་འཁོར་ལོ་རྩིབས་བརྒྱད་འགྱུར། །དེ་ཡང་དེ་དག་རྣམས་ཀྱིས་མཚན། །འོད་ཀྱི་ཁམས་བཞུགས་སངས་རྒྱས་རྣམས། །རང་དང་འདྲ་བས་བསྐུལ་བྱས་ཏེ། །བཅུག་སྟེ་ས་བོ་ན་ནང་དུ་ཐིམ། །ཊཱ་ཀྐི་རྒྱལ་པོ་ཁྲོ་བོ་ཆེ། །སྐུ་དང་དབུ་ཞལ་མཐིང་ག་ལ། །གཡས་དཀར་གཡོན་དམར་ཕྱག་དྲུག་པ། །གཡས་གཉིས་ལྕགས་ཀྱུ་རལ་གྲི་འཛིན། །གཡོན་གཉིས་རིན་ཆེན་པདྨའོ། །དབྱུག་སྔོན་ཅན་ནི་ཁྲོ་བོ་ཆེ། །སྐུ་མདོག་དེ་འདྲ་ཕྱག་དྲུག་པ། །གཡས་གཉིས་དབྱུག་ཏོ་རལ་གྲི་འཛིན། །གཡོན་གཉིས་རིན་ཆེན་པདྨའོ། །སྟོབས་པོ་ཆེ་ནི་ཁྲོ་བོ་ཆེ། །ཞལ་གསུམ་དེ་འདྲ་ཕྱག་དྲུག་པ། །གཡས་གཉིས་རྩེ་གསུམ་རལ་གྲི་འཛིན། །གཡོན་གཉིས་རིན་ཆེན་པདྨའོ། །མི་གཡོ་མགོན་པོ་ཁྲོ་བོ་ཆེ། །ཞལ་གསུམ་དེ་འདྲ་ཟུར་གྱིས་ལྟ། །གཡས་གཉིས་རལ་གྲི་འཁོར་ལོ་འཛིན། །གཡོན་གཉིས་རིན་ཆེན་པདྨའོ། །གནོད་མཛེས་རྒྱལ་པོ་ཁྲོ་བོ་ཆེ། །སྐུ་དང་དབུ་ཞལ་དེ་འདྲ་སྟེ། །གཡས་གཉིས་རྡོ་རྗེ་རལ་གྲི་དང༌། གཡོན་པདྨའོ། །གཙུག་ཏོར་འཁོར་ལོས་སྒྱུར་རྒྱལ་ཆེ། །སྐུ་དང་དབུ་ཞལ་གསེར་བཙོ་འདྲ། །གཡས་ག་ནག་གཡོན་དཀར་ཕྱག་དྲུག་པ། །གཡས་གཉིས་འཁོར་ལོ་རྡོ་རྗེ་འཛིན། །གཡོན་གཉིས་རིན་ཆེན་པདྨ་འཛིན། །དེ་དག་དང་པོས་རིག་མ་འཁྱུད། །སྟག་ལྤགས་ཤམ་ཐབས་དང་ལྡན་པ། །འགྱིང་བག་ཏུ་ནི་རབ་ཁྲོ་བ། །མཆེ་བ་ཅུང་ཟད་


DTG044_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གཙིགས་པ་སྟེ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །པདྨ་ཉི་མའི་དཀྱིལ་འཁོར་ལ། །སྦོམ་པོ་གཡས་བསྐུམ་གཡོན་བརྐྱང་བའོ། །མེ་ཡི་འོད་ཀྱི་དཀྱིལ་འཁོར་ནང༌། །འཁོར་ལོ་འབར་བས་གཙུག་ཏོར་བསྐོར། །མི་བསྐྱོད་ཅོད་པན་མཚན་མ་བསྒོམ། །དེ་དག་དྲན་པ་གཅིག་པ་སྟེ། །ལས་ཀྱི་ཁྱད་པར་སྒྲུབ་བྱེད་པས། །འདི་ནི་འཁོར་ལོར་ལྡན་པ་ཡི། །ཞར་ལ་དེ་ཡི་སྒྲུབ་པ་གསུངས། །དགུག་དང་དབང་གི་དང་པོ་དང༌། །ཆོས་ཚེ་རྒྱས་མཛད་མང་པོ་ཞི། །མ་ཡིན་ལས་ཀྱི་ཁྱད་པར་རྣམས། །དང་པོ་གཉིས་པས་ཡང་བྱ་སྟེ། །དུས་ཀྱི་བྱེ་བྲག་ངེས་མེད་པས། །འགྲུབ་སྟེ་དང་པོ་ཐུན་མོང་ལུང༌། །ཁྱད་པར་གཞུང་འདིས་ཟློས་བྱས་ཏེ། །དད་པས་དེ་རྣམས་ནན་ཏན་བྱ། །གཏི་མུག་ཉེས་པའི་འདོད་ཆགས་དང༌། །སྒྲིབ་པ་ལས་ནི་རྣམ་དག་པའི། །རང་བཞིན་གཟུང་དང་དགའ་བ་དང༌། །ཚུལ་དང་མི་གཡོ་རྒྱུ་ཉིད་དང༌། །འབྲས་བུར་དག་སྟེ་དེ་རྣམས་ཀྱི། །སྤྱི་ཡི་མཚན་ཉིད་རྣམ་དག་པ། །ཁམས་གསུམ་རྣམ་པར་རྒྱལ་བ་ཡི། །བསྒྲུབ་པའི་མཚན་ཉིད་བཤད་པར་བྱ། །གང་ཕྱིར་རི་མོའི་བརྟུལ་ཞུགས་ཀྱིས། །གཞུང་དུ་ངེས་པར་གསུངས་པས་ན། །ལས་ཀྱི་རིམ་པ་བསྐང་པའི་ཕྱིར། །གསང་བའི་ཐིག་ལེ་རྒྱུད་ལས་གསུངས། །དེ་ཕྱིར་སྒྲུབ་ཐབས་རིམ་པ་ནི། །རྫོགས་པར་བྱ་ཕྱིར་བླ་མས་ཀྱང༌། །སྒྲུབ་པོ་རྣམས་ལ་ཕན་གདགས་ཕྱིར། །འདུས་པའི་ཆོ་གར་གསུངས་པ་ཡི། །སྔོན་བཞིན་ཐམས་ཅད་རབ་བྱས་ལ། །རྡོ་རྗེ་ཧཱུཾ་མཛད་རྣལ་འབྱོར་གནས། །དབུས་ཞལ་སྐུ་ནི་མཐིང་ཀ་ལ། །གཡས་དཀར་གཡོན་དམར་ཕྱག་དྲུག་པ། །དང་པོས་རང་གི་རིག་མ་འཁྱུད། །གཡས་གཉིས་རྡོ་རྗེ་ལྕགས་ཀྱུ་བསྣམས། །གཡོན་གཉིས་པདྨ་ཞགས་པ་བསྣམས། །མཆེ་བཅུར་ཟད་གཙིགས་པ་སྟེ། །རིན་ཆེན་སྣ་ཚོགས་རྒྱན་དང་ལྡན། །དབུ་སྐྲ་སེར་པོ་གྱེན་དུ་བརྫེས། །གཏུམ་པོའི་ཧཱུཾ་གི་ང་རོ་སྒྲོགས། །སྟག་ལྤགས་སྨད་གཡོགས་དང་ལྡན་པ། །དྲག་པོ་གཡས་བསྐུམ་གཡོན་བརྐྱང་གིས། །ལྷ་ཆེན་ཆུང་མར་བཅས་པ་ཡི། །གད་ན་གཡོན་སྲ་བའི་ནུ་མར་མནན། །ཅོད་པན་མི་བསྐྱོད་མཚན་པ་བསྒོམ། །དེ་ལྟར་བསྒོམས་ནས་དེ་ཡི་


DTG044_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས། །ཧཱུཾ་བཞིའམ་དེར་གསུངས་བཅུ་བདུན་པོ། །རྩེ་གཅིག་ལས་རྣམས་ཀུན་ལ་ནི། །སྔར་བཅས་ཆོ་ག་བཞིན་དུ་བཟླས། །ཨོཾ་ཨཱཿ་ཀྲོ་དྷེ་ཧཱུཾ་ཀ་ར་ན་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། །རྩ་བའི་རིག་པའོ། །ཨོཾ་ཧྲི་ད་ཡ་ཧཱུཾ། །སྙིང་གའོ། །ཨོཾ་ཀ་པཱ་ལ་ཧཱུཾ་ཕཊ། མཚོག་མ་ལའོ། །ཨོཾ་ཨཱཿ་ཧཱུཾ་ཀ་ར་ཀེ་ཀ་བེ་ར་ཧཱུཾ་ཕཊ། སྤྱི་གཙུག་ཏུའོ། །ཨོཾ་ཛྭ་ལ་ཛྭ་ལ་ལི་ཏ་བའི་ཏྲ་ཧ་ཧཱུཾ་ཕཊ། མཚོན་ཆ་ལའོ། །སྦྱོར་བ་དེ་ཡིས་བ་དན་དང༌། ཐལ་བ་སྣག་ཚ་བཙག་སོར་གཏུབ། སྐྲོད་བྱེད་དག་གི་ལས་རྣམས་དག །ཇི་བཞིན་དུ་ནི་བསྒྲུབ་པར་བྱ། །དུར་ཁྲོད་རས་ལ་བ་དན་ནི། །ཁ་དོག་མཐིང་ག་སོར་བཅུ་དྲུག །སྨྱུག་མའི་ཡུ་བ་ཁྲུ་གང་ལ། །བཏགས་ཏེ་དུར་ཁྲོད་གནས་སུ་བསྒྲུབ། །དེ་ནི་ལག་ཏུ་གཟུང་བྱས་ནས། །ཞག་བདུན་སྔགས་བཟླས་ནམ་ལངས་ན། །དེ་ཐོགས་དགྲ་དཔུང་ལ་གཡབས་པས། །ཐེ་ཚོམ་མེད་པར་གནོན་པར་འགྱུར། །མཚོན་ཐོགས་བདག་ལ་གནོད་བྱེད་གཞན། །སྒྲུབ་པ་པོ་ནི་མཐོང་ཙམ་གྱིས། །དེ་དག་མདུང་བཞིན་རེངས་པར་འགྱུར། །དེ་བཞིན་གླང་རྒྱལ་མྱོས་པ་དང༌། ཤིང་རྟ་རྟ་དང་སྲོག་ཆགས་རྔམ། །རྐང་ཐང་འཁྲུགས་པ་མང་བཅས་པ། །མཐོང་པ་ཙམ་གྱིས་རེངས་པར་འགྱུར། །མཚན་མོ་མི་རོ་བསྲེགས་བ་ཡི། །གནས་སོང་སྐྲ་བཤིག་གཅེར་བུར་ཕྱུང༌། །བཟླས་པ་བསྐོར་ཞིང་རབ་བྱས་ནས། །ནམ་ལངས་ཐལ་བ་སྤར་གང་བླང༌། །ལག་པ་གཡོན་པས་བླངས་ནས་ནི། །རང་གི་ཁྱིམ་དུ་འགྲོ་བར་བྱ། །ཡང་ན་ལྷ་ཁང་སྟོང་བར་འགྲོ། །ཕྱིར་ནི་བལྟ་བར་མི་བྱའོ། །དེ་ནས་དེར་ཡང་ཐལ་བ་དེ། །ཞག་བདུན་སྔགས་བཟླས་བསྲུང་བར་བྱ། །སྣོད་སར་ནང་དུ་རབ་བཞག་སྟེ། །ས་ལ་གཞག་པར་མི་བྱའོ། །དེ་ཡིས་གང་གི་དཔུང་ཤི་ཚོགས། །མཐོང་ན་ལན་ཅིག་གཏོར་ཙམ་གྱིས། །རེངས་པར་འདོད་ན་རེངས་པར་འགྱུར། །རླུང་ཕྱོགས་དག་ཏུ་སྦྱར་བ་ན། །ལྡོག་པར་འདོད་ན་ལྡོག་པར་འགྱུར། །མདུན་དུ་སྐེམ་སྟེ་གཏོར་བྱས་ནས། །མྱོས་པར་འགྱུར་ཏེ་མཚོན་ཆ་རྔམ། །དེ་ཁོ་ན་བཞིན་འདོར་བར་འགྱུར། །ཚིལ་ཆེན་སྣུམ་ལ་མར་མེ་ནི། །


