Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ང་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཐར་ཐུག་འབྲས་བུའི་སྒྲོན་མ་ཞེས་བྱ་བ། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཐར་ཐུག་འབྲས་བུའི་སྒྲོན་མ་ཞེས་བྱ་བ།next

མཐར་ཐུག་འབྲས་བུའི་སྒྲོན་མ་ཞེས་བྱ་བ།


DTG052_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀོ་ཊི་ནིཥྛ་ཕ་ལ་པྲ་དཱི་པ་ནཱ་མ། བོད་སྐད་དུ། མཐར་ཐུག་འབྲས་བུའི་སྒྲོན་མ་ཞེས་བྱ་བ། འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །འཁོར་བའི་ཆུ་ལས་སྒྲོལ་མཛད་པ། །དམ་པ་སྐྱེས་མཆོག་རྣམས་ལ་འདུད། །སྒྲུབ་པའི་ཆོས་ལ་དོན་ཡོད་པས། །དམ་པས་གསུངས་ལ་ཡིད་ཆེས་ཀྱིས། །མཐར་ཐུག་འབྲས་བུའི་སྒྲོན་མ་ནི། །རྣམ་པ་གཉིས་སུ་ཤེས་པར་བྱ། །གནས་སྐབས་རྒྱུ་ཡི་འབྲས་བུ་དང༌། །མཐར་ཐུག་རྟོགས་པའི་འབྲས་བུའོ། །རྒྱུ་མཐུན་འབྲས་བུ་རབ་སྟེར་བས། །བྱས་པའི་ཆོས་ལ་ནན་ཏན་སྐྱེད། །ནམ་མཁའ་རྡོ་རྗེ་གྲོང་འཇུག་གསུམ། །ལས་སུ་རུང་བའི་འབྲས་བུ་ཡིན། །རྟོགས་པའི་འབྲས་བུ་སྐུ་ལྔ་སྟེ། །ངོ་བོ་སྟོང་པ་ཆོས་སྐུལ། །རང་བཞིན་གསལ་བ་ལོངས་སྐུ་ཡིན། །མཚན་ཉིད་ཉམས་མྱོང་སྤྲུལ་པའི་སྐུ། །ཟུང་འཇུག་ངོ་བོ་ཉིད་ཀྱི་སྐུ། །རང་གྲོལ་རང་དག་བདེ་ཆེན་སྐུ། །དོན་ལ་མཚོན་དུ་ཅི་ཡང་མེད། །ཐ་སྙད་བློ་ལ་རྒྱུ་འབྲས་དཱི་པཾ་གཉིས། །ཞེན་པ་བཟློག་ཕྱིར་བསྟན་པ་ལས། །དོན་དམ་བརྗོད་དུ་མེད་པས་ན། །རྒྱལ་བས་ཚིག་གཅིག་གསུངས་པ་མེད། །མཐར་ཐུག་འབྲས་བུའི་སྒྲོན་མ་ཞེས་བྱ་བ་རྗེ་བཙུན་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།།


previousམཐར་ཐུག་འབྲས་བུའི་སྒྲོན་མ་ཞེས་བྱ་བ།next