Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ང་གསུམ་པ།


   
   
རང་བཞིན་གྱི་དོ་ཧ་མཛོད་ཀྱི་གླུའི་ལྟ་བ།  ལཱུ་ཡི་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརང་བཞིན་གྱི་དོ་ཧ་མཛོད་ཀྱི་གླུའི་ལྟ་བ། ལཱུ་ཡི་བ།next

རང་བཞིན་གྱི་དོ་ཧ་མཛོད་ཀྱི་གླུའི་ལྟ་བ།
ལཱུ་ཡི་བ།


DTG053_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏཏྙཱ་སྭ་བྷཱ་བ་དྲྀ་ཥྚི་གཱི་ཏི་ཀ་དོ་ཧ་ནཱ་མ། བོད་སྐད་དུ། རང་བཞིན་གྱི་དོ་ཧ་མཛོད་ཀྱི་གླུའི་ལྟ་བ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གཉིས་མེད་བདུད་རྩི་ཀུན་འདུས་གྲུབ་ཐོབ་ཀྱི། །དྲི་མེད་དགོངས་པ་ལྟ་སྤྱོད་ལ་སོགས་ནི། །ཉམས་ལེན་ཐབས་དེ་ཀུན་ལ་ཕན་པའི་ཕྱིར། །བདེ་གཤེགས་རྣམས་ལ་ཕྱག་འཚལ་བཤད་པར་བྱ། །དངོས་པོ་ཡང་ནི་མ་ཡིན་ཞིང༌། །དངོས་མེད་ལ་ནི་མ་སྐྱེས་པའི། །འདི་ལྟ་བུ་ཡི་རང་བཞིན་ནི། །སུ་ཞིག་གིས་ནི་རྟོགས་པར་འགྱུར། །ལཱུ་ཡི་པ་ནི་སྨྲ་བར་བྱེད། །འདི་ལྟ་བུ་ནི་ངོ་མཚར་ཆེ།།ཁམས་གསུམ་གནས་སུ་ལོངས་སྤྱོད་ཀྱང༌། །དེ་ཉིད་གནས་ནི་རྟོགས་པ་མེད། །དེ་ཡི་ཁ་དོག་རིགས་དང་ནི། །དབྱིབས་ཀྱང་བདག་གིས་རྟོགས་པ་མེད། །དེ་ལྟ་བུ་ཡི་རང་བཞིན་ནི། །དངོས་པོར་མ་གྲུབ་ཇི་ལྟར་བསྟན། །ལཱུ་ཡི་བ་ནི་སྨྲ་བར་བྱེད། །འདི་ལྟ་བུ་ནི་ངོ་མཚར་ཆེ། །ཁམས་གསུམ་གནས་སུ་ལོངས་སྤྱོད་ཀྱང༌། །དེ་ཉིད་གནས་ནི་རྟོགས་པ་མེད། །བདག་གིས་གཞན་ལ་ཇི་ལྟར་དྲི། །ཆུ་གཏིང་ཟླ་བའི་གཟུགས་


DTG053_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་ནི། །དོན་དམ་སྒྱུ་མར་རྟོགས་པ་མེད། །ལཱུ་ཡི་པ་ནི་སྨྲ་བར་བྱེད། །འདི་ལྟ་བུ་ནི་ངོ་མཚར་ཆེ། །ཁམས་གསུམ་གནས་སུ་ལོངས་སྤྱོད་ཀྱང༌། །དེ་ཉིད་གནས་ནི་རྟོགས་པ་མེད། །ལཱུ་ཡི་པ་ནི་སྨྲ་བར་བྱེད། །བདག་གིས་གཞན་ལ་ཇི་ལྟར་དྲི། །དེ་ཡི་རང་བཞིན་རྟོགས་པ་མེད། །རང་བཞིན་གྱི་དོ་ཧ་མཛོད་ཀྱི་གླུའི་ལྟ་བ་ཞེས་བྱ་བ་སློབ་དཔོན་ལཱུ་ཡི་བས་མཛད་པ་རྫོགས་སོ།


previousརང་བཞིན་གྱི་དོ་ཧ་མཛོད་ཀྱི་གླུའི་ལྟ་བ། ལཱུ་ཡི་བ།next