Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བརྒྱད་པ།


  expand section
   
   
   
   
   
   
   
  expand section
  collapse section
   
   
   
   
   
དགུག་པའི་ཆོ་ག
   
   
   
   
   
   
   
   
  expand section
  expand section
  expand section
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section


 
previousདགུག་པའི་ཆོ་གnext

དགུག་པའི་ཆོ་ག


DTG048_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ཀྱི་རས་སམ་ཟླ་མཚན་གྱི་རས་ལ་ཆོས་ཀྱི་ཁུ་བས་འཁོར་ལོ་གཉིས་མངོན་པར་བྲིས་ལ་ཡི་གེ་ཛཿའམ་ཧྲཱིཿའམ་ཡང་ན་གཉིས་ཀ་མིང་ལ་བཏགས་ལ་རྫ་ཕོར་ཁ་སྦྱོར་རམ་བུད་མེད་ཀྱི་ཐོད་པ་ཁ་སྦྱོར་དུ་བཅུག་ལ། མེ་ཏོག་དམར་པོས་མཆོད། སྐུད་པ་དམར་པོས་དྲིལ་ཏེ་དགོངས་ཐུན་ཉི་མ་ལྟ་བུར་གཤིན་རྗེ་གཤེད་དུ་བདག་ཉིད་བསྒོམས་ཏེ། རང་གི་སྙིང་གའི་འོད་ཟེར་ལས་བྱུང་བའི་གཤིན་རྗེ་གཤེད་དམར་པོ་ཞགས་པ་དང་ལྕགས་ཀྱུ་འཛིན་པ་


DTG048_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ཏེ། བསྒྲུབ་བྱའི་སྙིང་ལ་ལྕགས་ཀྱུས་བཀུག །ཞགས་པས་རྐེ་ལ་བཏགས་ནས་འགུགས་པར་བསམས་ནས། སྔགས་བཟླས་པ་ནི། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཛཿ་ཆེ་གེ་མོའི་ཆོད་དུ་མཆོད་སྤྱིན་ཨཱ་ཀཪྵ་ཡ་ཛཿསྭཱ་ཧཱ། ཡང་ན་ཧྲཱིཿཡང་ན་གཉིས་ཀའོ། །གལ་ཏེ་འོང་བར་མ་གྱུར་ན་འཁོར་ལོ་དེ་ཉིད་དུ་བ་མེད་པའི་སེང་ལྡེང་གི་མེ་ལ་བདུག་ཅིང་སྔགས་བཟླ་བར་བྱའོ། །དགུག་པའི་ཆོ་གའོ། །


previousདགུག་པའི་ཆོ་གnext