Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བརྒྱད་པ།


  collapse section
  expand section
  expand section
  collapse section
  collapse section
   
   
   
   
  collapse section
  collapse section
  collapse section
  expand section
   
   
   
  expand section
   
   
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section
  expand section
   
གཤིན་རྗེ་གཤེད་དམར་པོ་མཎྜལ་དུ་མཆོད་པའི་ཆོ་ག་ཞེས་བྱ་བ།  དཔལ་འཛིན།
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section


 
previousགཤིན་རྗེ་གཤེད་དམར་པོ་མཎྜལ་དུ་མཆོད་པའི་ཆོ་ག་ཞེས་བྱ་བ། དཔལ་འཛིན།next

གཤིན་རྗེ་གཤེད་དམར་པོ་མཎྜལ་དུ་མཆོད་པའི་ཆོ་ག་ཞེས་བྱ་བ།
དཔལ་འཛིན།


DTG048_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རཀྟ་ཡ་མཱ་རི་མཎྜལ་པཱུ་ཛ་བིདྷི་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་དམར་པོ་མཎྜལ་དུ་མཆོད་པའི་ཆོ་ག་ཞེས་བྱ་བ། གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །


DTG048_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཐཱ་ཧི་ཛཱ་ཏ་མཱ་ཏྲེ་ཎ་སྣ་པི་ཏ། སརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀཾ་ས་མ་ཡཱ་ཤྲི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པས་ཁྲུས་བྱའོ། །ཨོཾ་ཨཱཿཧྲཱིཿསྭཱ་ཧཱ། ཞེས་པས་ལག་པ་དང༌། རྐང་པ་ཁ་བཤལ་བའི་སྔགས་སོ། །ཨོཾ་ན་མོ་བྷ་ག་ཝཱ་ཏི་པུཥྤ་ཀེ་ཏུ་རཱ་ཛཱ་ཡ་ཏ་ཐཱ་ག་ཏ་ཡཱརྷ་ཏེས་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ་པུཥྤེ་མ་ཧཱ་པུཥྤེ། སུ་པུཥྤེ། པུཥྤེ་ཨུདྦྷ་བ། པུཥྤ་སཾ་བྷ་བེ། པུཥྤཱ་བ་ཀིརྞེ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ། ཞེས་པས་གཏོར་མ་བྱིན་གྱིས་བརླབ་བོ། །ཨོཾ་ཡ་མཱནྟ་ཀཾ་སརྦ་བིགྷྣཱ་ནུཚཱ་ད་ཡ་ཧཱུཾ་ཕཊ། ཅེས་པའི་སྔགས་ཀྱི་མེ་ཏོག་དང༌། །ཆུ་ལག་པའི་ནང་དུ་བཟུང་སྟེ། ས་ལ་བྲན་པ་ནི་བགེགས་བསྐྲད་པའོ། །ཨོཾ་ཧྲཱིཿཧཿབྷོ་མ་ཧཱ་ཀྲོ་དྷ་ཨཱ་གཙྪ་སྨཱ་ཏ་པཱུ་ཛ་པྲ་ཏི་གྲྀཧྞ་པྲ་སཱ་དྷ་མཾ་ཀུ་རུ་སྭཱ་ཧཱ། ཞེས་པས་སྤྱན་དྲང་ངོ༌། །ཨོཾ་ཧྲཱིཿཥྚྲྀཿཧ་ཞེས་པས་ཡོན་ཆབ་བོ། །ཨོཾ་ཨཱཿ་ཧཱུཾ་ཕཊ་ཅེས་པས་ཞལ་བསིལ་ལོ། །ཨོཾ་དུཥྚ་སཏྭ་ད་མ་ཀ་གཿཞེས་པས་དྲི་ཆབ་ཀྱི་སྔགས་སོ། །ཨོཾ་བཛྲ་བྷཱུ་མི་ཧཱུཾ་ཕཊ། ཨོཾ་བཛྲ་གོ་མ་ཡ་ཧཱུཾ་ཕཊ། ཨོཾ་བཛྲོད་ཀེ་ཧཱུཾ་ཕཊ། ཨོཾ་བཛྲ་པུཥྤེ་ཧཱུཾ་ཕཊ། ཨོཾ་བཛྲ་རེ་ཁེ་ཧཱུཾ་ཕཊ། ཅེས་པའི་སྔགས་རྣམས་ཀྱིས་མཎྜལ་བྱི་དོར་བྱ་བའི་ཆོ་གའོ། །ཡང་ལག་པ་གཡོན་པས་མེ་ཏོག་བླངས་ལ། ཨོཾ་སུ་རེ་ཁེ་སརྦ་ཏ་ཐཱ་ག་ཏཱ་དྷི་ཏིཥྛནྟུ་སྭཱ་ཧཱ། ཞེས་པས་མཎྜལ་དུའོ། །ཕྱི་ནས་ཐོ་བ་གཤིན་རྗེ་གཤེད་ཀྱི་ས་བོན་གྱིས་བཀུག་སྟེ། མཎྜལ་གྱི་དབུས་སུ་བསམས་ནས། བཅོམ་ལྡན་འདས་མཆོད་པར་བྱའོ། །ཨོཾ་བྷ་ག་ཝཱན་ཤྲཱི་མཾ་རཀྟ་ཡ་མཱནྟ་ཀ་བཛྲ་པུཥྤ་ཨཱཿཧཱུཾ་པྲ་ཏིཥྛ་སྭཱ་ཧཱ། ཨོཾ་བྷ་ག་ཝ་ཏི་ཤྲཱི་མཾ་བཛྲ་བེ་ཏཱ་ལི་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱི་སྐུར་བསྒོམས་ནས་མཆོད་པ་བྱ་བ་ནི། ཨོཾ་རཱ་གཱནྟ་ཀྲྀཏ་བཛྲ་པུཥྤེ་ཨཱཿཧཱུཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་མོ་ཧཱནྟ་བ་ཏི་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་མཧཱནྟ་ཀྲྀཏ་བཛྲ་པུཥྤེ་ཨཱཿཧཱུཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་པི་ཤུ་ནཱནྟ་ཀྲྀཏ་བཛྲ་པུཥྤེ་ཨཱཿཧཱུཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་དྭེ་ཥ་ར་ཏཱི་ཀྲྀཏ་བཛྲ་པུཥྤེ་ཨཱཿཧཱུཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨིཪྵྱ་ར་ཏཱི་བཛྲ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་མོ་ཧ་ར་ཏཱི་བཛྲ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་དྭེ་ཥ་ར་ཏཱི་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨིཪྵྱ་རཏཱི་བཛྲ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་དཎྜ་ཡ་མཱནྟ་ཀ་བཛྲ་པུཥྤེ་ཨཱཿཧཱུཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་མུངྒ་ར་ཡ་མཱནྟ་ཀ་བཛྲ་པུཥྤེ་ཨཱཿཧཱུཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་པདྨ་ཡ་མཱནྟ་ཀ་