DTG044_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པ་བཟང་པོར་སྦར་བར་བྱ། །སྟེང་གི་ཐོད་པར་དུ་བ་བསྒོ། །སྣག་ཚར་བྱས་ཏེ་དེ་བླངས་ལ། །ཞག་བདུན་སྔགས་བཟླས་ནམ་ལངས་ན། །དུ་བའི་སྣག་ཚ་མིག་ལ་བསྐུ། །དེ་ཡིས་གང་མཐོང་ཐམས་ཅད་ཀུན། །ཅི་བགྱི་ཞེས་ནི་བཀའ་ཉན་འགྱུར། །ཡུག་སྣམ་བཙག་ནི་དགེ་བ་དག །བསྲེག་པའི་གནས་འགྲོ་ཁར་བཅུག་ལ། །དེ་ཕྱེད་ཚིག་པའི་དུས་སུ་ནི། །གྲོགས་མེད་པར་ནི་མཚན་མོ་བླང༌། །ལྷ་ཡི་ཁང་སྟོང་དུ་ཁྱེར་ནས། །གོང་གི་སྔགས་ནི་ཞག་བདུན་བཟླ། །དེ་ཚེ་བགེགས་ཀྱང་སྣ་ཚོགས་དང༌། །མི་འཇིགས་འ་དུག་ཅིང་དེ་ལ་བཟླ། །དེ་ནས་ནམ་ལངས་གྱུར་ན། །རས་ནི་དམར་པོས་དཀྲི་བྱས་ལ། །མཆོད་ཅིང་བསྲུངས་ནས་གཞག་པར་བྱ། །དེ་ཡིས་སེམས་དང་ལྡན་པའམ། །མི་ལྡན་གང་གི་མིང་བྲིས་པས། །བསྐུལ་ནས་དོགས་པ་མེད་པ་ཡང༌། །རྡོ་རྗེ་འཆང་བའི་བཀའ་བཞིན་དུ། །འོངས་ནས་ལས་རྣམས་ཐམས་ཅད་བྱེད། །སྲོག་སོང་དུར་ཁྲོད་ཁྱེར་བ་ན། །གསེར་གྱི་སོར་གདུབ་དེ་ཡི་ཁར། །བཅུག་ནས་བདག་ཉིད་གཅིག་པུ་ནི། །ཁྲོ་བོའི་སྔགས་ནི་ཟློས་ཤིང་འདུག །རོ་དེ་མེ་ཡིས་ཚིག་འགྱུར་ན། ཁ་ཡི་སོར་གདུབ་སྒྲུབ་པ་པོའི། །ལག་པ་གཡོན་པས་བླང་བྱས་ལ། །ཞག་བདུན་པར་དུ་བཟླ་བར་བྱ། །དེ་ནས་སོར་གདུབ་བཟང་པོ་དེ། །ལག་པ་གཡོན་པའི་མཛུབ་མོ་ལ། །བཅུག་སྟེ་ལག་པ་དེ་ཡིས་ནི། །གང་དང་གང་དུ་རེག་འགྱུར་བ། །དེ་དང་དེ་ཡིས་ལས་ཀུན་བྱེད། །ཕྱི་བཞིན་དུའང་རྟག་ཏུ་འབྲང༌། །རྟེན་འབྲེལ་བསམ་གྱིས་མི་ཁྱབ་པ། །འདི་ལ་དཔྱད་པར་ཡོང་མི་བྱ། །སིང་ཏའི་ཤིང་ལ་གབ་ཚེ་ཡང༌། །བཟང་པོ་སོར་ནི་བརྒྱད་པ་བྱ། །དེ་ཡིན་ནང་དུ་སྐྲོད་བྱེད་ཀྱང༌། །དངོས་གྲུབ་སྦྱིན་པར་བྱེད་པར་བླུགས། །ཟླ་བ་གཟས་ནི་ཟིན་པའི་ཚེ། །མ་གྲོལ་བར་དུ་དེ་ལ་བཟླ། །དེ་ནས་སྔོན་བཞིན་འཁོར་ལོ་བྲི། །འབྱུང་པོ་གཏོར་མ་སྦྱིན་བྱས་ལ། །གབ་ཚེ་ནང་གི་སྐྲོད་བྱེད་ཀྱང༌། །སྒྲ་འབྱུང་ཡང་ན་གས་ཀྱི་བར། །དེ་སྲིད་ཞག་བདུན་དེ་ལ་ནི། །ཁྲོ་བོའི་སྔགས་ཀྱི་བཟླས་པར་བྱ། །དེ་ཚེ་སྐྲོད་བྱེད་གྲུབ་མ་ཐག །བླངས་ནས་གང་ཡང་རུང་བ་རུ། །ཆོ་ག་བཞིན་དུ་སྦྱར་ན་ནི། །དེ་ཡིས་མི་ནུས་གཅིག་


DTG044_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མེད། །ས་ཡང་འགས་བྱེད་ཆུ་ཡང་སྐེམས། །རིན་ཆེན་ཕྱེ་མ་བཞིན་དུ་རློག །རི་རྩེར་སྦྱར་ན་བསྙིལ་བར་བྱེད། །ཁྲག་དང་སོལ་བའི་སེལ་འབེབས་བྱེད། །གནམ་ལྕགས་དག་ནི་འཐོར་བ་དང༌། །ས་གཡོས་སྤྲིན་ནི་གཏོར་བ་དག །རྣལ་འབྱོར་པ་ཡིས་རབ་སྦྱར་ན། །གློ་བུར་དུ་ནི་ཐོགས་མེད་འགྲུབ། །མཚོ་གྱོ་ཀླུ་རྣམས་སྐྲག་པ་དང༌། །ཤིང་རྣམས་འབྲས་བུ་གློ་བུར་འབྱིན། །གཞན་ཡང་སྒྲུབ་པོ་ཅི་བསམ་པའི། །ལས་རྣམས་ཐམས་ཅད་དེ་ཡིས་བྱེད། །འདི་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི། །སྔགས་རྒྱུད་ལྡན་བའི་ལས་རྣམས་དེ་གཞན་ཡང་དེ་ལས་གསུངས་པ་ཡི། །ལས་རྣམས་མཁས་པས་ཤེས་པར་བྱ། །ད་ནི་ཐུན་མོང་གི་དངོས་གྲུབ་ཀྱི་མཇུག་ཏུ་མངག་གཞུག་བསྒྲུབ་པའི་ཚོགས་བཤད་པར་བྱའོ། །རྡོ་རྗེ་བཟླས་གནས་རྣལ་འབྱོར་བས། །རང་གི་དགོས་བ་རྫོགས་པའི་ཕྱིར། །བདག་གི་རིགས་ཀྱི་ཁྲོ་བོ་མཆོག །མངག་གཞུག་པ་རུ་བསྒྲུབ་པར་བྱ། །འདོད་པའི་ལྷ་ཡི་རྣལ་འབྱོར་བས། །ཐམས་ཅད་སྔ་མ་བཞིན་བྱས་ལ། །ཧྲི་ནི་འོད་ཟེར་ལྔ་འབར་བ། ནམ་མཁའི་དབུས་སུ་བསམ་པར་བྱ། །མཁའ་དབྱིངས་བདེ་གཤེགས་བྱང་ཆུབ་སེམས། །རིག་པའི་ལྷ་དང་ཁྲོ་བོའི་ཚོགས། །གང་བར་བསམས་ནས་སྔགས་འདི་ཡིས། །སྐུ་གསུང་ཐུགས་ལ་གནས་ལ་གདབ། །ཨོཾ་ཨཱཿཧྲི་ཨ་མོ་གྷ་སིདྡྷི་ནན་བྷཀྵ་ཡ་ཧཱུཾ། ཕབ་པས་གནས་དེ་རིགས་ཀྱི་རིམ། །མི་བསྐྱོད་པ་ཡི་ཨ་གྱུར་ཏེ། །ཚེ་དཔག་མེད་པའི་ཁཾ་དུ་གྱུར། །རྣམ་པར་སྣང་མཛད་དིང་གྱུར་ཏོ། །ཆོ་ག་དེ་ལ་སྐད་ཅིག་གིས། །ཆོ་ག་གཉིས་པ་བསྒྲུབ་པར་བྱ། །ཨ་དེ་བདུད་རྩི་འཁྱིལ་པར་གྱུར། །ཐལ་སྦྱར་གཞན་ལ་སྔོན་བཞིན་བསམ། །ཁཾ་དེ་པདྨ་མཐར་བྱེད་གྱུར། །དེ་ནི་གཤིན་རྗེ་གཤེད་གྱུར་ཏེ། །དེ་དག་སྔོན་བཞིན་ཉི་མ་ལ། །གནས་ཏེ་དང་པོ་ཐལ་སྦྱར་བསམ། །ལྷ་མོ་སྤངས་པའི་ཕྱག་མཚན་ཡང༌། །གཡས་ཀྱི་ཐ་མར་དཔའ་བོ་དང༌། །ལྕགས་ཀྱུས་བཀང་བའི་སྣོད་བཟུང་ནས། །སྒྲུབ་བ་པོ་ལ་སྟོབས་བྱེད་བསྒོམ། །དེ་དག་གནས་གསུམ་གོང་མ་ཡིན། །ཨ་ཁཾ་དེ་ནི་བཀོད་བྱས་ནས། །དེ་ནས་བསྐུལ་བ་ལ་སོགས་པས། །


DTG044_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡོད་གྲུབ་པས་དབུ་བརྒྱན་ཏེ། །བདུད་རྩི་འཁྱིལ་བའི་ཐུགས་ཀ་རུ། །ཉི་མའི་དཀྱིལ་འཁོར་ལ་གནས་པའི། །མི་བསྐྱོད་པ་ནི་བསྒོམ་པར་བྱ། །པདྨ་མཐར་བྱེད་ཐུགས་ཀ་རུ། །དེ་གནས་ཆེད་དཔག་མེད་པར་བསྒོམ། །གཤིན་རྗེ་གཤེད་ཀྱི་ཐུགས་ཀ་རུ། །ཟླ་བའི་དཀྱིལ་འཁོར་ལ་གནས་པའི། །རྣམ་པར་སྣང་མཛད་རབ་ཏུ་བསྒོམ། །དེ་ནས་རིགས་གསུམ་ཕྱག་གནས་པའི། །མདུང་རྩེ་གསུམ་དང་ཀྱོ་བ་དང༌། །རྡོ་རྗེ་དང་ནི་གཏུན་ཤིང་གིས། །གསང་བའི་གནས་ལ་བརྡབ་ཅིང་བསྐུལ། །ཨོཾ་མི་བསྐྱོད་པ་ནི་རྡོ་རྗེ་མཆོག །ཁྱོད་ཀྱི་རིགས་ཀྱི་ཁྲོ་བོ་ཆེ། །ང་ཡི་རེ་རྫོགས་བྱའི་ཕྱིར། །ཁྱོད་ཀྱི་མངག་བཞུགས་པ་རུ་བསྐུལ། །ཚོ་དཔག་མེད་དང་སྣང་མཛད་ཀྱང༌། །དེ་བཞིན་དུ་ནི་བསྐུལ་བྱས་ཏེ། །ཉམས་དགའ་བ་ཡི་རི་དག་དང༌། །ཆུ་གླིང་རྣམ་པ་སྣ་ཚོགས་སུ། །བསམ་གཏན་འདི་ནི་ཟླ་ཕྱེད་བསྒོམ། །རི་རབ་སུམ་ཅུ་རྩ་དྲུག་གི །རབ་ཏུ་ཕྲ་བའི་རྡུལ་སྙེད་དང༌། །འཁོར་ལོ་ཅན་གྱི་བྱང་ཆུབ་འགྲུབ། །དེས་ཁྲིད་སངས་རྒྱས་ཞིང་དུ་འགྲོ། །ཟབ་ཅིང་རྒྱ་ཆེའི་ཆོས་ཐོབ་འགྱུར། །དེ་ནི་གཉིད་སོགས་དང་བྲལ་ཡང༌། །བདེ་གཤེགས་ཀུན་གྱིས་བྱིན་བརླབས་ནས། །གཉིད་འོད་དེ་རུ་གོང་སུངས་པའི། །མཚན་མ་རྣམས་ནི་ཡང་དང་ཡང༌། །འབྱུང་བར་འགྱུར་བར་ཐེ་ཚོམ་མེད། །ལྷ་ཡི་བཀའ་ཡིས་བརྟན་པར་བྱེད། །ནམ་མཁའ་ཆོས་རྣམས་སྤངས་པ་ཡང༌། །རྟ་དང་གླང་ཆེན་ལ་སོགས་པ། །སྒྲུབ་པ་པོ་ཡིས་བསྐུལ་བ་ཡིས། །མངག་གཞུག་དེ་ཡིས་བྱེད་པར་འགྱུར། གོང་གསུངས་འོག་ནས་འབྱུང་བ་ལ། །སྒྲུབ་པའི་ཐབས་ནི་ཇི་སྙེད་པ། །ནུས་དང་ལྡན་པས་དེ་རྣམས་ལས། །ལྷ་སོགས་རྣམས་ཀྱིས་ཁྱད་ཤེས་གྱུར། །འདྲོན་པོའི་དང་པོའི་གནས་བཞིན་དུ། །ཐམས་བཅད་བརྗོད་པས་ལུང་རྡོ་ཐོགས། །དེ་བས་དང་པོ་སྔོན་འགྲོ་བས། །གཞུང་གི་དོན་ལ་བརྟན་པར་བྱ། །ད་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པར་བྱའོ། །སྔོན་གསུངས་ཡང་དག་རིམ་གནས་ལ། །དགོས་དང་དོན་བྱེད་མ་གཏོགས་པ། །བྱ་བ་ཐམས་ཅད་མཆིལ་ཐལ་བཞིན། །སྤངས་ནས་རྡོ་རྗེ་འཆང་བ་ཡི། །སྦྱོར་བ་ཐོབ་ཕྱིར་དུས་


