Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་གཉིས་པ།


   
   
   
   
དཔལ་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་ཆོ་ག་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་བཏུས་པ། ཀུན་དགའ་སྙིང་པོ།
   
   
   
   
   
   
   
   
   
   
   
   


 
previousདཔལ་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་ཆོ་ག་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་བཏུས་པ།ཀུན་དགའ་སྙིང་པོ།next

དཔལ་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་ཆོ་ག་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་བཏུས་པ།
ཀུན་དགའ་སྙིང་པོ།


DTG062_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །ཤྲཱི་ཏྲཻ་ལོ་ཀྱ་བི་ཛ་ཡ་མཎྜལོ་པ་ཡི་ཀ་ཨཱཪྻ་ཏཏྟྭ་སཾ་གྲ་དྷ་ཏནྟྲོ་དྡི་དྷི་ཏ། བོད་སྐད་དུ། དཔལ་ཁམས་གསུམ་རྣམ་པར་གྱལ་བའི་དཀྱིལ་འཁོར་གྱི་ཆོ་ག་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་བཏུས་པ། མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཁྱབ་བདག་གདུལ་དགའ་འདུལ་བ་པོ། །རྡོ་རྗེ་ཧཱུཾ་མཛད་ཕྱག་འཚལ་ཏེ། །འཇིག་རྟེན་གསུམ་རྒྱལ་འབྱུང་བ་ཡི། །དཀྱིལ་འཁོར་ཆོ་ག་བཤད་པར་བྱ། །དེ་ལ་རེ་ཞིག་སློབ་དཔོན་གསང་བའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་ཐོབ་པ་རིགས་པའི་སྡོམས་པ་ཡོངས་སུ་བཟུང་བ། གསང་བའི་ཆོ་ག་ཐམས་ཅད་ཀྱི་བྱ་བ་ཤེས་པ། །དཔའ་བ་བརྟན་པ། སྤྲོ་བ། ཆེ་པ། མཁས་པ། དུལ་བ། འདུལ་བའི་ཀུན་དུ་སྦྱོར་བ་ལ་གནས་པ། དད་པ་དང་ལྡན་པ། ཆོས་ཟབ་མོ་ལ་ལྷག་པར་མོས་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའི་བློ་ཅན། ལུས་དང་སྲོག་ལ་ལྟོས་པ་མེད་པ། གྲོགས་ཀྱི་དཀྱིལ་འཁོར་མཐོང་བ། དད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ། །གསང་བའི་ཚུལ་གྱིས་ཆོ་གའི་བྱ་བ་ཤེས་པ། གཙང་ཞིང་གཙང་མར་སྤྱོད་པ། གསང་བའི་ཆོ་གའི་བྱ་བ་ལ་མཁས་པ། སྙིང་སྟོབས་དང་ལྡན་པ། བློ་བརྟན་པ་དང་ལྷན་ཅིག་གམ། ཡང་ན་གྲོགས་བཟང་མེད་པ་རི་བོའམ། ནགས་སམ། ཆུ་འགྲམ་མམ། སྐྱེད་མོས་ཚལ་ལམ། གཙུག་ལག་ཁང་ལ་སོགས་པའི་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་སྔོན་དུ་བསྙེན་


DTG062_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱའོ། །དེ་ལ་དང་པོ་རེ་ཞིག་རིམ་པ་འདིས་རྣམ་པར་རྟོག་པ་ལ་སྤྱོད་པའི་ཁྲུས་བརྩམ་པར་བྱའོ། །ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ལ། སྙིང་གར་བཞག་སྟེ། ཨོཾ་དྷུ་པེ་དྷུ་པེ་པི་ཀཱ་ཡ་དྷུ་པི་པྲ་ཛྭ་ལ་ནི་སྭཱ་ཧཱ། ཞེས་ཟློས་ཤིང་བདག་ཉིད་འབར་བར་བྱའོ། །ལཾ་ཊུཾ་ཞེས་བྱ་བས་གོ་བགོས་ལ་རྡོ་རྗེ་གནོད་སྤྱིན་གྱི་མཆེ་བའི་ཕྱག་རྒྱ་བཅིངས་ཏེ། བགེགས་ཐམས་ཅད་བཟའ་བར་བྱའོ། །ཡང་དེ་ཡིད་དང་ཨ་ཞེས་བྱ་བ་ཟློས་ཤིང་བདུད་རྩི་ཐབ་སྦྱོར་གྱིས་ཡང་ཨོཾ་བྷུ་ར་ཛྭ་ལ་ཧཱུཾ་སྭཱ་ཧཱ། ཞེས་ཟློས་ཤིང་སྤྱི་བོར་ཆུ་ཁྱོར་བ་གསུམ་བླུག་པར་བྱའོ། །རིག་པ་འདི་ཉིད་ཀྱིས་ས་གཙང་མ་བླངས་ལ་ཆ་གསུམ་དུ་བྱས་ཏེ། ཆ་གཅིག་གིས་རྐེད་པ་མན་ཆད་བཀྲུ། གཉིས་པས་ལུས་ཐམས་ཅད་བཀྲུའོ། །གསུམ་པས་ལག་པ་བཀྲུས་ལ་ཉེ་རེག་བྱས་ཏེ། རང་གི་སྔགས་དང་ཕྱག་རྒྱ་སྤྱི་བོར་ཆུ་བླུགས་ལ། བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བྱིན་གྱིས་བརླབས་ཏེ། ཆུ་ལས་ལངས་ནས་རྡོ་རྗེ་སེམས་དཔའ་ཟློས་ཤིང་ཆུའི་བསྲུང་བ་བསལ་ལ། ཧཱུཾ་བཞི་རྡོ་རྗེའི་ཚིག་གིས་ཡིད་ལ་ཟློས་སིང་ལྷའི་ཁང་པའམ། རི་བོ་ལ་སོགས་པའི་གནས་སུ་འཁྲུས་དང་ཉེ་རེག་བྱས་ཏེ། རྡོ་རྗེ་རྩེ་མོ་མངོན་པར་བཟླས་པའི་ཆུས་གོས་ལ་སོགས་པ་ལ་བསང་གཏོར་བྱས་ལ། གནས་ཁང་ལ་སོགས་པར་ཆུ་དེ་ཡིད་ཀྱིས་ལྷའི་ཁང་པའི་ནང་ཀུན་དུ་བགེགས་བསལ་བར་བྱས་ནས་སྟན་བདེ་བ་ལ་སོགས་པར་ཇི་ལྟར་བདེ་བར་འདུག་སྟེ། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། མཛུབ་མོ་གཉིས་གཤིབས་ཏེ་རྩེ་མོར་བྱས་ནས། མཐེ་བོང་གཉིས་གྱེན་དུ་བལྟས་པར་གཤིབས་ཏེ། སྐྱིལ་མོ་ཀྲུང་གི་སྟེང་དུ་བཞག་ལ། ཨོཾ་སརྦ་བི་ཤུདྡྷེ་དྷརྨ་ཏཱ་བཛྲ་སིདྡྷི་ཧཱུཾ་ཞེས་ལན་གསུམ་བཟླས་པར་བྱའོ། །དེ་ནས་ལྐོག་མའི་ཕྱོགས་སུ་ཧྲཱིཿ་ལས་པདྨ་འདབ་མ་བརྒྱད་པ་བསམས་པའི་ལྕེའི་པདྨའི་འདབ་མར་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསམས་ལ། བཛྲ་ཛི་ཧྭ་ཞེས་བྱ་བའི་རིག་པ་འདིས་བྱིན་གཉིས་བརླབ་པར་བྱའོ། །ལག་པ་གཉིས་སུ་ཡང་ཨ་ལས་ཟླ་བའི་དཀྱིལ་འཁོར་གཉིས་བསམས་ལ། དེ་གྱིས་ཀྱི་སྟེང་དུ་ཧཱུཾ་གཉིས་ལ་རྡོ་རྗེ་བསམ་ཞིང་ལག་པའི་སོར་མོ་ཡང་རྡོ་རྗེ་རྩེ་མོར་བསྐྱེད་ལ། འོག་ནས་བཤད་པའི་རིམ་པས་བགེགས་གཞོམ་པ་ལ་སོགས་པ་བྱས་


DTG062_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་ཙཀྲ་ཧཱུཾ་ཞེས་བརྗོད་པར་བྱའོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གྱིས་བཅིངས་ནས། །མཛུབ་མོ་མཐེའུ་ཆུང་རྡོ་རྗེ་མདུད། །རྡོ་རྗེ་འཁོར་ལོ་ཞེས་གྲགས་ཏེ། །དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་ཡིན། །རིགས་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བ་འདིས་ཕྱོགས་ཐམས་ཅད་དུ་གཡས་ནས་བསྐོར་ལ་ཁར་བཞག་ནས་ལྟ་བཞིན་དུ་སྔགས་ལན་བརྒྱ་རྩ་བརྒྱད་རུ་བཟླས་ན། རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་ཞུགས་པར་འགྱུར་རོ། །དེ་ནས་དཀྱིལ་འཁོར་བློས་མངོན་སུན་ལྟ་བུར་དམིགས་ལ་མེ་ཏོག་ལ་སོགས་པས་ལྷ་ཐམས་ཅད་ཡང་དག་པར་མཆོད་དེ་ཕྱོགས་ཐམས་ཅད་ནས་དཀྱིལ་འཁོར་ལྔ་པ་དང་འདིས་ཕྱག་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནད་ནཾ་ཀ་རོ་མི། དེ་ནས་ཕྱག་བཞི་བྱ་སྟེ། འདི་ལྟར་རྡོ་རྗེ་ཐལ་མོ་བརྐྱང་ལ་སྔགས་འདི་དང་ལུས་ཐམས་ཅད་ཀྱིས་ཕྱག་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛོ་པསྠ་ནཱ་ཡ་ཨཱཏྨ་ནཾ་ནི་ཪྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ། དེ་ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ། འདིས་དཔྲལ་བས་ཕྱག་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཨཱཏྨ་ནཱཾ་ནི་ཪྻ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥི་ཉྩ་མཱཾ། དེ་ན་སྡེ་བཞིན་དུ་གན་པ་ལ་རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་སྟེ་འདི་དང་ཁས་ཕྱག་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ནཱ་ཡ་ཨཱཏྨ་ནཱཾ་ནི་ཪྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨྨ་པྲ་བརྡ་ཡ་མཱཾ། དེ་ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ་སྤྱི་བོ་ནས་ཕབ་སྟེ་སྙིང་གར་སྦྱར་ལ་བྱང་ཕྱོགས་སུ་སྤྱི་བོ་ས་ལ་རེག་པར་བྱས་ནས་འདིས་ཕྱག་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨྨ་ཎེ་ཨཱཏྨ་ནཱཾ་ནི་ཪྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨྨ་ཀུ་རུ་མཱཾ། ཕྱག་འཚལ་བའི་ཕྱག་རྒྱ་བཅིངས་ནས་སྡིག་པ་ཐམས་ཅད་བཤགས་པར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང༌། སྙིང་པོད་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་སྔགས་ཀྱི་ལྷ་ཐམས་ཅད་


DTG062_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང༌། སྙིང་པོ་དང་ཕྱག་རྒྱ་དང༌། གསང་སྔགས་དང་རིགས་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྤྱན་སྔར་སྡིག་པ་ཐམས་ཅད་བླ་ན་མེད་པས་སོ་སོར་བཤགས་པར་བགྱིའོ། །ཕྱོགས་བཅུ་ན་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༌། རང་སངས་རྒྱས་དང༌། །འཕགས་པ་ཡན་ཐོས་ཡང་དག་པར་སོང་བ་དང༌། ཡང་དག་པར་ཞུགས་པ་རྣམས་དང༌། སེམས་ཅན་གྱི་ཚོགས་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྒྱ་ཆེར་རྗེས་སུ་ཡི་རང་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བསྐུལ་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་གང་ཡིན་པ་དེ་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་གསོལ་བར་འཚོལ་ལོ། །དེ་ནས་མེ་ཏོག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་ཁམས་འདིའམ། །གང་ཡང་ཕྱགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་མེ་ཏོག་གི་བྱེ་བྲག་ཡིད་ལས་བྱུང་བའམ། ཆུ་ལས་སྐྱེས་པའམ། ཐང་ལས་སྐྱེས་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་སྔགས་ཀྱི་ལྷ་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བདུག་པའི་ཕྱག་རྒྱ་བཅིངས་ཏེ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་


DTG062_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་བདུག་པའི་བྱེ་བྲག་ལྷན་ཅིག་སྐྱེས་པའམ། ཡང་དག་པར་སྦྱར་བའམ། ཡོངས་སུ་གྱུར་པ་ཅན་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ཎ་ས་མ་ཡེ་ཧཱུཾ། མར་མེའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་སྣང་བའི་བྱེ་བྲག་ཡིད་ལས་བྱུང་བའམ། རིན་པོ་ཆེའི་འོད་དམ། མར་མེའི་སྣང་བ་ལ་སོགས་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ཎ་ས་མ་ཡེ་ཧཱུཾ། དྲིའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱག་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་དྲིའི་བྱེ་བྲག་ལྷན་ཅིག་སྐྱེ་པའམ། ཡང་དག་པར་སྦྱར་པའམ་ཡོངས་སུ་གྱུར་བ་ཅན་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། ཞེས་བྱ་བ་ལ་སོགས་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་ཡེ་ཧཱུཾ། ཕྱག་འཚལ་བའི་ཐལ་མོ་སྤྱི་བོར་བཞག་གླ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིགས་རྟེན་གྱི་ཁས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་རིན་པོ་ཆེའི་རི་བོའམ། རྒྱ་མཚོ་ཆེན་པོའི་ཚོགས་གང་དག་ཡོད་པ་དེ་ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷྱཾ་ག་རཏྣ་ཨཱ་ལཾ་ཀ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ཎ་ས་མ་ཡེ་ཧཱུཾ། དེ་ནས་བཞད་པའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་


DTG062_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་དགོད་པ་དང༌། སྒེག་པ་དང༌། དགའ་བ་དང༌། རྩེད་འཇོའི་བདེ་བའི་བྱེ་བྲག་གང་དག་ཡོད་པ་དེ་དག་འདི་ལྟ་སྟེ་ཞེས་བྱ་བ་ལ་སོག་སྤའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཧ་སྱ་ལཱ་སྱ་རཱ་ཏི་ཀྲཱི་ཌ་སཽ་ཁྱ་ཨ་ནུ་ཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བཞད་པའི་ཕྱག་རྒྱ་དེ་ཉིད་རྡོ་རྗེ་ཐལ་མོ་བསྐོར་བ་སྤྱི་བོར་བཞག་ལ། ཡང་ཐལ་མོ་ཁོང་སྟོང་དུ་སྤྱར་བ་བཅིང་སྣས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། དཔག་བསམ་གྱི་ཤིང་ངམ་གོས་ཀྱི་ཤིང་གང་དག་ཡོད་པ་དེ་ཐམས་ཅད་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་དྷི་ཨཱ་ལཾ་ཀ་ར་ཝསྟྲ་པཱུ་ཛ་མེ་གྷ་ས་མུ་དྲས་པ་ཎ་ས་མ་ཡེ་ཧཱུཾ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་སྡུག་བསྔལ་རྗེས་སུ་དྲན་པར་བྱས་ནས། སྙིང་རྗེའི་དབང་གིས་མེས་ཅན་ཐམས་ཅད་བསྒྲལ་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། མ་བསྐལ་བ་རྣམས་བསྒྲལ་བར་བྱ་བའི་ཕྱིར་དང༌། མ་གྲོལ་བ་རྣམས་དགྲོལ་བར་བྱ་བའི་ཕྱིར་དང༌། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བྱ་བའི་ཕྱིར་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལ་འདའ་བར་བྱ་བའི་ཕྱིར་དང༌། སེམས་ཅན་གྱི་ཁམས་མ་ལུས་པ་འཁོར་བའི་རྒྱ་མཚོ་ལས་ཡང་དག་པར་བསྒྲལ་བར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བོ་དྷི་ཙིཏྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ས་མ་ཡེ་ཧཱུཾ། སྒེག་མོའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཡོ་བྱད་ཐམས་ཅད་ཀྱིས་ཡང་དག་པར་འབྱོར་ཅིང༌། ཕུན་སུམ་ཚོགས་པ་ཐམས་ཅད་འདོད་པ་ཙམ་ལ་རག་ལུས་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཛྲོད་བྷ་བ་འདས་ན་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་ཕྲེང་བ་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་མི་དགེ་བའི་ལུས་


DTG062_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཐམས་ཅད་དང་ཡང་དག་པར་བྲལ་བར་གྱུར་ཅིག །དགེ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཐམས་ཅད་དང་ཡང་དག་པར་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་བོ་དྷྱ་ཧཱ་ར་ཤཱི་ལ་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་རྡོ་རྗེ་གླུ་མཁན་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་ཡང་དག་པར་བརྒྱན་པར་བྱས་པ་དང༌། རྟག་ཏུ་ཕན་ཚུན་འཇིགས་པ་མེད་པ་དང༌། ཞེ་འགྲས་པ་མེད་པར་ཞུགས་ཤིང་མིག་དང་ཡིད་མངོན་པར་དགའ་བ་དང༌། ཆོས་ཟབ་མོ་ལ་བཟོད་པ་ཐོབ་པ་དང་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མཧཱ་དྷརྨྨ་ཨ་བ་བོ་དྷི་ཀཥཱ་ནྟི་པཱ་ར་མི་ཏ་པཱུ་ཛ་མི་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གར་མཁན་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མངོན་པར་བརྩོན་པ་དང་ལྡན་པ་དང༌། སངས་རྒྱས་ཉིང་དུ་ཡོངས་སུ་གཞོལ་ཞིང་འཁོར་བ་ཡོངས་སུ་སྤོང་བའི་བརྩོན་འགྲུས་དང་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་སན་སཱ་རཱ་པ་རི་ཏྱཾ་ཀ་ཨ་ནུ་ཏྟ་ར་མཧཱ་བཱིཪྻ་པཱ་ར་མེ་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་མེ་ཏོག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་དན་ཐམས་ཅད་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་དང་བྲལ་བར་གྱུར་ཅིག །བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། མངོན་པར་ཤེས་པ་རྣམས་དང༌། རིག་པ་ཐམས་ཅད་དབང་དུ་གྱུར་པ་ཕུན་སུམ་ཚོགས་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་སཽ་ཁྱ་བའི་ཧཱ་ར་དྷྱ་ན་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བདུག་སྤོས་ཀྱི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལད་འདས་པའི་ཤེས་རབ་དང་ཡེ་ཤེས་རྣམས་དང་ཡང་དག་པར་ལྡན་པར་གྱུར་ཅིག །སོ་སོ་ཡང་དག་པར་རིགས་པ་བཞི་ཐོབ་སྟེ། བཟོ་དང་བསྟན་བཅོས་ཐམས་ཅད་ཤེས་ཤིང་སྒྱུ་རྩལ་དང་ལྡན་ལ་གསང་བའི་ཆོ་ག་ཤེས་པ་དང༌། དེ་ཁོ་ན་ཉིད་མཐོང་སྟེ།


DTG062_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཡང་དག་པར་གཅོད་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་ཀླེ་ཤ་ཙྪེ་ད་སརྦ་དྷརྨྨ་ས་མནྟ་ཛྙཱ་ན་མཧཱ་པྲ་ཛྙཱ་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། ལུས་ཀྱིས་བསྙེན་བཀུར་བྱ་བའི་ཕྱིར་བདག་ཉིད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་དྲུང་དུ་ཕྱིན་པར་ལྷག་པ་རྨོས་པ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ནི་ཪྻཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ན་ཎ་ས་མ་ཡེ་ཧཱུཾ་རྡོ་རྗེ་ཐལ་མོ་བསྐོར་བཤིས་པ་རྗོད་པར་བྱེད་པའི་ཚུལ་དུ་བཅིངས་ལ་ཐམས་ཅད་དུ་ལྕེ་བརྒྱ་སྟོང་ཕྲག་སྙེད་ཀྱི་སྒོ་ནས་མཉམ་ཉིད་མི་གཡོ་ཞེས་བྱ་བ་ལ་སོགས་པའི་བསྟོད་པའི་མཆོད་པས་ལྷག་པར་མོས་པར་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ནི་ཪྻ་ཏ་ན་པཱུ་ཛ་མི་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བསམ་པ་གཅིག་པའི་སྦྱོར་བས་ཆོས་ཐམས་ཅད་མཉམ་པ་ཉིད་ལ་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ནི་ཪྻཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་རྣམ་པས་ལྷག་པར་མོས་པར་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་པཱུ་ཛམ་གྷེ་ས་མུ་དྲ་སྥ་ན་ཎ་ས་མ་ཡེ་ཧཱུཾ། དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་མཆོད་ནས་བདག་ཉིད་དབུལ་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་འབུལ་གྱིས། བདག་དུས་ཐམས་ཅད་དང་རྣམ་པར་ཐལ་ཅད་དུ་སོར་བཞེས་སུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཁྱེད་རྣམས་ཀྱིས། དམ་ཚིག་ཆེན་པོའི་དངོས་གྲུབ་བདག་ལ་སྩལ་དུ་གསོལ། ཞེས་བརྗོད་ལ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། དགེ་བའི་རྩ་འདི་བདག་དང་སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་བྲལ་བར་གྱུར་ཅིག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཡང་དག་པར་ལྡན་པའི་


DTG062_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཉིད་དང༌། ཡིད་བདེ་བ་ཉིད་ཀྱིས་མིའི་མཆོག་སངས་རྒྱས་ཉིད་དུ་ཚེ་འདི་ཉིད་ལ་གྱུར་ཅིག །བདག་ནི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་དུ་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང༌། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་དགྲོལ། །ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ལ། སྡོམ་པ་གཟུང་བར་བགྱིའོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དམ་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པས། །དམ་པ་བདག་གིས་བསྐྱེད་བགྱི་ཞིང༌། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གི་སྡོམ་པ་མ་ལུས་གཟུང༌། །མ་གྲོལ་བ་ནི་དགྲོལ་བར་བགྱི། །མ་རྒལ་བ་ནི་བསྒྲལ་བར་བགྱི། །དབུགས་མ་ཕྱུང་བ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་བརྗོད་དོ། །དེ་ནས་དེ་བཞིན་གཤེགས་པ་དང༌། ལྷ་མོ་རྣམས་ཀྱི་སྐུ་བདག་ཉིད་ལ་གཟུགས་བརྙན་དུ་སྣང་བས་རྒྱལ་པོའི་བཀའ་ལྟར་འདའ་བར་དཀའ་ཞིང་གཞིག་མི་ནུས་


DTG062_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕྱག་རྒྱ་བཅིང་བ་དང༌། སྔགས་བརྗོད་པ་ཐམས་ཅད་ལ་རྒྱལ་བ་ཐམས་ཅད་ཀྱིས་ཀྱང་རྡོ་རྗེ་ལྟར་འདའ་བར་མི་མཛད་པའི་ལྷའི་ང་རྒྱལ་མངོན་དུ་བསྐྱེད་ཅིང་ཕྱག་རྒྱ་བཅིང་བར་བགྱིའོ། །དེ་ལ་ཕྱག་རྒྱ་བཅིང་བ་ནི་འདི་ཡིན་ཏེ་ཐལ་མོ་སྦྱར་བར་བྱེད་པ་ན། འདི་སྐད་ཅེས་བརྗོད་པར་བྱའོ། །ཨ་ཉོ་ཉ་ཨ་ནུ་ག་ཏ་སརྦ་དྷརྨཱཿ་སོར་མོ་ཕན་ཚུན་བཅེར་བ་ན། སྥར་སྥར་ཨ་ནུ་པྲ་བིཥྚི་སརྦ་དྷརྨཱཿ་བཛྲ་ཨཉྫ་ལི། རབ་ཏུ་བསྡམས་ཕྱིར་རྡོ་རྗེ་བསྡམས། །ཨ་ཏྱན་ཏ་ཨ་ནུ་པྲ་བིཥྚི་སརྦ་དྷརྨ་བཛྲ་བནྡྷ། ཞེས་བྱ་བ་འདིས་ལྷ་རྣམས་རེག་པ་དང༌། ཕན་ཚུན་རྗེས་སུ་ཞུགས་པ་དང༌། གཅིག་ཏུ་གྱུར་པར་མོས་པས་སྤྱོད་པའི་ངེས་པར་འབྱེད་པའི་སའི་ཆའི་རང་བཞིན་དུ་ལྷག་པར་མོས་པར་བྱའོ། །དེ་ནས་བཛྲ་བནྡྷ་ཏྲཊ་ཞེས་ཟློས་ཤིང་སྙིང་གར་རྡོ་རྗེ་བཅིང་བ་དྲལ་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་བགེགས་རྣམས་གཞོམ་པའི་ཕྱིར་ཁྲོས་པར་གྱུར་ཅིག། ཧཱུཾ་ཊཀྐི་སྥོ་ཊ་ཡ་མ་ཧཱ་བཱིར་ག་ཙཀྲཾ་བཛྲ་དྷ་ར་སདྱ་ན་ཐཱ་ཞེས་བྱ་བས་དམ་པའི་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དྲལ་བར་བྱའོ། །རྡོ་རྗེ་བསྡམས་ལས་མཐེ་བོད་དང༌། །མཐེའུ་ཆུང་གཉིས་ནི་སྙོམས་ཏེ་བསྒྲེང༌། །དབུས་མ་གསུམ་བསྒྲེང་ཁ་ཕྱེ་ལ། །འཁོར་ལོ་དམ་ཆོས་འཁོར་ལོ་ཡིན། །དེ་ནས་ལྔ་པོ་བསྡུས་པ་བཅིངས་ལ་འདི་སྐད་ཅེས་བརྗོད་དོ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སདྡྷཱ་ཡ་སརྦ་སཏྭ་བྷྱོ་ཛཿ་ཧཱུཾ་ཕཾ་ཧོཿ་རྡོ་རྗེ་བསྡམས་པ་བཅིངས་ནས་སུ། །མཛུབ་མོ་མཐེ་བོའི་སྐྱེ་གནས་སུ། །གཡས་པའི་མཐེ་བོའི་མཚན་མ་ནི། །བཅུག་ལ་བསྐྱོད་དེ་བཅིར་བར་བྱ། །ཞེས་བྱ་བ་འདི་ནི་ལྔ་པོ་བསྡུས་པའོ། །ཨོཾ་བཛྲ་ཨཱ་བེ་ཤ་ཞེས་བྱ་བས་རྡོ་རྗེ་དབབ་པའི་ཕྱག་རྒྱ་བཅིངས་ལ་ཨ་ཞེས་བྱ་བས་བདག་ཉིད་ལ་དབབ་པར་བྱའོ། །རྡོ་རྗེ་ཁུ་ཚུར་གྱི་རྩེ་མོ་གཉིས་སྦྱར་བ་ནི་རྡོ་རྗེ་དབབ་པའོ། །དབབ་པ་དེ་ཡང་འདིས་བརྟན་པར་བྱའོ། །ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ་ཤཱ་ཤྭ་ཏོ་མེ་བྷ་བ། ཧྲྀ་ད་ཡ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷཾ་མེ་པྲ་ཡ་ཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿ་ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ། །དེ་ནས་བཛྲ་མུཥྚི་ཞེས་བྱ་བས་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་མུཥྚི་བཾ་ཞེས་བརྗོད་པར་བྱའོ། །རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་ཀྱི་བར་དུ་མཐེ་བོང་རྩེ་མོ་བཅུག་ལ་མཛུབ་མོ་གཉིས་ཀྱིས་བཙིར་བ་ནི་རྡོ་རྗེ་ཁུ་


DTG062_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་གྱི་མཚན་ཉིད་དོ། །དེ་དག་སྡིག་པ་དྲལ་བའི་ཕྱག་རྒྱས་སྡིག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་དྲལ་བར་བྱའོ། །དེ་ནས་དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། དེའི་སྔགས་ལན་གསུམ་བརྗོད་ཅིང་ཨོཾ་བཛྲ་མུཿ་ཞེས་པས་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་རང་གི་སྙིང་གར་གནས་པའི་སེམས་དཔའི་རྡོ་རྗེ་ལ་ཡི་གེ་ཧཱུཾ་ཡིད་ཀྱིས་མངོན་པར་བྲིས་ལ་དེ་ཉིད་ཡིད་བཟློས་ཤིང་བདག་མེད་པར་བསྒོམ་པར་བྱའོ། །དེ་ཉིད་ལས་སྟོང་གསུམ་པའི་སངས་རྒྱས་ཀྱི་ཞིང་གི་ཚད་ཙམ་གྱི་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་དེ་ཉིད་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ། ཡང་དེ་ཧཱུཾ་དང་བཅས་པ་ལས་རྡོ་རྗེ་རྩེ་ལྔ་པ་འབར་བ་ལས། དེའི་དབུས་སུ་ཡང་ཡི་གེ་ཧཱུཾ་བཀོད་ལ་དེ་ཉིད་ཟློས་ཤིང༌། སེམས་དཔའ་ཇི་ལྟ་བའི་ཕྱག་རྒྱ་དེ་བཞིན་ཏེ་བདག་ཀྱང་དེ་བཞིན་ནོ་ཞེས་རྡོ་རྗེའི་ང་རྒྱལ་སྒོམ་ཞིང་རྡོ་རྗེ་དེ་ལས་དེའི་རིགས་ཐམས་ཅད་སྤྲོས་ལ། དེས་གདུག་པ་ཐམས་ཅད་བཏུལ་ནས། དེ་ཐམས་ཅད་རྡོ་རྗེ་དེར་བཅུག་ལ། སེམས་དཔར་གྲགས་པ་ཀུན་གྱི་བདག །བདག་ཉིད་བདག་ལ་ཡང་དག་གནས། །དེ་བས་ན་བཛྲ་ཧཾ་ཞེས་ཟློས་ཤིང༌། རྡོ་རྗེ་དེ་རྡོ་རྗེ་སེམས་དཔའ་བསྙེམས་པ་དང་བཅས་པས་རྡོ་རྗེ་བསོད་ཞིང་བཛྲ་སཏྭ་ཧཾ་ཞེས་བརྗོད་པར་བྱའོ། །ཡང་ཡི་གེ་ཧཱུཾ་ཟློས་ཤིང་དེ་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་ལྷག་པར་མོས་ལ། མ་ཧཱ་ས་ཡ་སཏྭ་ཧཾ་ཞེས་བརྗོད་པར་བྱའོ། །འདི་ནི་ཐོག་མ་དང་ཐ་མ་མེད་པའི་སེམས་སྒོམ་པའོ། །དེ་ནས་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ས་མ་ཡ་ཧཾ། འདི་ཡང་སྐུར་བསྒོམ་པ་སྟེ། ཡང་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་དེ་ཉིད་ཀྱིས་སྙིང་ག་དང༌། དཔྲལ་བ་དང༌། ལྐོག་མ་དང༌། སྤྱི་བོ་བྱིན་གྱིས་བརླབས་ལ། ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བརྗོད་པར་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་མ་ཡ་ཨ་ཞེས་བརྗོད་དེ་མདུན་དུ་ཟླ་བའི་དཀྱིལ་འཁོར་སྤྲུལ་ལ། ཧཱུཾ་ཨ་ཞེས་བྱ་བ་འདིས་དེའི་སྟེང་དུ་རྡོ་རྗེ་འབར་བ་བདག་ཉིད་དབབ་པར་བྱའོ། །དེ་ནས་བཛྲོ་ཞེས་རྡོ་རྗེའི་ང་རྒྱལ་དུ་རྣམ་པར་བསྒོམས་ལ། རྡོ་རྗེ་དེ་ཉིད་བཛྲ་ཧཱུཾ་ཀ་རོ་ཧཾ། ཞེས་ཟློས་ཤིང་རྡོ་རྗེ་ཧཱུཾ་མཛད་དུ་བསྒོམས་པར་བྱའོ། །དེ་ནས་དེ་ཉིད་དུ་བཅོམ་ལྡན་འདས་ཁྲོ་བོ་


DTG062_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ནས་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞའ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། །བྷ་ག་བཱན་བཛྲ་ཧཱུཾ་ཕཊ། དྲྀ་ཤྱ་ཞེས་པས་བལྟ་བར་བྱའོ།། ཡེ་ཤེས་སེམས་དཔའ་དེ་མཐོང་ནས། །རང་གི་ལུས་ལ་རབ་ཏུ་བསྒོམ། །དགུག་ཅིང་བཅུག་ལ་བཅིང་པ་དང༌། །དབང་དུ་བྱས་ཏེ་བསྒྲུབ་པར་བྱ། །ཛཿ་ཧཱུཾ་བཾ་ཧོཿ་ཞེས་ཟློས་ཤིང་ཤིང་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ། དེ་ཉིད་དང་ས་མ་ཡ་སྟྭཾཿ་ཞེས་བརྗོད་ཅིང་རྒྱབ་ཏུ་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། དེ་ཉིད་དང་ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་བརྗོད་དེ། དེར་བདག་ཉིད་དཔལ་རྡོ་རྗེ་ཧཱུཾ་མཛད་དུ་བསྒོམ་པར་བྱའོ། །གཡོན་བརྐྱང་བ་ཡིས་ལེགས་པར་བཞུགས། །འབར་བའི་ཕྲེང་བ་འཁྲུགས་པའི་འོད། །ཤིན་ཏུ་གདུལ་དཀའ་དྲག་པོའི་ལུས། །གཡོན་པའི་ཞབས་ཀྱིས་ཡང་དག་མནན། །གཡས་པ་ཡིས་ནི་ཨུ་མ་ཡི། །ནུ་མ་རྒྱས་པ་གནོན་པར་བསམ། །སྤྱན་འབར་འཇིགས་སུ་རུང་བ་སྟེ། །ཨུཏྤལ་སྔོན་པོ་ཆེན་པོའི་མདོག །རྡོ་རྗེ་ཧཱུཾ་མཛད་བསྡུས་པ་ཡིན། །ཞལ་གདངས་མཆེ་བ་ཅུང་ཟད་གཙིགས། །ཁྲོ་བཅས་ཞལ་ནི་བཞད་པ་ཡིན། །ཞལ་བཞི་པ་ལ་ཕྱག་བརྒྱད་པ། །ཕྱག་གཉིས་ཀྱིས་ནི་ཐུགས་ཀ་རུ། །ཁམས་གསུམ་རྣམ་རྒྱལ་ཕྱག་རྒྱ་ཡིས། །རྡོ་རྗེ་དྲིལ་བུ་བསྡམས་པར་མཛད། །ཕྱག་གཉིས་ན་ནི་མདའ་གཞུ་བསྣམས། །གཉིས་ན་རལ་གྲི་ལྕགས་ཀྱུ་བསྣམས། །གཉིས་ན་རྡོ་རྗེ་ཞགས་པ་བསྣམས། །སངས་རྒྱས་ཆུན་འཕྱང་ཕྲེང་བ་ཅན། །དེ་བཞིན་གཤེགས་པ་རིན་ཆེན་ཕྲེང༌། །པདྨ་རྡོ་རྗེ་དར་དཔྱངས་ཀྱི། །དབང་བསྐུར་དང་ལྡན་སྣ་ཚོགས་པའི། །རྒྱན་རྣམས་ཀུན་གྱིས་རབ་བརྒྱན་པའོ། །ཡང་ན་ཀྲོ་དྷ་དྲྀཥྟི་ཧྲཱིཿ་ཞེས་བྱ་བ་མིག་ཏུ་བཀོད་ལ། ཞལ་གཅིག་པ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་དང་ལྡན་པར་བྱའོ། །སྔ་མ་བཞིན་དུ་ལྕེ་ལ་རྡོ་རྗེ་ཧཱུཾ་དང་བཅས་པར་བསམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ལས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་ཡང་ཇི་ལྟ་བ་བཞིན་དུ་བཅིང་བར་བྱའོ། །དེའི་རྗེས་ལ་བསྡུ་བའི་ཕྱག་རྒྱ་བཅིངས་ལ། ཛཿ་ཧཱུཾ་བཾ་ཧོཿ་ཞེས་བརྗོད་དོ། །ཡིད་ཀྱི་ལེགས་པའི་སྦྱོར་བས་


DTG062_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ལུས་ལ་སངས་རྒྱས་ཐམས་ཅད་གཞུག་པར་བྱ་སྟེ། བཛྲ་དྷཱ་ཏུ་དྲྀ་ཤྱ་ཛཿ་ཧཱུཾ་བཾ་ཧོཿ་ས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་བྱ་བ་དང༌། རང་གི་སྔགས་ཀྱང་ལེན་གསུམ་བརྗོད་ལ། དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གཱི་ཤྭ་ར་ཧཱུཾ། ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྔགས་སོ། །ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་བྱ་བ་ནི་མི་བསྐྱོད་པའི་སྔགས་སོ། །ཨོཾ་བཛྲ་རཏྣ་ཧཱུཾ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་སྔགས་སོ། །ཨོཾ་བཛྲ་དྷརྨ་ཧཱུཾ་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ཀྱི་སྔགས་སོ། །ཨོཾ་བཛྲ་ཀརྨ་ཧཱུཾ་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་སྔགས་སོ། །དེ་ནས་དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཤད་དེ། །རྡོ་རྗེ་བསྡམས་པ་ལས་བྱུང་བའི་སེམས་མ་རྡོ་རྗེ་མ་བསྟན་པར་བྱས་ལ། གུང་མོ་གཉིས་བསྒྲེངས་ཏེ་མྱུ་གུ་ལྟར་མཉམ་པར་བསྒྲེང་བ་ནི་རྣམ་པར་སྣང་མཛད་ཀྱིའོ། །གུང་མོ་ནང་དུ་གཤིབས་པ་ནི་མི་བསྐྱོད་པའིའོ། །གུང་མོ་དང་མཐེ་བོང་གཉིས་རིན་པོ་ཆེ་ལྟར་བྱས་པ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །གུང་མོ་པདྨ་འདྲ་བར་བྱས་པ་ནི་འོད་དཔག་ཏུ་མེད་པའིའོ། །དེ་བཞིན་དུ་མཛུབ་མོ་བཀུག་པ་ནི། དོན་ཡོད་གྲུབ་པའི་དམ་ཚིག་གི་ཕྱག་རྒྱའོ། །མི་བསྐྱོད་པ་ལ་སོགས་པའི་ཕྱག་རྒྱ་བཞི་པོ་འདི་དག་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ལས་བྱུང་བ་ཡིན་ནོ། །དེ་ནས་བཛྲ་ཛྙཱ་ན་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྗགས་ལ་བསམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ལ་འདི་ནི་རྡོ་རྗེ་ཁུ་ཚུར་ལས་བྱུང་བ་སྟེ། གཡོན་པའི་རྡོ་རྗེ་མཛུབ་མོ་ནི། །གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཆེ། །སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ། །རྣམ་པར་སྣང་མཛད་ཀྱིའོ། །གཡོན་པའི་ཁུ་ཚུར་གྱིས་ཆོས་གོས་ཀྱི་མཐའ་མ་འཛིན་པའི་ཚུལ་དུ་སྙིང་གར་བཞག་ལ། གཡས་པའི་སོ་མོར་བརྐྱང་བས་ས་ལ་རེག་པའི་ཚུལ་དུ་བྱ་བ་ནི་མི་བསྐྱོད་པའིའོ། །འདི་ཉིད་ལག་པ་གཡས་པ་མཆོག་སྦྱིན་པ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ལག་པ་གཉིས་ཀྱི་སོར་མོ་བརྐྱང་ལ་ལྷུང་བཟེད་འཛིན་པའི་ཚུལ་དུ་པང་བར་བཞག་པ་འདི་ནི་ཏིང་ངེ་འཛིན་མཆོག་ཅེས་བྱ་སྟེ། འོད་དཔག་ཏུ་མེད་པའིའོ། །མི་བསྐྱོད་


DTG062_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱག་རྒྱ་ལས་ལག་པ་གཡས་པ་མི་འཇིགས་པའི་ཚུལ་དུ་བྱས་ནས་བཞག་པ་ནི་དོན་ཡོད་གྲུབ་པའིའོ། །དེ་ནས་རང་གི་སྙིང་གར་རྡོ་རྗེ་བསམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །ཇི་སྐད་དུ་བཤད་པའི་བྱང་ཆུབ་མཆོག་གི་ཕྱག་རྒྱ་ནི་རྣམ་པར་སྣང་མཛད་ཀྱིའོ། །ཏིང་འཛིན་མཆོག་གི་ཕྱག་རྒྱ་བཅིངས་ལ། ལག་པ་གཡས་པ་ས་ལ་རེག་པ་ནི་མི་བསྐྱོད་པའིའོ། །དེ་ལས་ཕྱག་གཡས་པ་མཆོག་སྦྱིན་པ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །ཏིང་ངེ་འཛིན་མཆོག་ནི་འོད་དཔག་ཏུ་མེད་པའིའོ། །མི་བསྐྱོད་པའི་ཕྱག་རྒྱ་ལས་ཕྱག་གཡས་པ་མི་འཇིགས་པ་སྦྱིན་པའི་ཚུལ་དུ་བྱ་བ་ནི་དོན་ཡོད་གྲུབ་པའི་ཕྱག་རྒྱ་ཆེན་པོ་སྟེ། འདི་དག་ནི་ཕྱག་མཚན་དང་བཅས་པ་ཡིན་ནོ། །དེ་ནས་ཁམས་གསུམ་རྣམ་བར་རྒྱལ་པའི་ཕྱག་རྒྱ་དང༌། ཧཱུཾ་བཞིས་སྙིང་ག་དང༌། དཔྲལ་བ་དང༌། ལྐོག་མ་དང༌། སྤྱི་བོར་བདག་ཉིད་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྙིང་གར་རྡོ་རྗེ་སེམས་མའི་ཕྱག་རྒྱས་དཔྲལ་བར་རྡོ་རྗེ་རིན་ཆེན་མས། ལྐོག་མར་རྡོ་རྗེ་ཆོས་མས། སྤྱི་བོར་རྡོ་རྗེ་ལས་མས་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡ་ཙྪཿ་སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ་བྷ་ག་བཱ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲི་བྷ་བ་མཧཱ་ས་མ་ཡ་སཏྭ་ཨཱཿ་ཞེས་བྱ་བ་ཡི་གེ་བརྒྱ་བ་ལན་གསུམ་བཟླས་པས་བརྟན་པར་བྱས་ནས་སྲུང་བ་ཆེན་པོ་བྱ་བའི་ཕྱིར། ཨོཾ་བཛྲ་ཨུཥྞི་ཥ་ཧཱུཾ་ཕཊ། ཅེས་བྱ་བའི་རིག་པ་འདིས་ཕྱག་རྒྱ་དང་བཅས་པ་གཙུག་ཏོར་དུ་དགོད་པར་བྱའོ། །རྡོ་རྗེ་བཅིང་བ་དམ་བཅིངས་ཏེ། །མཐེ་བོང་ནང་དུ་སྦྱར་ནས་ནི། །མཛུབ་མོ་བཀུག་སྟེ་གཉིས་གས་དགབ། །སེམས་དཔའི་གཙུག་ཏོར་ཞེས་བྱའོ། །ཞེས་བྱ་བ་ནི་འདིའི་ཕྱག་རྒྱའོ། །ཡིད་གཙུག་ཏོར་གྱི་སྟེང་དུ་སྔགས་འདིའི་ཕྱག་རྒྱ་དང་ལྡན་པས་གཟི་བརྗིད་ཕུང་པོ་འབར་བའི་འཁོར་ལོའི་ཕྱག་རྒྱ་གཞག་པར་བྱའོ། །ཨོཾ་ན་མཿ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་ཏེ་ཛོ་ར་ཤི་ཨ་ན་པ་ལི་ཀི་ནཱ་མུརྡྷ་ཧཱུཾ། ཛ་ལ་ཏ་ཀ་བི་དྷ་ཀ་དྷ་ར་བི་དྷ་ར་ཙིནྡྷ་བིནྡྷ་ཧུཾ་ཕཊ། རྡོ་རྗེ་བཅིང་བ་བྱས་ནས་ནི། །མཐེ་བོང་


DTG062_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གུང་མོ་མཐེའུ་བསྒྲེང༌། །གཟི་བརྗིད་ཕུང་པོ་ཞེས་བྱ་སྟེ། །དངོས་གྲུབ་མྱུར་དུ་སྦྱིན་བྱེད་པའོ། །དེ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་བཅིངས་ལ། སྤྱི་གཙུག་ཏུ་ཨ་ལས་རྣམ་པར་སྣང་མཛད་བསྐྱེད་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུཾ་བཛྲི་ཎི་ཨབྷིཥི་ཉྩ་མཱཾ། མི་བསྐྱོད་པའི་ཕྱག་རྒྱ་བཅིངས་ལ། ཡི་གེ་ཧཱུཾ་ལས་དཔྲལ་བའི་སྟེང་དུ་མི་བསྐྱོད་པ་སྟེ། ཨོཾ་བཛྲ་བཛྲི་ཎི་ཧཱུཾ་ཨ་བྷིཥྀཉྩ་མཱཾ། རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་བཅིངས་ལ། ཡི་གེ་ཏྲཱཾ་ལས་རྣ་བ་གཡས་པའི་སྟེང་དུ་རིན་ཆེན་འབྱུང་ལྡན་ནོ། །ཨོཾ་རཏྣ་བཛྲི་ཎི་ཧཱུཾ་ཨ་བྷི་ཥྀཉྩ་མཱཾ། འོད་དཔག་ཏུ་མེད་པའི་ཕྱག་རྒྱ་བཅིངས་ལ། ཡི་གེ་ཧྲཱིཿ་ལས་རྒྱབ་ཏུ་ནི་འོད་དཔག་ཏུ་མེད་པའོ། །ཨོཾ་དྷརྨ་བཛྲི་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། དོན་ཡོད་གྲུབ་པའི་ཕྱག་རྒྱ་བཅིངས་ལ། རྣ་བ་གཡོན་པའི་སྟེང་དུ་ཡི་གེ་ཨ་ལས་དོན་ཡོད་གྲུབ་པ་བསྐྱེད་ལ་འདི་སྐད་ཅེས་བརྗོད་དོ། །ཨོཾ་ཀརྨ་བཛྲི་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། རྡོ་རྗེ་ཐལ་མོ་བཅིངས་ལ། མཐེ་བོ་གཉིས་ནི་བསྣོལ་བྱས་ལ། །མཛུབ་མོ་རྩེ་མོ་བཀུག་པས་ནི། །གུང་མོ་སྙམ་པའི་ཚིགས་སུ་སྦྱར། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །དེ་ཉིད་གུང་མོ་རྡོ་རྗེར་བྱ། །གུང་མོ་གཉིས་ནི་ནོར་བུར་བྱ། །པདྨོར་སྲིན་ལག་མཐེའུ་ཆུང་གུང༌། ལག་པ་སོར་མོ་རབ་ཏུ་བརྐྱང༌། །ཞེས་བྱའོ། །ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་ལ། རྡོ་རྗེ་རཱིནྟི་རིའི་ཕྱག་རྒྱས་རྡོ་རྗེ་མེ་ལྟར་འབར་བའི་དབང་བསྐུར་བ་བླང་བར་བྱའོ། །རྡོ་རྗེ་བསྡམས་བ་ནང་བཅིངས་ནས། །ཡིད་ཀྱིས་ཁྲོས་ནས་དགབ་བྱ་བ། །རྡོ་རྗེ་མཐེ་བོ་དམ་པོ་སྟེ། །ཁྲོ་བོ་ཏི་རཱནྟི་རིར་བཤད། །འདིས་སྤྱི་བོ་ནས་བརྩམས་ཏེ་ཕྱོགས་བཞི་རྡོ་རྗེ་ཕྲེང་བ་བཅིང་པའི་ཚུལ་དུ་བྱས་ལ། དཔྲལ་བར་གཞག་གོ །ཨོཾ་ཊུཾ་ཞེས་བྱ་བ་ནི་ཕྱག་རྒྱ་དང་ལྡན་པས་གོ་ཆ་བཅིང་བར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྙིང་གར་འདུད་པའི་ཚུལ་དུ་བྱ་བ་དང༌། དེ་བཞིན་དུ་མགྲིན་པ་དང༌། ལྟག་པ་དང་ཡང་སྙིང་ག་དང༌། ནུ་མའི་བར་དང་སླར་ཡང་སྙིང་ག་དང༌། མགྲིན་པ་དང༌། རྟག་པ་དང་དཔྲལ་བའི་སྟེང་དུ་མདུད་པའི་ཚུལ་དུ་བྱས་ལ། མགོ་བོར་ཕྲེང་བ་བཅིང་བའི་ཚུལ་དུ་བྱས་ལ། མཐའ་མ་ལ་སོགས་པ་ནས་དགྲོལ་བའི་ཚུལ་གྱིས་དར་དཔྱངས་བྱ་བའི་ཐབས་སུ་བྱས་ལ། དེ་མཉམ་པའི་ཐལ་


DTG062_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བཛྲ་ཏུ་ཥྟྱ་ཧོཿ་ཞེས་བྱ་བས་མཉེས་པར་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་ལ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ལ་ཕྱག་བྱས་ནས། ཡི་གེ་ཧཱུཾ་ལས་བསྐྱེད་པའི་རྡོ་རྗེ་གཟུང་བར་བྱའོ། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་བསྒྲུབ་ཕྱིར། རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང༌། །ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩཱ་མི་ཥྵྚྷ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་པཱ་ནི་བཛྲ་ཀརྨ་ཀ་རོདྦྷ་ཞེས་བྱ་བ་འདིས། རྡོ་རྗེ་སྤྱི་བོར་བཞག་ལ་མིང་གི་དབང་བསྐུར་བ་བླང་བར་བྱའོ། །ཨོཾ་བཛྲ་ཀྲོ་དྷ་ཏྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་ཧཱུཾ་མཛད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་སོ། །དེ་ནས་སྒེག་མོ་ལ་སོགས་པའི་གསང་བའི་མཆོད་པ་བཞིས་བདག་ཉིད་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ལ་ཡང་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་གཟུང་བར་བྱའོ། །རྡོ་རྗེ་སེམས་དཔའ་བཏུལ་བས་ན། །ཁྲོ་བོ་རྟག་ཏུ་ཆགས་ལས་བྱུང༌། །རྡོ་རྗེ་མེ་ལྟར་འབར་བ་ནི། །བདག་ནི་རབ་ཏུ་འཇིགས་བྱེད་པའོ། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དོ། །ཨ་ལས་བྱུང་བའི་ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་རྣལ་འབྱོར་པས། །ཐམས་ཅད་མྱུར་བ་ཉིད་དུ་འགྲུབ། །ཅེས་བྱ་བ་ནི་ཆོས་སོ། །དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པར་བྱ་སྟེ། ཐམས་ཅད་ནམ་མཁར་སྦྱོར་བ་ཡིས། །ཐམས་ཅད་ནམ་མཁའ་ཞེས་སྨྲ་ཞིང༌། །རྡོ་རྗེ་ཕྱག་རྒྱས་རྒྱས་བཏབ་ལ། །ཁམས་གསུམ་པ་ནི་བཟའ་བར་བྱ། །ཞེས་པ་ནི་དམ་ཚིག་གོ །དེ་ནས་འདིས་རྡོ་རྗེ་བརྟུལ་ཞུགས་བླང་བར་བྱ་སྟེ། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཕྱག་ན་རྡོ་རྗེའི་ལག་ན་འདུག །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ། གལ་ཏེ་རྣལ་འབྱོར་ཆེན་པོ་བྱེད་འདོད་ན། །སྔ་མ་བཞིན་དུ་དམ་ཚིག་སེམས་དཔར་གྱིན་གྱིས་བརླབས་པ་དང༌། ཕྱག་རྒྱ་ཆེན་པོ་བཅིངས་པའི་བར་གྱི་ཆོ་གའི་རྗེས་སུ་སྤྱད་ལ། རང་གི་ལུས་ལ་ཡིད་ཀྱིས་ནམ་མཁའ་དང་མཉམ་པའི་སྦྱོར་བས་སྙིང་གར་སྟོང་གསུམ་པའི་ཆ་


DTG062_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཉམ་པའི་སངས་རྒྱས་ཀྱི་ཞིང་གི་ཚད་ཙམ་གྱི་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ལས་གསུངས་པའི་སྙིང་པོ་ལྔས་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ཇི་ལྟ་བ་བཞིན་དུ་སྤྲུལ་ལ། བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བསམས་ཏེ། ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བཅིངས་ནས། དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བཟུང་ལ། འཇུག་པའི་སྔགས་ཟློས་ཤིང་རང་གི་སྙིང་གར་གནས་པའི་དཀྱིལ་འཁོར་དེར་འཇུག་པར་བྱའོ། །དེ་ནས་མེ་ཏོག་དོར་བའི་སྔགས་ཀྱིས་རང་གི་སྤྱི་བོར་མེ་ཏོག་གི་ཕྲེང་བ་དོར་ལ། ཕྲེང་བའི་དབང་བསྐུར་བའི་སྔགས་ཀྱིས་རང་གི་མགོ་ལ་བཅིངས་ནས་གདོང་གཡོགས་དགྲོལ་བའི་སྔགས་ཀྱིས་གདོང་གཡོགས་བཀྲོལ་ལ། རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ་རང་གི་སྙིང་གའི་དཀྱིལ་འཁོར་བལྟས་ལ། ཏིཥྛས་བཛྲ་ཞེས་བྱ་བ་ལ་སོགས་པའི་འཇུག་པའི་ཕྱག་རྒྱ་སྙིང་གར་བཀྲོལ་ལ་ཆུའི་དབང་བསྐུར་བ་དེའི་སྙིང་པོ་ཡིད་ཀྱིས་བླངས་ནས། སངས་རྒྱས་ལྔའི་ཅོད་པན་གྱིས་དབང་བསྐུར་བའི་ཕྱག་རྒྱས་བདག་ཉིད་དབང་བསྐུར་ལ། རྡོ་རྗེ་ཕྲེང་བའི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་བར་བྱའོ། །དེ་ནས་རྡོ་རྗེ་དང་བདག་པོ་དང་མིང་གི་དབང་བསྐུར་བ་བླངས་ཏེ། རྡོ་རྗེ་བརྟུལ་ཞུགས་བཟུང་ནས་དཀྱིལ་འཁོར་དེ་རང་གི་སྙིང་གའི་ཟླ་བར་ཐིམ་པར་བསམ་པར་བྱའོ། །དེ་ནས་ས་མ་ཡ་ཨ་ཞེས་ཟློས་ཤིང་རང་གི་ལུས་ལ་ལྷ་ཐམས་ཅད་ཀྱི་གནས་སུ་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། མདུན་གྱི་ནམ་མཁའི་ཕྱོགས་སུ་ཡང་དེ་བཞིན་དུ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་བཱ་ན་བཛྲ་ཧཱུཾ་ཕཊ་ཨཱཿ་ཞེས་བྱ་བས་དེ་བཞིན་དུ་འབར་བའི་རྡོ་རྗེ་བདག་ཉིད་དབབ་པར་བྱས་ཏེ། རྡོ་རྗེའི་ང་རྒྱལ་རྣམ་པར་བསྒོམས་ནས། རྡོ་རྗེ་ཧཱུཾ་མཛད་དུ་བསྒོམ་པ་ཡང་བྱས་ནས། དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱ་བ་དང༌། བལྟ་བ་བྱས་ནས་རང་གི་ལུས་ལ་བཅུག་ལ་འོད་ཀྱི་དཀྱིལ་འཁོར་བསྐྱེད་དེ། ས་མ་ཡ་སྟྭཾ་ཧྲཱིཿ་ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་བྱ་བ་དང༌། ཧཱུཾ་བཞི་ཡང་བརྗོད་ལ། རྡོ་རྗེ་


DTG062_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་མཛད་བསྒྲུབ་པར་བྱའོ། །དེ་བཞིན་དུ་ཁྲོ་བོ་རྡོ་རྗེ་འབེབས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཨོཾ་བཛྲ་ཨཱ་བེ་ཤ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་སརྦ་ས་མ་ཡཾ་ཧཱུཾ་ཨཿ་ཞེས་བྱ་བ་འདིས་མདུན་དུ་རྡོ་རྗེ་དྲིལ་བུའི་གཟུགས་སུ་བདག་ཉིད་དབབ་པར་བྱས་ནས། བཛྲ་གྷནྜོ་ཧཾ་ཞེས་བྱ་བས་དྲིལ་བུའི་ང་རྒྱལ་བསྒོམ་པར་བྱའོ། །དེ་ནས་ཡང་བཛྲ་ཨཱ་བེ་ཤ་མྷཱ་ཀྲོ་དྷོ་ཧཾ། ཞེས་བྱ་བས་ཁྲོ་བོ་རྡོ་རྗེའི་འབེབས་པའི་ང་རྒྱལ་བྱས་ལ། དེ་ཉིད་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ནས་ཁྲོ་བོ་ཆེན་པོ་རྡོ་རྗེ་འབེབས་པའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་དོ། །བཛྲ་ཨཱ་བེ་ཤ་མཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་སརྦ་མ་ཡམ་ཧཱུཾ་ཨ་དྲྀ་ཤྱ། ཡང་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང༌། ཛཿ་ཧཱུཾ་བཾ་ཧོཿ་ཞེས་བརྗོད་དོ། །རྡོ་རྗེ་འབེབས་པ་རང་གི་གནས་སུ་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ལ། ས་མ་ཡ་སྟྭཾ་ཧྲི་ཞེས་ཟློས་ཤིང་རྒྱབ་ཏུ་འབར་བའི་ཕྲེང་བ་འཁྲུགས་པའི་འོད་ཀྱི་དཀྱིལ་འཁོར་བསྐྱེད་ལ། ས་མ་ཡ་སྟྭཾ་ཞེས་བྱ་བ་དང༌། དེའི་སྔགས་ཀྱང་ཟློས་ཤིང་དེར་བདག་ཉིད་ཁྲོ་བོ་རྡོ་རྗེ་འབེབས་པར་བསྒོམ་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའ་དང་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་གདབ་བོ། །དེ་ནས་སྔ་མ་བཞིན་དུ་ལྷ་རྣམས་ཀྱི་སྐུ་དང༌། རང་གི་ལུས་ལ་ཡིད་ཀྱིས་ལེགས་པའི་སྦྱོར་བ་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་ལ། ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱའོ། །དེའི་རྗེས་ལ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱས་སྔ་མ་བཞིན་དུ་བདག་ཉིད་བྱིན་གྱིས་བརླབས་ལ་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་གཙུག་ཏོར་དང་གཟི་བརྗིད་ཕུང་པོའི་གཙུག་ཏོར་ཡང་བཀོད་ལ། ཡི་གེ་བརྒྱ་པ་ཡང་བཟླས་ནས་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་གྱི་ཆོ་ག་རྗེས་སུ་སྤྱད་པར་བྱའོ། །དེ་ནས་གནས་ཀྱི་ངེས་པ་བཤད་པར་བྱ་སྟེ། སྒྲུབ་པ་པོའི་མདུན་གྱི་སྙིང་གའི་ཟླ་བར་རྡོ་རྗེ་ཧཱུཾ་མཛད་དང་ཁྲོ་བོ་རྡོ་རྗེ་སེམས་དཔའ། གཡས་ལོགས་སུ་ཁྲོ་བོའི་རྒྱལ་པོ། གཡོན་ལོགས་སུ་ཆགས་པ། རྒྱབ་དུ་ལེགས་པ། དཔྲལ་བར་རིན་ཆེན་ཧཱུཾ་མཛད་དང༌། ཁྲོ་བོ་ཁྲོ་གཉེར་ཅན། རྒྱབ་ཏུ་ཉི་མ། ཕྲག་པ་དག་ཏུ་རྒྱལ་མཚན། སོའི་


