Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་དྲུག་པ།


  expand section
  expand section
  expand section
  expand section
  expand section
  collapse section
   
   
   
   
   
   
   
   
   
ལེའུ་དགུ་པ། འཇིགས་བྱེད་གཤིན་རྗེའི་གཤེད་ཅེས་བྱ་བའི་རྣམ་པར་འགྲེལ་པ།
   
   
   
   
   
   
   
   
   


 
previousལེའུ་དགུ་པ། འཇིགས་བྱེད་གཤིན་རྗེའི་གཤེད་ཅེས་བྱ་བའི་རྣམ་པར་འགྲེལ་པ།next

ལེའུ་དགུ་པ། འཇིགས་བྱེད་གཤིན་རྗེའི་གཤེད་ཅེས་བྱ་བའི་རྣམ་པར་འགྲེལ་པ།


DTG046_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་དབབ་པ་ལ་སོགས་པའི་སྦྱོར་བ་སྟོན་པ། རྒྱ་མཚོའི་ས་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱ་མཚོའི་འགྲམ་ནས་ས་བླངས་ལ། སྤྲུལ་གཅིག་བྱས་ལ། དེ་ནས་ཚོན་ནག་པོས་དེ་བསྐུས་ཏེ། ཨོཾ་ཕུ་ཞེས་བྱ་བའི་གསང་སྔགས་གྲོག་ལ་བྲིས་ཏེ་དེའི་སྙིང་གར་བཅུག་སྟེ་བཞག་ནས། དེ་ནས་ཨོཾ་ཧྲཱིཿ་ཥྚྲིཿ་ཞེས་བྱ་བ་ལ་སོགས་པའི་གསང་སྔགས་ཁྲི་ཕྲག་གཅིག་བཟླས་བརྗོད་བྱའོ། །སྔོན་དུ་བསྙེན་པ་ནི་འདྲའོ། །སྟོབས་ཀྱི་ས་བོན་ཞེས་བྱ་བ་ནི། འཁྲི་ཤིང་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའོ། །མིག་སྨན་གྱིས་ཞེས་བྱ་བ་ལ་སོགས་པ་ནི། དུར་ཁྲོད་ཀྱི་སོལ་བ་ལས་གཟུགས་བརྙན་བྱ་བ་སྟེ། དེ་ནས་དྷ་དུ་རའི་ཁུ་བ་ལ། ཧྲཱིཿ་ཥྚྲིཿ་ལ་སོགས་པའི་གསང་སྔགས་ཁྲི་ཕྲག་གཅིག་བཟླས་བརྗོད་བྱས་ཏེ་བྱུག་པར་བྱའོ། །དེ་ནས་གྲུབ་པའི་ས་བོན་ཞེས་བྱ་བ་ཉུངས་ཀར་ལ་འབུམ་ཕྲག་བཞི་བཟླས་བརྗོད་བྱས་ཏེ། དེས་གཏོར་ན་དེ་ལྟར་དེ་འཚོ་བར་འགྱུར་རོ། །ལྟེང་ཀའི་ས་ནི་བླངས་ནས་སུ། །ཞེས་བྱ་བ་ལ་སོགས་པ་ལ། ལྟེང་ཀ་ནི་ཆུ་ཆུང་དུ་འབབ་པ་སྟེ། དེའི་ས་བླངས་ནས་བྱའོ། །གཤིན་རྗེའི་དགྲ་ཞལ་གཅིག་ཕྱག་གཉིས་པའི་འདྲ་འབག་བྱའོ། །དུར་ཁྲོད་ཀྱི་ཐལ་བ་ལ་སོགས་པས་བྱའོ་ཞེས་བྱ་བ་ལས་བཤད་དོ། །དེ་ཕྱེ་མ་དཀར་པོར་བྱས་ལ། ཕྱག་གཡས་རྡོ་རྗེ། གཡོན་ན་མིག་བསྣམས་པ་བྱས་ནས། བདག་ཉིད་ཁ་ལྷོ་ཕྱོགས་སུ་བལྟས་ཏེ། དེ་མདུན་དུ་བཞག་ནས་ཉིན་རེ་བཞིན་དུ་གོ་ཀུ་ད་ཧ་ན་ལ་སོགས་པ་ཇི་སྐད་གསུངས་པའི་གཏོར་མ་ཕུལ་ལ། དེ་ནས་ཞག་བདུན་དུ་གསང་སྔགས་བསྐུལ་ཚིག་དང་བཅས་པ་ཁྲི་ཕྲག་རེ་རེ་བཟླས་བརྗོད་བྱས་ན། དེ་ནས་དགྲ་བོ་དེ་འཆི་བར་འགྱུར་རོ། །འདི་ནི་ལེའུ་དགུ་པའི་རྣམ་པར་འགྲེལ་པའོ།། །།


previousལེའུ་དགུ་པ། འཇིགས་བྱེད་གཤིན་རྗེའི་གཤེད་ཅེས་བྱ་བའི་རྣམ་པར་འགྲེལ་པ།next