DTG044_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ། །སངས་རྒྱས་མཆོད་དང་འགྲོ་དོན་ལ། །དད་པས་བརྩོན་འགྲུས་ཀྱིས་སྦྱོར་བྱེད། །ཐབས་ཤེས་སྦྱོར་བས་སྐྱོན་ཀུན་བསལ། །ཐོབ་པའི་ཟས་ནི་ཟ་བར་བྱེད། །ཆགས་པ་སྡང་བ་རྣམས་དང་བྲལ། །འཇིག་རྟེན་ཆོས་བརྒྱད་མ་གཏོགས་པའི། །འདོད་པའི་ལོངས་སྤྱོད་ཐོབ་བཞིན་སྤྱོད། །བཀའ་ཡི་གཞུང་ལུགས་འཇིགས་སྤངས་ནས། །ལུས་གནས་པ་ཡི་ཆོ་ག་ཤེས་ཏེ། །བྱ་བ་གསུམ་གྱི་མཐའ་ལ་སྤྱོད། །དགོས་པ་འགྲུབ་པ་དེས་བསྒྲུབ་བྱ། །ཅི་གསུང་མཚན་མ་མཐོང་འགྱུར་ནས། །རང་གི་རིགས་ཀྱི་ཕྱག་རྒྱ་མཆོག།། །གོང་དུ་བསྟན་པའི་ཆོ་ག་ཡིས། །བཀུག་སྟེ་བདག་གི་ར་བྱ་བའོ། །དེ་དང་ལྷན་ཅིག་ཡིད་འོང་དགོན། །རང་ཉིད་མ་གཏོགས་གཞན་གྱིས་ནི། །མི་ཕྱེད་གནས་སུ་ཟླ་དྲུག་ཏུ། །གསང་བའི་བརྟུལ་ཞུགས་སྤྱོད་པ་བྱ། །བརྒྱུད་པའི་མན་ངག་ལས་གསུངས་པའི། །ལུས་ངག་ཡིད་ཀྱི་སྤྱོད་པའི་མཆོག །ཕྱག་རྒྱ་དག་ཕྱིར་ཉིན་མཚན་དུ། །རྣལ་འབྱོར་དབང་ཕྱུག་བརྩོན་པར་བྱ། །དེ་ཡིས་ཟླ་བ་གཅིག་གིས་ནི། །སྐལ་ལྡན་གྱུར་བར་ཐེ་ཚོམ་མེད། །དེ་དང་ལྔ་ཡི་བར་དུ་ནི། །རྫེས་མཐུན་ཤེས་པའི་ཟས་ལོངས་སྤྱོད། །རང་གི་ཁམས་ན་རང་གནས་པའི། །བདེ་གཤེགས་རྣམས་ཀྱིས་ཐུགས་གདུངས་ནས། །དེ་རུ་བྱོན་ནས་སྒྲུབ་པོ་ལ། །འཕྲལ་དུ་བཀའ་སྩལ་སྟེར་བར་གྱུར། །དེ་ནས་བཀའ་སྩལ་ཐོབ་མ་ཐག །རང་གི་མཐུ་སྟོབས་རྟོགས་བྱའི་ཕྱིར། །གོང་དང་ལྷན་ཅིག་ཟླ་དྲུག་ཏུ། །ཕྱི་ཡི་རིག་པའི་བརྟུལ་ཞུགས་སྤྱད། །ཡིད་འོང་དབེན་པར་ཆོ་ག་བཞིན། །འདུས་པའི་འཁོར་ལོ་བྲི་བྱས་ལ། །མཆོད་པ་སོགས་ཀྱིས་མཉེས་བྱས་ཏེ། །བསོད་ནམས་ཚོགས་ནི་རྫོགས་པར་བྱ། །དེ་ནས་བདག་ཉིད་དེ་དང་ནི། །བཅོས་མའི་གདོང་ལ་སོགས་པས་མཚན། །ཡང་ན་ཕྱོགས་གོས་འབའ་ཞིག་གིས། །མཚན་ཏེ་ཀུན་དུ་རྒྱུ་བར་བྱ། །རི་ཡི་གཅོང་རོང་ནགས་ཚལ་གནས། །གླང་ཆེན་སེངྒེ་སྦྲུལ་དང་སྟག །གདུག་པའི་སེམས་ཅན་འཇིགས་པའི་སར། །བདག་རྒྱུ་དེ་དག་རྩེ་བར་བྱེད། །རྡོ་ལེབ་རྒྱ་མཚོར་བདག་ཉིད་འདུག །རི་དགས་ལྟེ་བའི་དྲི་བྲོ་སྟེ། །ཨིནྡྲ་ནཱི་ལའི་ཁ་དོག་འདྲ། །སྣུམ་དང་མིག་སྟོང་


DTG044_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གདན་བཞིན་ནོ། །ཚེར་མང་ཆུ་མིག་གྲོག་རལ་མང༌། །མི་སྡུག་གནས་སུ་བདག་རྒྱུ་བས། །མེ་ཏོག་འབྲས་བུ་བཟང་པོ་དང༌། །དྲི་བ་ཞིམ་ཆུ་ནི་མདོངས་དང་ལྡན། །གཞན་གསུངས་ཕྱག་རྒྱ་རྣམས་ཀྱི་མཚན། །གར་བྱེད་གླུ་བླང་བརྐམ་ཚིག་སྦྲ། །མི་ཤེས་བླུན། །པའི་གཟི་ཅན་རྣམས། །འདུལ་ཞིང་ལུས་ཀྱི་རྒྱུ་མཐུན་པས། །གསོ་བར་བྱེད་ཅིང་སྟོབས་མ་ཐོབ་པས། །ནགས་ཚལ་དག་ཏུ་བསོད་སྙོམས་བསླང༌། །བསྒྲུབ་དབང་དེ་ཡི་གཟི་བརྗིད་ཀྱིས། །ནགས་ཚལ་ལྷ་རྣམས་སྐྲག་ནས་ནི། །ཁ་ཟས་བཟང་པོ་སྟེར་བདག །སྒྲུབ་པ་པོ་ལ་རབ་ཏུ་སྦྱོར། །ཕུན་སུམ་ཚོགས་པ་མ་སྦྱར་ན། །དམ་ཚིག་སྟོབས་ཀྱིས་དེ་རྣམས་འཆི། །དེ་ལྟར་སྤྱི་དང་དངོས་གཞི་ཡི། །མཚན་ཐོབ་བ་ཡི་རྣལ་འབྱོར་བས། །རང་གི་ཁམས་ནི་དག་བྱའི་ཕྱིར། །འོག་ནས་བཤད་པའི་རིམ་པ་བཞིན། །དུས་མཚན་བཞི་རུ་ཞག་བདུན་དུ། །བསྒོམ་པའི་དབང་བསྐུར་རྣམ་དག་པས། །ཉི་ཤུ་རྩ་ལྔའི་བདག་ཉིད་ཅན། །འཁོར་ལོའི་བདག་ཉིད་དྲི་མེད་བྱ། །རང་གི་ས་བོན་འོད་ལྕགས་ཀྱུ། །རྟག་དང་སྦྱོར་བའི་སྤྱན་མའི་ཚོགས། །འོག་མིན་ནས་ནི་བཀུག་བྱས་ནས། །ནམ་མཁའི་ཁམས་ཀུན་གང་བཞུགས་བསྒོམ། །དེ་ཉིད་བདེ་ཆེན་པོ་ཞུ་བས། །འོ་མའི་རྒྱུན་ལྟར་དེ་དག་གིས། །སྤྱི་བོ་ནས་ནི་མདུན་རྒྱབ་དང༌། །ལྔ་སྟོང་དག་ནི་ཞུགས་པར་བྱ། །དེ་བཞིན་བདེ་བ་ཅན་ཞིང་ནས། །དཔག་མེད་དང་སྦྱོར་གོས་དཀར་དགུག །སྔོན་བཞིན་བསམས་ནས་དེ་ཡི་དུས། །དེ་དག་རྣམས་ནི་ལྕེ་ལ་གཞུག །མངོན་དགའ་ལས་བྱུང་མི་བསྐྱོད་དང༌། །མཱ་མ་ཀའི་ནི་གཉིས་མེད་དུ། །དེ་དག་རྣམས་ཀྱི་ཐུགས་ཀ་རུ། །ལྔ་སྟོང་བདུན་བརྒྱའི་བར་དུ་ཞུགས། །འོད་དེས་ཁ་ཏི་ཀ་ནས་ཀྱང༌། །དོན་ཡོད་གྲུབ་དང་སྒྲོལ་མ་ཡང༌། །བདེ་ཆེན་གཞན་གྱི་དབང་གྱུར་ནས། །ལྟེ་བར་དེ་དུས་ཞུགས་བྱས་ནས། །ནམ་མཁའ་ལྟ་བུར་དེ་བཞིན་ཉིད། །ཡང་དང་ཡང་དུ་བརྩོན་བར་བྱ། །གང་ཕྱིར་དེ་ཉིད་ཡང་བསྒོམས་པས། །དངོས་པོ་དག་པར་བྱེད་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་དེ་ཉིད་བསྔགས། །དེ་དང་དེ་ཡི་རྣལ་འབྱོར་གྱིས། །རྡོ་རྗེ་གསུམ་གྱིས་མཚན་པ་ནི། །ཁྱུ་མཆོག་དེ་ནི་མཉེས་པར་འགྱུར། །དེ་ལྟར་སྦྱོར་བ་གསུམ་ལྡན་