DTG062_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་གཉིས་ལ་བཞད་པ། ལྐོག་མར་ཆོས་ཀྱི་ཧཱུཾ་མཛད་དང་ཁྲོ་བོ་རྡོ་རྗེ་ཆོས། ནུ་མ་གཉིས་ཀྱི་བར་དུ་རྣོན་པོ། ལྟེ་བར་རྒྱུ། ལྕེ་ལ་སྨྲ་བ། སྤྱི་བོར་ལས་ཀྱི་ཧཱུཾ་མཛད་དང༌། ཁྲོ་བོ་རྡོ་རྗེ་ལས། ནམ་ཚོང་དུ་རྡོ་རྗེ་སྲུང་བ། ཁར་རྡོ་རྗེ་གནོད་སྦྱིན། དཀུར་ཁྲོ་བོ་རྡོ་རྗེ་ཁུ་ཚུར། ཁྲོ་བོ་རྡོ་རྗེ་སེམས་དཔའ་དང༌། རིན་ཆེན་དང༌། ཆོས་དང༌། ལས་ཀྱི་གཡོན་ལོགས་སུ་སྒེག་མོ་དང༌། ཕྲེང་བ་མ་དང༌། གླུ་མ་དང༌། གར་མ་བཞུགས་སོ། །ཡང་སྔགས་པའི་གསང་བའི་གནས་ཀྱི་ཕྱོགས་སུ་བདུག་སྤོས་མ། མགོ་བོར་མེ་ཏོག་མ། མིག་གཉིས་སུ་མར་མེ་མ། ནུ་མ་དང་བྲང་དང༌། སྙིང་གར་བྱུག་པ་མ། ལག་པ་གཡས་སུ་རྡོ་རྗེ་ལྕགས་ཀྱུ། གཡོན་དུ་ཞགས་པ། བྱིན་པ་གཡས་སུ་ལྕགས་སྒྲོག །བྱིན་པ་གཡོན་དུ་འབེབས་པའོ། །དེ་བཞིན་གཤེགས་པ་རྣམས་ནི་ཡན་ལག་གི་ཆ་ཐམས་ཅད་དུ་བཞུགས་སོ། །དེ་ནས་ཕྱག་བཞི་བྱས་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་སརྦ་ས་མོ྅ཧཾ། ཞེས་བྱ་བའི་སྙིང་པོ་གསུམ་ཟློས་ཤིང་རྡོ་རྗེའི་བདག་ཉིད་ཅན་དང༌། རང་བཞིན་ཅན་གྱི་དག་པ་དང༌། བདག་མེད་པའི་མཉམ་པ་ཉིད་ཀྱི་ལྷ་ཐམས་ཅད་དང་མཉམ་པར་བདག་ཉིད་བསྒོམ་པར་བྱའོ། །ཡང་ན་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅིངས་ལ་འོག་ནས་བཤད་པའི་ཚུལ་དུ་ལྷ་ཆེན་པོའི་ཆུང་མ་དང་བཅས་པ་བཀུག་སྟེ། རྐང་པ་གཉིས་ཇི་ལྟ་བ་བཞིན་མནན་ལ་རང་གི་སྙིང་གར་གནས་པའི་རྡོ་རྗེ་དབུས་སུ་བཟླས་པར་བྱ་བའི་སྔགས་ཡིད་ཀྱིས་བྲིས་ནས། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་དབུས་ན་གནས་ཤིང་བཟླ་ས་པའི་དོན་ཡིད་ལ་སེམས་བཞིན་དུ་རྡོ་རྗེའི་ཚིག་གམ། ཁྲོ་བོའི་ཚིག་གིས་ཟློས་ཤིང༌། འདོད་ཆགས་ཉིད་ལས་ཡང་དག་བྱུང༌། །ཁྲོ་བོ་བདག་ཅེས་བསྒོམ་པར་བྱ། །སྙིང་པོ་ཕྱག་རྒྱ་སྔགས་རིག་པ། །མྱུར་དུ་འགྲུབ་པར་བྱེད་པ་ཡིན། །ཞེས་བྱ་བའི་ཏིང་ངེ་འཛིན་འདི་བསྒོམ་པར་བྱའོ། །ཡང་ན་རང་གི་སྙིང་གར་གནས་པའི་ཟླ་བ་ལ་སྔར་བཤད་པའི་རྡོ་རྗེ་འཁོར་ལོས་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་སྤྲུལ་ལ། ཨོཾ་བཛྲ་ཛྭ་ལཱ་གནི་པྲ་ཏི་བ་ཏ་ཨཱ་ཀཪྵ་ཡ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཛྲ་ས་མ་ཡེ་ཧཱུཾ་ཛཿ་ཞེས་བྱ་བ་ནས་ཨོཾ་


DTG062_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཨཱ་བེ་ཤམ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་སརྦ་ས་མ་ཡཾ་ཧཱུཾ་ཨཿཞེས་བྱ་བའི་བར་གྱི་སྔགས་ཀྱིས་དཔལ་རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་དུ་སེང་གེའི་གདན་ལ་སོགས་པ་ལ་བཞུགས་པ་དང༌། ནམ་མཁའ་དང་མཉམ་པའི་སྦྱོར་བས་དེ་རྣམས་དང་བདག་ཉིད་ལྷན་ཅིག་ཏུ་གྱུར་པར་རྣམ་པར་བསམས་ལ། བཛྲ་ཨཱཏྨ་ཀོ་ལ་སོགས་པའི་སྙིང་པོ་གསུམ་ཟློས་ཤིང༌། དེའི་དོན་གསུམ་བསྒོམས་ལ་ཁམས་གསུམ་རྣམ་བར་རྒྱལ་བའི་དཀྱིལ་འཁོར་ནི་བདག་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་དེ་བཞིན་དུ་སྔགས་ཟློས་ཤིང་བསྒོམ་པར་བྱའོ། །ལྷ་ཐམས་ཅད་ཀྱི་ཞལ་ནས་ཀྱང་སྔགས་ཀྱི་སྒྲ་མངོན་པར་སྒྲོགས་པར་མཛད་པར་ལྷག་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་བཟླས་པ་ཐམས་ཅད་བཟླས་པར་འགྱུར་རོ། །དེ་ནས་བཟླས་པའི་དོན་ནི་ཨོཾ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །སུམྦྷ་ཞེས་བྱ་བ་ནི་བོད་པའོ། །ནི་སུམྦྷ་ནི་ཞེས་བྱ་བ་ནི་དེ་རྣམས་རྗེས་སུ་ཐུལ་ཅིག་པའོ། །ཧཱུཾ་ཞེས་པ་ནི་དེས་སོད་ཅིག་པའོ། །ཕཊ་ཅེས་བྱ་བ་ནི་ངན་འགྲོའི་འགྲོ་བ་འཕོ་བར་བྱའོ། །ལྷག་མ་ནི་གོ་བར་ཟད་དོ། །ཧཱུཾ་བཞི་པ་ནི་ལན་བཞི་བརྗོད་པར་སྟོན་པའི་རང་བཞིན་ནོ། །དེ་ཡང་ཨོཾ་ནི་དེ་བཞིན་གཤེགས་པའོ། །སུམྦྷ་ནི་སུམྦྷ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་རྗེས་སུ་ཐུལ་ཅིག་ཅེས་གསུངས་པའོ། །འདིས་ནི་འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་ནི་དེ་བཞིན་གཤེགས་པ་རྣམས་ཀྱང་འདུལ་བར་མཛད་ན་ལྷ་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས། འདུལ་བའི་སྡུག་བསྔལ་འཇིག་པ་སྟེ། །སྲིད་པའི་སྡུག་བསྔལ་གཅོད་པ་ཡིན། །ཧཱུཾ་ཞེས་བྱ་བ་གསོད་པའི་མཆོག །གདུག་པ་སྐྲག་པ་གསོད་པ་ཡིན། །ཞེས་པ་དང༌། ཉོན་མོངས་གདུག་པ་ལྟུང་བྱེད་ཅིང༌། །ཞི་བས་འགུགས་པ་ཡིན་པར་བཤད། །ཕཊ་ཅེས་བྱ་བ་ལྟུང་བའི་སྒྲ། །ངན་འགྲོའི་འགྲོ་བ་ལྟུང་བའོ། །ཡང་ན་ཏིང་ངེ་འཛིན་གསུམ་བསྒོམ་པར་བྱ་སྟེ། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་མཐར་ཐུག་པའི་ཆོ་ག་རྣམས་རྗེས་སུ་སྤྱད་ལ། རྣལ་འབྱོར་ཆེན་པོ་དང་ལྡན་པའམ། རྣལ་འབྱོར་གཅིག་དང་ལྡན་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བློས་ནམ་མཁའི་ཕྱོགས་སུ་གནས་ཏེ། སྟོང་གསུམ་པའི་


DTG062_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡི་གེ་ཨ་འི་དོན་བསྒོམ་པས། ནམ་མཁའ་དང་མཉམ་པར་བསམས་ལ། ནམ་མཁའི་ཕྱོགས་དེར་ཡི་གེ་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་བཾ་ལས་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ལཾ་ལས་གསེར་གྱི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་བཾ་ལས་རྒྱ་མཚོ་ཆེན་པོ། །ཆུ་དང་གསེར་གྱི་དཀྱིལ་འཁོར་དེར། །ཧཱུཾ་སུཾ་ཧཱུཾ་ཞེས་བྱ་བ་ལས་རིའི་རྒྱལ་པོ་རི་རབ་ཟུར་བཞི་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན། རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པར་བསམས་ལ། ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་བ། རཀྵ་སརྦཾ་སྭཱ་ཧཱ། ཞེས་ཟློས་ཤིང་རྡོ་རྗེ་བསྡམས་པས་གཞི་ལ་རེག་པས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྔར་བཤད་པའི་རྡོ་རྗེ་འཁོར་ལོས་གཞལ་ཡས་ཁང་སྤྲུལ་ལ། བགེགས་གཞོམ་པ་ལ་སོགས་པ་ནས། རྣམ་པར་སྣང་མཛད་ཀྱི་གནས་སུ་ཨ་སིཾ་ཞེས་བྱ་བ་ལས་སེང་གེའི་གདན་མི་བསྐྱོད་པའི་གནས་སུ་ཧཱུཾ་གཾ་ཧཱུཾ་ཞེས་བྱ་བ་ལས་གླང་པོ་ཆེའི་གདན། རིན་ཆེན་འབྱུང་ལྡན་གྱི་གནས་སུ་ཏྲཱ་བཾ་ཏྲཱ་ཞེས་བྱ་བ་ལས་རྟའི་གདན། འོད་དཔག་ཏུ་མེད་པའི་གནས་སུ་ཧྲཱིཿ་མཾ་ཧྲཱིཿ་ཞེས་བྱ་བ་རྨ་བྱའི་གདན། དོན་ཡོད་གྲུབ་པའི་གནས་སུ་ཨཿམཾ་ཨཱཿཞེས་བྱ་བ་ལས་ནམ་མཁའ་ལྡིང་གི་གདན་ལ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱིས་མནན་པ་རྣམ་པར་བསམས་ནས་སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་ཉིད་དང༌། ཆོས་ཉིད་དང༌། ཐེག་པ་ཆེན་པོས་ངེས་པར་འབྱུང་བའི་ཆོས་དང༌། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔས་ཡང་དག་པར་བསྡུས་པའི་དགེ་འདུན་རྗེས་སུ་དྲན་པར་བྱའོ། །དེ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་འགྲོ་བ་ཐམས་ཅད་ཀྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་ལྷག་པར་བྱམས་པ་བསྐྱེད་པར་བྱ་བ་དང༌། ངན་འགྲོ་ལ་སོགས་པའི་སྡུག་བསྔལ་གྱིས་བསྡུས་པ་ཐམས་ཅད་ལ་སྙིང་རྗེ་བ་དང༌། འཕགས་པ་ཐམས་ཅད་ལ་དགའ་བ་དང༌། འཇིག་རྟེན་གྱི་ཆོས་ཐམས་ཅད་ཡང་བཏང་སྙོམས་སུ་བྱ་བ་དང༌། ཆོས་ཐམས་ཅད་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་དང༌། སྒྱུ་མ་དང་མཚུངས་པ་ཉིད་དང༌།


DTG062_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཡོར་དུ་མཚུངས་པ་ཉིད་དུ་ལྷག་པར་མོས་པར་བྱ་བ་དང༌། བྱང་ཆུབ་ཀྱི་སེམས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐབས་ལ་མཁས་པའི་སྤྱོད་པ་དང༌། རིགས་ལྔ་དང༌། རྡོ་རྗེ་དང༌། དྲིལ་བུ་དང་ཕྱག་རྒྱ་དང༌། སློབ་དཔོན་ཉིད་དང༌། བྱམས་པ་དང༌། མི་འཇིགས་པ་དང། ཟང་ཟིང་དང་ཆོས་ཀྱི་སྦྱིན་པ་མངོན་དུ་བྱ་བ་དང༌། གསང་སྔགས་ཀྱི་སྒོའི་སྤྱོད་པ་རྣམས་དང་བཅས་པའི་ཆོས་ཐམས་ཅད་ཀྱི་ཚུལ་ཐམས་ཅད་སྟོན་པ་དང༌། བསླབ་པ་དང༌། སྡོམ་པ་ཐམས་ཅད་ནན་ཏན་དུ་བྱས་ཤིང་ཆོ་གས་ཡོངས་སུ་རྫོགས་པ་དང༌། སེམས་ཅན་རྣམས་བསྐྱབ་པ་དང༌། དེ་བཞིན་གཤེགས་པ་རྣམས་མཆོད་ཅིང་བསྙེན་བཀུར་བྱ་བ་ཡང་མངོན་དུ་བྱས་ནས་བདག་ཉིད་ཅོད་པན་གྱི་དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པར་ལྷག་པར་མོས་པས་འོག་མིན་དུ་མངོན་པར་བྱང་ཆུབ་པ་མངོན་དུ་བྱས་ནས་མི་བསྐྱོད་པ་ལ་སོགས་པས་ཡོངས་སུ་བསྐོར་ཏེ། རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོ་ན་གནས་པའི་རྡོ་རྗེ་དང༌། ནོར་བུ་དང་རིན་པོ་ཆེ་ལས་བྱས་པའི་ཁང་པ་བ་རྩེགས་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ལས་ངེས་པར་འབྱུང་བའི་སེང་གེའི་གདན་ལ་ཞལ་ཐམས་ཅད་པས་བཞུགས་པར་བསམས་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་བདག་ཉིད་བྱིན་གྱིས་བརླབས་ནས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ཏེ། བཛྲ་ས་ཏྭ་ཞེས་ཟློས་ཤིང་ཟླ་བའི་དཀྱིལ་འཁོར་རྣམས་རང་གི་སྙིང་ག་ནས་ཕྱུང་ལ་ལྷ་ཐམས་ཅད་ཀྱི་གནས་སུ་ཇི་ལྟ་བ་བཞིན་དུ་ཡང་དག་པར་བཞག་ནས། རྡོ་རྗེ་སེམས་དཔའ་ཉིད་བདག་བྱིན་གྱིས་བརླབ་པའི་པར་དུ་བྱས་ནས་ཆེད་དུ་བརྗོད་པ་འདིས་ཆེད་དུ་བརྗོད་པར་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །གྲུབ་པའི་རྡོ་རྗེ་བླ་ན་མེད། །བདག་དེ་བདག་གི་ལག་ཏུ་བྱིན། །རྡོ་རྗེ་ལ་ནི་རྡོ་རྗེ་གནས། །དང་པོ་སྦྱོར་བའི་ཏིང་འཛིན་ནོ། །དེ་ནས་དེ་བཞིན་གཤགས་པ་ཐམས་ཅད་ཀྱི་ཁམས་གསུམ་ལས་རྣམ་པར་རྒྱལ་བར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའ་རྡོ་རྗེ་ཆེ། །ཞེས་བྱ་བ་ནས་བརྩམས་ཏེ། རང་གི་རིགས་ནི་བསྐྱེད་པར་མཛོད། །ཅེས་བྱ་བའི་བར་གྱི་མཚན་བརྒྱ་རྩ་བརྒྱད་


DTG062_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

པས་བདག་ཉིད་ལ་གསོལ་བ་གདབ་པར་བསམ་པར་བྱའོ། །དེ་ནས་རྡོ་རྗེ་བདག་ཉིད་ཀྱི་སྙིང་གར་བཞག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་བོས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མ་འཚལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། ཅིའི་ཕྱིར་རྡོ་རྗེ་འཛིན་པས་སྨྲས་པ། བཅོམ་ལྡན་འདས་དབང་ཕྱུག་ཆེན་པོ་ལ་སོགས་པ་མ་རུངས་པའི་སེམས་ཅན་དག་ཀྱང་མཆིས་ཏེ། དེ་བཞིན་གཤེགས་པ་ཁྱེད་རྣམས་ཀྱིས་ཀྱང་ཞི་བས་འདུལ་བར་མི་སྤྱོད་པ་དེ་དག་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་ནས་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་ཐ་མི་དད་པ་ལྷག་པར་མོས་པར་བྱས་ལ། དེ་བཞིན་གཤེགས་པ་ཐམས་ཅད་རང་གི་སྙིང་གར་ཞུགས་པར་བསམ་པར་བྱའོ། །དེ་ནས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ནས་ཧཱུཾ་ཞེས་བྱ་བས་རྡོ་རྗེ་སེམས་དཔའ་བསྐུལ་བར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེའི་ཐུགས་ཀའི་རྡོ་རྗེ་ལ་ཀུན་དུ་འབར་བའི་སྙིང་པོ་ཁྲོ་གཉེར་ཅན་སྨིན་མ་བཙུམས་ཤིང་དཔྲལ་བ་གཉེར་བ། མཆེ་བ་ལྷག་གེ་ཕྱུང་ཞིང་སོ་གཙིགས་པ། རྡོ་རྗེ་དང་ལྕགས་ཀྱུ་དང༌། རལ་གྲི་དང༌། ཞགས་པ་ལ་སོགས་པའི་རྡོ་རྗེའི་མེ་ལྕེ་འབར་བའི་མཚོན་ཆ་ལག་ན་ཐོགས་པ་རྣམ་པ་དུ་མའི་ཁ་དོག་དང༌། རྒྱན་སྣ་ཚོགས་ཀྱི་ཆ་ལུགས་འཛིན་པའི་ཕྱག་ན་རྡོ་རྗེའི་སྐུར་གྱུར་ནས་སྐུ་ལས་བྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཤིན་ཏུ་མ་རུངས་པ་ཐམས་ཅད་འདུལ་བར་བྱས་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱོགས་ཀུན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཟླ་བའི་དཀྱིལ་འཁོར་ལ་འདུག་སྟེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཀྱེ་མ་ཐམས་ཅད་འདུལ་བ་ཡིས། །ཐབས་ཆེན་ལྡན་པ་བདག་ཡིན་ཏེ། །གང་ཕྱིར་སེམས་ཅན་གདུལ་ཐབས་ཕྱིར། །དྲི་མ་མེད་པའི་ཁྲོ་བོར་གྱུར།། ཡང་བདག་ཉིད་བཅོམ་ལྡན་དས་རྣམས་པར་སྣང་མཛད་དང་ཐ་མི་དད་པར་ལྷག་པར་མོས་ལ། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ་གྲྀཧྞ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཨཱ་ན་ཡ་ཧོ། བྷ་ག་བཱན་བཛྲ་ཧཱུཾ་ཕཊ། ཅེས་ཟློས་ཤིང་དེ་བཞིན་གཤེགས་


DTG062_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཕྱག་ན་རྡོ་རྗེའི་གཟུགས་སུ་གྱུར་ཏེ་བྱུང་ནས། འཇིག་རྟེན་གྱི་ཁམས་རབ་འབྱམས་རྒྱ་མཚོའི་སྤྲིན་ཐམས་ཅད་ན་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཏེ་སྤྱན་དྲངས་ནས། རྡོ་རྗེ་དམ་ཚིག་གི་དཀྱིལ་འཁོར་ཆེན་པོར་བཅུག་སྟེ། དམ་ཚིག་བཅིངས་ནས་ཡང་གཅིག་ཏུ་འདུས་ཏེ། རྡོ་རྗེ་ཁྲོ་བོ་ཆེན་པོའི་ལུས་སུ་གྱུར་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་འདུག་སྟེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའི་བྱང་ཆུབ་སེམས་འདི་ནི། །ཀུན་དུ་གཟུང་ཞིང་སྡིག་མེད་དེ། །གང་ཕྱིར་སེམས་ཅན་འདུལ་དོན་དུ། །ཁྲོ་བོ་ཡང་ནི་ཡིད་འོང་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་ཟླ་བའི་དཀྱིལ་འཁོར་ལ་གནས་ཏེ་བཀའ་ནོད་ཅིང་འདུག་གོ །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་བདག་ནི་ཁྲོ་བོའི་དབང་དུ་བགྱིས་ལ་ཚར་གཅད་པར་འོས་པ་རྣམས་ཚར་བཅད་པར་བགྱི་ན། བཅོམ་ལྡན་འདས་དེ་ལ་ཇི་ལྟར་འགྲུབ་པར་བགྱི་བ་བཀའ་སྩལ་དུ་གསོལ། དེ་ནས་ཧཱུཾ་ཊཀྐི་ཛཿ་ཞེས་བྱ་བའི་རྣམ་པར་སྣང་མཛད་ཀྱི་བཀས་ཁྲོ་བོའི་འཁོར་ལོ་ཐམས་ཅད་ཀྱང་རང་གི་སྙིང་གནས་ཕྱུང་སྟེ། གནས་ཇི་ལྟ་བ་བཞིན་དུ་བཞག་ལ། ཧཱུཾ་ཊཀྐི་ཛཿ་ཞེས་བྱ་བ་འདིས་ཕྱག་རྒྱ་དང་ལྡན་པས་ལྷ་ཆེན་པོ་ལ་སོགས་པ་འཇིག་རྟེན་གསུམ་པོ་ཐམས་ཅད་དགུག་པར་བྱའོ། །ཕྱག་རྒྱ་ནི་འདི་ཡིན་ཏེ། མཐེའུ་ཆུང་གཉིས་ལྕགས་ཀྱུར་བཅིང༌། །རྡོ་རྗེ་གཉིས་ཀ་བླ་འོག་ཏུ། །དམ་ཚིག་ལྕགས་ཀྱུའི་ཕྱག་རྒྱ་འདིས། །སྐད་ཅིག་གིས་ནི་ཐམས་ཅད་འགུགས། །ཨོཾ་ནི་སུམྦྷ་བཛྲ་ཧཱུཾ་ཕཊ། ཅེས་བྱ་བའི་དེ་བཞིན་གཤེགས་པའི་བཀས་ཁམས་གསུམ་རྣམ་པར་རྒྱལ་བ་བཅིངས་ལ། ཧཱུཾ་ཞེས་བྱ་བས་ཐམས་ཅད་ཀུན་དུ་བརྒྱལ་ཞིང་ཁ་སྤུབ་ཏུ་འགྱེལ་ལ་ལྷ་ཆེན་པོ་ནི་ཤི་བར་བསམ་པར་བྱའོ། །ལྷ་ཆེན་པོ་གྲགས་པ་ཁྱབ་འཇུག་ལ་སོགས་པ་ནི། ཨོཾ་བཛྲོ་ཏིཥྛ་ཞེས་བྱ་བའི་ཕྱག་རྒྱ་དང་བཅས་པས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་བཞག་སྟེ་བླང་ངོ༌། རྡོ་རྗེ་མཛུབ་མོ་གཉིས་ལེགས་པར། །རབ་མཉམ་བཞག་ལ་


DTG062_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་ན་ནི། །ཤི་བ་ཐམས་ཅད་སློང་བ་སྟེ། །རྡོ་རྗེ་སློང་བ་ཞེས་བྱའོ། །གསོས་ན་འདི་ཡང་སྐྱེས་བུ་དམ་པར་འགྱུར་རོ། །ཞེས་བྱ་བའི་རྣམ་པར་སྣང་མཛད་ཀྱི་བཀས་བཛྲ་ཨཱ་ཡུ་ཞེས་བྱ་བའི་སྙིང་པོ་དང་བཅས་པས་ལྷ་ཆེན་པོ་གསོ་བར་བྱའོ། །རྡོ་རྗེ་མཛུབ་མོ་གཉིས་ལེགས་པར། །རྡོ་རྗེ་བཅིང་པ་བཅིངས་ནས་སུ། །བསྒྱུར་ཏེ་གཙུག་ཏུ་གཞག་པ་ནི། །ཚེ་དང་ནད་མེད་འཕེལ་བའོ། །ཨོཾ་པཱ་ད་ཨཱ་ཀཪྵ་ཎ་བཛྲ་ཧཱུཾ་ཞེས་བྱ་བས་རྐང་པའི་མཐིལ་ནས་ཁྲོ་བོ་རྐང་པས་འགུགས་པའི་ཀུན་དུ་འབར་བའི་རྡོ་རྗེའི་སྙིང་པོའི་ཁྲོ་གཉེར་བྱས་པས་མཆེ་བ་རྣམ་པར་གཙིགས་པ། གདོན་ཆེན་པོ་ཕྱུང་ནས་བཀའ་ནོད་ཅིང་འདུག་པར་བསམ་པར་བྱའོ། །ཨོཾ་པཱ་ད་ཨཱ་ཀཪྵ་ཡ་སརྦ་བཛྲ་དྷ་ར་ཨ་ནུ་ར་ཙ་ཀདྡྷ་བཛྲ་ཧཱུཾ་ཛཿ་ཞེས་བྱ་བ་འདི་ཕྱག་རྒྱ་དང་བཅས་པས་ལྷ་ཆེན་པོ་ཆུང་མ་དང་བཅས་པ་བཀུག་སྟེ་སྔགས་པའི་རང་གི་རྐང་པའི་དྲུང་དུ་གཞག་གོ །རྡོ་རྗེ་བཅིངས་བ་དམ་བྱས་ཏེ། །མཐེ་བོ་སྙོམས་པའི་ནང་དུ་གཞུག །མཛུབ་མོ་དང་བོར་བཀུག་ནས་སུ། །གཅུས་པ་ཞབས་སུ་བཀུག་པའོ། །ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཞེས་ཟློས་ཤིང་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ། རྐང་པ་གཡོན་པས་ལྷ་ཆེན་པོ་མནན་ལ། གཡས་པས་ཨུ་མའི་ནུ་མའི་བར་སྟེང་ནས་བཙིར་བ། ཨོཾ་བཛྲ་ཨཱ་བེ་ཤ་ཧ་ན་པ་ཊ་ཏ་ཊ་ཞེས་བྱ་བ་ལྷ་ཆེན་པོ་འབབ་པའི་ཕྱག་རྒྱ་དང་བཅས་བས་དབབ་པར་བྱའོ། །རྡོ་རྗེ་ཕྱག་རྒྱ་གཉིས་བཅིངས་ཏེ། །གཅིག་ལ་གཅིག་ནི་གདབ་པ་ནི། །སེམས་ཅན་གང་གི་ལུས་ལ་ཡང༌། །བབས་ནས་དེ་ཡང་རྡོབ་པར་བྱེད། །ཨོཾ་བུདྡྷ་མཻ་ཏྲི་བཛྲ་རཀྵ་ཧཾ། ཞེས་བྱ་བ་འདིས་ཕྱག་རྒྱ་དང་བཅས་པས་བབས་པའི་སྡུག་བསྔལ་བསལ་བར་བྱའོ། །རྡོ་རྗེ་ཕྱག་རྒྱ་གཉིས་བཅིངས་ཏེ། །བདག་གམ་ཕ་རོལ་གོ་ཆར་བྱ། །མཛུབ་མོ་གཉིས་ཀྱིས་བཅིངས་བྱས་ནས། །རྟག་པ་ཉིད་དུ་སྲུང་བར་འགྱུར། །དེ་ནས་ལྷ་ཆེན་པོའི་ལུས་ལས་ཆེད་དུ་བརྗོད་པ་འབྱུང་བར་མོས་པར་བྱའོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །སངས་རྒྱས་ཡེ་ཤེས་བླ་ན་མེད། །ཡི་གེའི་ཚིག་གིས་མནན་ནས་སུ། །མྱ་ངན་ལས་ནི་འདས་པར་གཞག །ཡང་ཐམས་ཅད་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བསླབ་པ་དང༌། དམ་ཚིག་དང་སྡོམ་པ་དང༌། བྱང་


