Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བཞི་པ།


  expand section
  collapse section
   
དང་པོ། དཔེ་མེད་བདེ་རྫོགས་ཀྱི་སྦྱོར་བ་བཤད་པ།
   
   
   
   
   
   
  expand section
  expand section
   
  expand section
  expand section
  expand section
   
  expand section
  expand section
  expand section
  expand section
  expand section
  expand section
   
   
  expand section
  expand section
   
   
   
   
  expand section
   
   
  expand section
  expand section
   


 
previousདང་པོ། དཔེ་མེད་བདེ་རྫོགས་ཀྱི་སྦྱོར་བ་བཤད་པ།next

དང་པོ། དཔེ་མེད་བདེ་རྫོགས་ཀྱི་སྦྱོར་བ་བཤད་པ།


DTG044_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཡོང་ས་པ་ནཱ་མ་ཙ་ཏུ་ར་བྷི་ཥེ་ཀ་ར་ཎ། བོད་སྐད་དུ། སྦྱོར་བ་བདུན་པ་ཞེས་བྱ་བ་དབང་བཞིའི་རབ་ཏུ་བྱེད་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་ཞིག་པ་མེད་ཚུལ་ལྡན་པ། །གཉིས་མེད་བདེ་ཆེན་རང་བཞིན་མེད། །ཐུགས་རྗེས་རྒྱས་ཤིང་བར་ཆད་མེད། །འགོག་མེད་སངས་རྒྱས་དེ་ལ་འདུད། །རྒྱུ་དང་མི་རྒྱུ་ཀུན་ཁྱབ་པ། །གང་གི་སྙིང་གི་པད་དབུས་སུ། །མ་ཤིགས་


DTG044_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་དབུས་གནས་པ། །གཞོམ་མེད་ཆོས་ལ་ཕྱག་འཚལ་ལོ། །དེ་འདྲ་རབ་ཏུ་སྟོན་བྱེད་པ། །སེམས་ནི་དེ་ཉིད་ལ་བཞག་པ། །གཡང་སའི་ལམ་སྒྲོལ་དགེ་འདུན་ཆེ། །བླ་མ་དམ་པའི་ཞབས་ལ་འདུད། །ལམ་གྱི་རིམ་པ་སྔོན་འགྲོ་བ། །དཀྱིལ་འཁོར་དམ་ཚིག་དབང་སོགས་ཏེ། །བུམ་པ་ལ་སོགས་རིམ་པ་ཡིས། །དབང་གི་དབྱེ་བཅུད་ཞད་བརྗོད། །དཀྱིལ་འཁོར་ལ་སོགས་རིམ་པ་ཡིས། །ཐར་ཆེན་ཡང་དག་སླུ་བ་སྟེ། །དེ་ཉིད་མེད་བས་མི་འགྲུབ་པས། །བཞི་པའི་དོན་ནི་ཡང་དག་བཤད། །ཐམས་ཅད་མཁྱེན་པས་ཇི་སྐད་དུ། །རྣལ་འབྱོར་ཆེན་པོའི་རྒྱུར་བསྟན་ལ། །དབང་ནི་རྣམ་པ་གསུམ་དག་ཏུ། །རྒྱུད་འདི་ལས་ནི་རབ་ཏུ་བཤད། །བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་ལ་ནི་གསང་བའི་དབང༌། །གསུམ་པ་ཤེས་རབ་ཡེ་ཤེས་དབང༌། །དེ་ལྟར་དེ་བཞིན་བཞི་པ་ཡང༌། །བླ་མའི་བཀའ་ལས་ཤེས་པར་བྱ། །དབང་ནི་དང་པོ་དབྱེ་བ་ཡང༌། །ཆུང་ཞད་ཀྱང་ནི་བཤད་བྱ་སྟེ། །རྒྱུ་ཡི་སློབ་དཔོན་ཆེན་པོ་ཡིས། །དེ་ནི་ཡང་དག་བསྐུར་བར་འདོད། །ཡུལ་མཁར་ཁྱིམ་དང་གླང་པོ་སོགས། །རྗེས་མཐུན་དེ་ལ་དབུལ་བར་བྱ། །དེ་ཡི་ཐུན་མོང་གཞན་པ་ཡི། །སྡོམ་པ་སྣོད་དུ་རུང་ཕྱིར་སྦྱིན། །རི་མོ་དང་ལུས་ཀྱི་ནི། །དཀྱིལ་འཁོར་དུ་ནི་དེ་ཉིད་ཐོབ། །རིག་དང་འདི་རྒྱུ་སློབ་དཔོན་དབང༌། །ཆོ་གའི་རིམ་པ་བཞིན་དུ་བཤད། །དེ་ཡི་རང་གི་ངོ་བོ་ནི། །སྐུ་ཡི་རྡོ་རྗེའི་རང་བཞིན་ནོ། །སྲོག་གཅོད་ལ་སོགས་སྔ་ཕྱི་ཡི། །དག་དང་ཉེས་པར་མི་འགྱུར་རོ། །ཐབས་ཀྱིས་ཁྱད་པར་འཕགས་པའི་ཕྱིར། །ས་བརྒྱད་པ་རུ་ཡང་དག་བཤད། །སྦྱོར་གསུམ་ཡན་ལག་བཅས་པ་རུ། །དེ་ལ་ཡང་དག་བསྟན་པར་བྱ། །གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱི། །སྣང་སྲིད་དཔེན་པར་རྟོགས་པའོ། །སྣོད་དུ་རུང་ཕྱིར་བུ་མ་པ་སྟེ། །བླུགས་གཏོར་དག་པར་བྱེད་པས་དབང༌། །འདི་ནི་ཡང་དག་རྒྱུ་རིམ་པའི། །ལུང་གིས་ངེས་པར་བཤད་པའོ། །དང་པོའི་དབྱེ་བ་བསྟན་ནས་ནི། །གཉིས་པ་ཡང་ནི་བཤད་བྱ་སྟེ། །རྒྱུ་དང་རྐྱེན་གྱི་སློབ་དཔོན་གྱིས། །དབང་བསྐུར་དེ་ནི་ཡང་དག་ཐོབ། །གསེར་དང་དངུལ་ལ་སོགས་པ་