DTG044_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

པས། །དངོས་གཞིའི་ལས་ལ་འཇུག་དོན་དུ། །གོང་གསུངས་ལས་ཀྱི་ཕྱག་རྒྱ་ཆེ། །རིགས་གསུམ་བྱེ་བྲག་གིས་གཟུང་བྱ། །མི་བསྐྱོད་རྡོ་རྗེ་རྣལ་འབྱོར་བས། །སྨེ་ཅན་གྱི་མཐུ་ཆེན་གྱི། །བུ་མོ་ལོ་གྲངས་བཅུ་དྲུག་པ། །ཨུཏྤལ་ཡི་མདོག་འདྲ་བསྒྲུབ། །དེ་བཞིན་རྟག་པའི་སྦྱོར་བ་ཡི། །བཙོ་བཟླག་མཁན་གྱི་བུ་མོ་དཀར། །ལོ་གྲང་སྙི་ཤུ་ལྡན་ལོན་པ། །སྤྱན་མའི་ངོ་བོར་བསྒྲུབ་པར་བྱ། །ཚེ་དཔག་མེད་ཀྱི་རྣལ་འབྱོར་བས། །གར་མཁན་བུ་མོ་རབ་མཛེས་ཤིང༌། །དམར་བོ་བཞིན་སྡུག་མིག་དཀྱུས་རིང༌། །ཉི་ཤུ་ལོན་པ་གོས་དཀར་བསྒྲུབ། །ཡང་ན་བྲམ་ཟི་རྒྱལ་རིགས་དང༌། །རྗེའུ་རིགས་དམངས་རིགས་གཞན་བུད་མེད། །གང་གི་རྣལ་འབྱོར་གྱིས་གནས་སྒྲུབ། །དེ་ཡིས་གསང་བའི་སྐུ་གསུམ་ཐོབ། །འདིས་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ལྷ་པའི་བྱ་བ་བྱ་ཞེས་བསྒྲུབ། །ཆགས་མིན་ཆགས་དང་བྲལ་བའང་མིན། །དབུ་མར་ཡང་ནི་མི་དམིགས་སོ། །འདི་ནི་གཉིས་མེད་ཐེག་པའི་མཆོག །བུད་མེད་སྒྱུ་མའི་རྒྱུ་འདི་ཡིས། །སྒྱུ་མ་དག་ནི་ཐམས་ཅད་པས། །བུད་མེད་སྒྱུར་མ་ཁྱད་པར་ཆེ། །ངོ་བོ་ཉིད་ཀྱི་མཐུ་དག་གིས། །རང་བཞིན་གྱིས་ནི་དེ་འགྲུབ་པའོ། །འཇིག་རྟེན་གསུམ་འདིར་བུད་མེད་འདིས། །གུས་པ་བྱེད་པ་དག་ཏུ་འགྱུར། །རྙེད་དང་བདེ་བ་དགའ་ཀུན་གྱིས། །ནང་སྤྱོད་རྣམས་ཀྱང་འགྲུབ་པར་འགྱུར། །རང་གི་ངོ་བོ་ཡོངས་བསྒྱུར་ནས། །བུད་མེད་ཀུན་གྱི་སྒྱུར་མ་འགྲུབ། །ངོ་མཚར་སྒྱུ་མའི་ཕྱག་རྒྱ་འདི། །མཁའ་འགྲོ་མ་ཡི་བརྡར་བསྟན་ཏོ། །དེ་བས་དེ་དང་ལྷན་ཅིག་ཏུ། །ཡིད་འོང་གནས་སུ་སྔོན་བཞིན་དུ། །རི་མོའི་དཀྱིལ་འཁོར་བྲིས་ནས་ཀྱང༌། །བྱིན་བརླབས་ལ་སོགས་སྔོན་བཞིན་བྱ། །དེ་རུ་སྟེགས་བུ་གྲུ་བཞི་ནི། །བདུད་རྩི་ལྔ་ལ་སོགས་པས་བྱུག །བདེ་བའི་སྟན་ལ་དེ་དང་ནི། །ལྷན་ཅིག་སྒྱུར་འདྲའི་ཏིང་འཛིན་རོལ། །བསྲུང་བ་ལ་སོགས་རྟེན་བསྒྲུབས་ལ། །དང་པོའི་མགོན་པོས་བདག་ཉིད་བསྒྲུབ། །གོང་མ་རིག་མའི་འདུ་བྱེད་པས། །རབ་ཏུ་བསྒྲུབས་ཏེ་པདྨར་བཞག །ཕྲིན་ལས་ལ་གནས་བདེ་ཆེན་པོ། །དེ་ཡིས་སྐུ་གསུམ་གོམས་བྱའི་ཕྱིར། །ཡང་


DTG044_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡང་དུ་ཉིན་མཚན་དུ། །ཟླ་བ་དྲུག་ཏུ་བསྒྲུབ་པར་བྱ། །དེ་ཡིས་སྒྲུབ་པོ་བདག་ཉིད་ཀྱིས། །ཕྱིན་དུས་སུ་སངས་རྒྱས་ཀྱི། །མཚན་གྱིས་བརྒྱན་པར་མ་གྱུར་ན། །ཡང་ང་ནི་ཆོ་ག་དེ་ཁོ་ནས། །དེ་ཡི་འདོད་པ་ལོངས་སྤྱོད་ཅིང༌། །གསང་བའི་མཆོད་པ་དང་བཅས་པས། །ས་བཅུ་དེ་ལ་གནས་བཅས་ཏེ། །ཟླ་བ་དྲུག་ཏུ་ཡང་བསྒྲུབ་བྱ། གལ་ཏེ་དེ་རུ་སྒྲུབ་པ་པོས། །གོང་གསུངས་མ་ཐོབ་བར་མ་གྱུར་ན། །ཇི་སྐད་བཤད་པའི་ཆོ་ག་ཡིས། །ཡང་ནི་ཟླ་དྲུག་རབ་ཏུ་བརྩམས། །དྲུག་གསུམ་བཅོ་བརྒྱད་ཆོ་ག་བཞིན། །བསྒྲུབ་བས་རྡོ་རྗེ་གསུམ་གྱིས་ནི། །དངོས་གྲུབ་སྟེར་ཏེ་ཕྱིས་འབྱུང་བའི། །ཕྱག་རྒྱ་ཆེན་པོ་རབ་ཏུ་འཐོབ། །དེ་ལྟར་བྱས་བའི་སྒྲུབ་པ་པོས། །བསྒོམས་པས་དངོས་གྲུབ་མཆོག་མ་མཐོང༌། །སྙན་ཚིག་ཞི་བའི་བསྐུལ་བ་ཡིས། །དངོས་སྒྲུབ་བསླང་བར་བྱ་བའོ། །སྔོན་གྱི་འཁོར་ལོ་ཁང་པའམ། །གཞན་ཡང་གང་ཡང་རུང་བ་རུ། །བགེགས་བསྐྲད་ཕུར་བུས་བཏབ་ནས་སུ། །སྔོན་བཞིན་གཙང་གཏོར་ས་གསོལ་བཏབ། །སངས་རྒྱས་ལ་སོགས་སྔ་མ་བཞིན། །གསོལ་བཏབ་སྟེགས་བུ་འདུས་བྱས་ཏེ། །བྱིན་བརླབས་ཏིང་འཛིན་གསུམ་གནས་ལ། །སྐྱེ་གཅིག་ཐོགས་བསམ་གསོལ་བ་གདབ། དྲུག་ཅུ་རྩ་བཞིས་བགེགས་བསྐྲད་ནས། །ས་བསྲུངས་ས་ཡི་ལྷ་མོ་ཡང༌། །མཆོད་པ་སོགས་ཀྱིས་མཉེས་བྱས་ལ། །དབང་པོར་ཞལ་གྱིར་བཞེས་པར་བྱ། །དེ་ནས་མེ་ཏོག་སྣ་ཚོགས་དང༌། །དྲི་ཞིམ་ལ་སོགས་ལྡན་པ་ཡི། །མཎྜལ་སྔོན་བཞིན་འདུས་བྱས་ལ། །དེ་ན་གནས་པ་དམིགས་པར་བྱ། །རང་གི་ས་བོན་འོད་ཟེར་ལས། །ལྕགས་ཀྱུ་རྡོ་རྗེ་གསལ་ཤིང་སོགས། །མཚན་པའི་ཁྲོ་བོ་སྤྲོ་བྱས་ལ། །དེ་དག་མཆོད་སོགས་ཀྱིས་མཉེས་བྱ། །སྒྲུབ་པོས་འོག་ནས་འབྱུང་བ་ཡི། །ཚིགས་བཅད་སྔགས་ཀྱི་ཁྱེད་རྣམས་ཀྱིས། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །བསྐུལ་ཅིག་ཅེས་ནི་སྨྲ་བར་བྱ། །དེ་ནས་ཞལ་གྱིས་བཞེས་ནས་ནི། །སོང་སྟེ་འཇིག་རྟེན་ཁམས་གནས་པའི། །སངས་རྒྱས་སོགས་ལ་ཕྲ་མོ་དང༌། །སྙན་ཚིག་འཇེབས་པའི་དབྱངས་ཀྱིས་བསྐུལ། །ཆེ་གེ་ཞེས་བྱ་རྡོ་རྗེ་ཆེ། །འདི་ཡི་གནས་


DTG044_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དམ་སྡོམ་ཅན། །རིག་མའི་བརྟུལ་ཞུགས་སྤྱོད་པ་ཡིས། །ཚོགས་ནི་རྫོགས་པར་འགྱུར་བའོ། །བསྒོམ་པ་བཟླས་བརྗོད་ཡོངས་རྫོགས་ནས། །ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར། །བརྟུལ་ཞུགས་སྤྱོད་པ་ཡང་གནས་ནས། །ཁྱོད་ཀྱིས་བསྒྲུབ་བའི་དཀྱིལ་འཁོར་བྲི། །ཁྱེད་ཅག་དེ་རུ་བྱོན་ནས་སུ། །དེ་ཡི་འཁོར་ལོ་བྱིན་བརླབས་ལ། །མཆོད་པ་ལ་སོགས་བཞེས་ནས་ཀྱང༌། །ཕྱག་རྒྱ་ཆེན་པོ་གནང་བར་མཛོད། །དེ་ལྟར་བརྗོད་པས་དེ་དག་ཀྱང༌། །རབ་ཏུ་དགྱེས་ནས་ཁྲོ་བོ་ལ། །དེ་ལྟར་བྱ་ཞེས་བསམས་ནས་ཀྱང༌། །ལྷན་ཅིག་བྱོན་བསམས་གནས་སུ་དགོད། །ཁྲོ་བོས་སྒྲུབ་པ་བོ་ལ་སྨྲས། །བདག་ཅག་རྣམས་ཀྱིས་གསོལ་བ་བཏབ། །དེ་དག་ཀྱང་ནི་འདི་སྐད་གསུངས། །རྡོ་རྗེ་ཆེ་གེ་ཞེས་བྱ་ལ། །བདག་ཅག་ཕྱག་རྒྱ་ཆེན་པོ་བཞིན། །གསུངས་ནས་འདི་རུ་བྱོན་པ་ལགས། །ཁྱེད་ཀྱིས་མཆོད་པའི་ཚོགས་རྣམས་ཀྱིས། །མཉེས་པར་བྱས་ཏེ་དམ་ཚིག་བསྐུལ། །དེ་ནས་སྒྲུབ་པོས་སངས་རྒྱས་དང༌། །ཁྲོ་རྒྱལ་ལྷ་མོ་མཉེས་བྱའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་བཀུག་ནས། །རང་གི་བ་སྤུའི་བུ་གར་བཅུག །དེ་ཉིད་ལྷ་མོ་སྒེག་པས་བརྒྱན། །སྤྲོས་ནས་སངས་རྒྱས་བྱང་ཆུབ་སེམས། །ཁྲོ་བོ་དང་བཅས་འཁོར་ལོ་ལ། །བདེ་བ་ཆེན་པོའི་རོས་མཆོད་པ། །བྱས་ནས་བསྟོད་ལ་བདུད་རྩི་མྱང༌། །སྣ་ཚོགས་ཀྱིས་ནི་མཉེས་བྱས་ནས། །སྲོག་དང་བཅས་པ་བསམས་ནས་ཀྱང༌། །བདག་ཉིད་ཀྱིས་ནི་སྙན་གསོན་གསོལ། །སངས་རྒྱས་ཀུན་བདག་དངོས་གྲུབ་ཀྱི། །དཀྱིལ་འཁོར་བདག་གིས་བྲི་བར་འཚལ། །སང་ནི་དེ་རུ་བྱོན་ནས་ཀྱང༌། །བདག་གི་མཆོད་པ་ལ་སོགས་བཞེས། །བཞེས་ནས་བདག་ལ་དངོས་གྲུབ་སྩོལ། །གལ་ཏེ་མ་སྩལ་ཁྱེད་རྣམས་ཀུན། །རང་ཉིད་ཀྱི་ནི་བསྟན་པ་ལ། །བརྫུན་དུ་སྨྲ་བར་གྱུར་བའོ། །དེ་ལྟར་སྙན་གསན་ལན་གསུམ་དུ། །གསོལ་ནས་དེ་དག་ཞལ་བཞེས་ནས། །མཆོད་པ་སོགས་ཀྱིས་མཉེས་པར་བྱ། །སྟེང་གི་གནས་སུ་གཤེགས་སུ་གསོལ། །ཡང་ནི་མཆོད་པའི་བུམ་པ་རྣམས། །སྔོན་བཞིན་སྟ་གོན་གནས་བྱས་ནས། །མེ་ཏོག་སྦོས་ལ་སོགས་པ་ཡིས།


DTG044_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ནས་ཇི་བཞིན་གནས་སུ་དགོད། །དེ་ནས་ཕི་དེ་ཉིད་པར་ཡང༌། །སྐུད་པ་ཚོན་རྩི་སྔོན་བཞིན་བསྒྲུབ། །གོས་དང་རིན་ཆེན་རྒྱན་ལྡན་པའི། །ཁྱེའུ་དང་བུ་མོ་དབབ་བྱས་ནས། །དེ་ཡིས་དངོས་གྲུབ་དཀྱིལ་འཁོར་མཆོག །ཡང་དག་སྦྱིན་བྱེད་བྲས་ནས་ཀྱང༌། །དབྱེ་བ་བྱས་ནས་དེ་ཉིད་ཀྱང༌། མཆོད་ནས་རང་གི་གནས་སུ་བཏང༌། །དེ་ནས་ཕྱག་གྱ་དང་ལྷན་ཅིག །འཁོར་ལོ་བསྒྲུབ་པའི་ཆོ་ག་བཞིན། །གཉིས་འདྲེས་བྱས་ནས་སྟེང་ནས་དབབ། །སྔོན་བཞིན་དཀྱིལ་འཁོར་དབྱེར་མེད་བྱ། །བདག་པོ་ལྔ་ལྔ་བཞི་བའི་དུས། །བདག་པོ་གཉིས་པས་ཡང་མཚན་བྱ། །ཡང་ན་དེ་དག་ཀླད་རྒྱས་དང༌། །ལྐོག་མ་སྙིང་ག་ལྟེ་བ་དང༌། །གསང་བར་རྒྱུ་ཡི་སྐྱེས་བུ་དགོད། །རྡོ་རྗེ་མི་ཕྱེད་གསུམ་ལས་སྐྱེས། །སྒྲུབ་པ་བོ་ནི་བློ་ལྡན་ལ། །འཇིགས་ཤིང་སྐྲ་གནས་བྱིན་གྱིས་རློབ། །དེ་དག་གསང་བའི་མཆོག་སོགས་པ། །སྔོན་གསུངས་མཆོད་པ་ཉི་ཤུས་ཀྱང༌། །མཆོད་ནས་འོད་ཟེར་རྩེ་མོ་ལས། །ཡིད་དགའི་རིན་ཆེན་སྣ་བདུན་སྤྲོ་གསེར་མདོག་ལྟ་བུའི་རྒྱན་རྣམས་ཀྱིས། །བརྒྱན་པའི་བདེ་བའི་ལོངས་སྤྱོད་འཛིན། །པདྨའི་སྟེང་ན་གནས་པ་ཡི། །བུད་མེད་རིན་ཆེན་དབུལ་བར་བྱ། །གནོད་སྦྱིན་ལྟ་བུའི་གཟུགས་འཛིན་པ། །གོས་སྔོན་བསྒོས་པ་རིན་ཆེན་གཏེར། །གཟུང་བའི་ཁྱིམ་བདག་རིན་པོ་ཆེ། །སྒྱུར་མ་ལྟ་བུས་སྦྲུལ་བ་བྱ། །མཆེ་བ་དྲུག་ལྡན་གླང་པོ་དཀར། །གསེར་གྱིས་བརྒྱན་པ་སྤྲོ་བར་བྱ། །ཨུ་ཏབ་ལ་མཐིང་གའི་འདབ་འདྲའི་རྟ། །རིན་ཆེན་ཆས་བརྒྱན་སྤྲོས་ཏོ། དབུལ། །ཆང་ཟུངས་རིན་ཆེན་སྣ་བདུན་གྱིས། །སྦྲས་བའི་རལ་གྲི་རིན་པོ་ཆེ། །འོད་ཟེར་དང་ལྡན་པདྨ་ལ། །གནས་པ་སྤྲོས་ཏེ་དབུལ་བར་བྱ། །ལྷ་ཡི་གོས་ཀྱིས་རབ་བརྒྱན་པ། །འོད་ཟེར་སྣ་ཚོགས་སྤྲོ་བ་ཡི། །གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ། །སྦྱོར་བ་ཤེས་པས་སྒྲོ་བར་བྱ། །མཁའ་ཀུན་གསལ་བར་བྱེད་པ་ཡི། འོད་ཟེར་མཐའ་ཡས་རབ་སྤྲོ་བ། །བློན་པོ་རིན་ཆེན་སྤྲོས་ནས་ཀྱང༌། །དེ་དག་ཕྱིར་རྒོལ་བརྒྱན་པར་བསྒོམ། །དེ་ལྟར་ལྷ་སོགས་བུ་མོ་དང༌། །རིག་འཛིན་རྣམས་ཀྱིས་བསྒྱུར་བ་ཡི། །གླུ་དང་གར་དང་གླིང་བུ་དང༌། །དུང་དང་


DTG044_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རྫ་རྔ་ལ་སོགས་པས། །ནམ་མཁའི་ཁམས་ཀུན་གཡོས་བར་བསྒོམ། །ཤིན་ཏུ་ཞི་བའི་སྒྲ་སྒྲོགས་པའི། །ཁུ་བྱུག་བུང་བ་དང་བ་སོགས། །མ་དངས་དགའ་རྣམས་ཀྱིས་གང་བར་བསམ། །མེ་ཏོག་ཤིང་གིས་མཐའ་བརྒྱན་བའི། །མཛེས་པའི་རྫིང་བུ་སྣ་ཚོགས་དང༌། །དཔག་བསམ་ཤིང་གི་ནགས་ཚལ་ནི། །འཁོར་ལོའི་ཕྱོགས་བཞི་ནས་འབྱུང་ངོ༌། །དེ་བཞིན་བཟའ་བཅའ་ཁ་ཟས་དཀར། །ཚལ་དང་ཐེག་པ་གདན་རྣམས་དང༌། །མྱོས་བྱེད་བཏུང་བའི་ཚོགས་རྣམས་ཀྱང༌། །འཁོར་ལོ་མཉེས་ཕྱིར་སྤྲོ་བར་བྱ། །རང་བཞིན་དག་པའི་ཆོས་ཉིད་ལ། །ཆོས་ཀྱི་དབྱིངས་ནི་གནས་མེད་དེ། །རྡོ་རྗེ་ལས་བྱུང་རྟོག་པ་ནི། །གསུངས་པ་ཉེད་ཀྱང་མ་གྲུབ་བོ། །དེ་ལྟར་སྣ་ཚོགས་མཆོད་པ་ཡིས། །མཉེས་བྱས་སྔོན་བཞིན་རང་ཉིད་ཞུགས། །བདག་པོ་ང་རྒྱལ་དང་ལྡན་པར། །འཁོར་ལོ་བདག་ལ་ཞུགས་བྱས་ཏེ། །དགའ་བའི་ཡེ་ཤེས་རབ་གནས་ནས། །ཞག་བདུན་སོངས་པར་ཡང་དུ་བརྟག །དེ་ལྟར་དེ་རུ་ཕྱག་རྒྱ་ཆེ། །ཇི་སྐད་གསུངས་པ་ཐོབ་པར་འགྱུར། །དེ་ལྟར་བྱས་ཀྱང་ཕྱག་རྒྱ་ཆེ། །སྒྲུབ་པོས་ཀྱང་ནི་ཐོབ་མ་གྱུར། །སྔོན་བཞིན་ཉམས་པ་སྣ་ཚོགས་དང༌། །དབྱེ་བའི་སྒོ་ནས་བསྒྲུབ་པར་བྱ། །རང་གི་འདོད་བཞིན་གསོལ་བཏབ་ནས། །བྲིས་པའི་འཁོར་ལོ་གཤེགས་སུ་གསོལ། །སྨོན་ལམ་རྣམས་ནི་བྱས་ནས་སུ། །བྱང་ཆུབ་ཆེན་པོར་བསྔོ་བར་བྱ། །རྟོག་པ་ལས་བྱུང་ཇི་སྙེད་པ། །རྗེ་བཙུན་རྣམས་ཀྱི་སྤྱན་སྔར་བཤགས། །ཅི་བཞིན་བྱིན་གྱིས་བརླབས་བྱས་ནས། །རང་གི་རྗེས་སུ་མཐུན་པས་བསྒྲུབ། །འཁོར་ལོ་གང་དག་གང་བསྟན་པ། །སྣ་ཚོགས་ཕྱག་རྒྱ་མཆོད་པ་ཡིས། །སློབ་མའི་ཚོགས་ཀུན་དེ་དང་དེས། །མཆོད་པ་བྱས་ནས་དེ་བསྒྲུབ་བོ། །རང་གི་འཁོར་ལོ་ཚོགས་ལྡན་པའི། །རང་གི་གླ་མ་ལ་སོགས་གཞན། །ཡིད་དགའ་གནས་སུ་སྤྱན་དྲངས་ནས། །དངོས་གྲུབ་རྣམ་པར་འཕྲུལ་འདི་བྱ། །བདེ་བར་གཤེག་སྤའི་ལྷ་རྣམས་མཆོག །རིན་ཆེན་སྣ་ཚོགས་ཀྱིས་སྦྲས་པ། །དྲིལ་བུ་རྒྱལ་མཚན་མཆོད་སོགས་ལྡན། །བླ་རེ་དམ་བ་བྲེས་བ་རུ། །རྡོ་རྗེ་སྔགས་དང་མཆོད་ལ་སོགས། །གླུ་དང་སིལ་སྙན་རྣམ་


DTG044_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པར་འབུལ། །མེ་ཏོག་བདུག་སོགས་རབ་སྦྱོར་བས། །དག་པའི་གདན་ཆེན་བཤམ་པར་བྱ། །དེར་ནི་དེ་དག་ཐམས་ཅད་ཀུན། །ཇི་ལྟའི་གནས་སུ་ཇི་བཞིན་འདུག །བསྐལ་བཟང་རང་གི་ཕྱག་རྒྱ་དང༌། །དངོས་གྲུབ་ཕྱིར་ནི་རྣམ་པར་རོལ། །ཤ་དད་ཆང་ལ་སོགས་པ་ཡི། །བཟའ་བཅའ་བཏུང་བའི་ཚོགས་རྣམས་དང༌། །ལུས་དང་ངག་གི་སྤྱོད་པ་ཡིས། །དེ་ཀུན་མཉེས་པར་བྱ་དགོས་སོ། །དེ་བཞིན་ཕྱོགས་སྐྱོང་ལ་སྒོས་ཀུན། །གཞན་བཞིན་འཁོར་ལོར་བསྒྲུབ་བྱས་ལ། །གོང་གསུངས་གཏོར་མའི་ཚོགས་རྣམས་ཀྱིས། །དེ་དག་ཚིམ་པར་ཡང་བྱའོ། །སྒྱུ་འདྲའི་ཏིང་འཛིན་ལྷ་རྣམས་དམིགས། །འཁོར་ལོ་ཡང་དང་ཡང་དུ་མཆོད། །བླ་མས་བདུན་དུ་བཞག་ནས་ནི། །ཉམས་པར་དོགས་པ་ཐམས་ཅད་བསལ། །དེ་ལྟར་གོམས་པ་བརྟན་བྱ་ཞིང༌། །མཉམས་སྐྱོན་མེད་སྤྱོད་པར་ལྡན། །མཆོག་གི་དངོས་གྲུབ་ལམ་ལ་གནས། དམ་པའི་རིག་མ་མ་འཁྲུལ་པས། །ཞག་བདུན་དང་ནི་ཟླ་ཕྱེད་དང༌། །ཟླ་གཅིག་ཟླ་བ་ཕྱེད་དང་གཉིས། །རྡོ་རྗེ་དམ་ཚིག་བསྐྱེད་བྱས་ནས། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །དེ་ལྟར་ཡང་དང་ཡང་བསྒོམས་པས། །བདེ་གཤེགས་རྣམས་ཀྱི་དངོས་གྲུབ་མཆོག་མི་འགྲུབ་འཁྲུལ་བའི་རྒྱུ་ཡིས་ནི། །སྒྲུབ་པ་བོ་ལ་བཀག་གྱུར་ན། །དེ་ཉིད་དུ་ནི་སྒྲུབ་པ་པོས། །གོ་སྐབས་གཞན་ནི་མེད་པའི་ཕྱིར། །ཐུགས་རྗེ་ཆེ་བའི་གསན་བ་ཀུན། །དེ་ལ་ཁྲོས་པར་རིག་པ་ཡིན། །རྟོག་པའི་དབང་གིས་དེ་དག་རྣམས། །རང་རང་ཚོགས་དང་རང་ཁམས་དང༌། །སྒྲུབ་པ་པོ་ལ་མི་གཟིགས་ཏེ། །བཏང་སྙོམས་ཆེན་པོར་གནས་པའོ། །བཀའ་ཡིས་འཇིགས་མེད་འཁྲུལ་བསལ་དང༌། །ཐུབ་པས་སྤྱན་རས་གཟིགས་བྱའི་ཕྱིར། །དམ་པའི་གཞུང་ལས་གསུངས་པ་ལྟར། །དེ་དག་རྣམས་ཀྱི་སྙིང་པོ་བསྐུལ། །བདག་དང་འཁོར་ལ་དམིགས་བྱས་ནས། །དེ་དག་རྣམས་ཀྱི་སྤྱི་བོ་དང༌། །མགྲིན་པ་དེ་འོག་ཐུགས་ཀ་རུ། །སྔོན་བཞིན་ཕྱག་རྒྱ་བཞིའི་རྒྱས་གདབ། །དེ་བཞིན་ཕྲ་མོའི་འཁོར་ལོ་ལ། །ས་བོན་སོགས་པས་ཡང་མཚན་ཏེ། །དེ་ཉིད་བརྗོད་པས་དེ་དག་ལས། །དེ་དག་རྣམས་ནི་སྤྲོ་བར་བྱ། །སྤྲོས་ཏེ་མདུན་དུ་རབ་གྱེད་པའི། །ཤིང་རྟ་