DTG062_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་སེམས་ཉིད་བཀོད་ནས། འཇུག་པའི་དམ་ཚིག་ཆེན་པོའི་ཕྱག་རྒྱ་བཅིང་བ་བྱས་ནས་འདིས་འཆིང་དུ་གཞུག་གོ །ཨོཾ་བཛྲ་ས་མ་ཡ་གྲྀཧྞ་བཊྡྷ་ས་མ་ཡ་མ་ནུ་སྨ་ར་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་སྟྭཾ། དྲྀ་ཌྷོ་མེ་བྷ་བ་ཨ་ཧྟྱ་རོ་མེ་བྷ་བ་ཨ་པྲ་ཏི་ཧ་ཪྻོ་མེ་བྷ་བ། སརྦ་ཀརྨ་སུ་ཙ་མེ་ཙི་ཏྟཾ་ཤྲེ་ཡཿཀུ་རུ་ཧ་ཧ་ཧ་ཧ་ཧོཿ་དེ་བཞིན་དུ་འདིས་ཁྲོ་བོ་ཏིརཱིནྟི་རིའི་ཕྱག་རྒྱ་བཅིངས་ལ། ལག་པ་གཉིས་སུ་དབབ་པར་བྱའོ། །ཨོཾ་ས་མ་ཡ་བྲ་བེ་ཤ་མི། དེ་ནས་དཀྱིལ་འཁོར་ཆེན་པོ་ཐམས་ཅད་གོ་རིམས་ཇི་ལྟ་བ་བཞིན་དུ་བསྟན་ཏེ། ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་ཞེས་བྱ་བ་འདིའི་འོག་ནས་བཤད་པའི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་དང་ལྡན་པས་ལྷ་ཆེན་པོ་ལ་སོགས་པ་ལ་དབང་བསྐུར་བར་བྱའོ། །དེ་ནས་འདིས་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པས་རྡོ་རྗེའི་མཚན་མ་ལག་ཏུ་སྦྱིན་ནོ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷ་ར་ཏྲེ་བཛྲ་པཱ་ཎི་ཧི་ཧ་ཧ་ཧ་ཧ། དེའི་རྗེས་ལ་མིང་གི་དབང་བསྐུར་བ་སྦྱིན་པར་བྱའོ། །དེ་ནས་མིང་རྣམས་བཤད་པར་བྱ་སྟེ། འདི་ལྟ་སྟེ་དབང་ཕྱུག་ཆེན་པོ་ནི་རིག་པའི་རྒྱལ་པོའི་ཁྲོ་བོའོ། །ཁྱབ་འཇུག་ནི་རིག་པའི་རྒྱལ་པོའི་སྒྱུ་མའོ། །གཞོན་ནུ་ཀཱ་རྟི་ཀ་ནི་རིག་པའི་རྒྱལ་པོའི་དྲིལ་བུའོ། །ཚངས་པ་ནི་རིག་པའི་རྒྱལ་པོའི་ཐུབ་པའོ། །དབང་པོ་ནི་རིག་པའི་རྒྱལ་པོའི་མཚན་ཆ་ཞེས་བྱའོ། །བར་སང་ལ་སྤྱོད་པ་རྣམས་ལ་ཉི་མ་ནི་ཁྲོ་བོ་རྡོ་རྗེ་འཁྱིལ་པའོ། །ཟླ་བ་ནི་ཁྲོ་བོ་རྡོ་རྗེ་འོད་དོ། །སྤེན་པ་ནི་ཁྲོ་བོ་རྡོ་རྗེ་དབྱུག་པའོ། །མིག་དམར་ནི་ཁྲོ་བོ་རྡོ་རྗེ་གསེར་སྨུག་ཅེས་བྱའོ། །ནམ་མཁའ་ལ་སྤྱོད་པ་རྣམས་ལ་སྟོབས་བཟང་ནི་ཚོགས་ཀྱི་བདག་པོ་རྡོ་རྗེ་གླང་པོའི་སྣའོ། །སྦྲང་རྩི་བྱེད་པ་ནི་ཚོགས་ཀྱི་བ་དག་པོ་རྡོ་རྗེ་ཕྲེང་བའོ། །རྒྱལ་བ་ནི་ཚོགས་ཀྱི་བདག་པོ་རྡོ་རྗེ་དབང་པོའོ། །རྒྱལ་བར་བྱེད་པ་ནི་ཚོགས་ཀྱི་བདག་པོ་རྣམ་པར་རྒྱལ་བ་ཞེས་བྱའོ། །ས་བླ་བ་རྣམས་ལ་ནོར་སྦྱིན་ནི་ཕོ་ཉ་རྡོ་རྗེ་ཐོབ་པའོ། །རླུང་ལྷ་ནི་ཕོ་ཉ་རྡོ་རྗེ་རླུང་ངོ༌། །མེ་ལྷ་ནི་ཕོ་ཉ་རྡོ་རྗེ་མེའོ། །ལུས་ངན་ནི་ཕོ་ཉ་རྡོ་རྗེ་འཇིགས་པ་ཞེས་བྱའོ། །ས་འོག་ནག་ནས་བ་རྣམས་ལ་ཕག་ནི་བྲན་རྡོ་རྗེ་ལྕགས་ཀྱུའོ། །གཤིན་རྗེ་བྲན་རྡོ་རྗེ་དུས་སོ། །ཚོགས་ཀྱི་བདག་པོ་ནི་བྲན་རྡོ་རྗེ་བགེགས་ཀྱི་གཙོ་བོའོ། །ཆུ་ལྷ་ནི་བྲན་ཀླུའི་རྡོ་རྗེ་ཞེས་བྱའོ། །ཨུ་མ་ནི་རྡོ་རྗེའི་རྒྱལ་མོ་ཁྲོ་མོ་རྡོ་རྗེ་མེའོ། །རུག་མ་ནི་རྡོ་རྗེ་རྒྱལ་མོའི་


DTG062_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གསེར་རོ། །དྲུག་ལྡན་མ་ནི་རྡོ་རྗེ་རྒྱལ་མོ་རྡོ་རྗེ་གཞོན་ནུ་མའོ། །ཚངས་མ་ནི་རྡོ་རྗེ་རྒྱལ་མོ་རྡོ་རྗེ་ཞི་བ་མའོ། །དབང་མོ་ནི་རྡོ་རྗེ་རྒྱལ་མོའི་རྡོ་རྗེ་ཁུ་ཚུར་ཞེས་བྱའོ། །བར་སྣང་ལ་སྤྱོད་པའི་བུད་མེད་རྣམས་ལ་མི་འབམ་ཅི་ནི་ཁྲོ་བོ་དོ་རྗེ་མི་འཆི་མའོ། །རྡོ་རྗེ་རོ་ཧི་མ་ནི་ཁྲོ་བོ་རྡོ་རྗེ་མདངས་སོ། །དབྱུག་འཛིན་མ་ནི་ཁྲོ་བོ་རྡོ་རྗེ་དབྱུག་མཆོག་མའོ། སྐྱེ་བ་འཕྲོག་མ་ནི་ཁྲོ་བོ་རྡོ་རྗེ་རྐེད་འཆི་མ་ཞེས་བྱའོ། །ནམ་མཁའ་ལ་སྤྱོད་པ་རྣམས་ལ་གསོད་མ་ནི་གཙོ་མོ་རྡོ་རྗེ་འཛུམ་མའོ། །ཟ་བ་མ་ནི་གཙོ་མོ་རྡོ་རྗེ་ཟ་བ་མའོ། །མགོ་བ་མ་ནི་གཙོ་མོ་རྡོ་རྗེ་མགོ་བ་མའོ། །དགའ་བ་མ་ནི་གཙོ་མོ་རྡོ་རྗེ་དབང་མོ་ཞེས་བྱའོ། །ས་ལ་སྤྱོད་པ་རྣམས་ལ་ཞི་བ་མོ་ནི་ཕོ་ཉ་མོའོ། །རླུང་མོ་ནི་ཕོ་ཉ་རྡོ་རྗེ་མགྱོགས་མའོ། །མེ་མོ་ནི་ཕོ་ཉ་མོ་རྡོ་རྗེ་འབར་མའོ། །ལུས་ང་མོ་ནི་ཕོ་ཉ་མོ་རྡོ་རྗེ་འཁྱོར་མའོ། །ས་འོག་ན་གནས་པའི་མ་མོ་རྣམས་ལ། ཕག་མོ་ནི་བྲན་མོ་རྡོ་རྗེ་ཅན་མའོ། །ཙ་མུཎྜཱི་ནི་བྲན་མོ་རྡོ་རྗེ་དུས་མའོ། །སྣ་ཅན་མ་ནི་རྡོ་རྗེ་རུལ་པ་མའོ། །ཆུ་ལྷ་མ་ནི་རྡོ་རྗེ་ཆུ་སྲིན་མ་ཞེས་བྱའོ། །དེ་ནས་རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །དམ་ཚིག་འདི་ལས་འདས་ན་ནི། །རིགས་རྣམས་མྱུར་དུ་ཐལ་བར་བྱེད། །ཨོཾ་ཧ་ནྣ་ས་མ་ཡ་ཧཱུཾ་ཕཊ། ཅེས་བྱ་བ་དང༌། ཕྱག་རྒྱ་དང་བཅས་པ་འདིས་ལྷ་ཆེན་པོ་ལ་སོགས་པ་མ་མོའི་ཚོགས་དང་བཅས་པ་རྣམས་དམ་ཚིག་འཛིན་དུ་གཞུག་གོ །སེམས་དཔའ་རྡོ་རྗེ་དམ་བྱ་སྟེ། །མཐེ་བོང་གཉིས་ནི་བར་གནན་ཅིང༌། །མཐེ་ཆུང་རྡོ་རྗེ་རྩེ་མོར་ནི། །རྣོན་པོ་དམ་ཚིག་འཛིན་པའོ། །ཨོཾ་བ་ལི་ཏ་བ་ལི་ཏ་བཛྲ་ཨཱ་ཀཪྵ་ཡ་ཧཱུཾ་ཛཿ་ཞེས་བྱ་བ་ཕྱག་རྒྱ་དང་བཅས་པས་ལྷ་ཆེན་པོ་ལ་སོགས་པའི་རྒྱལ་པོ་རྣམས་བཀའ་བསྒོ་པ་ལ་སྦྱར་བར་བྱའོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ཏེ། །མཛུབ་མོ་ལྕགས་ཀྱུར་བཅིངས་ནས་ནི། །གཅུ་ཞིང་ཕྱིར་ཡང་གཅུ་བར་བྱ། །ལྷ་རྣམས་དགུག་པ་དམ་པ་ཡིན། །ཧཱུཾ་བཛྲ་ཨ་ཀྲྀ་པ་ཏ་ཡ་ས་མ་ཡ་ཧཱུཾ་ཞེས་བྱ་བས་ནི་ཁྲོ་བོ་རྣམས་སོ། །འདིའི་ཕྱག་རྒྱ་ནི། རྡོ་རྗེ་བཅིང་བ་དམ་བྱས་ཏེ། །མཛུབ་མོ་བཀུག་ནས་རབ་ཏུ་མནན། །མཐེ་བོང་གཉིས་ཀ་མཚམས་སྦྱར་ནས། །གུང་མོ་གཉིས་ཀ་རབ་ཏུ་མནན། །ཨོཾ་བཛྲ་མ་ལ་ཨ་ཀྲ་བཾ་ཞེས་བྱ་བ་ཕྱག་རྒྱ་དང་བཅས་པ་ནི་ཚོགས་


DTG062_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སོ། །ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཕྱག་རྒྱ་གཉིས་ཀ་ཡི། མཐེའུ་ཆུང་སོར་མོ་བཅིངས་ནས་ནི། །མཛུབ་མོ་སོར་མོ་རྒྱ་ནས་མདུད། །བཟློག་སྟེ་མགོ་བོར་གཞག་པར་བྱ། །ཨོཾ་བཛྲ་བྷནྡྷ་ཧཾ་ཞེས་བྱ་བ་ཕྱག་རྒྱ་དང་བཅས་པས་ནི་ཕོ་ཡ་རྣམས་སོ། །ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་བསྲུང་བ་དམ་བཅིངས་ཏེ། རྡོ་རྗེ་བསྡམས་པ་དེས་མནན་པ། །འདི་ནི་ས་ཡི་དམ་ཚིག་སྟེ། །སེམས་ཅན་ཐམས་ཅད་བསྲུང་བའོ། །ཨོཾ་བཛྲ་པཱ་ལཱ་བྷཉྩ་བྷཉྩ་ཧཱུཾ་ཕཊ། ཅེས་བྱ་བ་ནི་བྲན་རྣམས་སོ། །འདིའི་ཕྱག་རྒྱ་ནི། །རྡོ་རྗེ་ཕྱག་རྒྱ་གཉིས་བཅིངས་ཏེ། །གཡོན་པའི་རྡོ་རྗེ་མཛུབ་མོས་མནན།། གཅུ་ཞིང་སླར་གཅུ་བྱས་ནས་ནི། མཐེའུ་ཆུང་གཉིས་ནི་བརྡབ་པར་བྱ། །ཨོཾ་ཧེ་རུ་ཀ་བཛྲ་ས་མ་ཡེ་ཧཱུཾ་ཕཊ། སརྦ་དུཥྚ་ས་མ་ཡ་མུཛྫ་པྲ་བྷ་ཉྩ་ཀ་ཧཱུཾ་ཕཊ། འདི་ནི་དབུ་མ་ལ་སོགས་པའི་མ་མོའི་ཚོགས་རྣམས་སོ། །འདིའི་ཕྱག་རྒྱ་ནི། རྡོ་རྗེ་བཅིང་བ་སྦྲེལ་པ་ནི། །མཛུབ་མོ་གཉིས་ནི་དམ་པོར་བྱ། །མཐེ་བོང་གུང་མོ་རྩ་མོ་གཉིས། །རྡོ་རྗེ་ཕྱག་རྒྱ་བཅིངས་ནས་ཀྱང༌། །ཡོངས་སུ་བཟློག་སྟེ་དཔྲལ་བར་གཞག །མཐེ་བོ་ཁར་ནི་གཞག་པར་བྱ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཕཊ། ཅེས་བྱ་བ་དེ་བཞིན་གཤེགས་པའི་བཀའ་དང༌། ཨོཾ་བཛྲ་ས་མ་ཡ་ཨཱ་ཀཪྵ་ཡ་སརྦ་དུཥྚ་མཎྜལཾ་བཛྲ་དྷ་ང་ས་ཏྱཾ་མཱ་ཏི་ཀྲ་མ་ཧཱུཾ་ཕཊ། ཅེས་བྱ་བ་འདི་ཕྱག་རྒྱ་དང་བཅས་པས་མ་རུངས་པའི་དཀྱིལ་འཁོར་དགུག་པར་བྱའོ། །རྡོ་རྗེ་ལྕགས་ཀྱུ་གཉིས་བཅིངས་ཏེ། །སྙིང་གར་ཡོངས་སུ་བསྐོར་བར་བྱ། །མཛུབ་གཉིས་ལྕགས་ཀྱུ་ཕྱི་རོལ་གྱི། །དཀྱིལ་འཁོར་དགུག་པའི་མཆོག་ཡིན་ནོ། །ཡང་ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཕཊ། ཅེས་བྱ་བའི་རྣམ་པར་སྣང་མཛད་ཀྱི་བཀའ་དང༌། ཨོཾ་དུཥྚ་བཛྲ་ཀྲོ་དྷ་ཧ་ནན་ང་ཧ་པ་ཙ་པིདྷྭ་ནྶ་ཡ་བི་ཀི་ར་སརྦ་དུ་ཥྚཱཾ་ས་མ་ཡ་མུ་ད་ན་མཎྜལ་བྷ་ཉྫ་བྷཉྫ་མརད་མརད་ཁ་དྷ་ཁ་དྷ་བ་ར་མནྟྲཾ་བཛྲ་ཧཱུཾ་ཕཊ། ཅེས་བྱ་བ་ནི་ཕྱག་རྒྱ་དང་བཅས་པས་མ་རུངས་པའི་དཀྱིལ་འཁོར་རྣམ་པར་གཞིག་པར་བྱའོ། །རྡོ་རྗེ་ཁྲོ་བོ་མཛུབ་ལེགས་པར། །སེན་མོ་སྤྲད་དེ་དཀྲིས་ནས་ཀྱང༌། །རྩེ་མོ་གཉིས་ནི་དམ་སྦྱར་བ། །ཕྱག་རྒྱ་འདི་ནི་མ་རུངས་འཇོམས། །ཨོཾ་ནི་སུམྦྷ་ཧ་ན་ད་ཧ་པ་ཙ་གྲྀཧྞ་བྷནྡྷ་ཧཱུཾ་ཕཊ། ཅེས་བྱ་བ་དེ་བཞིན་གཤེགས་པའི་བཀའ་དང༌།


DTG062_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མཧཱ་བཛྲ་ཀྲཱུ་ར་ཀྲོ་དྷ་པ་ཏ་ཡེ་སརྦ་དུ་ཥྚཱཾ་མཎྜལཾ་བི་ནཱ་ཤ་ཡ། སརྦ་དུཥྚ་ས་མ་ཡཾ་བ་ཀི་ར་བི་དྷྭངྶ་ཡ་སྥོ་ཊ་ཡ། བྷ་ཉྫ་སརྦ་དུཥྚཱཾ་ས་མ་ཡ་མུ་དྲ་བནྡྷ། གྲྀཧྞ་ཧ་ན་ད་ཧ་པ་ཙ་སརྦ་དུཥྚཱཾ་ས་མ་ཡ་ས་ཏྭཱཾ་བཛྲ་ས་མ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་དང་ཁྲོ་བོ་ཆེན་པོ་གདུག་པ་ཕྱག་དང་ཞལ་སྟོང་མངའ་བས་མ་རུངས་པ་ཐམས་ཅད་བཅོམ་ནས་རྒྱ་མཚོ་ཆེན་པོར་ལྟུང་བར་བྱས་པར་བསམ་མོ། །དེ་ནས་འདིའི་ཕྱག་རྒྱ་བཤད་དེ། གཡོན་པའི་རྡོ་རྗེ་མཛུབ་མོ་ལ། །གཡས་པའི་མཛུབ་མོ་བཀུག་པས་གཟུང༌། །རབ་ཏུ་ཁྲོས་ནས་དྲག་གཏོགས་ནས། །རི་རབ་ཀྱང་ནི་ལྷུང་བར་བྱེད། །ཨོཾ་ཧ་ན་ཧ་ན་བཛྲ་ཧཱུཾ་ཕཊ། ཅེས་བྱ་བའི་དེ་བཞིན་གཤེགས་པའི་བཀའ་དང༌། ཨོཾ་བཛྲ་ཨཱ་ཀཪྵ་ཡ་ཤཱི་གྷྲཾ་སརྦ་དུཥྚཱཾ་ད་ཧ་ན་བཛྲ་དྷ་ར་སཏེ་ན་ཧཱུཾ་ཛཿ་ཞེས་བྱ་བའི་ཕྱག་རྒྱ་དང་བཅས་པས་ཕྲ་མེན་ལ་སོགས་པ་གདོན་མ་རུངས་པ་ཐམས་ཅད་དགུག་པར་བྱའོ། །ཕྱག་རྒྱ་ནི་འདི་ཡིན་ཏེ། གཡོན་པའི་རྡོ་རྗེ་མཛུབ་མོ་ལ། གཡས་པའི་མཛུབ་མོ་ལྕགས་ཀྱུས་གཟུང༌། །རབ་ཏུ་ཁྲོས་ཤིང་དགུག་པ་ཡིས། །གདོན་རྣམས་ཐམས་ཅད་དབང་དུ་བྱེད། །ཨོཾ་བཛྲ་པྲ་ཏི་གྲྀ་ཧནྷྲྀ་ད་ཡ་ཨཱ་ཀཪྵ་ཨཱདྱ་ཡན་སཏྭ་ཨརྡྷེ་ན་མྲི་ཡ་ཏེ་ཏ་སྱ་ཧྲ་ད་ཡཾ་ནིཥྛ་མ་ཏུ་ས་མ་ཡ་ཧཱུཾ་ཛ་ཞེས་བྱ་བ་དང༌། ཕྱག་རྒྱ་འདིས་འཆི་བར་གྱུར་པ་དེ་རྣམས་ཀྱི་མཚན་མོ་སྙིང་ཆུང་བ་ལ་ཕྲ་མན་མ་གདོན་རྣམས་ལ་སྦྱིན་ནོ། །དེ་རྣམས་དགའ་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གྲུབ་པར་བྱེད་དོ། །ཕྱག་རྒྱ་དེ་ནི་འདི་ཡིན་ཏེ། རྡོ་རྗེ་བཅིང་བ་བྱས་ནས་ནི། །ལག་ངར་སྙིང་གར་ཤིན་ཏུ་བསྡམས། །རྡོ་རྗེ་མཛུབ་མོ་རང་མཆན་ཁུང༌། །བྲུད་པ་ཡི་ནི་སྙིང་སྦྱིན་ནོ། །ཨོཾ་ཧཱུཾ་ཕཊ་ཅེས་བྱ་བ་དེ་བཞིན་གཤེགས་པའི་བཀའ་དང༌། ཨོཾ་བཛྲ་ས་མ་ཡ་ཨ་ན་ཡ་སརྦ་དུཥྚ་ཛྭ་རཱ་དི་ན་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ། ཅེས་ཟློས་ཤིང་ཕྱག་རྒྱ་དང་བཅས་པས་རིམས་ལ་སོགས་པ་དགུག་པར་བྱའོ། །ཕྱག་རྒྱ་ནི་འདི་ཡིན་ཏེ། མཛུབ་མོ་གཉིས་ཀྱི་རྩེ་མོ་ནི། །མཐེ་བོང་གཉི་གའི་དྲུང་དུ་ནི། །ཡིད་ཀྱིས་ཁྲོས་ནས་བཙིར་བར་བྱ། །རིམས་ལ་སོགས་པར་དགུག་པར་བྱ། །ཨོཾ་བཛྲ་ཀརྨ་བི་ཤོ་དྷ་ཡ་སརྦ་ཨཱ་བ་ར་ཎ་ནི་བུདྡྷ་སཏྱེ་ན་ས་མ་ཡ་ཧཱུཾ་ཞེས་བྱ་བ་འདིས་ཕྱག་རྒྱ་དང་བཅས་པས་རང་ངམ་གཞན་གྱི་རིམས་ལ་སོགས་པའི་ནད་བསལ་བར་བྱའོ། །དེ་ལ་ཕྱག།


DTG062_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཐལ་མོ་དམ་སྦྱར་ཏེ། །གུང་མོ་གཉིས་ཀ་བཀུག་ནས་སུ། །མཐེ་བོ་རབ་ཏུ་མཉམ་སྦྱར་བས། །མནན་པ་དེ་ནི་སྡིག་འཕྲོག་པའོ། །ཨོཾ་ཀཥ་པ་ཡ་བཛྲ་སྭཱ་ཧཱ། ཞེས་བྱ་བ་དེ་བཞིན་གཤེགས་པའི་བཀའ་དང༌། ཨོཾ་སརྦ་ཨ་པ་ཡ་ཨཱ་ཀཪྵ་ཎ་བི་ཤྭ་དྷ་ན་བཛྲ་ས་མ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་འདིས་ཕྱག་རྒྱ་དང་བཅས་པས་ངན་སོང་གསུམ་པོ་དགུག་པར་བྱའོ། །ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཕྱག་རྒྱ་གཉིས་ནང་དུ། །མཛུབ་མོ་གཉིས་ནི་བཅིངས་ནས་ཀྱང༌། །ལེགས་པར་གྱེན་དུ་འཕངས་པ་ནི། །ལྟུང་བ་སློང་བའི་དམ་པའོ། །ཨོཾ་བཛྲ་པཱ་ཎི་བི་སྥོ་ཊ་ཡ་སརྦ་ཨཱ་པ་ཡ་བནྡྷ་ནཱ་ནི་པྲ་མོ་ཀཥ་ཡ་སརྦ་ཨཱ་པ་ཡ་ག་ཏི་བྷྱཿ་སརྦ་ཏྭཱ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ་ཅེས་བྱ་བ་འདིས་ངན་འགྲོའི་འགྲོ་བ་ཐམས་ཅད་རྣམ་པར་སྦྱངས་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞབས་དྲུང་དུ་སྐྱེས་པར་བསམ་པར་བྱའོ། །དེ་ནས་འདིའི་ཕྱག་རྒྱ་བཤད་དེ། རྡོ་རྗེ་བཅིང་བ་དམ་བཅིངས་ཏེ། །གུང་མོ་ག་ཉི་ག་ངོས་སྦྱར་ནས། །ཐ་མ་བཞི་ཡང་རྩེ་ཕྲད་པ། །སྐད་ཅིག་དུ་ནི་སྡིག་དྲལ་ལོ། །རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་གྱི་རྒྱལ་པོའི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བསྡུ་བ་བྱས་ལ་སངས་རྒྱས་ཐམས་ཅད་ཀྱིས་བདག་ཉིད་ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་བྱའོ། །ཡང་དགུག་པ་དང་གཞུག་པ་དང༌། བཅིང་པ་དང༌། དབང་དུ་བྱས་ལ། ཇི་ལྟར་ཡོངས་སུ་བསྒོམ་པའི་དཀྱིལ་འཁོར་གྱི་གནས་སུ་ལྷ་ཐམས་ཅད་ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱས་ནས་ཕྱག་རྒྱ་ཆེན་པོས་རང་གི་ལས་མཛད་པ་ལ་སྦྱར་བར་བྱའོ། །རྡོ་རྗེ་ཁྲོ་བོ་ལས་ཀྱི་མཆོག །ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དང་པོར་སྦྱོར་བ་དང་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་དང་ལས་ཀྱི་རྒྱལ་པོའི་མཆོག་གི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པས་སྙོམས་པར་འཇུག་པར་བྱའོ་ཞེས་གསུངས་པས་ཏིང་ངེ་འཛིན་གསུམ་པོ་འདི་དག་ནི་ངེས་པར་བསྒོམ་པར་བྱའོ། །ཡང་བསྡུ་བ་བྱས་ལ་མཚན་བརྒྱ་རྩ་བརྒྱད་པས་ཇི་ལྟ་བ་བཞིན་དུ་བསྟོད་པར་བྱའོ། །དེ་ནས་ལྕགས་ཀྱུ་ལ་སོགས་པས་ལས་བྱས་ལ་མཆོད་ཡོན་ཕུལ་ནས་ཐམས་ཅད་རང་གི་ཕྱག་རྒྱ་བཞིས་རྒྱས་བཏབ་ལ། དབང་བསྐུར་ལ་མེ་ཏོག་ལ་སོགས་པ་དམ་པ་བརྒྱད་