DTG044_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །རྗེས་མཐུན་དེ་ལ་དབུལ་བར་བྱ། །སྲོག་གཅོད་ལ་སོགས་ཐུན་མོང་པའི། །སྡོམ་པ་སྣོད་དུ་རུང་སྦྱིན། །ལྷག་པ་བྱང་སེམས་ཞེས་བྱ་བའི། །དཀྱིལ་འཁོར་དུ་ནི་དེ་ཉིད་ཐོབ། །བློ་ཡི་བྱེ་བྲག་གིས་བསྐུར་བའི། །ཆོ་གའི་རིམ་བཞིན་དུ་བཤད། །དེ་ཡི་རང་གི་ངོ་བོ་ནི། །གསུང་གི་རྡོ་རྗེའི་རང་བཞིན་ནོ། །བརྫུན་ལ་སོགས་པ་སྔ་ཕྱི་ཡི། །ངག་དང་ཉེན་པར་མི་འགྱུར་རོ། །ཐབས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར། །དགུ་དང་བཅུ་ལ་ཡང་དག་གནས། །རྡོ་རྗེ་བཟླས་པའི་ངོ་བོ་ཡིས། །སྒྱུ་འདྲའི་ཏིང་འཛིན་བསྟན་པར་བྱ། །མིག་སོགས་ནང་གི་ཆོས་རྣམས་ཀྱི། སྣང་སྲིད་དཔེན་པར་རྟོགས་པའོ། །བསྒྲགས་མིན་ཕྱིར་ན་གསང་བ་སྟེ། །བླུགས་གཏོར་དག་པར་བྱེད་པས་དབང༌། །འདི་ཡང་བརྒྱུད་པའི་རིམ་པ་ཡི། །ལུང་གིས་ཡང་དག་བཤད་པའོ། །གཉིས་པའི་དབྱི་བ་བསྟན་ནས་སུ། །གསུམ་པ་ཡང་ནི་བསྟན་པར་བྱ། །རྒྱུ་དང་རྐྱེན་དང་ལྷན་ཅིག་བྱེད། །སློབ་དཔོན་གསུམ་གྱིས་ཐོབ་པའོ། །པདྨ་རཱ་ག་པུར་ཤ་སོགས། །རྗེས་མཐུན་དེ་ལ་དབུལ་བར་བྱ། །དཀྱིལ་འཁོར་བྲི་བ་ལ་སོགས་འགོག །སྡོམ་པ་མཆོག་ནི་སྦྱིན་པའོ། །བྷ་ག་རྣམ་དག་ཅེས་བྱ་ཡི། །དཀྱིལ་འཁོར་དུ་ནི་དེ་ཉིད་ཐོབ། །ཤེས་རབ་དབང་དང་ཡེ་ཤེས་དབང༌། །ཆོག་རིམ་པ་གཞན་དུ་བཤད། །དེ་ཡི་རང་གི་ངོ་བོ་ནི། །ཐུགས་ཀྱི་རྡོ་རྗེའི་རང་བཞིན་ནོ། །བརྣབ་སེམས་ལ་སོགས་སྔ་ཕྱི་ཡེ། །དག་དང་ཉེ་བར་མི་འགྱུར་རོ། །ཐབས་ཀྱི་ཁྱད་པར་ཕྱེ་བའི་ཕྱིར། །རྡོ་རྗེ་ལྟ་བུར་ཡང་དག་གནས། །མཆོག་གི་དངོས་གྲུབ་པའི་ཕྱིར། །བརྟུལ་ཞུགས་ཆོག་དེ་ལ་བསྟན། །གཞུང་དང་འཛིན་པའི་ངོ་བོ་ཡིས། །ཆོས་ཀུན་དབེན་པར་རྟོགས་པའོ། །ཤེས་རབ་ལས་ཀྱི་ཡེ་ཤེས་།མ་རྟོགས་རྟོགས་ཕྱིར་དབང་ཡིན་ནོ། །འདི་ཡང་བརྒྱུད་པའི་རིམ་པ་ཡི། །ལུང་གིས་ཡང་དག་བཤད་པའོ། །ད་ནི་ཡང་དག་བཤད་བྱ་བ། །བཞི་པ་མངོན་པར་བྱང་ཆུབ་པ། །བླ་མའི་ཞལ་ནས་ངེས་ཐོབ་པ། །སྦྱོར་བ་བདུན་གྱི་དེ་ཉིད་བཤད། །རང་བཞིན་གནས་ཕྱིར་སློབ་དཔོན་མེད། །རིན་ཐང་མེད་ཕྱིར་ཡོན་མེད་དེ། །སྡོམ་པ་པས་ནི་སྡོམ་པ་མེད། །དེ་ཉིད་དཀྱིལ་