DTG044_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དག་བཀའ་ནོད་པ། །གནས་ཤིང་ཁྲོས་པ་བསམ་བྱས་ཏེ། །སྒྲུབ་པོས་དེ་ལ་བཀའ་ཡིས་བསྒོ། །ང་ནི་དཔལ་ལྡན་ཆེ་གེ་མོ། །ཁྱོད་ཀྱི་རྟག་ཏུ་བསྒྲུབ་ལ་གནས། །དམ་སྡོམ་ལམ་ལ་རྟག་བརྩོན་པས། །བདག་ལ་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཤྲཱི་བན་རྩ་ཀྲ་ཨོཾ་ཤག་ཏེ། དེ་བཞིན་གཤེགས་པ་ཐམ་ཅད་ནྷིད་ད་ཡ་རྩུ་དེ་ཨཱ་ཀཱ་ཪྵ་ཡ་ཕཊ་རྫ། ཨོཾ་ཤཱི་བན་པདྨ་ཨོ་གུ་ཤག་ཏེ། གོང་གི་བསྒྲུབ་བྱ་ཧྭེ་ད་ཡ་རྩུ་ཉིད་ཨཱ་ཀཱ་ཪྵ་ཡ་ཕཊ་རྫ། ཨོཾ་ཤྲཱི་བན་རྒ་ཨོ་གུ་ཤག་ཏེ། བསྒྲུབ་བྱ་ཉིད་ཡ་རྩུ་ནི་ཨཱ་ཀའ་རཥ་ཡ་ཕཊ་རྫ། ཨོཾ་ཤྲཱི་བན་བཛྲ་ཨོ་གུ་ཤག་ཏེ། བསྒྲུབ་བྱ་རྩུ་ནི་ཀཱ་རཥ་ཡ་ཕ་ཊ་རྫ། རིན་ཆེན་ལ་སོགས་རང་སྔགས་ཀྱིས། །རང་རང་མཚན་མས་མཚན་པ་ཡི། །ཡེ་ཤེས་སེམས་དཔའ་ལ་སོགས་པ། །དེ་དག་ཀུན་ཏུ་སྤྲོ་བར་བྱ། སྤྲོས་ཏེ་ཕྱོགས་བཅུ་བ་སོང་ནས་ཀྱང༌། །རང་གི་ཞིང་ན་གནས་པ་ཡི། །བདེ་གཤེགས་རིགས་བཅས་བཏང་སྙོམས་གནས། །ལྕགས་ཀྱུ་ཐུགས་ཀར་བརྡེག་ཅིང་བསྐུལ། །ཆེ་གེ་ཞེས་བྱ་རྡོ་རྗེ་ལ། །ཁྱེད་ཀྱིས་དངོས་གྲུབ་དམ་པས་ཆོལ། །གལ་ཏེ་མས་ཆལ་ཁྱེད་རྣམས་བརྫུན་ན། །སྨྲས་པས་རང་ཉིད་བསླུས་པའོ། །དེ་བཞིན་ལུས་ཀྱི་དཀྱིལ་འཁོར་དང༌། །སྐུ་ཡི་བུ་ག་ཀུན་ནས་ཀྱང༌། །དེ་འདྲ་བསམ་གྱིས་མི་ཁྱབ་པ། །འཕྲོས་པའམ་མཚན་མ་རྣམས་ཀྱིས་བསྐུལ། །མི་གཞིགས་མངོན་པར་གྱུར་པའི་དོན། །ཐབས་དེ་ཞག་བདུན་བར་དུ་བྱ། །དེ་ཡིས་རྒྱུ་ཀུན་རྫོགས་པས་ན། །དེ་དག་རྣལ་འབྱོར་པ་ལ་འཇུག །དེ་ཡི་འོག་འབྱུང་མཆོག་བཞིའོ། །རྡོ་རྗེ་ཚུལ་མཆོག་འདི་བརྩམས་པས། །ཡེ་ཤེས་རྡོ་རྗེ་ཅན་གྱི་གསང༌། །མཆོག་སྩོལ་ཞིང་ནི་རྣམ་པར་གཞིགས། །ཡིད་ནི་འཇིགས་ཤིང་སྐྲག་གྱུར་ནས། །ཡིད་ལ་མགུ་ཞིང་དགར་འགྱུར་བའི། །དངོས་གྲུབ་དམ་པ་དེ་དུས་ཏེ། །དེ་ལ་རོལ་མོ་འབྱུང་བའོ། །གལ་ཏེ་གཉིས་ཀྱི་བདག་ཉིད་རྨོངས། །དེ་ཡི་སྲོག་ནི་དེར་ཟད་འགྱུར། །དེ་ཡིས་སྔོན་དུ་མ་བྱས་ན། །དེ་དག་ཆད་པས་གཅད་པར་བྱ། །རང་ཉིད་འཁོར་ལོར་བཅས་པ་ཁྲོས། །ནག་པོ་མེ་དཀྱིལ་ན་བཞུགས། །བསྙེན་པ་ལ་སོགས་དང་ལྡན་པས། །ཕྱག་རྒྱ་ལྷན་ཅིག་གཉིས་མེད་


DTG044_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །སྔོན་གསུངས་འཕྲོས་པ་རྣམས་ཀྱིས་ཀྱང༌། །རང་ཁམས་གནས་པའི་རྟག་པ་སོགས། །རང་རང་ཁ་དོག་དང༌། ལྡན་པ། ཆགས་ཀྱུས་བཀུག་པར་བྱས་ནས་སུ། །ཕྱག་རྒྱའི་གསང་བར་ཉི་མའི་སྟེང༌། །མེ་ཡི་དཀྱིལ་འཁོར་གྲུ་གསུམ་དུ། །བཞག་སྟེ་དེ་དག་དམ་ཚིག་གིས། །བསྙེངས་པས་འདར་བར་བསམ་པའོ། །དེ་ནས་རང་གི་རིགས་ཅན་ཉིད། །ནི་མ་བྱེ་ཕྲག་བརྒྱའི་འོད། །ལྡན་པའི་པདྨ་ཁ་བྱེ་བའི། །ནང་དུ་བཅུག་ནས་ཕན་ཚུན་དཀྲི། །དེ་བཞིན་གཤེགས་པའི་རིགས་འབྱུང་གནས། །གཤིན་རྗེ་མཐར་བྱེད་སྟོང་སྔོན་བཞིན། །འོད་ལྡན་སྨད་ནི་རྩེ་གཅིག་གཟུགས། །རྡོ་རྗེ་ལས་ནི་དབྱུང་བར་བྱ། །དེ་ཡིས་དེ་དག་རྟག་པ་ཡི། །སྤྱི་བོ་ནས་སྔགས་འདི་ཡིས། །བཏབ་པས་རླུང་གིས་ཐལ་བ་ལྟར། །སྔགས་ཀྱི་ལུས་ནི་མི་སྣང་བྱས། །ཨོཾ་ཙྪི་ནྡྷ་ཙྪི་ནྡྷ། ཧ་ན་ཧ་ན། དཱི་པྟ་བཛྲ་རྩ་ཀྲ་ཧཱུཾ་ཕཊ། དེ་བཞིན་པདྨའི་རིགས་འབྱུང་བའི། པདྨ་མཐར་བྱེད་སྤྲོས་ནས་ཀྱང༌། །སྔོན་བཞིན་སྣང་བ་མཐའ་ཡས་ཀྱི། །ཁ་རུ་སྔགས་འདིས་གདབ་པར་བྱ། །ཨོཾ་ཧྲཱིཿཕུར་པ་ཧཱུཾ་ཕཊ། རྡོ་རྗེ་རིགས་ལས་བྱུང་བ་ཡི། །ཤེས་རབ་མཐར་བྱེད་དེ་བཞིན་སྤྲོ། །དེ་ཡིས་མི་བསྐྱོད་ཐུགས་ཀ་རུ། །སྔགས་འདི་ཡིས་ནི་གདབ་པའོ། །ཨོཾ་ཨཱཿ་བཛྲ་རྩ་ཧཱུཾ་ཕ་ཊ། ཡི་གེ་གསུམ་གྱི་བར་བཅུག་པའི། །སྔགས་འདི་བསྐུལ་ནས་དེ་ཡིས་བཏབ། །རྟོག་པ་ལས་བྱུང་ཇི་སྙེད་པ། །བསལ་ཤེས་བྱའི་སྒྲིབ་སོགས་བཅོམ། །ཏ་ཏ་ཀུ་ལ་ན་ཤྭ་ཀའི་ལ་ཡ་ཧཱུཾ་ཕ་ཊ། བཏབ་པ་རྩམ་གྱིས་རྡོ་རྗེ་གསུམ། །སྐུ་གསུམ་དྲི་མེད་ལས་བྱུང་བའི། །དམ་ཚིག་མཆོག་གིས་ལྡང་བར་འགྱུར། །ཡང་ན་འཆི་བའི་གནས་སུ་འགྱུར། །སྐུ་གསུང་ཕུགས་ཀྱི་སྦྱོར་བ་ཡིས། །ཆོག་ལེགས་པར་བྱས་ནས་ནི། །མཁའ་དབྱིངས་རྡོ་རྗེ་མཐའ་ཀླས་པར། །འདེ་བས་པར་གྱུར་པ་གདོན་མི་ཞ། །བསྒྲུབ་བྱ་བྱ་དེ་དག་ཞི་བའི་ཕྱིར། །བསྡུ་དང་སྤྲོ་བའི་སྒོ་ནས་ཀྱང༌། །ཕུར་བུ་སྔགས་ཀྱི་ཕྱུང་ནས་ནི། །ཡེ་ཤེས་རྩམ་དུ་གནས་པར་བྱ། །ཨོཾ་ཨཱཾ་བཛྲ་དྷ་རོ་ཨཱ་ཨུད་ཀཱི་ལ་ཡ་ལྷཱིཾ་ཨོཾ་བཛྲ་དྷ་རོ་ཨཱ་རྫ་ཨུད་ཀི་ལ་ཡ་ཧཱུཾ། ཨོཾ་ཨཱཾ་ས་རྦ་ཀི་ལ་ཡ་ཀ་ན་ཏེ་ན་བཛྲ་དི་ཏ་ཨ་བཛྲ་དི་ཏ་ཨ་བཛྲ་ཡ་ཧཱུཾ། ཨོཾ་ཨཱ་ས་རྦ་ཀི་ལ་ཡ་ཀ་ན་དྷ་རྣམ་ས་ཏེ་བཛྲ་དི་ཏ་ཨ་བཛྲ་


