Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བརྒྱད་པ།


  collapse section
  expand section
  expand section
  expand section
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section


 
previousརྒྱས་པའི་ཆོ་གnext

རྒྱས་པའི་ཆོ་ག


DTG048_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་རྣམས་ཀྱིས་ཞི་བ་དང༌། རྒྱས་པ་ལ་གུར་གུམ་གྱི་འཁོར་ལོ་གཉིས་བཽ་ཥཊ་དང་བཅས་པ་མངོན་པར་བྲིས་ཏེ། སྭཱ་ཧཱ་ཡི་གེ་མིང་ལ་བཏགས་ལ་མར་དང་སྦྲང་རྩིའི་ནང་དུ་བཅུག་ནས། སྐུད་པ་སེར་པོས་དྲིལ་ཏེ། ཐུན་གསུམ་དུ་མེ་ཏོག་སེར་པོས་མཆོད།


DTG048_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་ཁ་བལྟས་པས་གཤིན་རྗེ་གཤེད་སེར་པོ་བསྒོམས་ཏེ། ཟླ་བའི་དཀྱིལ་འཁོར་སེར་པོ་ལ་གནས་པའི་བསྒྲུབ་བྱ་བསམ་ཞིང་དམིགས་ནས་རང་གི་སྙིང་གནས་འོད་ཟེར་སེར་པོ་ལས་བྱུང་བའི་གཤིན་རྗེ་གཤེད་སེར་པོ་དཔག་ཏུ་མེད་པ་རྣམས་ཀྱིས་གསེར་གྱི་བུམ་པ་སེར་པོ། བདུད་རྩི་སེར་པོས་གང་བས་དབང་བསྐུར་བར་བསམ་ཞིང་སྔགས་བཟླས་པ་ནི། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། བཽ་ཥཊ་ཆེ་གེ་མོ་པུཥྚིཾ་ཀུ་རུ་བཽ་ཥཊ་སྭཱ་ཧཱ། རྒྱས་པའི་ཆོ་གའོ། །


previousརྒྱས་པའི་ཆོ་གnext