Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ང་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགའ་གཅུགས་ལྔ་བ། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགའ་གཅུགས་ལྔ་བ།next

དགའ་གཅུགས་ལྔ་བ།


DTG051_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲི་ཎ་པཉྩ་ཀ །བོད་སྐད་དུ། དགའ་གཅུགས་ལྔ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །སྣང་བ་མཆོག་ཏུ་གཅུགས་པ་ནི། །རྟེན་ཅིང་འབྲེལ་འབྱུང་ཙམ་ཉིད་དོ། །མེད་པར་གྱུར་ན་སྟོང་པ་ཉིད། །འདོད་པ་མོ་དངོས་འཆིང་བར་འགྱུར། །སྟོང་ཉིད་ཤིན་ཏུ་མཆོག་གྱུར་པའི། །མཛའ་བོ་དཔེ་མེད་གཟུགས་ལྡན་གང༌། །དེ་དང་བརྒྱ་ལ་བྱེད་ན་ནི།།


DTG051_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བདེའི་གཙོ་བོ་བརླག་པར་འགྱུར། །དེ་ཕྱིར་དོགས་པས་ཁྱོ་ཤུག་གཉིས། །བླ་མ་དམ་པའི་སྤྱན་སྔར་གནས། དེ་ཡིས་དེ་དག་སྔོན་བཞིན་དུ། །དགའ་བས་ལྷན་ཅིག་གཅུགས་པར་མཛོད། །ཨེ་མའོ་བླ་མ་མཆོག་མཁས་ནི། །འདི་ལྟ་བུ་ལ་མཁས་པ་མཚར། །རང་བཞིན་གཉིས་མེད་དམིགས་པ་མེད། །བླ་ན་མེད་པར་གཉིས་ཀ་སྐྱེས། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཐའ་གཉིས་རྣམ་པར་སྤངས་པ་སྟེ། །དངོས་པོ་ཀུན་གྱི་ངོ་བོ་ཉིད། །རང་བཞིན་མེད་པར་རྟག་ཏུ་ཤར། །དགའ་གཅུགས་ལྔ་པ་སློབ་དཔོན་མཻ་ཏྲི་པས་མཛད་པ་རྫོགས་སོ།། །།བླ་མ་ཕྱག་ནའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་རྨ་བན་གྱིས་བསྒྱུར་བའོ།།


previousདགའ་གཅུགས་ལྔ་བ།next