DTG062_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དམ་མཆོད་པ་བཅུ་དྲུག་གིས་ཡང་དག་བར་མཆོད་ལ། ཕྱག་བཞི་བྱས་ནས་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅིངས་ནས་རྡོ་རྗེ་བདག་ཉིད་ཅན་དང་རང་བཞིན་གྱིས་དག་པ་དང༌། བདག་མེད་པའི་མཉམ་པ་ཉིད་ཀྱིས་སེམས་དཔའ་ཐམས་ཅད་དང་བདག་ཉིད་རྣམ་པར་བསྒོམས་ནས། ཁྲོ་བོའི་ཚིག་གམ་རྡོ་རྗེའི་ཚིག་གམ། ཡིད་ཉིད་ཀྱིས་ཧཱུཾ་བཞི་ཟློས་ཤིང་ཆོས་བདག་མེད་པའི་མཉམ་པ་ཉིད་ཀྱིས་ཡེ་ཤེས་ཀྱི་དབང་དུ་བྱས་ལ། ཇི་སྲིད་སོ་སོར་སྣང་བའི་སྦྱོར་བས་ཁྲོ་བོའི་འཁོར་ལོར་གཏོགས་པ་ཐམས་ཅད་བསྒོམ་པར་བྱའོ། །ལྷ་ཐམས་ཅད་ཀྱི་ཞལ་ནས་ཀྱང་ཧཱུཾ་བཞིའི་སྒྲ་བྱུང་བར་ལྷག་པར་མོས་པར་བྱའོ། །བསྒོམ་པ་ཉེ་བར་སྡུད་པའི་དུས་སུ་ཡང་དེ་བཞིན་དུ་ཡིད་ཀྱིས་ལེགས་པར་སྦྱོར་བས་རང་གི་ལུས་ལ་གཞུག་པར་བྱ་ཞིང་བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་དབུས་ན་བཞུགས་བའམ། རྡོ་རྗེ་ཧཱུཾ་མཛད་གཅིག་པོར་བསྒོམ་པར་བྱ་བའམ། མདུན་དུ་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་ན་གནས་པའི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་བསྒོམ་པར་བྱའོ། །སྦྱོར་བ་འདིས་ནི། །སངས་རྒྱས་བཀའ་ཡི་འགྲོ་ཀུན་དོན། །དངོས་གྲུབ་ཀུན་གྱི་ཆོ་ག་ཡིས། །ཕྱག་རྒྱ་ཆེན་པོ་བསྒོམས་ན་ནི། །ཚེ་འདི་ཉིད་ལ་འཆད་རྒྱའོ། །གལ་ཏེ་གང་གི་ཚེ་ཕྱག་རྒྱར་བྱིན་གྱིས་བརླབས་པ་ལྷོད་པར་གྱུར་ཏམ་བདག་ཉིད་གཏོང་བར་འདོད་པར་གྱུར་ན་དའི་ཚེ་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །བསྒོམ་པས་དུབ་པར་གྱུར་ན་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་དང༌། མཆོད་པ་རྣམ་པ་བརྒྱད་དང་ཕྱག་བཞི་བྱའོ། །དེ་ལྟར་ཇི་སྲིད་སྐྱོ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །སྐྱོ་བར་གྱུར་ན་མཚན་རྩ་བརྒྱད་ཀྱིས་བསྟོད་པ་དང་མཆོད་པ་ཐམས་ཅད་དང༌། ཕྱག་བཞི་བྱས་ནས། ཨོཾ་བཛྲ་ས་ཏྭ་ཧཱུཾ་ཛཿ་ཞེས་བྱ་བ་ཕྱག་རྒྱ་དང་ལྡན་པས་ལྷ་ཆེན་པོ་གསོ་བར་བྱའོ། །དེ་ཡང་འདི་ཡིན་ཏེ། གསང་བའི་ལྕགས་ཀྱུ་བསྡམས་བྱས་ཏེ། །ཐ་མ་མཉམ་དུ་བརྐྱང་ནས་ནི། །ཤི་བའི་མགོ་བོར་བཞག་ན་ནི། །སྲོག་ནི་ཕྱིར་ཡང་ཐོབ་པར་འགྱུར། །རྡོ་རྗེ་བསྡམས་པ་ནང་དུ་གཞིབས་ནས་


DTG062_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མཛུབ་མོ་གཉིས་ལྕགས་ཀྱུར་བྱ་བ་ནི་གསང་བའི་ལྕགས་ཀྱུའོ། །དེ་ནས་ཨོཾ་བཛྲ་མུཿ་ཞེས་བྱ་བ་འདི་ཕྱག་རྒྱ་དང་ལྡན་པས་ལྷ་ཆེན་པོ་ཆུང་མ་དང་བཅས་པ་རྐང་པའི་འོག་ནས་གཏང་བར་བྱའོ། །དེ་ནི་འདི་ཡིན་ཏེ། རྡོ་རྗེ་ཁྲོ་བོ་མཛུབ་ལེགས་པར། །ཟུར་སྤྲད་བསྡམས་ཏེ་གཞག་པ་ནི། །རྡོ་རྗེ་དེ་དག་བསྒྱུར་བྱས་ཤིང༌། །འོག་ནས་ཡང་དག་འབྱིན་པར་བྱེད། །བཛྲོ་ཏྟིཥྛ་ཞེས་བྱ་བས་ཀྱང་སླར་དབང་བསྐུར་བར་བྱའོ། །ཨོཾ་ཙནྡྲོ་ཏྟ་རེ་ས་མནྟ་བྷ་དྲ་ཀིར་ཎི་མྦྷཱ་བཛྲཱི་ནི་ཧཱུཾ་ཞེས་བྱ་བ་ནི་ཕྱག་རྒྱ་དང་བཅས་པ་བྱ་སྟེ། དེ་ནི་འདི་ཡིན་ཏེ། རྡོ་རྗེ་བཅིང་བ་དམ་བྱས་ཏེ། །མཐེ་བོང་མཐེའུ་ཆུང་མཉམ་པོར་ནི། །མཉམ་ནས་ལེགས་པར་བརྐྱང་བ་ནི། །ཟླ་བའི་རི་མོ་ཞེས་ཀྱང་གྲགས། །ལྷ་མོ་ཨུ་མ་ཡང་སྔར་བཤད་པའི་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བས་དབང་བསྐུར་ལ། ལྷ་ཆེན་པོ་གསང་བའི་མཆོད་པ་བཞིས་ལེགས་པར་མཆོད་དེ། མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་དགེ་བའི་རྩ་བ་བསྔོས་ནས་མཆོད་ཡོན་ཕུལ་ལ། ཕྱག་རྒྱ་དེ་དགྲོལ་བར་བྱས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དང་བཅས་པ་ལ་བཟོད་པར་གསོལ་བར་བྱའོ། །བཅོམ་ལྡན་འདས་བདག་སོ་སོའི་སྐྱེ་བོར་གྱུར་པས་ཆོ་ག་ལྷག་ཆད་དུ་གྱུར་པ་གང་ཅི་བགྱིས་པ་དེ་ཐམས་ཅད་བདག་ལ་བཟོད་པར་མཛོད་ཅིག་ཅེས་བཟོད་པ་གསོལ་བར་བྱའོ། །དེ་ནས་གཤེགས་སུ་གསོལ་བའི་ཕྱིར་བསྐུལ་བར་བྱ་སྟེ། ཨོཾ་ཁྱོད་ཀྱིས་འགྲོ་བའི་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སླར་ཡང་གཤེགས་པར་མཛད་དུ་གསོལ། །ཞེས་བ་ངད་ཁྲོ་བོ་ཏི་རཱིནྟ་རིའི་ཧཱུཾ་བཞིས་མུཿ་ཞེས་བྱ་བའི་མཐའ་དང་ལྡན་པ་གྱེན་དུ་དགྲོལ་ལོ། །དེ་ལྟ་བུས་ནི་ཐམས་ཅད་གཤེགས་སུ་གསོལ་བར་འགྱུར་རོ། །ཇི་ལྟར་སྤྲུལ་པའི་རིགས་ཀྱི་དཀྱིལ་འཁོར་དང་བཅས་པ་ཐམས་ཅད་ཀྱང་དེ་བཞིན་དུ་ཡིད་ཀྱིས་ལེགས་པར་སྦྱོར་བས། རང་གི་ལུས་ལ་བཅུག་ལ་ཡི་གེ་བརྒྱ་པས་བརྟན་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་ལན་ཅིག་བཟླས་ཤིང༌། རྡོ་རྗེ་གོ་ཆ་དང༌། རྡོ་རྗེ་གནོད་སྦྱིན་དང༌། རྡོ་རྗེ་སེམས་པའི་གཙུག་ཏོར་དང༌། རྡོ་རྗེ་ཁུ་ཚུར་གྱི་བདག་ཉིད་སྲུང་བ་བྱས་ནས། རང་གི་ལྷའི་


DTG062_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་དང་ལྡན་པ་ཉིད་ཀྱིས་ལྡང་བར་བྱའོ། །དེ་ལྟར་ཉིན་རེ་བཞིན་ཐུན་བཞིར་ཟླ་བ་གཅིག་གམ་ཟླ་བ་དྲུག་གམ། ལོ་གཅིག་གམ། དུས་ཇི་སྲིད་ཀྱི་ལྷ་རྣམས་ཀྱི་རྗེས་སུ་གནང་བ་སྩལ་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །མི་ནུས་པས་ནི་རྣལ་འབྱོར་ཆེན་པོ་ཉིན་རེ་བཞིན་ལན་ཅིག་བསྒོམས་ལ་སྔགས་ཐམས་ཅད་ཀྱི་བཟླས་བརྗོད་འབུམ་བྱའོ། །སྔོན་དུ་བསྙེན་པའི་ཆོ་གའོ། །དེའི་རྗེས་ལ་དཀྱིལ་འཁོར་བྲི་བར་བྱ་སྟེ། ཉིན་རེའམ་ནི་ཟླ་བ་རེ། །ལོ་ནི་རེ་རེ་ཉིད་དག་ཏུ། །ཡར་གྱི་ངོ་ལ་ཆོ་ག་བཞིན། །བསྒྲུབ་བྱ་ཇི་ལྟར་མངོན་འདོད་བྲི། །དེ་ལ་རྒྱལ་པོ་ནི་ཁྲུ་བརྒྱའམ་ལྔ་བཅུ་པའོ། །བློན་པོའམ་བློན་པོ་ཆེན་པོ་ནི་ཁྲུ་ལྔ་བཅུ་པའམ་ཉི་ཤུ་རྩ་ལྔ་པའོ། །ཚོང་དཔོན་ནམ་དེད་དཔོན་གྱི་ནི་ཁྲུ་ཉི་ཤུ་རྩ་ལྔའམ་དེའི་ཕྱེད་དོ། །སྒྲུབ་པ་པོ་ཁྲུ་བཅུ་གཉིས་སམ། ཁྲུ་དྲུག་གམ་ཇི་ཙམ་ནུས་པ་ལ་བྱའོ། །དེ་ལ་དང་པོ་རེ་ཞིག་ཡོ་བྱད་ཐམས་ཅད་དང་ལྡན་པས། མངོན་པར་འདོད་པའི་དཀྱིལ་འཁོར་གྱི་སའི་དབུས་སུ། མི་རུས་ཀྱི་ཕྱེ་མས་དཀྱིལ་འཁོར་གྱི་བགེགས་བསལ་ནས། བདག་དང་སློབ་མ་ལ་སོགས་པ་ཞི་བར་བྱེད་པའི་སྦྱིན་སྲེག་བྱའོ། །དེ་ནས་ས་སྦྱང་བར་བྱ་སྟེ། ཟབས་སུ་འདོམ་གང་ཙམ་ལ་ཁྲུ་གང་ཙམ་བརྐོས་ལ། དྲི་ཞིམ་པོས་བྲན་པའི་སས་བཀང་ནས། རྡོ་རྗེ་རྩེ་མོ་མངོན་པར་བཟླས་པའི་ཆུས་ཆག་ཆག་བཏབ་ལ་ལེགས་པར་བཅགས་ཏེ། ཤིན་ཏུ་མཉམ་པར་བྱས་ལ་སྒོ་བཞི་དང་སྐར་ཁུང་གིས་ཡོངས་སུ་བསྐོར་བ་རྟ་བབས་བཞིས་མཛེས་པར་བྱས་པའི་ཁང་པ་བརྩེགས་པའི་ནང་དུ་ཆུད་པར་བྱས་ལ་མཐའ་མར་ལེགས་པར་བྲིས་ཤིང་དྲིལ་བུ་བཏགས་པའི་རྒྱལ་མཚན་དམ་པ་དང༌། བླ་རེ་མཆོག་བྲེས་པ། སངས་རྒྱས་རིན་པོ་ཆེ་ལ་སོགས་པའི་རས་རིས་ཀྱིས་མཛེས་པར་བྱས་ལ། བའི་ལྕི་བས་ལེགས་པར་སྦྱངས་ལ། དྲིས་བྱུགས་ནས་མཚམས་བཞིར་སྤོད་སྣོད་བཞི་དང་མེ་ཏོག་དང་མར་མེ་ལ་སོགས་པས་ཉེ་བར་མཛེས་པར་བྱས་ལ། ས་ལ་ལག་པས་རེག་པར་བྱ་སྟེ། ཧཱུཾ་བཞི་དང་ཡི་གེ་བརྒྱ་པ་ལན་བདུན་ཡོངས་སུ་བཟླས་པར་བྱའོ། །དེ་ནས་བདག་ཉིད་ཁྲུས་བྱས་ཤིང་དྲིས་བྱུགས་ལ་གོས་དང་སྟོད་གཡོགས་སྔོན་པོ་བགོས་


DTG062_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སེམས་དཔའི་གཙུག་ཏོར་དང༌། མེ་ཏོག་གི་ཕྲེང་བ་བཏགས་པ་ཁ་དྲི་ཞིམ་པར་བྱ་བ་དང༌། གདུ་བུ་དང༌། རྣ་ཆ་ལ་སོགས་པས་བརྒྱན་པར་བྱས་ལ། ཟླ་བའི་ཉ་ནས་ཕྱི་མའི་ཉའི་བར་དུ་དཀྱིལ་འཁོར་གྱི་ལས་བྱ་བའམ། ཡར་གྱི་ངོའི་ཚེས་གཅིག་ནས་བརྩམ་པའམ། དེ་བཞིན་དུ་ཚེས་བརྒྱད་དམ་དགུའམ་བཅུའམ་བཅུ་གསུམ་མམ། བཅུ་བཞི་ལ་བརྩམས་ནས་ཉའི་བར་བྱ་བའམ། སྔ་དྲོའི་དུས་ནས་བརྩམས་ཏེ་བྱའོ། །གལ་ཏེ་ནུས་པར་གྱུར་ན་ནི་སྨྱུང་བར་བྱའོ། །འོན་ཏེ་མ་ནུས་ན་དེའི་ཚེ་རྡོ་རྗེ་ཆོས་ཡོངས་སུ་བཟླས་བའི་སྤོས་ཆུས་བསངས་པའི་དཀར་གསུམ་བཟའ་བར་བྱ་སྟེ། སྤྱན་འདྲེན་པའི་ཞག་སྨྱུང་བར་གནས་པའམ། ཆོས་དང་ལྡན་པའི་ཟས་ལ་བརྟེན་པར་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་ལ་རེ་ཞིག་དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་ལ། བགེགས་གཞོམ་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱའོ། །དེ་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་དེ་བཞིན་དུ་དཀྱིལ་འཁོར་སྤྲུལ་ལ། ཕྱག་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་བཟུང་ནས་ལྷའི་རྣལ་འབྱོར་དང་ཁང་བ་བརྩེགས་པ་དང༌། གདན་རྣམས་བསྐྱེད་ལ་དཀྱིལ་འཁོར་གྱི་སའི་དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ལ། བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ། །དེང་དུ་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པར། །གྱུར་པར་བདག་ཉིད་སོམ་ཉི་མེད། །བྱང་ཆུབ་སེམས་དང་སེམས་གཅིག་ལས། །མི་ལྡོག་པར་ནི་བདག་གྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉིད་མ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །དེ་ནས་ཡན་ལག་ཐམས་ཅད་ཀྱིས་ཕྱག་བྱས་ལ་སྤོས་སྣོད་ལག་ཏུ་ཐོགས་ཏེ། སངས་རྒྱས་ཐམས་ཅད་སྤྱན་དྲང་བར་བྱའོ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །དེང་འདིར་


DTG062_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་གཤེགས་ཏེ། དངོས་གྲུབ་འདི་ནི་སྩལ་དུ་གསོལ། །དེའི་རྗེས་ལ་སྔར་བཤད་པའི་རིམ་པས་དེ་བཞིན་དུ་ཏིང་ངེ་འཛིན་གསུམ་བསྒོམ་པར་བྱའོ། །དེ་ནས། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང༌། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གི་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །དེ་ལྟར་དམ་ཚིག་གསུམ་མཆོག་ཏུ་ཐོབ་པའི་སློབ་དཔོན་གྱིས་རང་གི་ཕྱག་རྒྱས། འཁོར་ལོ་ཀུན་གྱི་ཆོ་ག་ནི། །རྡོ་རྗེ་དྲིལ་བུ་འཛིན་པས་བྱ། །དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་པའི། །རྟོག་པ་ཀུན་ལ་ཡང་དག་འཇུག ། དམ་ཚིག་ཆེ་གསུམ་ཞེས་བྱ་བ། །རྒྱ་འདི་གསང་སྔགས་སྒྲུབ་བྱེད་ཡིན། །དངོས་གྲུབ་ཀུན་གྱི་ཆོ་ག་ལ། །རྡོ་རྗེ་དྲིལ་བུ་རབ་སྒྲུབ་ཡིན། །ཆོ་ག་ལྷག་གམ་མ་ཚང་ཡང༌། །འགྲུབ་འགྱུར་སྨད་པར་མི་བྱའོ། །བཅོམ་ལྡན་འདས་ལ་ཡང་གསོལ་བ་གདབ་པར་བྱ་སྟེ། །བཅོམ་ལྡན་འདས་སེམས་ཅན་གྱི་ཁམས་མ་ལུས་པ་ལུས་པ་མེད་པའི་སྐྱབས་དང༌། ཕན་པ་དང༌། བདེ་བ་ཐམས་ཅད་མྱོང་བར་བགྱི་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་གྲུབ་པ་དམ་པའི་འབྲས་བུ་ཐོབ་པར་བགྱི་བའི་བར་དུ་སྩོལ་ཅིག་པར་བདག་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གྲུབ་པའི་རྡོ་རྗེ་སྩལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་ན། མི་འདི་རྣམས་ཇི་ལྟར་བགྱི་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩོལ་ཅིག །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་གཅིག་ཏུ་འདུས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨོཾ་བཛྲ་པཱ་ཎི་མ་ཧཱ་མ་ད་ལཾ། པྲ་བེ་ཤ་ཡ་སརྦཾ་དུཥྚཱཾ་རོ་ཏྲན་ནི་བ་ར་ཡ་བ་བེ་བྱ། པྲ་མོ་ཀཥ་ཡ་དུར་དྲྀཥྚ་པཪྻ་བནྡྷ་བི་ཤོ་དྷ་ཡ་ནཱ་ཤ་ཡ། བི་ནཱ་ཤ་ཡ་ཧ་ཧ་ཧ་ཧ་ཧཱུཾ། དེ་ལྟར་རྗེས་སུ་གནང་བ་ཐོབ་པ་དང༌། །ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱས་དཀྱིལ་འཁོར་སྟེང་དུ་ནམ་མཁའ་ལ་བཞག་ནས། དེ་ཉིད་ཀྱི་བདག་ཉིད་བྱིན་གྱིས་བརླབས་ཏེ། ཕྱག་རྒྱ་དེ་ཉིད་རང་གི་སྙིང་གར་བཞག་ལ་དེའི་ང་རྒྱལ་དང་ལྡན་པས་ཁྲོ་བོའི་ལྟ་བས་བལྟ་ཞིང་དབང་ལྡན་ནས་བརྩམས་ཏེ། བགེགས་ཐམས་ཅད་བསྐྲད་པ་ལ་བརྩོན་པར་བྱའོ། །ཡི་གེ་ཨ་


DTG062_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རང་གི་རྐང་མཐིལ་གཉིས་སུ་སྣ་ཚོགས་རྡོ་རྗེ་བཀོད་ལ། རང་གི་རྐང་མཐིལ་གྱིས་ཡོངས་སུ་བཟུང་ནས། རླུང་གི་དཀྱིལ་འཁོར་ནས་བརྩམས་ཏེ་རི་རབ་ཀྱི་སྟེང་གི་བར་དུ་དཀྱིལ་འཁོར་གྱི་གནས་དེ་རྡོ་རྗེའི་རང་བཞིན་དུ་གྱུར་པར་མོས་པས་ཧཱུཾ་བཞི་ཟློས་ཤིང༌། གཡས་ནས་བསྐོར་བས་འགྲོ་བར་བྱའོ། །དེ་ནས་ཁྲོ་བོའི་ལྟ་བས་དཀྱིལ་འཁོར་བཅིང་བ་དང༌། ར་བ་དང༌། རྡོ་རྗེ་དྲ་བ་བྱའོ། །ཡང་ཧཱུཾ་ཞེས་ཟློས་ཤིང་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་རྡོ་རྗེ་སེམས་དཔའི་ཁྲོ་བོ་ལ་སོགས་པ་རྡོ་རྗེ་འབར་བ་འཇིགས་སུ་རུང་བ་ཀུན་དུ་འཁྲུགས་པ། ཧཱུཾ་ཞེས་བྱ་བའི་དགྲ་འཇིགས་སུ་རུང་བས་ལྐོག་མའི་ཕྱོགས་ཀུན་དུ་གང་བ་དང༌། ཁྲོ་བོའི་སྐུ་མཆོག་གིས་མི་གཡོ་བ་རྡོ་རྗེ་འབེབས་བའི་ཚུལ་གྱིས་ནམ་མཁའ་ནས་བབས་ཏེ། གར་ལས་བྱུང་བའི་མེ་ཏོག་གི་ཐལ་མོས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་མཆོད་ལ། དཀྱིལ་འཁོར་གྱི་ལྟེ་བར་གཡོན་བརྐྱང་པས་འདུས་ཏེ། བསྐལ་པའི་མེ་དཔུང་ལྟར་འབར་བའི་ཁྲོ་བོའི་ཚོགས་འབྱིན་པས་བདུད་ཐམས་ཅད་ཀུན་དུ་སྐྲག་པར་བྱའོ། དེ་ནས་དགའ་བས་ཡོངས་སུ་བསྐོར་བའི་ཚུལ་གྱིས་ཤར་ཕྱོགས་སུ་འགྲོ་བར་བྱའོ། །དེ་ནས་དེས་གཡོན་བརྐྱང་བའི་གནས་པ་ཉིད་ཀྱིས་འདུག་ལ། བགེགས་ཐམས་ཅད་བསྐྲད་པར་བྱའོ། །དེ་ནས་གནས་དེ་ནས་ལྷོ་ཕྱོགས་སུ་སོང་ལ་གཡས་བརྐྱང་བའི་གནས་པས་དེ་བཞིན་དུ་བགེགས་རྣམས་རྗེས་སུ་བསྐྲད་པར་བྱའོ། །དེ་ནས་གནས་དེ་ནས་གཡས་བརྐྱང་བ་དང༌། གཡོན་བརྐྱང་བདག་གིས་ནུབ་ཕྱོགས་སུ་སོང་ལ། ཟླུམ་པོའི་འདུག་སྟངས་བཅས་ནས་དེ་བཞིན་དུ་བགེགས་རྣམས་བསྐྲད་པར་བྱའོ། །དེ་ནས་གནས་དེ་ནས་ནམ་མཁའི་ཁམས་མ་ལུས་པར་ཁྱབ་པར་གཏོགས་པའི་འཇིག་རྟེན་གྱི་ཁམས་རྣམས་གཡོ་བར་བྱེད་པའི་རྡོ་རྗེའི་འགྲོས་ཀྱིས་བྱང་ཕྱོགས་སུ་འགྲོ་བར་བྱའོ། །དེ་ནས་གཡས་བརྐྱང་བ་དང་མཐུན་པའི་རྐང་བསྟབས་དང༌། ཟླུམ་པོའི་འདུག་སྟངས་དང༌། ས་གའི་འདུག་སྟངས་རྣམས་ཀྱིས་བགེགས་རྣམས་ངེས་པར་བསྐྲད་


DTG062_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ནས། རྡོ་རྗེའི་འགྲོས་ཀྱིས་ཤར་ཕྱོགས་སུ་འགྲོ་བར་བྱའོ། །དེ་ལྟར་ན་སྟངས་བསྟབས་བཞིས་བགེགས་ཐམས་ཅད་གཞོམ་པར་བྱའོ། །ཡང་རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་གྱི་ལྟེ་བ་བསྐོར་བར་བྱས་ལ། ཤར་ཕྱོགས་སུ་མངོན་པར་བལྟས་ཏེ། མཆོད་ནས་དཀྱིལ་འཁོར་གྱི་ལྟེ་བ་ཕུར་བུའི་འགྲོས་སུ་འགྲོ་བར་བྱའོ། །དེ་བཞིན་དུ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་ཁྲོ་བོའི་ཕུར་བུས་དཀྱིལ་འཁོར་གྱི་གནས་སུ་ཕུར་བུས་གདབ་པར་བྱའོ། །སྟངས་སྟབས་བྱེད་པའི་དུས་འདིར་ཁྲོ་བོའི་ཚིག་གིས་ཧཱུཾ་ཞེས་བྱ་བའི་སྒྲ་རྒྱུན་མི་འཆད་པར་གདོན་པར་བྱའོ། །དེ་ནས་རྡོ་རྗེའི་འདུག་སྟངས་ཕྱེད་ཀྱིས་འདུག་ལ། ཨོཾ་བཛྲ་དྲྭ་ལ་ཨ་ན་ལཱ་རྐ་ཧཱུཾ་ཞེས་ཟློས་ཤིང་གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་ནས། གཡས་པས་རྡོ་རྗེ་བསོར་ཞིང་བགེགས་རྣམ་སླ་བསྣུན་པར་བྱའོ། །ཡང་རྡོ་རྗེ་མེའི་ཕྱག་རྒྱ་དང་བཅས་པས་ཀྱང་བགེགས་རྣམས་བསྲེག་པ་ལ་སོགས་པ་བྱ་སྟེ། ཧཱུཾ་བཛྲ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། སོར་མོ་རྣམས་ནང་དུ་འབར་བ་ལྟར་བྱས་ལ་མཐེ་བོ་རྡོ་རྗེ་ལྟར་བསྒྲེང་བ་ནི་རྡོ་རྗེ་མེའི་ཕྱག་རྒྱའོ། །ཨོཾ་བཛྲ་ནེ་ཏྲི་བནྡྷ་སར་བ་བིགྷྚཱ་ཞེས་བྱ་བ་ཕྱག་རྒྱ་དང་ལྡན་པས་བགེགས་རྣམས་བཅིང་བར་བྱའོ། །རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་བརྐྱང་སྟེ་སྙོམས་ལ་བཞག་པ་ནི་རྡོ་རྗེ་སྤྱན་དང་ལྡན་པའི་ཕྱག་རྒྱའི། །རྡོ་རྗེ་བསྡམས་པར་བརྐྱང་ལ་བཞག་སྟེ། ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་བ་རཀྵ་སརྦཾ་སྭཱ་ཧཱ། ཞེས་བྱ་བ་དང་འོག་བཅིང་བར་བྱའོ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང་སྔགས། ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་བྱ་བ་ཕྱག་རྒྱ་དང་བཅས་པས་ནམ་མཁའ་བཅིང་བར་བྱའོ། །རྡོ་རྗེ་ཐལ་མོ་མཐེ་བོང་གཉིས་བརྐྱང་ལ་མཛུབ་མོ་གཉིས་མཆེ་བ་ལྟ་བུར་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །ཡང་རྡོ་རྗེ་འཇིགས་བྱེད་ཀྱི་སྤྱན་གྱིས་རྡོ་རྗེ་གནོད་སྦྱིན་གྱི་སྟེང་དུ་ནམ་མཁའ་བཅིང་བར་བྱའོ། །ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །མགལ་མེའི་འཁོར་ལོ་བཞིན་དུ་བསྐོར་ཏེ། མགོ་བོའི་སྟེང་དུ་མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་གཞག་པ་ནི་རྡོ་རྗེ་འཇིགས་བྱེད་ཀྱི་སྤྱན་གྱི་ཕྱག་རྒྱའོ། །རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་དང་བཅས་པས་ཤར་ཕྱོགས་བཅིང་བར་


DTG062_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། ཨོཾ་ཧཱུཾ་ཞེས་བྱ་བའི་སྔགས་སོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིང་སླ། །མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་སྤྲེལ། མཛུབ་མོ་གཉིས་རྩེ་མོ་སྦྱར་ལ་བཟློག་སྟེ་སྤྱི་བོར་གཞག་པ་འདི་ནི་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱའོ། །ཡང་རྡོ་རྗེ་ཞགས་པས་དེ་ཉིད་བཅིང་པར་བྱ་སྟེ། ཧཱུཾ་བཛྲ་པཱ་ཤ་དྲཱིཿ་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཁྲིག་མ་མདུད་པ་བྱས་པ་ནི་རྡོ་རྗེ་ཞགས་པའོ། །རྡོ་རྗེ་བ་དན་གྱིས་ནུབ་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་བཛྲ་པཱ་ཏང་གི་པཱ་ཏང་གི་ནི་ར་ཊ་རྡོ་རྗེ་བསྡམས་པའི་མཐེ་བོང་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བྱས་ལ། མཛུབ་མོ་གཉིས་མཉམ་ནས་སྲིན་ལག་ཕྱེ་སྟེ། མཐེའུ་ཆུང་གཉིས་བ་དན་གྱིར་ཙེ་མོ་ལྟར་བྱས་པ་ནི་བ་དན་གྱི་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་ནག་མོས་བྱང་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་ཧྲཱིཿ་བཛྲ་ཀཱ་ལི་རུ་ཊ་མ་ཊ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ཉིད་སྙིང་གར་བཞག་ལ་བརྟན་པར་བྱས་པ་ནི་རྡོ་རེ་ནག་མོའིའོ། །རྡོ་རྗེ་རྩེ་མོས་ལྷོ་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་བཛྲ་ཤི་ཥ་ར་རུ་ཊ་མ་ཊ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རི་བོ་འདེགས་པའི་ཚུལ་དུ་བྱ་བ་ནི་རྡོ་རྗེ་རྩེ་མོའི་ཕྱག་རྒྱའོ། །རྡོ་རྗེ་ལས་ཀྱི་དཀྱིལ་འཁོར་བཅིང་བར་བྱའོ། །ཧཱུཾ་བཛྲ་ཀརྨ་ཡཾ་ཧཱུཾ་ཞེས་བྱ་བ་རྡོ་རྗེ་ཧཱུཾ་མཛད་ཀྱི་རབ་བྱས་ནས་རྡོ་རྗེ་བསྡམས་པས་རྡོ་རྗེ་དྲ་བ་བྱའོ། །སྔགས་ནི་བཛྲ་བྷནྡྷ་བཾ། དེའི་རྗེས་ལ་སྒོ་དབྱེ་བའི་ཕྱག་རྒྱས་སྒོ་ཕྱེ་ལ། རྡོ་རྗེའི་རྒྱུའི་རང་བཞིན་ཅན་གྱི་གསང་བའི་དཀྱིལ་འཁོར་ཞལ་བཞི་པ། ཕྱག་བཞི་པ་བཛྲ་མཎྜལ་ཧཱུཾ་ཛཿ་ཞེས་བྱ་བའི་ཕྱག་རྒྱ་དང་བཅས་པས་དགུག་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་དང་མཐེ་བོང་རྡོ་རྗེར་བྱ་བ་ནི་དཀྱིལ་འཁོར་ཐམས་ཅད་འགུགས་པའོ། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱ། ཨོཾ་མ་ཧཱ་བཛྲ་ཙཀྲ་ཨ་དྷི་ཏིཥྛ་སིདྡྷ་ཧཱུཾ་ཞེས་བྱ་བ་དང་བཅས་པས་དགུག་པ་ནི་དཀྱིལ་འཁོར་དེས་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་འཁོར་ལོ་བསྐོར་བའི་ཚུལ་གྱིས་བསྐོར་བ་ནི་འདིའི་ཕྱག་རྒྱའོ། །དེ་ནས་སེང་ལྡེང་གི་རྡོ་རྗེ་ཕུར་བུ་ཡི་གེ་ཧཱུཾ་ལས་མཐའ་ཡས་དང་རྣམ་པར་རྒྱལ་བ་དང༌། སྤྲིན་སྒྲ་དང༌། གསུས་པོ་ཆེ་ཞེས་བྱ། སྟོད་ཁྲོ་བོའི་གཟུགས་ལ་སྨད་རྡོ་རྗེ་རྩེ་གཅིག་པའི་རྣམ་པར་བསམས་ལ་ཙནྡན་དམར་པོའི་བྱུག་པས་བྱུགས་ཤིང༌། སྲས་བུ་དམར་པོས་བཅིང་བར་བྱས་ལ། ཨོཾ་ཀྲོ་དྷ་


