Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ང་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག།  མར་མེ་མཛད་ཡེ་ཤེས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག། མར་མེ་མཛད་ཡེ་ཤེས།next

འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག།
མར་མེ་མཛད་ཡེ་ཤེས།


DTG053_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ལོ་ཀ་ཨ་ཏི་ཏ་སཔྟ་ཀ་བི་དྷིཿ། བོད་སྐད་དུ། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཕྱག་གནས་ཕྱག་བྱེད་ཕྱག་རྣམས་ནི། །གང་ཚེ་ཐ་དད་མི་


DTG053_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ། །དེ་འདིར་སྔགས་པའི་ཕྱག་ཡིན་ཏེ། །རྡོ་རྗེའི་ཕྱག་ཅེས་བརྗོད་པ་ཡིན། །མཆོད་གནས་མཆོག་བྱེད་མཆོད་པ་རྣམས། །གང་ཚེ་སྣ་ཚོགས་མི་དམིགས་པ། །དེ་ཚེ་མཆོད་པ་ཆེན་པོ་སྟེ། །རྡོ་རྗེའི་མཆོད་པ་ཞེས་བརྗོད་དོ། །བཤགས་བྱ་འཆག་བྱེད་བཤགས་པ་རྣམས། །གང་ཚེ་རྣལ་འབྱོར་པས་མ་མཐོང༌། །རང་བཞིན་དག་པར་ཡང་དག་མཐོང༌། །དེ་འདིར་བཤགས་པའི་མཆོག་ཡིན་ནོ། །རྗེས་ཡི་རང་བྱ་ཐམས་ཅད་དང༌། །བདག་དང་རྗེས་སུ་ཡི་རང་བ། །རྣལ་འབྱོར་བ་ཡིས་མཉམ་པར་མཐོང༌། །རྗེས་སུ་ཡི་རང་དམ་པ་ཡིན། །སྒྱུ་མས་སྤྲུལ་པའི་སངས་རྒྱས་ལ། །སྒྱུ་མས་སྤྲུལ་པའི་ལུས་ཅན་ཕྱིར། །བྲག་ཅ་ལྟ་བུའི་ཆོས་རྣམས་ནི། །བསྟན་པར་ཡང་དག་སྐུ་ལ་འདེབས་བ། །སྤྲུལ་པ་དག་དང་མཚུངས་པར་ནི། །ཐལ་མོ་སྦྱར་ནས་སྐུལ་བྱེད་ཅིང༌། །རྡོ་རྗེ་རྣལ་འབྱོར་མཉམ་པར་མཐོང༌། །སྐུལ་བར་བྱེད་པའི་མཆོག་ཏུ་འདོད། །མྱ་ངན་འདས་བཞེད་སངས་རྒྱས་རྣམས། །འཁོར་བར་སྤྲུལ་པ་བཞིན་དུ་ནི། །སེམས་ཅན་སྤྲུལ་པའི་དོན་གྱི་ཕྱིར། །བཞུགས་པར་གསོལ་འདེབས་དེ་ཉིད་རིག །འཇིག་རྟེན་འདས་པ་ཉིད་ཀྱི་ཕྱིར། །དེ་འདིར་གསོལ་འདེབས་མཆོག་ཏུ་འདོད། །དམིགས་པ་ཅན་དུ་འཇུག་པ་ཉིད། །ཐམས་ཅད་འཇིག་རྟེན་པ་ཉིད་ཡིན། །རྫོགས་པའི་བྱང་ཆུབ་རྨི་འདྲ་ལ། །དེ་ཉིད་རིག་པས་རྨི་འདྲར་རིག །རྨི་འདྲའི་སྲིད་པར་གནས་པ་ཡིན། །སེམས་ཅན་རྣམས་ལ་ཕན་བཏགས་པས། །ཆོས་དབྱིངས་བཞིན་དུ་དཔག་མེད་པར། །དགེ་བ་ཐམས་ཅད་ཡོངས་བསྔོ་ན། །དེ་འདིར་བསྔོ་བ་དམ་པ་སྟེ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་མཛད་པ་རྫོགས་སོ།།


previousའཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག། མར་མེ་མཛད་ཡེ་ཤེས།next