DTG044_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དཀྱིལ་འཁོར་མེད། །སྟོབས་ཀྱིས་ཐོབ་ཕྱིར་དབང་མེད་དེ། །སྤྱི་པས་རང་གི་ངོ་བོ་མེད། །ཆོས་ཀུན་གཉེན་པོ་གཉེན་པོ་མེད། །རྡོ་རྗེ་འཛིན་གནས་ས་མེད་དེ། །རང་བཞིན་མེད་ཕྱིར་ཆོ་ག་དང༌། །ལྟ་བ་དེས་ཚིག་མེད་པ་རུ། །བླ་ན་ཡིས་ནི་ཡང་དག་བཤད། །ཤེས་རབ་ལས་སྐྱེས་ཡེ་ཤེས་ནི། །བཞི་བ་ཡིན་པར་ཤེས་པར་བྱ། །མཁའ་གཉིས་རབ་ཏུ་སྦྱོར་བ་ཡིས། །མན་ངག་ཏུ་ནི་དེ་ཉིད་བརྟག །ལེགས་པར་གོམས་པའི་ཕྱག་རྒྱལ་ལས། །འབངས་པའི་བྱ་བ་རྟོགས་པ་ན། །འདོད་ཆགས་ཆགས་བྲལ་བར་མ་སྟེ། །སྦྱོར་བ་བདུན་གྱི་མཚན་ཉིད་དོ། །ནམ་མཁའི་ཁམས་ནི་རྡོ་རྗེ་སྦྱོར། །ཡང་དག་སྤྱན་ཅན་བདེ་ཆེན་འབྱུང༌། །གང་གང་ཡང་དག་དགའ་བྱེད་ཆགས། །དགའ་གཉིས་རབ་རུ་བདེན་ཉིད་མཐོང༌། །པདྨའི་དཀྱིལ་དུ་རྡོ་རྗེ་ནོར། །པད་སྙིང་ལ་ནི་འབྱོར་པ་སྟེ། །རྡོ་རྗེའི་སྐྱིལ་མོ་ཀླུང་ནང་སེམས། །ནོར་བུ་རབ་ཏུ་མཐོང་བྱས་པས། །གང་དེ་ཉིད་ནི་ཡེ་ཤེས་ཏེ། །འདི་ཉིད་རྫོགས་པའི་རིམ་པ་རུ། །བླ་མའི་ཞལ་སྔ་ནས་ཀྱིས་བཤད། །དེ་ལ་སྦྱོར་བ་བདུན་གྱིས་ནི། །རིམ་པ་བཞིན་པ་ཤེས་པར་བྱས། །ཅི་ལྟ་ཞེ་ན། ལེགས་པར་སྒོམས་དང་ལྷན་ཅིག་ཏུ། །ཇི་སྐད་བཤད་པའི་ཆོ་ག་ཡིས། །ནང་ནས་འཁོར་ལོ་གསལ་བྱ་སྟེ། །སོར་མོ་ཅུང་ཟད་གོ་བྱས་ཏེ། །སྙིང་འདར་པ་ཉམས་པ་དང༌། །སྤྱི་བོར་སྐྲ་གྲོལ་གོས་ཀྱང་འདོར། །རྡུལ་ཆུ་རིགས་པས་ལུས་ཀུན་ཁྱབ། །བརྟན་པའི་དང་ཚུལ་ཤོར་ནས་ནོ། །རང་གི་བ་སྤྲུལ་ཀུན་ཀྱང་གཡོ། །མིག་དམར་ཕྲ་བས་རབ་བལྟས་པའི། །དགའ་པའི་ཡེ་ཤེས་ཡང་དག་འབྱུང༌། །རྟག་པའི་མདོག་གིས་ཡང་དག་བརྒྱན། །དེ་ནི་མེད་རྫོགས་སོ། །ནམ་མཁའ་ལྟ་བུའི་སྐུ་ལ་ནི། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། །འཇའ་ཚོན་ལྟ་བུར་རབ་གསལ་བ། །གསལ་བ་ཉིད་ནི་མ་སྐྱེས་པའི། །སྐུ་ཆེན་དང་དུ་བླངས་གྱུར་ན། ཆོས་ཀྱིས་སྐུ་དང་སྤྲུལ་སྐུ་ཡང༌། །སྟོབས་ཀྱིས་འབྱུང་བར་འགྱུར་བའོ། །རྡོ་རྗེ་འཛིན་པ་ཆེན་པོ་ཡི། །སྐུ་ཆེ་བལྟ་བས་མི་ངོམས་པའི། །ཞལ་གསུམ་ཕྱག་དྲུག་ལྟར་སྣང་པ། །མཆོག་ཀུན་ལྡན་པས་རིག་མས་འཁྱུད། །


DTG044_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཡེ་ཤེས་དབང་དུས་སུ། །མཚན་ཉིད་དེ་ཡི་ཚུལ་དུ་གནས། །ཡེ་ཤེས་དབང་དུ་གྱུར་པ་ཡིས། །བརྟུལ་ཞུགས་ལ་སོགས་རིམ་པ་ཡིས། །གནས་ནས་དེ་ཡི་དོན་སྒྲུབ་ཚེ། །དེ་ཡི་དུས་སུ་དེ་འཐོབ་པའོ། །དཔེ་མེད་བདེ་རྫོགས་ཀྱི་ལེའུ་སྟེ་དང་པོའོ།། །།


previousདང་པོ། དཔེ་མེད་བདེ་རྫོགས་ཀྱི་སྦྱོར་བ་བཤད་པ།next