Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བཞི་པ།


  expand section
  collapse section
   
   
   
གསུམ་པ། བདེ་བ་ཆེན་པོའི་སྦྱོར་བ་བཤད་པ།
   
   
   
   
  expand section
  expand section
   
  expand section
  expand section
  expand section
   
  expand section
  expand section
  expand section
  expand section
  expand section
  expand section
   
   
  expand section
  expand section
   
   
   
   
  expand section
   
   
  expand section
  expand section
   


 
previousགསུམ་པ། བདེ་བ་ཆེན་པོའི་སྦྱོར་བ་བཤད་པ།next

གསུམ་པ། བདེ་བ་ཆེན་པོའི་སྦྱོར་བ་བཤད་པ།


DTG044_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་རབ་ཏུ་བཤད་བྱ་བ། །དགའ་བ་བར་མའི་ཡེ་ཤེས་མཆོག །ཆོས་སྐུར་ཡང་དག་དེས་པ་ཡི། །ལུས་སེམས་གཉིས་མེད་བྱེད་བཤད་པ། །བདེ་བ་དེ་ནི་མ་ལུས་ཀྱིས། །སེམས་ཅན་ཀུན་ལ་གནས་གྱུར་ཀྱང༌། །དེ་ལས་འདི་ནི་ཁྱད་མཐོང་ཕྱིར། །ཆེན་པོ་རུན་ནི་རབ་ཏུ་འདོད། རྒྱས་པ་དང་ནི་སེམས་པ་དང༌། །ཉོན་མོངས་མེད་དང་བར་ཆད་མེད། །ཁྱབ་ཅིང་འགོག་པ་ཡོད་མེད་པད། །ཇི་སྲིད་འཁོར་བ་གནས་ཀྱི་བར། །རྒྱུན་མི་འཆད་པའི་


DTG044_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱིས་སུ། །དེ་ཉིད་དུ་ནི་རབ་འཇུག །དེ་འདྲའི་བདེ་ཆེན་ཁྱད་པར་ནི། །ཤེས་རབ་ཡེ་ཤེས་ལ་ཡང་མེད། །ལེགས་གོམས་ཕྱག་རྒྱ་རྟོགས་པ་དང༌། །མི་རྟག་ཞིང་ནི་ཉོན་མོངས་དང༌། །རྡོ་རྗེ་པདྨ་བསྐྱོད་དུས་སུ། །རྡུལ་ནི་ཚ་བ་དྲག་པ་དང༌། །ཀུན་ལམ་ཁྱབ་ཕྱིར་དང་ནི། ལུས་ཀུན་ལ་ནི་མ་རྒྱས་དང༌། །ནོར་བུ་ཙམ་ལ་གནས་པས་དང༌། །ཡུད་ཙམ་གྱིས་ནི་འགོག་པ་སྟེ། །དེ་ཕྱིར་ཆེན་པོ་ཞེས་མི་བྱ། །འོན་ཀྱང་ཤེས་རབ་ཡེ་ཤེས་ལ། །བདེ་ཆེན་མཚན་ཉིད་གཟུགས་སུ་གནས། །དེ་བས་ལེགས་གོམས་ཕྱག་རྒྱལ། །ཨུ་དུམ་ཝཱ་རའི་མེ་ཏོག་ལྟར། །རླུང་དང་རང་གི་བྱ་བ་ཡིས། །སྐྱེས་བུ་གང་ལ་ཐང་ཅིག་ཏུ། །བདེ་བ་དེ་ཉིད་རྡོ་རྗེ་རུ། །འདུག་བྱས་འདར་བའི་དུས་སུ་ནི། །སྐྱེས་བུ་དེ་ཡིས་རབ་ཏུ་བརྟག །མི་གནས་ཀྱང་ནི་མི་སླུའི་ཕྱིར། །བདེ་བ་ཆེན་པོ་ཞེས་སུ་བཤད། །འདི་ནི་དངོས་པོ་ཐམས་ཅད་ཀྱི། །མཐའ་ཡི་དེ་བཞིན་ཉིད་ཡིན་པར། །བླ་མ་ཆོག་རྣམས་ཀུན་གྱིས་བཤད། །སྦྱོར་པ་གཞན་ཀུན་སྤྱོར་བ་འདིའི། །ཡན་ལག་ཏུ་ནི་ཤེས་པར་བྱ། །རྣལ་འབྱོར་ཡེ་ཤེས་དབང་གྱུར་པས། །བརྟུལ་ཞུགས་ལ་སོགས་རིག་མ་ཡིས། །གནས་ནས་དེ་ཡི་དོན་སྒྲུབ་ཚེ། །དེ་ཡི་དུས་སུ་དེ་ཐོབ་པའོ། །བདེ་བ་ཆེན་པོའི་སྦྱོར་བ་སྟེ་གསུམ་པའོ།། །།


previousགསུམ་པ། བདེ་བ་ཆེན་པོའི་སྦྱོར་བ་བཤད་པ།next