Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བརྒྱད་པ།


  expand section
   
   
   
   
   
   
   
  expand section
  collapse section
   
   
ཞི་བའི་ཆོ་ག
   
   
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section


 
previousཞི་བའི་ཆོ་གnext

ཞི་བའི་ཆོ་ག


DTG048_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་རྣམས་ཀྱི་སྲུང་བ་དང་ཞི་བ་ལ་གི་ཝང་གིས་དར་དཀར་པོའམ། གྲོ་གའམ་སྨྱུག་མའི་ཤུན་པའམ། རས་དཀར་པོ་ལ་འཁོར་ལོ་གཉིས་མངོན་པར་བྲིས་ཏ། ན་མཱཿཡི་གེ་མིང་ལ་བཏགས་ལ་ནག་ནོག་ལ་སོགས་པ་མེད་པའི་རྫ་ཕོར་ཁ་སྦྱོར་གྱི་ནང་དུ་བཅུག་སྟེ། མར་དང་སྤྲང་རྩིའི་ནང་དུ་བཅུག་ནས་སྐུད་པ་དཀར་པོས་དྲིལ་ཏེ་ཐུན་གསུམ་དུ་མེ་ཏོག་དཀར་པོས་མཆོད། ཤར་ཕྱོགས་སུ་བལྟས་ལ་གཤིན་རྗེ་གཤེད་དཀར་པོ་བསྒོམ་ཞིང་མདུན་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བསྒྲུབ་བྱ་དམིགས་ནས་རང་གི་སྙིང་ག་ནས་ཁུག་པ་ལྟ་བུའི་འོད་ཟེར་ལས་བྱུང་བའི་གཤིན་རྗེ་གཤེད་དཀར་པོ་རྣམས་ཀྱིས་བུམ་པ་དཀར་པོ་ཟླ་བའི་བདུད་རྩིའི་ཆུས་ཡོངས་སུ་གང་བས་དབང་བསྐུར་བར་བསམས་ལ་སྔགས་བཟླས་པ་ནི། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ན་མཿཆེ་གེ་མོ་ཤཱནྟིཾ་ཀུ་རུ་ན་མཿསྭཱ་ཧཱ། ཞི་བའི་ཆོ་གའོ། །


previousཞི་བའི་ཆོ་གnext