DTG062_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲི་ཏ་མ་ཊ་ཞེས་བྱ་བ་བརྒྱ་རྩ་བརྒྱད་ཟློས་ཤིང་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། དཀྱིལ་འཁོར་གྱི་གྲྭ་བཞིར་རྡོ་རྗེས་བརྡུང་བར་བྱ་བའམ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་བླངས་ལ། ལག་པ་གཡས་པ་རྡོ་རྗེ་རྩེ་གསུམ་པ་ལྟ་བུར་བྱས་པས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། དཀྱིལ་འཁོར་གྱི་གྲྭ་བཞིར་ཇི་སྐད་དུ་བཤད་པའི་ཕུར་བུ་བཞི་སྔགས་འདིས་སྐྱེད་ཅིང་བརྡུང་པར་བྱའོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུ་ཥྚཱཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཡང་ན་ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱཾ་ཧཱུཾ་ཕཊ། ཅེས་བྱ་བ་ཕུར་བུ་བཞི་ལ་ཡོངས་སུ་བཟླས་ལ་འདི་ཉིད་ཟློས་ཤིང་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ་གཡས་པའི་འབར་བའི་རྡོ་རྗེས་བརྡུང་ཞིང་དཀྱིལ་འཁོར་གྱི་གྲྭ་བཞིར་གདབ་པར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་དང༌། ར་བ་དང་དྲ་བ་ཡང་བྱས་ལ། དམ་ཚིག་གི་རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་དེ། རྡོ་རྗེ་གོ་ཆའི་ཕྱག་རྒྱ་ཨོཾ་ཏྲུཾ་ཞེས་བྱ་བའི་སྔགས་དང་བཅས་པས་ལྷ་རྣམས་དང་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ནས། རྡོ་རྗེ་གནོད་སྦྱིན་བཟླས་པའི་བུམ་པས་བསང་གཏོར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་ཁང་པའི་སྒོར་བཞག་ལ་རྡོ་རྗེ་གནོད་སྦྱིན་ཟློས་ཤིང་བདག་ཉིད་དམ། གྲོགས་དང་བཅས་པས་དཀྱིལ་འཁོར་གྱི་ཤར་ནས་བརྩམས་ཏེ་བྱུག་པར་བྱའོ། །དེ་ནས་སློབ་དཔོན་གྱིས་བདག་པོ་ལྔའི་གནས་སུ་ཙནྡན་དང་གུར་གུམ་ལ་སོགས་པས་དཀྱིལ་འཁོར་གྲུ་བཞི་པ་བྱ། ལྷ་ལྷག་མ་རྣམས་ཀྱི་གནས་སུ་ནི་དཀྱིལ་འཁོར་ཟླུམ་པོར་བྱ་ཞིང་རང་རང་གི་སྔགས་ལན་བདུན་བདུན་བཟླས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་ཡིད་ཀྱིས་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་བརྟག་པར་བྱས་ནས་ནམ་མཁའི་ཕྱོགས་ནས་དེ་བཞིན་གཤེགས་པ་ལ་སོགས་པ་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ལ་གུར་གུམ་ལ་སོགས་པའི་ཐིག་ལེ་དེ་རྣམས་སུ་རྣམ་པར་སྣང་མཛད་ལ་སོགས་པའི་རང་རང་གི་སྔགས་ཀྱིས་བཞུགས་སུ་གསོལ་ལ་མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་པར་བྱའོ།།


DTG062_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ་ཉེ་རེག་བྱས་ནས། མཆོད་ཡོན་ལ་མཆོད་ཡོན་གྱི་ཕྱག་རྒྱ་དང༌། ཡི་གེ་ཧཱུཾ་བརྒྱ་རྩ་བརྒྱད་བཟླས་ནས། འདི་སྐད་དུ་བཤད་པའི་མཚན་ཉིད་དང་ལྡན་པའི་བུམ་པར་སྤོས་ཆུ་ཅུང་ཟད་བླུགས་ལ། ཧཱུཾ་ལས་རྡོ་རྗེ་གནོད་སྦྱིན་བསྐྱེད་དེ། རང་གི་ཕྱག་རྒྱ་བཞིས་རྒྱས་བཏབ་ལ་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ནས། མཆོད་ཡོན་ཕུལ་ནས་མཆོད་པ་རྣམ་པ་ལྔ་དང༌། སྒེག་མོ་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་ནས། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་ཡོངས་སུ་བཟུང་བའི་རྡོ་རྗེ་དང་མེ་ཏོག་གི་ལྕུག་མ་ལས་ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་བརྒྱ་རྩ་བརྒྱད་བཟླས་ནས་མེ་ཏོག་གིས་སིལ་མར་གཏོར་ནས་སྤོས་ཀྱང་གཏུལ་བར་བྱའོ། །དེ་བཞིན་དུ་རྡོ་རྗེ་མེ་དང་རྡོ་རྗེ་ཧཱུཾ་མཛད་གཉིས་ཡོངས་སུ་བཟླས་པའི་བདུག་སྤོས་དབུལ་བར་བྱ་ཞིང༌། དཀྱིལ་འཁོར་གྱི་ཞག་ནི་ཐུན་གསུམ་དུ་བཟླའོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྤྱན་སྔར་གཞག་པར་བྱའོ། །བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་དང༌། རྡོ་རྗེ་མེ་དང༌། རྡོ་རྗེ་ཧཱུཾ་མཛད་དང༌། མཱ་མ་ཀཱི་ལ་རེ་རེ་ཞིང་མར་ལ་སོགས་པའི་རྫས་ལས་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །ལྷག་པར་གནས་པའི་སྦྱིན་སྲེག་གི་ཆོ་གའོ། །དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། སྒེག་མོ་ལ་སོགས་པའི་མཆོད་པ་བརྒྱད་དང༌། མེ་ཏོག་ལ་སོགས་པས་ཀྱང་ཡང་དག་པར་མཆོད་ལ་ཕྱག་བྱས་ནས་མཆོད་ཡོན་ཕུལ་ལ། སློབ་མ་ལྷག་པར་གས་པར་བྱའོ། །དེ་ལ་རེ་ཞིག་དང་པོར་ལེགས་པར་ཁྲུས་བྱས་ལ། གོས་གཙང་མ་བགོས་ཤིང་ལག་པར་མེ་ཏོག་ཐོགས་པའི་སློབ་མས། སློབ་དཔོན་ལ་ཕྱག་བྱས་ལ་འདི་སྐད་ཅེས་བརྗོད་དུ་གཞུག་གོ །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོས་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །བྱང་ཆུབ་སེམས་ཀྱང་སྩལ་དུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་སྩལ་དུ་གསོལ། །ཐར་པ་ཆེན་པོས་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་བགྱི། །དེ་ནས་སློབ་


DTG062_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱིས་སློབ་མའི་སྙིང་གར་ཧཱུཾ་ལས་རྡོ་རྗེ་བསྐྱེད་ལ། ཁུ་ཚུར་གཡས་པས་རྡོ་རྗེ་བཟུང་སྟེ། སྙིང་པོ་དེའི་སྙིང་གར་གཞག་པར་བྱའོ། །སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁ་ཞེས་བྱ་བ་བརྗོད་ནས་དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག་པར་བྱ་སྟེ། རྟོག་པ་མ་ལུས་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་གསོན། །བརྗོད་པས་བློ་ལ་རྡོ་རྗེ་སེམས་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །དབང་མེད་བདག་གིས་མི་དགེ་བགྱིས་པ་དང༌། །རྗེས་སུ་ཡི་རང་ཡང་ན་བགྱིད་སྩལ་གང༌། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་མ་ལུས་སོ་སོར་བཤགས་པར་བགྱི། །བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང༌། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་པ་ལའང༌། རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ༌། །ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིང༌། །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པ། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་རབ་སྟེ། །དམན་པའི་འཇིགས་པ་ཉིད་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྤྲུལ་གྱི་དུག་བཅོམ་ཞིང༌། །བློ་གྲོས་རྣམ་རྒྱལ་ཐུགས་རྗེ་ཆེར་ལྡན་པའི། །བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབས་སུ་མཆི། །སྲིད་དང་བྲལ་བ་རྣམས་ལ་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པ། །སྙིང་རྗེའི་རྩ་པ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་རྣམ་གསུམ་གཟུང་བར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་བསྐྱབ་པར་བྱ་ཕྱིར་རམ། །རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩྭ་སོགས་བཞིན་དུ་བཏང༌། །དེ་བཞིན་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་བླ་ན་


DTG062_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ནི། །བདག་དང་གཞན་རྣམས་དག་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བགྱི། །བདེ་བར་གཤེགས་པའི་སྔགས་ལ་མཁས་པ་ཡི། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་ཕྱིར། །ཁྱད་འཕགས་གནས་ལ་བདག་ནི་གནས་པར་བགྱི། །ཞེས་བྱ་བ་ལན་གསུམ་བརྗོད་དོ། །བདག་ནི་དེ་སྐད་ཅེས་བརྗོད་པའི་དགེ་བའི་རྩ་བ་འདིས། བདག་གིས་ལོག་པའི་བསམ་པ་ཐམས་ཅད་ཡོངས་སུ་གཏང་བར་བགྱིའོ། །བདག་གིས་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་བསྐྱེད་པར་བགྱིའོ། །བདག་གིས་སེམས་ཅན་ཐམས་ཅད་ཐེག་པ་ཐམས་ཅད་དང༌། ཐབས་ཀྱི་བྱེ་བྲག་ཐམས་ཅད་ཀྱིས་བཏུལ་ནས། མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་རབ་ཏུ་གཞག་པར་བགྱིའོ། །བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཀྱང༌། སེམས་ཅན་འགའ་ཡང་ཡོངས་སུ་མྱ་ངན་ལས་འདས་པ་མེད་དོ་ཞེས་སེམས་བསྐྱེད་པར་བགྱིའོ། །བདག་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་དུ་རྗེས་སུ་རྟོགས་པར་བགྱིའོ། །བདག་གིས་མ་ཡེངས་པའི་སེམས་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སེམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བགྱིའོ། །བདག་གིས་ཐེག་པ་གཅིག་གི་ཚུལ་དུ་གནས་པར་ཡང་རྟོགས་པར་བགྱིའོ། །བདག་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་གནས་པའི་སོ་སོར་རྟོགས་པར་བྱ་བའི་ཕྱིར་བསླབ་པར་བགྱིའོ། །བདག་ནི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ་སོར་རྟོགས་པར་བྱ་བའི་ཕྱིར་མངོན་པར་བརྩོན་པར་བགྱིའོ། །དེ་བཞིན་དུ་བདག་གིས་སངས་རྒྱས་ཀྱི་ཆོས་ཚད་མེད་པ་མ་ལུས་པའི་བར་ལ་མངོན་པར་གནས་པར་བྱ་བའི་ཕྱིར་མངོན་པར་བསྒྲུབ་པར་བགྱིའོ། །འདི་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ་


DTG062_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། འདི་ཉིད་ནི་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོའོ། །དེའི་དགེ་བའི་རྩ་བ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྫོགས་པར་བྱས་པའི་སྟོབས་ཀྱིས་བདག་སེམས་བསྐྱེད་པ་འདི་ལ་གནས་པས་ཀུན་དུ་བཟང་པོའི་སྤྱོད་པ་ཞེས་བྱ་བ་སྒོ་མཐའ་ཡས་པ་ལ་གནས་པ་མཐའ་མེད་པར་གྱུར་པ་རྫོགས་པར་བྱས་ནས་གདུལ་བྱའི་འགྲོ་བའི་ཚོགས་མ་ལུས་པ་རྣམས་ལ་སྤྱོད་པའི་རབ་ཏུ་དབྱེ་བའི་སྒོ་མང་པོ་བསྟན་པས་ཡང་དག་པར་མགུ་བར་བྱ་བ་དང༌། ཡང་དག་པར་དགའ་བར་བྱ་བ་དང༌། ཡང་དག་པར་གཟེངས་བསྟོད་པ་ལ་ངེས་པར་སྦྱར་བར་བགྱིའོ། །སྔོམ་པ་དོན་དུ་གཉེར་བ་ལ་བསླབ་པའི་གཞི་ལྔ་འཛིན་དུ་གཞུག་གོ །དེ་ནས་སློབ་མའི་ལག་ཏུ་རྡོ་རྗེ་དྲིས་དྲི། མེ་ཏོག་གིས་མེ་ཏོག་སྦྱིན་ཞིང་བདུག་པས་ཀྱང་སློབ་མ་ཡང་དག་པར་བདུགས་ལ། མར་མེ་མས་མར་མས་སྣང་བར་བྱའོ། །དེ་ནས་ཨུ་དུམ་བཱ་རའམ་ཨ་ཤྭདྠའི་སོ་ཤིང་སྤོས་དང༌། མེ་ཏོག་ལ་སོགས་པ་དང་ལྡན་པ་ལ་ཁྲོ་བོ་རྡོ་རྗེ་བཞད་པ་བཟླས་པ་དང༌། ཀུ་ཤ་སར་པ་མ་ཉམས་པ་ལ་ཁྲོ་བོ་རྡོ་རྗེ་རྣོན་པོ་བཟླས་ལ་དེ་ལ་སྦྱིན་པར་བྱའོ། །དེ་ནས་ཁྲོ་བོ་རྡོ་རྗེ་སྲུང་བ་བཟླས་པའི་སྲུང་སྐུད་མདུད་པ་གསུམ་དང་ལྡན་པ། དེའི་དཔུང་པ་གཡོན་པར་བདག་ཉིད་ཀྱིས་བཅིང་བར་བྱ་ཞིང༌། རྡོ་རྗེ་སེམས་དཔའི་གཙུག་ཏོར་གྱིས་ཡང་དག་པར་བསྲུང་བ་དང༌། བྱམས་པའི་གོ་ཆ་བསྐོན་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བཞིན་བཟངས་ལོངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱོས་ཤིག །ནང་པར་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་རོ། །དེ་ནས་ཉི་མ་འཆར་ཀའི་དུས་སུ་ལྷ་ཐམས་ཅད་དེ་བཞིན་དུ་བར་སྣང་ལ་བཞག་སྟེ། དཀྱིལ་འཁོར་གྱི་གནས་སྤོས་ཆུས་བྱུགས་ལ་མེ་ཏོག་ལ་སོགས་པས་ཀྱང་མཛེས་པར་བྱས་ནས། ཚོན་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། དཀར་པོ་དྲི་ཞིམ་པོས་བསྒོས་པས་སྲད་བུ་སོ་སོར་ཁ་བསྒྱུར་ལ་གོ་རིམས་འདི་ཉིད་ཀྱིས་བཞག་ནས་ཧཱུཾ་ཏྲཱ་ཧྲཱིཿ་ཨ་ཨཱ་ཞེས་བྱ་བ་རང་གི་ས་བོན་འདི་ལས་བྱུང་བའི་ཐིག་གི་འོད་ཟེར་གྱིས་མི་བསྐྱོད་པ་ལ་སོགས་པ་རང་རང་གི་ཕྱོགས་ན་བཞུགས་པར་ཡང་དག་པར་བཏང་


DTG062_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང། འབར་བའི་ལྕགས་ཀྱུས་དྲངས་ཏེ་རང་གི་ལག་ན་གནས་པའི་སྲད་བུ་ལེགས་པར་དགང་བར་བྱ་ཞིང༌། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿ་སྥ་ར་སྥ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿ་ཨ་ཏྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཧཱུཾ་ཞེས་ཟློས་ཤིང་བསྒྲིལ་བར་བྱའོ། །དེ་ནས་སྲད་བུ་དེ་ཙནྡན་བཟང་པོ་ལ་སོགས་པས་བྱུགས་པའི་གསེར་གྱི་སྣོད་ལ་སོགས་པར་བཞག་ལ། མེ་ཏོག་གིས་མཆོད་དེ་རྡོ་རྗེ་བསྡམས་པས་བཟུང་ལ་ཐིག་གདབ་པའི་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་བདག་པོ་རྣམས་ཀྱི་སྔགས་ཀྱང་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ལ་ཕྱག་བྱས་ནས་ལངས་ཏེ་ཡིད་ཀྱིས་རྣམ་པར་སྣང་མཛད་དུ་གྱུར་ནས། ཕྱག་ན་རྡོ་རྗེའི་ཐུགས་ཀ་ནས་རྡོ་རྗེའི་གྲོགས་མཆོག་ཧཱུཾ་ཞེས་བྱ་བ་འདིས་ཁྲོ་བོའི་རྡོ་རྗེ་ལས་ཀྱི་གཟུགས་སུ་དབྱུང་བར་བྱའོ། །ཡང་དེ་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་གྱུར་པ་ལ་མིག་གཡས་དང་གཡོན་གཉིས་སུ་ཡི་གེ་ཛ་ལས་ཟླ་བ་དང་ཉི་མ་སེར་པོ་སྣང་བ་བསྐྱེད་ལ། ཛ་ཞེས་བྱ་བས་སྒྲུབ་པའི་གྲོགས་མཆོག་གི་ལག་དུ་སྲད་བུ་དེ་བཏང་ལ། སྲད་བུ་དང་པོ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ་ཕྱིས་ནི་ཅི་བདེར་བྱ་ཞིང་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་བསམ་མོ། །ཕྱོགས་ཀུན་མཉམ་པ་ཉིད་དམིགས་ལ། །མཁས་པས་དཀྱིལ་འཁོར་ཐིག་གདབ་སྟེ། །ཤར་དང་ནུབ་དང་བྱང་དང་ལྷོར། །ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། །ཨོཾ་བཛྲ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བྱ་བ་འདི་དང༌། སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་སེམས་ཅན་གྱི་དོན་གྱི་ཕྱིར་འདིར་གཤེགས་སུ་གསོལ་ཞེས་བསྐུལ་བར་བྱའོ། །གྲྭ་བཞིར་བྱ་ཞིང་སྒོ་བཞིར་གདོད། །རྟ་བབས་བཞིས་ཀྱང་རབ་ཏུ་བརྒྱན། །སྲད་བུ་བཞི་དང་ལྡན་པ་སྟེ། །དར་དང་ཕྲེང་བས་ཤིན་ཏུ་བརྒྱན། །ཟླ་བ་ཕྱེད་པར་རབ་གནས་པའི། །ཁྱམས་ཀྱིས་ཡོངས་སུ་བསྐོར་བ་དང༌། །དྲ་བ་དྲ་ཕྱེད་དག་གིས་སྤྲས། །སྒོ་རྣམས་དང་ནི་རྒྱན་ཆ་ཅན། །རླུང་གིས་སྤྱོད་པ་སྣ་ཚོགས་མཆོག །བ་དན་དྲིལ་བུ་སྒྲ་སྒྲོགས་པ། །ཁྱམས་ནི་མེད་པར་གྱུར་པའི་སྒོ། །མེ་ཏོག་


DTG062_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཆུན་འཕྱང་རྒྱན་གྱིས་བསྐོར། །དཀྱིལ་འཁོར་ཀུན་གྱི་གྲྭ་རྣམས་དང༌། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་བརྒྱན་པར་ནི། །དཀྱིལ་འཁོར་ཕྱི་རིམ་སྲད་བུ་བྲེ། །ཤེས་རབ་ཅན་གྱིས་དེ་ནང་དུ། །རྡོ་རྗེ་རིན་ཆེན་གྱིས་བརྒྱན་ཏེ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་དང་རྟ་བབས་བཅས། །རྡོ་རྗེ་ཀ་བའི་ནང་ལོགས་སུ། །དཀྱིལ་འཁོར་ལྔ་ཡིས་བརྒྱན་པ་སྟེ། །དེ་ལྟར་དཀྱིལ་འཁོར་སྲད་བུ་བྲེ། །སྲད་བུ་བྲེས་པ་ཚོན་གྱིས་དགང༌། །ལྷག་མ་ནི་ཕྱིའི་དཀྱིལ་འཁོར་ཡིན་པར་བལྟའོ། །གལ་ཏེ་བགེགས་ཟློག་པར་བྱེད་འདོད་པར་གྱུར་ན་སེང་ལྡེང་གི་ཕུར་བུ་སྟོད་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ལ། སྨད་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་ལ་སྔ་མ་བཞིན་དུ་རྡོ་རྗེ་ཕུར་བུའི་སྔགས་བཟླས་ཏེ་དཀྱིལ་འཁོར་གྱི་ལྟེ་བར་རྡོ་རྗེས་བརྡུང་བར་བྱའོ། །ཡང་དཀྱིལ་འཁོར་གྱི་ལྟེ་བའི་དབུས་སུ་སྔར་བསྟན་པའི་ཕུར་བུ་དང་འདྲ་བའི་ཕུར་བུ་གཞན་དག་ལ་ཕུར་བུའི་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་པས་གོ་རིམས་འདི་བཞིན་དུ་བགེགས་ཐམས་ཅད་ལ་ཕུར་བུས་གདབ་པར་བྱའོ། །ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་ལྟེ་བ་ལ་བཏགས་པའི་སྲད་བུས་བསྐོར་ཕྱོགས་སུ། ཕྱིའི་དཀྱིལ་འཁོར་ཟླུམ་པོ་དང༌། འོད་ཀྱི་དཀྱིལ་འཁོར་ཐིག་གདབ་པའི་ཡང་ཕྱི་རོལ་དུ། དེ་བཞིན་དུ་འཁོར་ཡུག་ཆེན་པོར་ཟླུམ་པོར་ཐིག་ལེགས་པར་གདབ་པར་བྱའོ། །འོད་ཀྱི་དཀྱིལ་འཁོར་དེར་གྲོག་མཁར་གྱི་ས་ལ་སོགས་པས་བགེགས་ཀྱི་གཟུགས་བརྙན་བྱས་ནས་བརྒྱ་བྱིན་གྱི་གཟུགས་བརྙན་རང་གི་ཕྱོགས་ན་གནས་པ་ལ་ཨི་ལས་བརྒྱ་བྱིན་སེར་པོ། མེ་ལ་སོགས་པའི་གཟུགས་བརྙན་ལའང་དེ་བཞིན་ཏེ། རཾ་ལས་མེ་ལྷ་དམར་པོའོ། །ཨོཾ་ཧཾ་ལས་གཤིན་རྗེ་ནག་པོའོ། །ཀྲཾ་ལས་སྲིན་པོ་ནག་པོ། བམ་ལས་ཆུ་ལྷ་དཀར་པོ། ཡང་ལས་རླུང་ལྷ་དུད་ཀ །ཕཊ་ལས་ལུས་ངན་པོ་སེར་པོ། སུམྦྷ་ལས་དབང་ལྡན་དཀར་པོ་བསྐྱེད་ལ་འདོད་པའི་རྒྱལ་པོས་བཀུག་སྟེ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ནས་ཕུར་བུས་གདབ་བོ། །ཤིན་ཏུ་ཡུན་རིང་དུ་བགེགས་མེད་པར་བྱེད་འདོད་ནས་ས་


DTG062_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དགབ་པར་བྱའོ། །དེ་ལྟར་ན་ཡང་གལ་ཏེ་བགེགས་བྱེད་ན་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་བྱས་ལ་འདོད་པའི་རྒྱལ་པོས་བཀུག་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་ཀྱང་དགུག་པ་ལ་སོགས་པ་བྱས་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ། རྐང་པ་གཡོན་པས་བགེགས་ཀྱི་གཟུགས་བརྙན་མནན་ཏེ། ཧཱུཾ་བཾ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་སྤེལ་བའི་ཚུལ་གྱིས་ཟློས་ཤིང་གཡོན་བརྐྱང་བའི་གནས་པས་གནས་ན། དེ་ལྟ་བུས་བགེགས་བཅོམ་པར་འགྱུར་རོ། །ཡང་ན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྔོན་དུ་བྱ་བའི་རྗེས་ཐོགས་ལ། ཨ་ལས་རྣམ་པར་སྣང་མཛད་དུ་གྱུར་ནས། རྒྱུད་ལས་གསུངས་པའི་རྣམ་པར་སྣང་མཛད་ཀྱི་སྐུར་ངེས་པར་བསམས་ལ། རང་གི་སྙིང་གནས་ཧཾ་ལས་འཕགས་པ་མི་གཡོ་བ་ཡིད་ཀྱིས་ཕྱུང་སྟེ། བཛྲ་ཧཾ་བནྡྷ་ཞེས་ཡིད་ལ་ཟློས་ཤིང༌། ཕྱིའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་རླུང་གི་མཚམས་སུ་དྲིས་ཐིག་ལེ་བདུན་བྱས་ཏེ། ཐིག་ལེ་རེ་རེ་ཞིང་ཡང་ནང་དུ་ཆུད་པར་བྱས་ལ། དབུས་མ་དང་ཐིག་ལེ་བདུན་དང་ལྡན་པར་བྱའོ། །ཐིག་ལེ་བདུན་པོ་དེ་དག་ཀྱང་རླུང་ལྷ་བདུན་པོ་མདོག་ནག་པོ་རི་དགས་ལ་ཞོན་པར་བསམས་ལ། འཕགས་པ་མི་གཡོ་བས་བཀུག་ནས་ཞགས་པས་བཅིངས་པར་གྱུར་པར་བསམ་མོ། །དེ་རྣམས་ཀྱི་དབུས་མ་གཅིག་ནི་གཙོ་བོ་ཡིན་ལ། ལྷག་མ་རླུང་ལྷ་དྲུག་ནི་དེའི་འཁོར་དུ་ཀུན་ནས་གནས་པ་ཡིན་ནོ། །དེ་ནས་ཁམ་ཕོར་ཨ་ལས་རི་རབ་ཏུ་བསམས་ལ། དེའི་སྟེང་དུ་ཨ་ཉིད་ལས་དབང་ཆེན་གྱི་དཀྱིལ་འཁོར་ཐམས་ཅད་དུ་རྡོ་རྗེས་གཡོགས་ལ། དབུས་སུ་ཡི་གེ་ཧཱུཾ་གི་ས་བོན་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་མཚམས་རྣམས་སུ་མདུང་རྩེ་རྣམ་པར་བསམས་ལ། དེ་བཞིན་དུ་བཛྲ་ཧཾ་བནྡྷ་ཞེས་ཟློས་ཤིང་ཁམ་ཕོར་དེས་ཇི་སྐད་བཤད་པའི་ཡི་གེ་ཡཾ་བདུན་པོ་དགབ་པར་བྱའོ། །དེ་ནས་ཁམ་ཕོར་དང་རི་རབ་ཀྱི་སྟེང་དུ་ཡི་གེ་ཨོཾ་ལས་སྔར་བཤད་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསམས་ལ། འཕགས་པ་མི་གཡོ་བ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཡོན་བརྐྱང་བའི་གནས་པས་རི་རབ་བཟུང་ནས་རལ་གྲི་དང་ཞགས་པས་རླུང་ལྷ་རྣམས་ལ་བསྡིགས་པ་མཛད་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་རླུང་ལྷ་ཐམས་ཅད་བཅིང་བར་