DTG048_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་པུཥྤེ་ཨཱཿཧཱུཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཁཌྦ་ཡ་མཱནྟ་ཀ་བཛྲ་པུཥྤེ་ཨཱཿཧཱུཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཀུ་མཱ་ར་རཱུ་པི་ཎི་ཛཿཛཿ་ཧཱུཾ་ཕཊ། མེ་ཏོག་དབུལ་བའི་སྔགས་སོ། །ཨོཾ་དཱི་པྟ་ལོ་ཙ་ནི་བི་ཀྲྀ་ཏཱ་ན་ན་མ་ཧཱ་ཊྚཱཊྚ། ཧཱ་ས་ནཱ་དི་ནི་དཱིཔྟ་དཱིཔྟཱ་ཡ་སྭཱ་ཧཱ། སྒྲོན་མའི་སྔགས་སོ། །ཨོཾ་ཧྲཱིཿཧཿ་ཧེཿ་ཕཊ། བདུག་སྤོས་ཀྱི་སྔགས་ས། །ཨོཾ་ཀཱ་ལ་རཱུ་བ་སརྦ་དུཥྚཱཾ་ས་ཏྭ་ད་མ་ཀཾ་མ་ཧཱ་བྷཱུ་ཏ་པ་ཏི་ཨི་མཾ་བ་ལིཾ་གྲྀ་ཧྞ་པ་ཡ་སྭཱ་ཧཱ། གཏོར་མའི་སྔགས་སོ། །གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་དགྱེས་འཇིགས་པ་པོ། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུ་ཡི་རྡོ་རྗེ་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་དགྱེས་འཇིགས་པ་པོ། །སེམས་ཀྱི་རྡོ་རྗེ་སོ་སོར་གསལ། །རིན་ཆེན་རྡོ་རྗེ་ཕྱག་འཆལ་བསྟོད། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། །གསུང་ཀུན་གྱི་ནི་མཆོག་གི་མཆོག །གསུང་གི་རྡོ་རྗེ་ཕྱག་འཚལ་བསྟོད། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཐམས་ཅད། །སྐུ་ཡི་རྡོ་རྗེ་སོ་སོར་སྟོན། །ལག་ན་རྡོ་རྗེ་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། སངས་རྒྱས་ཀུན་གྱི་མཆོག་གི་མཆོག །དཀྱིལ་འཁོར་དབང་ཕྱུག་ཕྱག་འཆལ་བསྟོད། །ཅེས་པ་ཚིགས་སུ་བཅད་པ་ལྔས་བསྟོད་པ་བྱའོ། །ཨོཾ་ཛ་ཡ་ཛ་ཡ། སུ་ཛ་ཡ། བི་ཤྭ་རཱུ་པ་དྷ་རི་གཙྪ་གཙྪ། སྭ་བྷཱ་ཝ་ནཾ་ཀྲྀ་ཏེ་ན། ཏ་ཐཱ་ག་ཏཱཾ་ཤྩ་སརྦ་བུདྡྷཱ་ཤྩ་བི་སར་ཛ་ཡ་མ་མ་ཀཱཪྻཾ་ཀུ་རུ་སྭཱ་ཧཱ། གཤེགས་སུ་གསོལ་བའི་སྔགས་སོ། །ཨོཾ་བཛྲ་མཎྜལ། མུ་ནི་མུ་ནི་པུ་ན་རཱ་ག་མ་ནཱ་ཡ་མུཿ་པུ་ན་ར། བི་མ་ད་ནུ་ཀམྤཱ་དྭཱ་མཱ་ག་མིཥྱནྟ་པཱ་དཱཿ། ཞེས་པ་འདི་ཡིས་མཎྜལ་ཡང་དག་པར་བསྡུས་ཏེ། མཆོད་རྫས་ཀུན་བརྗེས་ལ་དོར་རོ། །རྣལ་འབྱོར་པས་འོད་ཀྱི་རང་བཞིན་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ཏེ། རྟག་ཏུ་རྒྱུན་མི་འཆད་པར་རང་གི་སྙིང་གར་ས་བོན་བསྒོམས་ཏེ། དེའི་རྗེས་སུ་ཡི་གེ་བརྒྱ་པའི་གཟུངས་ནི། ཨོཾ་ཡ་མཱནྟ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཡ་མཱནྟ་ཀ་ཏྭེ་ནོ་པ་ཏིཥྛ་དྲྀ་དྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་


DTG048_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨཱ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿ་ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ་བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཿ་ཞེས་པས་ཡི་གེ་བརྒྱ་པའི་སྔགས་སོ། །འདི་བརྗོད་ནས་འདོད་པའི་ལྷའི་ང་རྒྱལ་གྱིས་ཇི་ལྟ་བར་གནས་པ་བྱའོ། །གཤིན་རྗེ་གཤེད་དམར་པོ་མཎྜལ་དུ་མཆོད་པའི་ཆོ་ག་ཞེས་བྱ་བ། དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། །།ལྷའི་སྐད་ལ་ལེགས་པར་ཞུགས་པའི་ཤཱཀྱའི་དགེ་སློང་ཉིས་སྨྲ་བ་རྣམས་ཀྱི་གདན་ས་དཔལ་ཐར་པ་གླིང་གི་གཙུག་ལག་ཁང་དུ་བསྒྱུར་བའོ།།


previousགཤིན་རྗེ་གཤེད་དམར་པོ་མཎྜལ་དུ་མཆོད་པའི་ཆོ་ག་ཞེས་བྱ་བ། དཔལ་འཛིན།next