DTG044_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཧཱུཾ། ཨོཾ་ཨཱ་ས་རྦ་ཀཱི་ལ་ཡ་ཀ་ན་སཾ་ཆས་ཏེ་ན་བཛྲ་དི་ཏ་ཨ་བཛྲ་ཡ་ཧཱུཾ། ཡེ་ཤེས་མར་མེ་ལྟ་བུའི་ཚུལ། །རང་གི་མི་ཤེས་དབྱེར་མེད་བྱས། དབུགས་འབྱིན་མཆོག་དང་ལྷན་ཅིག་ཏུ། །ཆོ་ག་འདི་ནི་མ་ལུས་བརྩམ། །དཔུང་བརྐྱང་མགུལ་པ་ནས་འཁྱུད་པས། །མི་གཡོ་སྐྲ་བཟུང་བརླ་གཉིས་པར། །བལྟས་ཏེ་སིང་སྒྲའི་གླུ་བླངས་ནས། །བུང་བ་ལྟ་བུར་རྩེ་བར་བྱ། །འགྱིང་བག་སྟབས་ཀྱིས་འཁྱུད་ནས་ནི། །གཡོན་གྱི་སྤྱི་བོ་ནས་བཟུང་ནས། །གཡས་ཀྱི་ཀོ་སྐོ་བ་སྟོན་ནས་ནི། །མ་མཆུ་སྦྲང་རྩི་གཞིབ་པར་བྱ། །གཞི་བཅིང་སིད་ཅེས་རབ་བརྗོད་པས། །འགྲམ་གཉིས་སུ་ནི་འོ་བྱ་ཞིང༌། །དཔུང་པའི་བར་དུ་རབ་བྱས་ལ། །ཁ་ཡིས་དེ་ལ་རྩེ་བར་བྱ། །རྣ་བ་དེ་བཞིན་མཆན་ཁུང་དང༌། མགྲིན་པའི་གློ་དང་སུམ་མདོ་རྣམས། །སེན་མོས་རེ་མོས་གདབ་བྱ་ཞིང༌། །ཡང་དང་ཡང་དུ་བྱུག་པར་བྱ། །གཡོན་གྱིས་པདྨ་མཉེ་བ་དང༌། །ལག་གཉིས་སྦྱོར་བའི་དཀྱིལ་འཁོར་ལ། །རྡོ་རྗེ་གཡོན་གྱིས་སོར་མོ་གསུམ། །ཆོས་འབྱུང་ནང་དུ་བྲུད་ཅིང་རྩེ། །བསྙེན་དང་ཉེར་བསྒྲུབ་སྒྲུབ་པ་ཡིས། །འདི་ལྟར་བསྐྱོད་བ་རྩམ་གྱིས་ནི། །སྙིང་འདར་དྲན་པ་ཉམས་པར་འགྱུར། །སྤྱི་པོ་སྐྲ་བཀྲོལ་གོས་འདོར་བྱེ། །དངུལ་ཆུ་ཐིགས་པས་ཀུན་དུ་ཁྱབ། །བརྟན་པའི་དང་ཚུལ་ཤོར་ནས་ནི། །བ་སྤུ་རྣམས་ཀྱང་གཡོ་བར་བྱེད། །དམར་བའི་མིག་ནི་ཕྲ་བས་བ་ལྟ། །བདག་ཉིད་བསྒྲུབ་པ་ལ་གནས་ན། །ཟླ་བ་ལྟ་བུའི་རིགས་ཅན་འཆར། །རྩེ་གཅིག་ཡིད་ཀྱིས་མ་སྤྲོས་པར། །ཡང་དང་ཡང་དུ་བརྟག་པར་བྱ། །མཁའ་འགྲོ་མ་གཏོགས་ཕྱག་རྒྱ་ཡིས། །ལྷན་ཅིག་དུས་ནི་བདུན་ངུ་བརྟག །བྱིན་བརླབས་དེའམ་དེ་སྔོན་དུ། །མངོན་དུ་བྱེད་ཐེ་ཚོམ་མེད། །རྡོ་རྗེ་ནི་མ་ནུབ་ནས་ནི། །བསྒྲུབ་པ་ཀུན་དུ་བརྩམ་པར་བྱ། །ནི་མ་བདུན་གྱིས་འགྱུར་བ། །སྐྱ་རངས་འཆར་བའི་དུས་ནའོ། །དེ་རུ་སངས་རྒྱས་ཀུན་གྱི་བདག །རྡོ་རྗེ་འཆང་ཀུན་གྱི་གནས། །ཆོས་རྣམས་ཀུན་གྱི་ཆོས་ཉིད་དེ། །སངས་རྒྱས་ཀུན་གྱི་ཐབས་བྱས་ཏོབ། །དེ་ནི་སྐུ་གསུམ་མཆོག་སྦྱིན་བ། །སངས་རྒྱས་མཚན་གྱིས་མཚན་པར་འགྱུར། །དཔག་ཚད་བྱེ་བའི་ཚད་རྩམ་དུ། །དེ་ཡི་འོད་ཀྱང༌།


DTG044_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བར་བྱེད། །དེ་ཉིད་ཡང་དག་ཡེ་ཤས་ཐོབ། །གཟུགས་བརྙན་བདག་ཉིད་སྤྱི་གཟུགས་ཀྱིས། །འཁོར་ལོ་གསུམ་པོ་མཐའ་ཡས་ཁམས། །འགྲོ་བའི་ཕན་དོན་མཛད་པའོ། །འཁོར་བ་ཇི་སྲིད་གནས་ཀྱི་བར། །སྦྱོར་བ་བདུན་ལྡན་རྡོ་རྗེ་སེམས། །རོ་མྱང་མཚན་ཉིད་བརྒྱན། བརྙེས་ནས། །བླན་མེད་པར་གྱུར་པའོ། །རྣལ་འབྱོར་པ་རྣམ་པ་གཉིས་ཀྱི་དངོས་གྲུབ་བསྒྲུབ་པའི་ཆོ་ག་རྒྱས་པར་བཤད་ཟིན་ཏོ།། །།གང་ཕྱིར་རྒྱུ་དང་བཅས་པ་ཡིས། །དངོས་པོ་དེ་དག་ངོ་བོ་ནི། །བྱང་ཆུབ་སེམས་ཡིན་དེའི་ཕྱིར། །དེ་ཡི་རང་བཞིན་བརྗོད་པར་རིགས། །ཐོག་དང་ཐ་མེད་ཞི་བ། །དངོས་པོ་དངོས་མེད་ཞད་པའི་གཙོ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་སུ་གསུངས་པའོ། །བྱང་ཆུབ་སེམས་དེའི་ནང་དུ་ནི། །བདག་པོ་འགའ་ཡང་མི་དམིགས་སོ། །དེ་ཡི་གཉེན་པོ་རྣམ་གསུམ་ལ། །ཐ་དད་དབྱེ་བར་རྣམ་པར་རྟོག །དེ་ཡང་རང་བཞིན་ལ་ནི་དམིགས། །འོད་གསལ་སེམས་ནི་དག་པ་ལ། །གཅིག་དང་དུ་བྲལ་བའི་ཕྱིར། །དོ་ན་གཞན་འགྱུར་བ་ཡང་མིད་དམིགས། །སྒྱུ་མ་ཙམ་གྱི་སེམས་དེ་ནི། །དག་དང་མ་དག་གཉིས་མི་རུང༌། །དེ་བས་རང་བཞིན་རྣམ་དག་པའི། །བྱང་ཆུབ་སེམས་སུ་ངེས་པའོ། །དེ་ཡི་དེ་བཞིན་ཉིད་ངོ་བོ། །གང་དང་འབྲེལ་བ་མ་ཡིན་ནོ། །མ་འབྲེལ་པ་ཡང་མ་ཡིན་ནོ། །ཀུན་རྟོན་ཡང་ནི་སྙམ་མི་སེམས། །ནམ་མཁའ་རྟག་མེད་བལྟར་མི་སྣང༌། །ཆོས་རྣམས་ཀུན་ཀྱང་དེ་བཞིན་ནོ། །ཆོས་རྣམས་སྐུ་གསུམ་མཉམ་པ་སྟེ། །གང་ཡིན་སེམས་ཀྱི་ངོ་བོའོ། །སེམས་དེ་དེ་བཞིན་ཉིད་གནས་ལ། །དེ་ནི་ཁམས་གསུམ་གནས་མ་ཡིན། །མི་གནས་དེ་ནི་ཀུན་བརྟགས་ཀྱི། །སྐྱེ་མེད་ངོ་བོ་མེད་པའོ། །ཡིན་ཡང་བདེ་གཤེགས་ཐམས་ཅད་ཀྱི། །ཡེ་ཤེས་འབྱུང་བའི་རྒྱུ་ཉིད་དེ། །རྒྱུ་གསུམ་མི་གནས་ཆོས་དེ་ནི། །སྐྱེ་མེད་ཡེ་ཤེས་འབྱུང་བའི་གནས། །སད་དང་རྨི་ལམ་དབྱེར་མེད་པས། །འདས་པ་རྨི་ལམ་ལྟ་བུ་སྟེ། ད་ལྟར་བྱུང་བ་རྨི་ལམ་འདྲ། །མ་འོངས་རྨི་ལམ་ལས་བྱུང་བའོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་དང༌། །སེམས་ཅན་རྣམས་ནི་ཇི་སྙེད་པ། །རྨི་ལམ་ལྟ་བུར་བདག་མེད་


DTG044_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །སྒྱུ་མ་ལྟ་བུར་དེ་བཞིན་ནོ། །དཔེར་ན་ཡིད་བཞིན་རིན་ཆེ། །རྟོག་པ་ཐམས་ཅད་རབ་བྲལ་ཡང༌། །སྐལ་པ་ལྡན་པའི་སེམས་དབང་གིས། །འདོད་པ་ཐམས་ཅད་འབྱུང་བར་འགྱུར། །དེ་བཞིན་བྱང་ཆུབ་སེམས་དེ་ལས། །ཆོས་རྣམས་ཐམས་ཅད་འབྱུང་བས་ན། །ནམ་མཁའ་རྗེས་འབྲང་ཆོས་རྣམས་ལ། །སངས་རྒྱས་ཆོས་རྣམས་རྗེས་སུ་འབྲང༌། །དེ་བས་དངོས་གྲུབ་ཐམས་ཅད་དང༌། །སངས་རྒྱས་ཆོས་རྣམས་ཐམས་ཅད་ཀྱི། །ལུས་དང་ངག་དང་སེམས་ལ་གནས། །དེ་ནི་ཁམས་གསུམ་མི་གནས་སོ། །ནམ་མཁའ་བཞིན་དུ་དག་པའི་ཕྱིར། །དེ་བཞིན་གཅིག་ལ་གཅིག་མི་གནས། །དེ་དག་དེ་བཞིན་ཉིད་གནས་པས། །དེ་ནི་སྨྲ་བརྗོད་ཡུལ་ལས་འདས། །དེ་འདྲའི་དེ་བཞིན་ཉིད་ལ་ནིམ། རང་གི་ཡེ་ཤེས་རབ་སྦྱོར་ཞིང༌། །གཞན་ཡང་བདག་པོ་འདི་སྙམ་དུ། །སྐུ་མི་འགྱུར་བ་འདི་སྙམ་དུ། གསུང་དང་ཐུགས་ཀྱི་བདག་ཉིད་མེད། །ནམ་མཁའ་རྡོ་རྗེ་རྟོག་ལས་བྱུང༌། །ལོག་པ་དག་ཏུ་འཛིན་སྙམ་ནས། །བདག་གཅིག་སྟོན་པ་མི་གསུང་བཞུགས། །དེ་ནས་འཇམ་པའི་དབྱངས་ལ་སོགས། །དེ་ཡི་གཉིས་པ་དགག་པའི་ཕྱིར། །བདེ་བར་གཤེགས་ལ་ཡང་ཞུས་པ། །གསུང་ལ་ལོག་འབྱུང་མི་བརྟག་གསོལ། །ཅི་ཕྱིར་སྔོན་གྱི་རྒྱལ་བ་ལྟར། །རྡོ་རྗེ་འཆད་བས་མཛད་པར་རིགས། །ཡོད་དེ་ཚངས་པ་ལ་སོགས་པ། །ཡང་དག་མངོན་ཤེས་མ་ཐོབ་པས། །ཀུན་རྫོབ་རྒྱུན་ལ་འཁྲུལ་བས་ན། །བདག་པོ་འདི་ཡིས་ཤེས་ནས་སམ། །ཡང་ན་མི་སེམས་འཆད་དོ་སེམས། །དེ་བས་ལོག་འབྱུང་བཀག་པའོ། །སྐྱེ་མེད་རྡོ་རྗེ་མངོན་བྱང་ཆུབ། །ངོ་བོ་མེད་པ་མི་འགྱུར་བ། །བདེ་གཤེགས་རྣམས་ཀྱིས་ཀྱང་མི་ཤེས། །དེས་ནི་སེམས་ཆན་ཀུན་ལ་ཁྱབ། །དེས་ན་དེ་དག་ཐམས་ཅད་ཀུན། །བྱང་ཆུབ་རྡོ་རྗེའི་གནས་ཐོབ་པས། །སངས་རྒྱས་རྡོ་རྗེ་རྫུ་འཕྲུལ་ཆེ། །དེ་བླངས་དེ་ནི་ཐོབ་པའོ། །དེ་བས་ཆོས་འདི་ཐམས་ཅད་ཀུན། །ངོ་བོ་ཉིད་བདག་གནས་མེད་ལ། །ཆོས་དབྱིངས་ཤེས་རབ་གནས་སུ་རྟོག་རྡོ་རྗེ་ལས་བྱུང་ལྟར་སྨྲས་པ། །སྨྲ་སྟེ་སྨྲས་བ་ཡང་མ་ཡིན། །སྔོན་བཞིན་ཐམས་ཅད་བཞིན་ཐམས་ཅད་མཁའ་ལ་གནས། །ནམ་མཁའ་གང་དུ།