DTG062_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པར་འགྱུར་རོ། །དེ་ནས་ཆུ་ལ་སོགས་པའི་བགེགས་བཟློག་པ་བཤད་པར་བྱ་སྟེ། ཡི་གེ་ཧཱུཾ་ལས་འཕགས་པ་མི་གཡོ་བ་རླུང་དང་མེའི་དཀྱིལ་འཁོར་ལ་གནས་པར་བདག་ཉིད་བསྐྱེད་ལ། གྲོག་མཁར་གྱི་སའམ། བའི་ལྕི་བ་ས་ལ་མ་ལྷུང་བ་ལས་བགེགས་ཀྱི་གཟུགས་བརྙན་བྱས་ནས། ཡི་གེ་ཁཾ་ལས་རལ་གྲི་དང༌། རཾ་ལས་ནང་ན་མེ་ཡོད་པར་བསྐྱེད་ཅིང༌། ཀྵཾ་ལས་ཞགས་པ་དང༌། ལྕགས་ཀྱུ་བསྐྱེད་དེ། དེ་ལག་པ་གཡོན་པས་བཟུང་ལ། ལག་པ་གཡས་པས་རལ་གྲི་དང༌། ཞགས་པས་དྲངས་ནས་བགེགས་ཀྱི་གཟུགས་བརྙན་གྱི་ནང་དུ་བཅུག་སྟེ། གཡོན་བརྐྱང་བའི་གནས་པས་གནས་ལ། རྐང་པ་གཡོན་པས་སྤྱི་བོ་ནས་བཙིར་ནས། ན་མཿ་ས་མནྟ་བཛྲཱ་ཎཱཾ་ཙཎྜ་མ་ཧཱ་རོ་ཥ་ན་སྥོ་ཊ་ཡ་ཧཱུཾ་ཊ་ག་ཧཾ་མཾ་ཞེས་ཟློས་ཤིང་གཟུགས་བརྙན་དེ་རལ་གྲིས་གཏུབ་པར་བྱ་བའམ། དུག་དང་སྐེ་ཚེ་དང་ལན་ཚྭ་ལ་སོགས་པས་གཟུགས་བརྙན་ལ་བསྐུས་ལ་མེ་ཡིས་གདུང་བར་བྱའོ། །མེ་ཡིས་གདུངས་པས་དེ་ཉིད་ཀྱང༌། །ཞི་བར་འགྱུར་བར་ཐེ་སོམ་མེད། ཚངས་པའམ་བརྒྱ་བྱིན་ཡིན་ན་ཡང༌། །དེའི་མདོ་ལ་མྱུར་དུ་ཚིག །ཅེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་སོ། །ལས་འདི་ཡང་འཕགས་པ་མི་གཡོ་བའི་རྣལ་འབྱོར་གྱིས་གསང་སྔགས་འདི་ཁྲི་བཟླས་པའི་སྔོན་དུ་བསྙེན་པ་བྱས་ནས་དེའི་འོག་ཏུ་ལས་བརྩམ་པར་བྱའོ། །ཡང་ན་ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་འདིས་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་སྐུ་མདོག་ནག་པོ་ཞལ་བཞི་པ་ཕྱག་བཞི་པ་ཞབས་དྲུག་པ། ཕྱག་གཡས་གཉིས་ན་རལ་གྲི་དང་དགྲ་སྟ་བསྣམས་པ། ཕྱག་གཡོན་གཉིས་ན་ཞགས་པ་དང་གཏུན་ཤིང་བསྣམས་པ། ལྷོ་ཕྱོགས་སུ་ཁྲོ་བོའི་ཚོགས་རྣམས་ཀྱིས་ནམ་མཁའི་གཏོས་ཀུན་དུ་གང་བར་མཛད་པ་བསམས་ལ། མདུང་ཐུང་གི་ཕྱག་རྒྱ་བཅིངས་ཏེ། སྤྲིན་ལ་སོགས་པ་བཟློག་པའི་བསམ་པས་ཚམ་རྔམ་དང་བཅས་པས་རབ་ཏུ་སྦྱར་བར་བྱའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། མཛུབ་མོ་གཉིས་ནང་སྦྱར་བ་ནི་མདུང་ཐུང་གི་ཕྱག་རྒྱའོ། །དེ་ལྟར་ན་ཡང་གལ་ཏེ་བགེགས་རྣམས་ཞི་བར་མ་གྱུར་ན། ཁམ་ཕོར་སོ་


DTG062_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཏང་བ་གཉིས་ཀྱི་ནང་དུ་ཁྲག་དང་དུར་ཁྲོད་ཀྱི་སོལ་བ་དང༌། དུག་དང་སྐེ་ཚེ་དང༌། ད་དུ་རའི་ལོ་མའི་ཁུ་བས་གསང་སྔགས་བྲིས་ལ། ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། ཁམ་ཕོར་ཁ་སྦྱར་ཏེ་དེའི་ནང་དུ་བཞག་ལ། མིའི་བགེགས་ལ་སོགས་པ་བསམས་ཏེ། སྲེག་བླུགས་བརྒྱའམ་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་དེ་དག་འཇིགས་པའམ། འཆི་བའམ། མི་མ་ཡིན་པས་གཟུང་བར་འགྱུར་རོ། །ཡང་ན་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་ཡི་གེ་ཧཱུཾ་བཟླས་བརྗོད་འབུམ་བྱས་ལ། མི་རུས་ཀྱི་རྒྱུ་ལས་བྱས་པའི་ཕུར་བུ་སོར་བཞི་པའི་ཚད་ཙམ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ནས་དེ་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་བྱས་ནས་གཟུགས་བརྙན་ཕུར་བུས་གདབ་པར་བྱའོ། །དེ་ནས་མེའི་ཚ་བ་ཞི་བ་བཤད་པར་བྱ་སྟེ། མེའི་སྟེང་དུ་ཡི་གེ་བཾ་ལས་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་པདྨའི་དབུས་ན་གནས་པའི་འཁོར་ལོ་དེའི་སྟེང་དུ་ཡི་གེ་བཾ་དེ་ཉིད་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུང་དང་ཀུན་ད་ལྟར་དཀར་བ་སྟེང་ན་བཞུགས་ཏེ། མཚོ་ཆེན་པོ་མ་དྲོས་པ་འདྲ་བའི་རྒྱ་མཚོ་ཆེན་པོ་བཞི་ལས་ཆུ་བོ་ཆེན་པོ་བཞི་འབབ་པ་ལྟ་བུའི་ཆར་གྱི་རྒྱུན་སར་པས་ཕྱོགས་བཅུར་འགེངས་པར་འགྱུར་བར་བསམ་པར་བྱའོ་རྡོ་རྗེ་སྤྱན་ཅན་དང་རྡོ་རྗེ་མེ་ལྟར་འབར་བས་ཀྱང་ཁམ་ཕོར་གྱི་རི་རབ་དང་ཕུར་བུས་ཡུང་དག་པར་བསྲུངས་ལ་རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་འཇིགས་བྱེད་ཀྱི་སྤྱན་དག་གིས་དེ་རྣམས་ཀྱི་ནམ་མཁའ་བཅིང་བར་བྱས་ལ་རྡོ་རྗེ་བསྡམས་པས་རྡོ་རྗེ་དྲལ་བར་བྱའོ། །ཡང་ན་མངོན་སྤྱོད་ཀྱི་སྦྱིན་སྲེག་གིས་བགེགས་རྣམས་བཟློག་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་ན་གནས་པའི་ཕུར་བུ་ཧཱུཾ་བཞིས་བཏོན་ལ། རང་གི་ལག་ན་གནས་པའི་རྡོ་རྗེ་བཅུག་སྟེ་འོག་ནས་བཤད་པའི་ཚོན་སྣ་ལྔས་ཕུར་བུའི་བུ་ག་བཀང་ལ་མཉམ་པོར་བྱས་ནས་ཐིག་སྐུད་ཚོན་དཀར་པོ་དྲི་ཞིམ་པར་སྤངས་པ་གདབ་པར་བྱའོ། །དེ་ལྟར་ཐིག་ལེགས་པར་བཏབ་ནས་ཧི་ཞེས་བྱ་བ་ལས་མིག་གཡས་པ་དང་གཡོན་པར་ཉི་མ་དང་ཟླ་བ་བསྐྱེད་ལ་ཁྲོ་བོའི་ལ་བས་ཀུན་དུ་བལྟས་ལ་སྒོ་རྣམས་དབྱེའོ། །དེ་ནས་ཚོན་རྩི་བྱིན་གྱིས་བརླབ་པར་


DTG062_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡེ་ཧཱུཾ། ཞེས་བྱ་བ་འདིས་ཕྱག་རྒྱ་དང་ལྡན་པས་ཚོན་རྩི་ཐམས་ཅད་ལ་ལན་བདུན་བཟླས་ན་རྡོ་རྗེའི་དབང་བཞིན་དུ་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེའི་ཕྱག་རྒྱ་གཉིས་ལས་ནི། མཛུབ་མོའི་རྩེ་མོ་མཉམ་སྦྱར་བ། །བྱས་ནས་ཚོན་རྩི་ཐམས་ཅད་ནི། །འབར་བའི་ལྟ་བས་དགུག་པར་བྱའོ། །ཧི་ཞེས་བྱ་བ་དང་རྡོ་རྗེ་ཉི་མའི་དམ་ཚིག་གི་ཕྱག་རྒྱ་མཐར་སྤར་བར་བྱའོ། །དེ་ལ་འབར་བའི་ལྟ་བ་ནི་འདི་ཡིན་ཏེ། རབ་ཏུ་འབར་བ་མིག་བསྒུལ་ཞིང༌། །མིག་གི་རྫི་མ་འགུགས་བྱེད་པ། །ལྟ་བ་གཟི་ཅན་ཡིན་པར་བཤད། །འགྲོ་བ་ཐམས་ཅད་འགུགས་བྱེད་པའོ། །དཱི་པྟི་དྲྀ་ཥྚ་ཨཾ་ཀུ་ཤ་ཛཿཞེས་བྱ་བ་འདི་ཡང་མིག་ཏུ་དགོད་དོ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་ཟློས་ཤིང་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་གཡས་ནས་བསྐོར་བས་ཚོན་རྩི་དགྱེ་པར་བྱ་སྟེ། ཕྱིས་ཅི་བདེ་བར་བྱའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། དཀར་པོའོ། །དེ་ཡང༌། སྔོན་པོ་རྡོ་རྗེ་རྩེ་རང་བཞིན། །གཉིས་པ་གསེར་ལ་དམིགས་པ་སྟེ། །པདྨ་རཱ་གའི་རང་བཞིན་གཞན། །དེ་བཞིན་གཞན་དག་མ་རྒད་འདྲ། །དཀར་པོ་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་བཤད། །ཅེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །ཤར་ཕྱོགས་སུ་ནི་སྔོན་པོ་སྟེ། །ལྷོར་ནི་སེར་པོ་དང་ལྡན་པ། །ནུབ་ཀྱི་ཆ་ནི་དམར་པོ་སྟེ། །བྱང་ནི་ལྗང་གུ་ཡང་དག་ལྡན། །དབུས་ཀྱིས་ཡི་ཆ་ཉིད་ནི། །ཤེལ་ལྟར་སྣང་བ་བླ་ན་མེད། །རྟག་ཏུ་རྡོ་རྗེ་དྲིལ་འཆང་ཞིང༌། །རབ་མཉམ་གཞག་པས་བྲི་བར་བྱའོ། །ཡང་ན་སྔ་མ་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་ལས་བྱས་ནས། གསེར་རམ་དངུལ་ལས་བྱས་པའམ། ས་ཡང་རུང་སྟེ་ལེགས་བྲིས་པའི། །ཕ་གུ་གྲུ་བཞིར་བྱས་པ་ལ། །སངས་རྒྱས་གཟུགས་ནི་གཞག་པར་བྱ། ཨོཾ་བཛྲ་ཛྭ་ལ་ཨགྣི་པྲ་དཱིཔྟ་ཨཱ་ཀཪྵ་ཡ་སརྦ་ཐཱ་ག་ཏ་མ་ཧཱ་བཛྲ་ས་མ་ཡ་ཧཱུཾ་ཛཿསངྶ་རྒྱས་སྤྱན་སྔར་རྡོ་རྗེ་ནི། །འབར་བས་བསྐོར་བ་གཞག་པར་བྱ། །དེ་བཞིན་རིན་ཆེན་འོད་བསྐོར་བ། །པདྨོ་རྡོ་རྗེ་ཀུན་དེ་བཞིན། །


DTG062_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ནི་འདིས་བྱའོ། །ཨོཾ་བཛྲ་སཏྭ་བཛྲི་ཛྭ་ལ་མཱ་ལ་ཧཱུཾ་ཕཊ། ཨོཾ་རཏྣ་བཛྲི་ཛྭ་ལ་མཱ་ལ་ཧཱུཾ་ཏྲཱཾ། ཨོཾ་དྷ་རྨ་བཛྲི་ཛྭ་ལ་མཱ་ལ་ཧཱུཾ་ཏྲཱིཿ། ཨོཾ་ཀརྨ་བཛྲི་ཛྭ་ལ་མཱ་ལ་ཧཱུཾ་ཨཱཿརྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །སངས་རྒྱས་སྤྱན་སྔར་དེ་བཞིན་དུ། །མཁས་པས་ཆོ་ག་བཞིན་བྲི་བ། །རྡོ་རྗེ་ཧཱུཾ་མཛད་དཀྱིལ་འཁོར་རོ། །དེ་ལ་རྡོ་རྗེ་ཤུགས་ཀྱི་སྙིང་པོ་ནི་འདི་ཡིན་ནོ། །ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ། དེ་ནས་འདི་ཡི་ཕྱག་རྒྱ་བཤད། །ཡིད་ཀྱིས་རི་མོ་བཏེག་ནས་ནི། །རྡོ་རྗེ་སྲད་བུའམ་གཞན་ཡང་རུང༌། །ཕྱིར་བྱུང་ནང་དུ་ཞུགས་ཀྱང་ནི། །དམ་ཚིག་འགལ་བར་དེ་མི་འགྱུར། །དེ་ཡི་དབུས་སུ་སེམས་དཔའ་ཆེ། །ཕྱག་ན་རྡོ་རྗེ་བྲི་བ་ནི། །ཨུཏྤལ་ཆེ་སྔོ་མཚེར་བའི་མདོག །རྡོ་རྗེ་ཧཱུཾ་མཛད་བསྡུས་པ་ནི། །ཁྲོ་དང་བཅས་པས་འཛུམ་པའི་ཞལ། །གཡོན་བརྐྱང་ཚུལ་དུ་གནས་པ་སྟེ། །འབར་བའི་ཕྲེང་བས་འཁྲིགས་པའི་འོད། །གཡོན་པའི་ཞབས་ཀྱི་མཐིལ་གྱིས་ནི། །དབང་ཕྱུག་ཆེན་པོ་མནན་པར་བྱ། །གཡས་པའི་ཞབས་ཀྱིས་ཨུ་མ་ཡི། །ནུ་མའི་སྟེང་དུ་གནོན་པ་བྲི། །འདི་ཡི་སྙིང་པོ་འདི་ཡིན་ནོ། །ཧཱུཾ་ཨོཾ་ནི་སུམྦྷ་བཛྲ་བིདྱོཏྟ་མ་ཧཱུཾ་ཕཊཿཅེས་བྱ་བ་དང༌། ཨོཾ་བཛྲ་ཤཱུལ་ཞེས་བྱ་བའི་སྙིང་པོ་གཉིས་ནི་ལྷ་ཆེན་པོའིའོ། །ཨོཾ་ཀྲོ་དྷ་བཛྲ་ཨགྣི་ཛྭཱ་ལ་ཡ་ཏྲི་ཤཱུ་ལཾ་བྷིནྡ་བཛྲ་ཧྲྀ་ད་ཡཾ་བཛྲེ་ཎ་ཧཱུཾ་ཕཊ། ཅེས་པ་ནི་ཨུ་མའིའོ། །དེ་ཡི་ཕྱོགས་ནི་ཐམས་ཅད་དུ། །རྡོ་རྗེ་ཁྲོ་བོ་གཞག་པ་ནི། །ཁྲོས་པ་མཆེ་བ་འབྱུང་བ་སྟེ། །འབར་བའི་ཕྲེང་བས་འཁྲིགས་པའི་འོད། །དེ་ནས་དེ་དག་གི་སྙིང་པོ་ནི་འདི་ཡིན་ནོ། །ཨོཾ་བཛྲ་སཏྭ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀརྨ་ཀྲོ་དྷ་རཱ་གཱ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཏུཥྚི་ཀྲོ་དྷ་སཱ་དྷུ་སཱ་དྷུ་ཧཱུཾ་ཕཊ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དཀྱིལ་འཁོར་དམ་པ་གཉིས་པར་ཡང༌། །དེར་ནི་རྡོ་རྗེ་དབང་བསྐུར་བ། །རྡོ་རྗེ་ཁྲོ་བོས་བསྐོར་བ་བྲི། །དེ་ནས་དེ་རྣམས་ཀྱི་སྙིང་པོ་ནི་འདི་ཡིན་ནོ། །ཏྲཱཾ་ཨོཾ་བཛྲ་བི་ཤུདྡྷེ་ཀྲོ་དྷ་ཧ་ར་ཧ་ར་ཧཱུཾ་ཕཊ། ཨོཾ་བཛྲ་སཱུ་ཪྻ་མ་ཧཱ་ཛྭ་ལ་མ་ལ་ཀྲོ་དྷ་ཛྭ་ལ་ཡ་སརྦ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཀེ་ཏུ་དེ་ཧི་ཧཱུཾ་ཕཊ། ཨོཾ་བཛྲ་ཨཱཏྟ་ས་ཏ་ཀྲོ་དྷ་ཧ་ཧ་ཧ་ཧ་ཧཱུཾ་ཕཊ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དཀྱིལ་འཁོར་དམ་པ་གསུམ་པ་


DTG062_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཡང། །རྡོ་རྗེའི་སྡེ་ནི་བྲི་བར་བྱ། །ཁྲོ་བོ་བདག་ཉིད་ཆེན་པོས་བསྐོར། །དེ་ནས་དེ་རྣམས་ཀྱི་སྙིང་པོ་བཤད་དོ། །ཧྲཱིཿཨོཾ་བཛྲ་དྷརྨ་ཀྲོ་དྷ་བི་ནཱ་ཤ་ཡ་བི་ཤོ་དྷ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཏཱིཀྵྞ་ཀྲོ་དྷ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀེ་ཏུ་ཀྲོ་དྷ་པྲ་བེ་ཤ་ཡ་མཎྜལེ་སརྦ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བྷཱ་ཥ་བ་ད་བ་ད་ཧཱུཾ་ཕཊ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དཀྱིལ་འཁོར་དམ་པ་བཞི་པར་ཡང༌། །རྡོ་རྗེ་དབབ་པ་བྲི་བ་ནི། །རྡོ་རྗེ་ཁྲོ་བོའི་ཚོགས་ཀྱིས་བསྐོར། །དེ་ནས་དེ་རྣམས་ཀྱི་སྙིང་པོ་བཤད་དོ། །ཨཿཨོཾ་བཛྲ་ཀརྨ་ཧཱུཾ་ཕཊ། ཨོཾ་བཛྲ་ཀ་པ་ཙ་ཀྲོ་དྷ་རཀྵ་ཧཱུཾ་ཕཊ། ཨོཾ་བཛྲ་ཡ་ཀྵ་ཀྲོ་དྷ་ཁཱ་ད་ཁཱ་ད་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མུཥྛི་སཱ་དྷ་ཡ་ས་མ་ཡ་ཧཱུཾ་ཕཊ། དཀྱིལ་འཁོར་གྱི་ནི་གྲྭ་རྣམས་སུ། །རྡོ་རྗེ་དབྱིངས་ཀྱི་ཚུལ་བཞིན་དུ། །ཇི་ལྟར་གོ་རིམས་བཞིན་དུ་ནི། །གསང་བའི་མཆོད་པ་ཀུན་བྲིའོ། །དེ་ནས་དེ་རྣམས་ཀྱི་སྙིང་པོ་ནི་འདི་ཡིན་ནོ། །ཨོཾ་བཛྲ་ལཱ་སྱ་རཱ་ག་ཡེ་ཧཱུཾ་ཕཊ། ཨོཾ་བཛྲ་མཱ་ལེ་ཨ་བྷི་ཥིཉྩ་ཧཱུཾ་ཕཊ། ཨོཾ་བཛྲ་གཱི་ཏེ་ག་ཏ་ཧཱུཾ་ཕཊ། ཨོཾ་བཛྲ་ནྲྀ་ཏྱེ་བ་ཤཾ་ཀུ་རུ་ཧཱུཾ་ཕཊ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དཀྱིལ་འཁོར་དམ་པའི་ཕྱི་རོལ་ཏུ། དེ་ཡི་གྲྭ་རྣམས་ཉིད་དུ་ནི། །མཆོད་པའི་ལྷ་མོ་བཞིན་རྣམས་བཞག །དེ་ནས་དེ་རྣམས་ཀྱི་སྙིང་པོ་ནི་འདི་ཡིན་ནོ། །ཨོཾ་བཛྲ་དྷཱུ་པེ་པཱུ་ཛ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཕཊ། ཨོཾ་པུཥྤེ་པཱུ་ཛ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཕཊ། ཨོཾ་བཛྲ་ཨཱ་ལོ་ཀེ་པཱུ་ཛ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཕཊ། ཨོཾ་བཛྲ་གནྡྷེ་པཱུ་ཛ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཕཊ། སྒོ་རྣམས་ཀུན་གྱི་དབུས་སུ་ནི། །ལྕགས་ཀྱུ་ལ་སོགས་གཞག་པར་བྱ། །དཀྱིལ་འཁོར་ཕྱི་རོལ་གནས་རྣམས་སུ། །ཕྱིའི་རྡོ་རྗེའི་རིགས་རྣམས་སོ། །དེ་ནས་དེ་དག་གི་སྙིང་པོ་བཤད་དེ། །ཨོཾ་བཛྲ་ཨོཾ་ཀུ་ཤ་མ་ཧཱ་ཀྲོ་དྷ་ཨཱ་ཀཪྵ་ཡ་སརྦས་མ་ཡ་ན་ཧཱུཾ་ཛཿ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པྲ་བེ་ཤ་ཡ་སརྦ་ས་མ་ཡ་ན་ཧཱུཾ་ཧཱུཾ་ཨོཾ་བཛྲ་སྥོ་ཊ་མ་ཧཱ་ཀྲོ་དྷ་བནྡྷ་བནྡྷ་སརྦ་ས་མ་ཡ་ན་ཧཱུཾ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཡ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་སརྦ་ས་མ་ཡ་ན་ཧཱུཾ་ཧོཿ། ཕྱིའི་དཀྱིལ་འཁོར་གྱི་ཁྱམས་ལ། ཤར་ཕྱོགས་སུ་བྱམས་པ་དང༌། མཐོང་བ་དོན་ཡོད་དང༌། ངན་སོང་ཐམས་ཅད་སྦྱོང་བ་དང༌། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་རྡོ་རྗེ་རྩེ་ལྔ་པ་བསྣམས་པར་བྲིའོ། །


DTG062_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ཕྱོགས་སུ་སྤོས་ཀྱི་གླང་པོ་དང༌། དཔའ་བར་འགྲོ་བ་དང༌། ནམ་མཁའ་མཛོད་དང༌། ཡེ་ཤེས་ཏོག་རིན་པོ་ཆེ་བསྣམས་པར་བྲིའོ། །ནུབ་ཕྱོགས་སུ་འོད་དཔག་ཏུ་མེད་པ་དང༌། ཟླ་བའི་འོད་དང༌། བཟང་སྐྱོང་དང༌། དྲ་བ་ཅན་གྱི་འོད་པདྨ་བསྣམས་པར་བྲིའོ། །བྱང་གི་ཆར་རྡོ་རྗེ་སྙིང་པོ་དང༌། བློ་གྲོས་མི་ཟད་པ་དང༌། སྤོབས་པ་བརྩེགས་པ་དང༌། ཀུན་དུ་བཟང་པོ་སྣ་ཚོགས་རྡོ་རྗེ་བསྣམས་པར་བྲིའོ། །ཡང་ན་འཁོར་བ་འཇིག་དང༌། གསེར་ཐུབ་དང༌། འོད་སྲུངས་དང༌། ཤཱཀྱ་ཐུབ་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་བཞི་པོ་མ་གཏོགས་པ། བྱམས་པ་ལ་སོགས་པ་བསྐལ་བ་བཟང་པོའི་བྱང་ཆུབ་སེམས་དཔའ་བཞིས་སྟོང་དུ་མ་ཚང་བར་ཤར་ཕྱོགས་ནས་བརྩམས་ཏེ་ཁྱམས་ལའོ། །ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་མ་ཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ། ཞེས་བྱ་བའི་རིག་པ་འདིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བྲི་བར་བྱའོ། །ཡང་ཕྱིའི་དཀྱིལ་འཁོར་གྱི་ཁྱམས་ལ་ཤར་ཕྱོགས་སུ་སྒྱུ་མའི་རྡོ་རྗེ། རྡོ་རྗེ་དྲིལ་བུ། ཐུབ་པའི་རྡོ་རྗེ། རྡོ་རྗེ་མཚོན་ཆ་ཆུང་མ་དང་བཅས་པ། ལྷོར་བདུད་རྩི་འཁྱིལ་པ། རྡོ་རྗེ་འོད། རྡོ་རྗེ་དབྱིག་པ། རྡོ་རྗེ་གསེར་སྨུག་ཆུང་མ་དང་བཅས་པའོ། །ནུབ་ཏུ་རྡོ་རྗེ་གླང་པོ་སྣ། རྡོ་རྗེ་ཕྲེང་བ། རྡོ་རྗེ་དབང༌། རྡོ་རྗེ་རྣམ་པར་རྒྱལ་བ། རྡོ་རྗེ་གཏུན་ཤིང༌། རྡོ་རྗེ་རླུང༌། རྡོ་རྗེ་མེ། རྡོ་རྗེ་འཇིགས་པ་ཆུང་མ་དང་བཅས་པར་རོ། །བྱང་ཕྱོགས་སུ་ནི་རྡོ་རྗེ་ལྕགས་ཀྱུ། རྡོ་རྗེ་དུས། རྡོ་རྗེ་བགེགས་ཀྱི་གཙོ་བོ། རྡོ་རྗེ་ཆུ་ཀླུང་ཆུང་མ་དང་བཅས་པ་བྲི་བར་བྱའོ། །ཁྱབ་འཇུག་ལ་སོགས་པ་འདི་དག་ཐམས་ཅད་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱི་སྐུའི་ཕྱེད་ཀྱི་ཚད་ཙམ་དུ་ཐམས་ཅད་ཁྱམས་ལ་བརྟེན་པར་བྱའོ་ཞེས་རྡོ་རྗེ་རྩེ་མོ་ལས་གསུངས་པ་ཡིན་ནོ། །དེ་ནས་རྡོ་རྗེ་གསེར་ལ་སོགས་པ་འདི་རྣམས་ཀྱི་སྙིང་པོ་དང་རིག་རྣམས་བཤད་དོ། །ཨོཾ་བཛྲ་ཙཀྲ་ཧཱུཾ། ཨོཾ་བཛྲ་ཧེ་མེ་ཚིནད་ཙ་ཀྲེ་ན་བཛྲི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་གྷཎྜ་ཀེ་ཧཱུཾ། ཨོཾ་བཛྲི་ནི་ཀཽ་མ་རཱི་ཤཱི་གྷྲཾ་ཨཱ་བེ་ཤ་ཡ་གནྡྷ་ཤ་བདེ་ན། བཛྲ་པཱ་ཎི་པཱི་ཡེ་བཛྲ་ས་མ་ཡེ་མ་ནུ་སྨྲ་ར་ར་ཎ་ཧཱུཾ་ཕཊ། ཨོཾ་བཛྲ་དནྟ་ཏིཥྛ་ཧཱུཾ། ཨོཾ་བཛྲ་ཤཱནྟི་ཛ་པ་ཛེ་པ་ཨ་ཀྵ་མ་ལ་ཡ་སརྦ་ན་མཱ་ར་ཡ་ཤཱནྟ་ཏིཥྛ་ཧཱུཾ་ཕཊ། ཨོཾ་བཛྲ་ཨ་ཡུ་དྷ་ཧཱུཾ་ཕཊ། ཨོཾ་བཛྲ་མུཥྚི་ཧ་ན་ཧ་ན་