DTG044_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

མི་གནས་པས། །དེ་ནི་རང་བཞིན་འོད་གསལ་དབྱིངས། །དེ་རུ་ཡང་དག་ཀུན་རྫོབ་རྒྱན། །དབྱེར་མེད་པ་ཡིས་རྣམ་པར་བསྒོམ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སེམས་ནི་བསྒོམ་པའོ། །བྱང་ཆུབ་སེམས་ནི་བསྒོམ་པའོ། །དེ་ལྟར་བྱང་ཆུབ་སེམས་སྒོམ་པས། །རྣམ་དག་གསང་བའི་ཡི་གེ་གསུམ། །ཆོས་དང་ལོངས་སྤྱོད་སྤྲུལ་བའི་སྐུ། །དད་པའི་འབྲས་བུ་རྫོགས་པར་འགྱུར། །གང་ཕྱིར་བུད་མེད་སྐྱེས་པ་དང༌། །མ་ནིང་གསལ་བྱེད་ཐམས་ཅད་ནི། །ཡི་གེ་གསུམ་སྡུད་དེ་ཡི་ཕྱིར། །དེ་ནི་ཀུན་གྱི་གཙོ་བོའོ། །དངོས་པོ་གཟུགས་ཅན་ཐམས་ཅད་དང༌། །སྒྲས་གྲགས་པ་ནི་ཇི་སྙེད་དང༌། །བསག་རྟོག་མ་ལུས་ཐམས་ཅད་ཀུན། །རྡོ་རྗེ་གསུམ་གྱི་སྡུད་པའོ། །དེ་འདྲིའི་དེ་ཉེད་གསུམ་པོས་ནི། །ཀུན་ཁྱབ་གཞན་གྱི་སྤྱོད་ཡུལ་མིན། །ཉག་གཅིག་རྟོགས་པའི་སྤྱོད་ཡུལ་པས། །དེ་ནི་གསང་བའི་ཡི་གེའོ། །དེ་བས་རྫོགས་ལྡན་ལ་སོགས་པར། །དེ་ནི་སྣོད་ནི་མ་གཞིགས་པས། །རྡོ་རྗེ་འཆང་བ་དེ་ཡི་ཚེ། །དེ་འགྱུར་གསང་བའི་དོན་མ་བཤད། །ཕ་རོལ་ཕྱིན་པ་ལ་སོགས་པས། །བསྐལ་པར་འབད་ཀྱང་མི་བརྙེས་པ། །གསང་བའི་དོན་འདིས་ཚེ་འདི་ལ། །སྐད་ཅིག་ཐང་ཅིག་ཡུང་རྩམ་གྱིས། །སངས་རྒྱས་ཀུན་གྱི་བྱང་ཆུབ་ཆེ། །སྐུ་གསུམ་དབྱེར་མེད་སངས་རྒྱས་མཆོག །རྡོ་རྗེ་འཆང་བ་ཀུན་གྱི་གནས། །བླན་མེད་པ་དེས་འགྱུར་རོ། །གོང་གསུངས་སེམས་ཅན་དེ་དག་ཀུན། །འདི་ཡི་སྣོད་མ་ཡིན་ཐོས་ནས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །སྙིང་རྗེ་གར་གྱིས་དེ་དག་དུས། །དོན་དེ་ཟབ་མོར་བསྟན་པའི་ཕྱིར། །གསང་བའི་ཡི་གེ་རྣམ་དག་པས། །ཐུན་མོང་གི་ནི་སྡུག་བསྔལ་ཏེ། །དེ་བས་བདེ་གཤེགས་རྣམས་ཀྱི་བཀག །ངུས་འདིར་བདག་ཆག་སྣོད་དུ་གྱུར། །དེ་ཡི་ཉིད་ཉེར་བླངས་པས། །སྐུ་གསུམ་རྡོ་རྗེའི་ཆོས་ཉིད་དེ། །འགའ་འགས་རྟོགས་པར་འགྱུར་བའོ། །དེ་ལྟར་བསྟན་པའི་དངོས་པོ་རྣམས། །རྣམ་པ་བཞི་རུ་ཡང་དག་དབྱེ། །སྐྱེས་བུ་ལམ་དང་དེ་སྔོན་འགྲོ། །ལམ་གྱིས་བསྒྲུབ་པའི་འབྲས་བུའོ། །སྐྱེས་བུ་གསུམ་དེ་དང་པོ་དང༌། །ཅུང་ཞད་རྩམ་དང་ཡེ་ཤེས་ཐོབ། །བསྙེན་པ་ཐུན་


DTG044_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

མོང་ཅིག་ཤོས་ཀྱི། །བསྒྲུབ་ལ་འཇུག་པའི་སྐྱེས་བུའོ། །རྡོ་རྗེ་ཅན་གྱིས་བསྟན་པ་ཡི། །ལམ་གྱི་རིམ་པ་རྣམ་གཉིས་ཏེ། །བསྐྱེད་པ་ཡི་ནི་རིམ་པ་དང༌། །རྫོགས་པའི་རིམ་པ་ཁོ་ནའོ། །བསྐྱེད་པའི་རིམ་པ་བསྙེན་པ་དང༌། །ཐུན་མོང་ཐུན་མིན་སྒྲུབ་པ་ལ། །སྣོད་དག་སྐྱེ་བའི་རིམ་པ་གསུམ། །བསྒོམ་པའི་རིམ་པ་ཇི་སྙེད་པའོ། །རྫོགས་པའི་རིམ་པ་རྣལ་འབྱོར་དང༌། །ཕྱག་རྒྱ་ལས་སྐྱེས་ཆོས་ཐམས་ཅད། །སྒྱུ་མ་ལ་སོགས་འདྲར་བསྲུབ་པ། །རང་བཞིན་གནས་པའི་རྣལ་འབྱོར་རོ། །དེ་ཡི་སྔོན་འགྲོ་རྣམ་གསུམ་སྟེ། །དཀྱིལ་འཁོར་དང་ནི་དམ་ཚིག་དང༌། །དེ་ཡི་བསྒྲུབ་པའི་ངོ་བོ་ཉིད། །རྡོ་རྗེ་འཆང་བས་རབ་ཏུ་གསུངས། །དཀྱིལ་འཁོར་བཞི་སྟེ་རི་མོ་དང༌། །ལུས་དང་བྱང་སེམས་བྷ་ག་སྟེ། །ཡེ་ཤེས་ལང་ལ་སོགས་པ་ཡི། །ཐོབ་བྱེད་གནས་སུ་ཡང་དག་བཤད། །དམ་ཚིག་ལ་ནི་རྣམ་གཉིས་ཏེ། །ཐོན་མོང་སྡོམ་པར་བསྟན་པ་དང༌། །ཐུན་མོང་མ་ཡིན་སྡོམ་པའོ། །ཐུན་མོང་མ་ཡིན་རྣམ་གསུམ་སྟེ། །སྤང་པའི་དམ་ཚིག་སྡོམ་པ་དང༌། །བཞའ་དང་བསྲུང་བའི་དམ་ཚིག་དང༌། །རྣལ་འབྱོར་སྙིང་པོ་སྡོམ་པ་སྟེ། །སྣོད་སོགས་རྐྱེན་དུ་ཡང་དག་བཤད། །དབང་གི་རྣམ་པ་གསུམ་དག་སྟེ། །བུམ་པའི་དབང་གི་དང་པོ་དང༌། །གཉིས་པ་ལ་ནི་གསང་བའི་དབང༌། །ཤེས་རབ་ཡེ་ཤེས་གསུམ་པའོ། །དེ་ལྟར་བཞིན་བཞི་པ་ཡང༌། །བླ་མ་དམ་པའི་ཞལ་ལས་ནི། །ཐོབ་པ་ཡིན་ཏེ་རྣམ་པ་གསུམ། །ཀུན་ལ་རབ་ཏུ་ཁྱབ་པའོ། །འབྲས་བུ་ལ་ནི་རྣམ་གཉིས་ཏེ། །ཐུན་མོང་གི་ནི་གྲུབ་པ་དང༌། །ཕྱག་རྒྱ་ཆེན་པོའི་གྲུབ་པའོ། །ཐུན་མོང་གྲུབ་པ་རྣམ་པ་བརྒྱད། །རིག་འཛིན་མངོན་པར་ཤེས་པ་ལང༌། །མ་ཐག་གཞུག་སྔགས་ཀྱི་ཁྱད་པར་དང༌། །ཨ་རྫ་ལས་ཀྱི་དབྱེ་བའོ། །ཅིག་ཤོས་རྡོ་རྗེ་གསུམ་ཡིན་ཏེ། །དེ་དང་དེ་རུ་རབ་བསྟན་པའི། །སངས་རྒྱས་ཉིད་གྲུབ་དངོས་གྲུབ་ནི། །ཡང་དག་ཡེ་ཤེས་དབང་ཐོབ་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་ཀུན། །ཚུལ་འདི་ལས་ནི་མ་འདས་པས། །ཤེས་རབ་ལྡན་པ་རྣམས་ཀྱི་ཀྱང༌། །འདི་རྣམས་ཁོ་ན་བསྒྲེ་བར་བྱ། །གསང་དང་རབ་གསང་


DTG044_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་གསང་བ་འདུས་ཞེས་བྱའི་རྒྱུད། །ཕྲ་ཞིང་ཤས་དཀའ་བདེ་གཤེགས་རྣམས་ཀྱི་ཡུལ་འདི་རྟོག་བྲལ་དཔྱད་ལས་འདས། །འོན་ཀྱང་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བླ་མེད་ཐུགས་རྗེ་ནི་ཞེར་གྱིས། །བསྐལ་པར་འདུས་བྱས་པ་ཡི་མུན་པ་ཀུན་བསལ་བདེ་གཤེགས་སྤྱོད་ཡུལ་བསྟན། །བདག་གིས་ཆུང་ཞད་རྟོགས་ནས་དང་པོ་གྲོགས་མཆོག་བཟང་པོ་གསང་བ་དང༌། །ཀོ་ལ་ཡི་གྲོགས་མཆོག་དྲི་མེད་པ་ཡི་བཟང་པོ་ཞེས་བྱ་དང༌། །ཤེས་རབ་ལྷ་ཞེས་བྱ་བའི་གྲོགས་མཆོག་པ་ཉ་ལ་ཡི་དུར་ཁྲོད་གནས། །ལེགས་པའི་ཚུལ་མང་ཤྲི་ན་ལེ་ནྡྲ་ཡི་གཙུག་ལག་ཁང་གནས་ཏེ། །དགེ་བའི་སྤུན་གྱིས་གསོལ་བཏབ་རྒྱུད་ཀྱི་རྒྱལ་པོ་དེ་ལ་བློ་མན་པས། །ཚོགས་ནི་ཆུང་ངུས་རྟོགས་པར་བྱ་ཕྱིར་ང་རྒྱལ་མ་ཡིན་དད་པ་ཡིས། །བསྡུས་པའི་དོན་དང་སྒྲུབ་པའི་ཐབས་འདི་འབད་པས་སེམས་ཁྲལ་ཆེར་བྱས་ལ། །སངས་རྒྱས་ལ་སོགས་དཔའ་བོ་མཁས་པ་རྣམས་ཀྱིས་བདག་ལ་བཞོད་པར་མཛོད། །དེ་ལྟར་བྱས་པ་ལས་བྱུང་དགེ་བ་དྲི་མེད་དེ་ཡིས་འགྲོ་བ་རྣམས། །འདི་གཞུང་རིམ་པས་ཚོགས་ནི་རབ་རྩོགས་རིག་འཛིན་རིག་འཛིན་ལ་སོགས་གསུམ་གྱིས་ནི། །ཐ་མ་ལ་པ་ཡི་སྐད་ཅིག་སོགས་བསྒྲེས་དེ་འགག་དེ་ཡིས་བཟློག་བྱ་སྟེ། །རང་གི་ཕྱག་རྒྱས་རྡོ་རྗེ་འཆང་བ་ཐོ་བ་ནས་བདུད་ལས་རྒྱལ་གྱུར་ཅིག །དཔལ་གསང་བ་འདུས་པ་སྒྲུབ་པའི་ཐབས་དངོས་གྲུབ་འབྱུང་བའི་གཏེར་ཞེས་བྱ་བ། སློབ་དཔོན་ཆེན་པོ་བི་ཏ་པའི་དས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་ཧྱ་དང༌། བོད་ཀྱི་ལོ་ཙ་བ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousརྣལ་འབྱོར་པ་རྣམ་པ་གཉིས་ཀྱི་དངོས་གྲུབ་བསྒྲུབ་པའི་ཆོ་ག་རྒྱས་པར་བཤད་པ།next