DTG062_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲེ་ཎ་བྷི་ནྡ་བྷིནྡ་པི་ཌ་ཡ་སརྦ་དུ་ཥྚཱཾ་ཧྲྀ་ད་ཡ་ནི་ཨོཾ་སུམྦྷ་ཧཱུཾ་ཕཊ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཕཊ། ཨོཾ་བཛྲ་ལི་ཏ་དཱི་པྟ་བཛྲ་ཧཱུཾ་ཕཊ། ཨོཾ་ཨ་མྲྀ་ཏེ་སརྦ་དུ་ཥྚཱཾ་གྲྀ་ཧྣ་བནྡྷ་ན་ཧ་ན་པ་ཙ་བིདྷྭ་ནྶ་ཡ་བི་ནཱ་ཤ་ཡ་ཚིནད་བྷིནྡ་བྷ་སྨི་ཀུ་རུ་མུ་རྟ་ན་ཧ་ད་ཡ། བཛྲེ་ཎ་ཡེ་ཀེ་ཙི་ཏ་མ་མ་ཨ་མུ་ཀ་སྱ་བི་གྷྣ་བི་ནཱ་ཡ་ཀ་སྟྭཾ་ད་མ་ཡ་དཱི་པྟ་ཀྲོ་དྷ་བཛྲི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་སོ་མྱ་ཧཱུཾ། ཨོཾ་བཛྲ་ཀནྟི་མཱ་ར་ཡ་སོ་མྱ་རཱ་པེ་པྲ་དཱི་པྟ་རཱ་གེ་ན་ཤཱི་གྷྲཾ་སྥོ་ཊ་ཡ་ཧྲྀ་ད་ཡ། བཛྲ་དྷ་ར་ས་ཏྱེ་ན་མ་ཧཱ་བཛྱོ་ད་ན་ཀ་ར་ལི་ཤི་ཏ་ར་ཤྨི་བཛྲི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་ད་ཎྜ་ཧཱུཾ་ཕཊ། ཨོཾ་བཛྲ་དཎྜ་ཨ་གནི་གྷ་ཏ་ཡ་ཧཱུཾ་ཕཊ། ཨོཾ་བདྲ་པི་ཀྲྀ་ཏ་ཧཱུཾ་ཕཊ། ཨོཾ་བཛྲ་མེ་ཁ་ལེ་ཁ་ཎི་ཁ་ཎུ་ཤ་བདེ་ན་བི་ཤ་ཀུ་རུ་ཏྲིཥྚ་མཱ་ར་ཡ་བི་ཤ་ནི་ཧཱུཾ་ཕཊ། ཨོཾ་བཛྲ་མ་དེ་ཧཱུཾ་ཕཊ། ཨོཾ་བཛྲ་བི་ལ་ཡེ་ཧཱུཾ། ཚིནད་ཨ་སི་ན་བྷིནྡ་བཛྲེ་ཎ་མཱ་ར་ཡ་ཨུནྨ་ད་ཡ་བི་བ་བི་བ་ཧཱུཾ་ཕཊ། ཨོཾ་བཛྲ་མཱ་ཡ་ཧཱུཾ། ཨོཾ་བཛྲ་ཨཱ་ཤ་ན་ནི་བྷ་ཀྵ་ཡ་སརྦ་དུ་ཥྚཱ་ན་བཛྲ་ད་ཤ་ནི་ཤཀྟི་ད་ར་ཎི་མ་ནུ་ཥ་མཱཾ་ས་ཨཱ་ཧ་རེ་ན། ན་ར་རུ་དྷི་རབ་ས་པྲི་ཡ་མཛྫ་ས་མུ་ལེ་བ་ཎ་བི་ལི་བཏ་ག་ཏེ་ཨ་ན་ཡ་སརྦ་དྷ་ན་དྷ་ནྱ་ཧི་ར་ནྱ་སུ་བརྞ་ཨ་ཏྲི་ཎི་སཾ་ཏྲ་མ་ཡ་བ་ར་ཏེ་བཀྵི་ནི་ཧཱུཾ་ཕཊ། ཨོཾ་བཛྲ་མ་དྷ་ཧཱུཾ། ཨོཾ་བཛྲ་བ་ཤི་ནི་ཨ་ན་ཡ་བྷ་སྨིཾ་ཀུ་རུ་སརྦ་པུ་རུ་ཥ་དྷ་སི་ཀུ་རུ་ཏྲུཾ་དྷ་མ་པྲ་སཱ་ད་ཡ་བྱ་བ་ཧ་ར་བྷྱོ། བྷཱུ་ཏ་བ་ར་བི་ཛ་ཡཾ་ཀ་རི་བཛྲ་པ་ཏི་ཀ་ར་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་མ་སི་ཧཱུཾ། ཨོཾ་བཛྲ་བ་སི་ནི་ཨ་ན་ཡ་སརྦ་བྶྟྲཾ། ཨཎྞ་བ་ན་དི་ཏྱུ་པ་ཀ་ར་ཎཱ་ཎི་ཤཱི་གྷྲཾ་བ་ཤཱི་ཀུརྦི་དམྨེ་པྲ་ཡཙྪ་ཨ་བི་ཤ་ས་ཏྱཾ་ཀ་ཐ་ཡ། བཛྲ་ཀོ་ཤ་དྷ་རི་ཎི་ཧཱུཾ་ཕཊ། ཨོཾ་མུ་ས་ལ་ཧཱུཾ་ཕཊ། ཨོཾ་བཛྲ་དྷུ་ཏི་ཨ་ན་ཡ་སརྦཾ་མཎྜལཾ་པྲ་ཛ་ཤ་ཡ། ཨཱ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། སརྦ་ཀརྨ་ཎི་མེ་ཀུ་རུ་ཤཱི་གྷྲཾ་ཤཱི་གྷྲཾ། ལ་གྷུ་ལ་གྷུ་ཏྲཱ་ས་ཡ་མཱ་ར་ཡ། ན་རཱ་བེ་ཎ་བཛྲ་ཁ་ཊྭཱཾ་ག་དྷ་རི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་པ་ཏ་ཧཱུཾ་ཕཊ། ཨོཾ་བཛྲ་བེ་ག་བཛྲི་ནི་གྷུ་གྷུ་གྷུ་གྷུ་ཤ་བདེ་ན་མཱ་ར་ཡ། བི་ག་རི་བི་དྷྭ་ནྶ་ཡ་བཛྲ་པ་ཏ་དྷ་རི་ནི་ཧཱུཾ་ཕཊ། ཨོཾ་བཛྲ་ཛྭ་ལ་ནི་ཧཱུཾ། ཨོཾ་བཛྲ་ཛྭ་ལ་ཡ་སརྦཾ་བཛྲ་ཛྭ་ལ་ཡ་ད་ཧ་ད་ཧ་བྷ་སྨིཾ་ཀུ་རུ་ཧཱུཾ་ཕཊ། ཨོཾ་བཛྲ་གྲ་ཧ་ཧཱུཾ། ཨོཾ་བཛྲ་བཀྟེ་པྲ་བཀྟ་དཾཥྚྲ་ཀ་ར་ཡ་བྷི་ཥ་ཎ་ན་བཀྟེ་ཤཱི་གྷྲཾ་གྲྀ་ཧྞ་ཨཱ་བེ་ཤ་ཡ། བྷ་ཀྵ་ཡ་རུ་དྷི་ར་ཎ་པི་བ་མ་ཧཱ་ཡ་ཀྵ་ཎི་བཛྲ་པཱ་ཤ་དྷ་རི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་དཾཥྚ་ཧཱུཾ། ཨོཾ་བཛྲ་མུ་ཁ་ཨ་ན་ཡ་


DTG062_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་དཾ་ཥྚྲེ་བ་ཡ་ཎ་ཀེ་པཱ་ཏཱ་ལ་ནི་བ་སི་ནི་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་མུ་ཁེ། པྲ་བེ་ཤ་ཡ། སྥོ་ཊ་ཡ། མརྨ་ཎཱི་སརྦ་དུཥྚཱ་ན་བཛྲི་ཎི་སིདྡྷ་ཨ་དྷ་རི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མ་ར་ཎ་ཧཱུཾ། ཨོཾ་བཛྲ་ཀཱ་ལི་མ་ཧཱ་པྲེ་ཏ་རཱུ་བི་ནི་མ་ནུ་ཥ། མཱཾ་ས་རུ་དྷིར་བྲི་ཡེ་ཨེ་ཧྱེ་ཧི་གྲྀ་ཧྞ་གྲྀ་ཧྞ་གྲྀཧྞ་བྷ་ཀྵ་ཡ་བཛྲ་ཌཱ་ཀི་ནི་བཛྲ་ཤཾ་ཀ་ལེ་སརྦ་དེ་བ་ག་ཎ་མ་ཏྲ་བྷཱུ་ཏེ་ཧ་ར་ཧ་ར་པྲཱ་ཎཱ་ན་ཨ་མུ་ཀ་སྱ་ཀ་པཱ་ལ་ཨ་ལཾ་ཀྲྀ་ཏ་སརྦ་ཀཱ་ཡེ་ཀི་ཉྩིར་ཡ་སི། བཛྲ་ཁ་ཊྭཱཾ་ག་དྷ་རི་ནི་ཎི་པྲེ་ཏ་མ་ཎུ་ཥ། ཤ་རཱི་རེ་ཤཱི་གྷྲཾ། ཨཱ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ་བ་ཤི་ཀུ་རུ་མཱ་ར་ཡ་བཛྲ་རཀྵ་སི་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བིགྷྣཾ་ཧཱུཾ། ཨོཾ་བཛྲ་བྷཱུ་ཏ་ནེ་མ་ནུ་ཥ་མཱནས་བ་ས་རུ་དྷི་ར་མུ་ཏྲ་པུ་རི་ཤླེ་ཥྨ་ཤིཾ་གྷ་ན། ཀ་རེ་ཏོ་གརྦྷ་ཧཱ་རི་ཎཱ་ཡ་ཧི་ཤཱི་གྷྲཾ་ཨི་དཾ་ཨ་མུ་ཀ་སྱ་ཀུ་རུ་བཛྲ་ཤོ་དྷ་ནི་ཀ་ད་རི་ནི་སརྦ་ཀརྨ་ཎི་མེ། ཀུ་རུ་ཀུ་རུ་ཧཱུཾ་ཕཊ། ཨོཾ་བཛྲ་ཧ་ར་ཎ་ཧཱུཾ་ཕཊ། ཨོཾ་བཛྲ་མ་ཀ་རེ་གྲ་ས་ཤཱི་གྷྲཾ། པྲ་བེ་ཤ་ཡ། པཱ་ཏཱ་ལཾ་བྷ་ཀྵ་ཡ་བཛྲ་མ་ཀ་ར་དྷ་ར་ནི་ཧཱུཾ་ཕཊ། མེའི་མཚམས་ནས་བརྩམས་ཏེ། བསྐོར་ཕྱོགས་སུ་བྷི་མ་དང༌། དཔལ་མོ་དང༌། དབང་ལྡན་མ་དང༌། དཀའ་ཐུབ་བཟློག་མ་ཡང་འདིས་བྲི་བར་བྱའོ། །ཨོཾ་སརྦ་ག་མི་ནི་སརྦ་བྷ་ཀྵེ་སཱ་དྷ་ཡ་གུ་ཧྱ་བཛྲ་ཎི་ཧཱུཾ་ཕཊ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཟླ་བའི་མདོག་ཅན་ཞལ་བཞི་པ། རྡོ་རྗེ་སྐྱིལ་མོ་ཀྲུང་དང༌། ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་སྔོན་པོ་ཇི་སྐད་བཤད་པའི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། ཁྲོ་བོ་རྡོ་རྗེ་སེམས་དཔའ་ཡང་སྐུ་མདོག་སྔོན་པོ། རྒྱལ་པོ་གསེར་གྱི་མདོག་ཅན། ཆགས་པ་དམར་པོ། ལེགས་པ་མརྒད་ཀྱི་མདོག་ཅན། རིན་ཆེན་ཧཱུཾ་མཛད་དང༌། རྡོ་རྗེ་རིན་ཆེན་གསེར་གྱི་མདོག་ཅན། ཉི་མ་མདོག་དམར་པོ། རྒྱལ་མཚན་ནམ་མཁའི་མདོག་ཅན་བཞད་པ་དཀར་སེར། ཆོས་ཀྱི་ཧཱུཾ་མཛད་དང༌། རྡོ་རྗེ་ཆོས་ཀྱང་སྐུ་མདོག་དཀར་དམར། རྣོན་པོ་ནམ་མཁའི་མདོག་ཅན། རྒྱུ་གསེར་གྱི་མདོག་ཅན། སྨྲ་བ་ཟངས་ཀྱི་མདོག་ཅན། ལས་ཀྱི་ཧཱུཾ་མཛད་དང༌། ཁྲོ་བོ་རྡོ་རྗེ་ལས་སྣ་ཚོགས་བའི་མདོག་ཅན། སྲུང་བ་གསེར་གྱི་མདོག་ཅན་གནོད་སྦྱིན་ནག་པོ། ཁུ་ཚུར་སེར་པོ། ཁྲོ་བོ་སྒེག་མོ་སྔོན་མོ། ཁྲོ་མོ་ཁུ་


DTG062_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་གཉིས་ཀྱིས་རྡོ་རྗེ་གཉིས་བསྣམས་ཏེ། རྡོ་རྗེ་བསྙེམས་པའི་ཚུལ་གྱིས་ཆུང་ཟད་འདུད་པ། ཆ་ལང་བརྡུང་བ་ལ་སོགས་པའི་ལྷ་མོ་བཞིས་བསྐོར་བ། ཕྲེང་བ་མ་སེར་མོ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་ཕྲེང་བ་འཛིན་པ། མན་ཏ་ལི་ཀ་བརྡུང་བའི་ལྷ་མོ་བཞིས་བསྐོར་བ། གླུ་མ་མདོག་དམར་གྱི་པི་ཝང་ལེན་པ་ལ་བརྩོན་པས་གནས་པའི་ལྷ་མོ་བཞིས་བསྐོར་བ། གར་མ་སྣ་ཚོགས་བའི་མདོག་ཅན། ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་བསྣམས་ཏེ་གར་བྱེད་པ་ལ་བརྩོན་པ། མུ་ཀུན་ད་ཐོགས་པ་གནས་པའི་ལྷ་མོ་བཞིས་བསྐོར་ཏེ་གནས་པའོ། །བདུག་པ་མ་མདོག་སྔོ་བ་གཡོན་པའི་ཁྲོ་བོ་ཁུ་ཚུར་སྡིགས་མཛུབ་བསྒྲེང་བ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་སྤོས་ཁང་བསྣམས་པ། རུ་དུང་འབུད་པ་ལ་བརྩོན་པའི་ལྷ་མོ་བཞིས་བསྐོར་བ། མེ་ཏོག་མ་སེར་བ། ཕྱག་གཡོན་པ་མེ་ཏོག་གི་སྣོད་ཐོགས་ནས། གཡས་ཀྱིས་མེ་ཏོག་གི་ཆར་འབེབས་པ། པ་ཊ་ཧ་ཐོགས་པའི་ལྷ་མོ་བཞིས་བསྐོར་ཏེ་བཞུགས་པ། མར་མེ་མ་མདོག་དཀར་དམར། གཡོན་པའི་ཁུ་ཚུར་སྡིགས་མཛུབ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་མར་མེའི་སྡོང་བུ་བསྣམས་པ། ཏི་མི་ལ་བདུག་པ་ལ་བརྩོན་པའི་ལྷ་མོ་བཞིས་བསྐོར་བ་བྱུག་པ་མ་སྣ་ཚོགས་པའི་མདོག་ཅན། ཕྱག་གཡོན་པས་དྲིས་གང་བའི་དུང་ཆོས་བསྣམས་པ། གཡས་པས་དྲི་འཐོར་བ་དྷ་ཀ་བརྡུང་བ་ལ་བརྩོན་པའི་ལྷ་མོ་བཞིས་བསྐོར་བ། ལྕགས་ཀྱུ་སྔོན་པོ་ཞགས་པ་སེར་པོ། ལྕགས་སྤྲོག་དཀར་དམར། དྲིལ་བུ་སྣ་ཚོགས་བའི་མདོག་ཅན། བསྐལ་བ་བཟང་པོའི་མཐར་ཐུག་པ་འདི་དག་ཐམས་ཅད་ཀྱང་གང་ལ་ཁྱད་པར་གྱི་བདག་མེད་པ་དེར་ནི་གཡོན་བརྐྱང་བའི་གནས་པས་བཞུགས་པ། ཐུགས་ཀར་ཁྲོ་བོའི་སྡིགས་མཛུབ་བསྒྲེང་པ་ལ་བརྩོན་པ། གཡས་པ་རྡོ་རྗེ་ཁུ་ཚུར་གྱིས་རང་གི་མཚན་མ་བསྣམས་ཏེ་ཚམ་ངམ་གྱི་ཚུལ་གྱིས་བཞུགས་པའོ། །གཞན་ཡང་དྲག་པོ་ལ་སོགས་པ་ཕྱི་རོལ་གྱི་རྡོ་རྗེའི་རིགས་ཡང་དག་པར་བྲི་བར་བྱའོ། །དེ་ལ་དྲག་པོ་ནི་མདོག་དཀར་པོ་ལག་པ་བཞི་པ། གཡས་ཀྱི་ལག་པ་གཅིག་གིས་ཨུ་མལ་འཁྱུད་པ། གཉིས་པ་རྡོ་རྗེ་རྩེ་གསུམ་པ་དང་བཅས་པས་


DTG062_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྦྱིན་པ། གཡོན་པ་གཅིག་གིས་མདུང་རྩེ་གསུམ་པ། གཉིས་ཁ་ཊྭཱཾ་ག་འཛིན་པ་ཁྱུ་མཆོག་ལ་ཞོན་པ། སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཡོད་པ། རིན་པོ་ཆེའི་ཅོད་པ་ན་ཟླ་བ་ཕྱེད་པས་བརྒྱན་པ། མགྲིན་པ་སྔོ་བར་བྲི་བར་བྱ་སྟེ། །པ་ཤུ་པ་ཏི་ནཱི་ལ་ཀཎྛ་ཨུ་མ་བྲི་ཡ་ཞེས་སྨོས་པའི་ཕྱིར་རོ། །ཁྱབ་འཇུག་མདོག་ནག་པོ་ལག་པ་བཞི་པ། གཡས་པ་གཉིས་ན་དབྱིག་པ་དང་རྡོ་རྗེ་ཐོགས་པ། གཡོན་གཉིས་ན་དུང་དང་འཁོར་ལོ་ཐོགས་པ། ནམ་མཁའ་ལྡིང་ལ་ཞོན་པའོ། །རྡོ་རྗེ་སེར་མོ་ནི་གསེར་གྱི་མདོག་ཅན། ལག་པ་ན་མཚོན་ཆ་དང༌། སྟན་ཁྱབ་འཇུག་དང་འདྲའོ། །རྡོ་རྗེ་དྲིལ་བུ་ནི་མདོག་དམར་པོ་གདོང་དྲུག་པ། ལག་པ་གཡས་གཉིས་ན་མདུང་ཐུང་དང་རྡོ་རྗེ་ཐོགས་པ། གཡོན་གཉིས་ན་ཁྱིམ་བྱ་དང་དྲིལ་བུ་ཐོགས་པ། རྨ་བྱ་ལ་ཞོན་པའོ། །རྡོ་རྗེ་གཞོན་ནུ་མ་ནི་རྡོ་རྗེ་དྲིལ་བུ་དཀྲོལ་པར་ཤེས་པར་བྱའོ། །ཐུབ་པའི་རྡོ་རྗེ་ནི་གསེར་གྱི་མདོག་ཅན། གདོང་བཞི་པ་ལག་པ་བཞི་པ། གཡས་གཉིས་ན་རྡོ་རྗེ་དང་བགྲང་ཕྲེང་ཐོགས་པ། གཡོན་གཉིས་ན་དབྱུག་པ་དང་སྤྱི་བླུགས་ཐོགས་པ། ངང་པ་ལ་ཞོན་པའོ། །རྡོ་རྗེ་ཞི་བ་མ་ནི་ཚངས་པ་དང་འདྲ་བར་ཤེས་པར་བྱའོ། །རྡོ་རྗེ་མཚོན་ཆ་ནི་མདོག་སེར་བ་ལག་པ་གཡོན་ན་རང་གི་རྡོ་རྗེ་ཐོགས་པ། གཡས་ན་འཇིག་རྟེན་ལས་འདས་པའི་རྡོ་རྗེ་ཐོགས་པ། གླང་པོ་ཆེ་དཀར་པོ་ལ་ཞོན་པ། རྡོ་རྗེ་ཁུ་ཚུར་ནི་རྡོ་རྗེ་མཚོན་ཆ་དང་འདྲ་བར་ཤེས་པར་བྱའོ། །ཁྲོ་བོ་རྡོ་རྗེ་འཁྱིལ་པ་ནི་མདོག་དམར་པོ། ལག་པ་གཡས་ཀྱིས་པདྨ་དང་བཅས་པའི་རྡོ་རྗེ་ཐོགས་པ། གཡོན་ན་པདྨ་དང་བཅས་པའི་ཉི་མའི་དཀྱིལ་འཁོར་བསྣམས་པ། རྟས་དྲངས་པའི་ཤིང་རྟ་ལ་ཞོན་པའོ། །རྡོ་རྗེ་མི་འཆི་བ་ནི་ཁྲོ་བོ་རྡོ་རྗེ་འཁྱིལ་པ་དང་འདྲ་བ་ཉིད་དོ། །ཁྲོ་བོ་རྡོ་རྗེ་འོད་ནི་མདོག་དཀར་པོ། ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་པདྨ་དང་བཅས་པའི་ཟླ་བ་ཐོགས་པ། དང་པ་ལ་ཞོན་པའོ། །རྡོ་རྗེ་མ་དངས་ནི་ཁྲོ་བོ་རྡོ་རྗེ་འོད་དང་འདྲ་བའོ། །ཁྲོ་བོ་རྡོ་རྗེ་དབྱིག་པ་ནི་མདོག་སྔོན་པོ། །གཡས་ན་རྡོ་རྗེ་ཐོགས་པ། གཡོན་ན་དབྱིག་པ་ཐོགས་པ། རུས་སྦལ་ལ་ཞོན་པའོ། །དབྱུག་མཆོག་མ་ནི་ཁྲོ་བོ་རྡོ་རྗེ་དབྱུག་པ་དང་འདྲའོ། །ཁྲོ་བོ་རྡོ་རྗེ་སེར་སྨུག་ནི།


DTG062_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དམར་པོ་ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་ན་མི་མགོ་ཐོགས་ནས་ཟ་ཞིང་གནས་པ། རྡོ་རྗེ་རྐེད་འཆིངས་མ་ནི་ཁྲོ་བོ་རྡོ་རྗེ་སེར་སྨུག་དང་འདྲའོ། །རྡོ་རྗེ་གླང་པོའི་སྣ་ནི་ཚོགས་ཀྱི་བདག་པོ་སྟེ། མདོག་དཀར་པོ་ལག་པ་གཡས་ན་རྡོ་རྗེ་ཐོགས་པ་གཡོན་ན་གཤོལ་ཐོགས་ཏེ་གནས་པ་གླང་པོ་ཆེ་ལ་ཞོན་པ། རྡོ་རྗེ་འཇུ་མ་ནི་གླང་སྣ་དང་འདྲ་བ་ལས་ཁྱད་པར་ནི་འདི་ཡོད་དེ། འདི་ལྟར་ལག་པ་གཡོན་ན་ཁ་ཊྭཱཾ་ག་ཐོགས་པའོ། །ཚོགས་ཀྱི་བདག་པོ་ཁྲོ་བོ་རྡོ་རྗེ་ཕྲེང་བ་ནི་མདོག་ལྗང་གུ། ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་མེ་ཏོག་གི་ཕྲེང་བ་འཛིན་པ། ཁུ་བྱུག་ལ་ཞོན་པའོ། །རྡོ་རྗེ་ཟ་བ་མོ་ནི་རྡོ་རྗེ་ཕྲེང་བ་དང་འདྲ་བ་ལས། དེ་ལས་ཁྱད་པར་ནི་འདི་ཡོད་དོ། །འདི་ལྟར་ལག་པ་གཡོན་ན་མདུང་རྩེ་ཡོད་པའོ། །རྡོ་རྗེ་དབང་ནི་མདོག་སེར་པོ་ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་ན་ཆུ་སྲིན་གྱི་རྒྱལ་མཚན་འཛིན་པ་ཕག་ལ་ཞོན་པའོ། །རྡོ་རྗེ་རྟ་མགོ་མ་ནི་རྡོ་རྗེ་དབང་དང་འདྲ་བ་ལས། ཁྱད་པར་ནི་འདི་ཡོད་དེ་འདི་ལྟར་ཁ་དོག་དམར་བ་ཡིན་ནོ། །ཚོགས་ཀྱི་བདག་པོ་ནི་རྣམ་པར་རྒྱལ་བ་ནི་མདོག་དམར་པོ། ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་ན་རལ་གྲི་ཐོགས་པ་ཙན་དུ་ཀ་ལ་ཞོན་པའོ། །རྡོ་རྗེ་དགའ་མོ་ནི་རྣམ་པར་རྒྱལ་བ་དང་འདྲའོ། །ཕོ་ཉ་རྡོ་རྗེ་ཐོ་བ་ནི་མདོག་སེར་པོ་ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་ན་སེན་མ་ཛ་ཀ་ནི་ཀ་ཐོགས་པ། བྱི་རྗེ་ཐོགས་པ། གཡོན་ན་གཏུན་ཐོགས་པ། མེ་ཏོག་ཅན་གྱི་དྲིལ་ཞོན་པར་ནི་འདི་ཡོད་དེ། འདི་ལྟར་ལག་པ་གཡོན་ན་ཁ་ཊྭཱཾ་ག་ཐོགས་པའོ། །ཕོ་ཉ་མོ་རྡོ་རྗེ་རླུང་ནི་མདོག་སྔོན་པོ། ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་ན་བ་དན་ཐོགས་པ་རིག་དགས་ལ་ཞོན་པའོ། །ཕོ་ཉ་རྡོ་རྗེ་མ་ནི་མདོག་དམར་པོ་ལག་པ་གཡས་པ་གཉིས་ན་རྡོ་རྗེ་དང་དགང་གཟར་ཐོགས་པ། གཡོན་གཉིས་ན་དབྱུག་པ་དང་སྤྱི་བླུགས་ཐོགས་པ། འོད་ཟེར་གྱེན་དུ་འབར་བ་འབར་བའི་རྩེ་གསུམ་པ། ར་སྐྱེས་ལ་ཞོན་པ། རྡོ་རྗེ་འབར་བ་མོ་ནི་ཕོ་ཉ་རྡོ་རྗེ་འབར་བ་དང་འདྲའོ། །མགྱོགས་མ་རྡོ་རྗེ་མ་ནི་ཕོ་ཉ་རྡོ་རྗེ་རླུང་དང་འདྲའོ། །ཕོ་ཉ་རྡོ་རྗེ་འཇིགས་པ་ནི་མདོག་སྔོན་པོ། ལག་པ་གཡས་ན་རྡོ་རྗེ་གཡོན་ན་དབྱིག་པ་


DTG062_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པ་མི་རོ་ལ་ཞོན་པའོ། །ཕོ་ཉ་མོ་རྡོ་རྗེ་འཁྱོར་མ་ནི་རྡོ་རྗེ་འཇིགས་པ་དང་འདྲ་བ་ལས། ཁྱད་པར་ནི་ལག་པ་གཡོན་ན་ཞགས་པ་ཐོགས་པའོ། །བྲན་མོ་རྡོ་རྗེ་ལྕགས་ཀྱུ་ནི། མདོག་སྔོན་པོ། ལག་པ་གཡས་པ་རྡོ་རྗེ་ཐོགས་པ། གཡོན་ན་ལྕགས་ཀྱུ་ཐོགས་པ་ཀླུའི་རྒྱལ་པོ་ཤེ་ཤ་ལ་ཞོན་པའོ། །བྲན་མོ་རྡོ་རྗེ་ཁ་ནི་མདོག་སྔོན་མོ། ཕག་གི་མགོ་ཅན་ལག་པ་གཡས་ན་རྡོ་རྗེ། གཡོན་ན་རལ་གྲི་ཐོགས་པ་མི་ལ་ཞོན་པའོ། །བྲན་མོ་རྡོ་རྗེ་དུས་ནི་མདོག་ནག་པོ་ལག་པ་གཡས་ད་རྡོ་རྗེ། གཡོན་ན་གཤིན་རྗེའི་དབྱུག་པ་ཐོགས་པ། མ་ཧེ་ལ་ཞོན་པའོ། །བྲན་མོ་རྡོ་རྗེ་དུས་མ་ནི་མདོག་ནག་མོ། ལག་པ་གཡས་ན་རྡོ་རྗེ་གཡོན་ན་ཁ་ཊྭཱཾ་ག་ཐོགས་པ་རོ་ལངས་ལ་ཞོན་པའོ། །བྲན་རྡོ་རྗེ་བགེགས་ཀྱི་གཙོ་བོ་ནི་མདོག་དཀར་པོ་གླང་པོའི་མདོག་ཅན། ལག་པ་གཡས་གཉིས་ན་རྡོ་རྗེ་དང་དགྲ་སྟ་ཐོགས་པ། གཡོན་གཉིས་ནམ་དུང་རྩེ་གསུམ་པ་དང་སོ་ཐོགས་པ། ལུག་ཐུག་ལ་ཞོན་པའོ། །ཕོ་ཉ་མོ་རྡུལ་མ་ནི་མདོག་སྔོན་མོ། ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་ན་སེན་མ་ཛ་ཀ་ནི་ཀ་ཐོགས་པ། བྱི་རྗེ་ཐོགས་པའོ། །བྲན་རྡོ་རྗེ་གླང་མ་ནི་མདོག་དཀར་པོ་ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་ན་རྡོ་རྗེ་ཞགས་པ་ཐོགས་པ། གདེངས་ཀ་བརྒྱད་ཡོད་པ། ཆུ་སྲིན་ལ་ཞོན་པའོ། །བྲན་མོ་ཆུ་སྲིན་མ་ནི་མདོག་དཀར་པོ། ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་ན་རྡོ་རྗེས་མཚན་པའི་ཆུ་སྲིན་ཐོགས་པ། ཆུ་སྲིན་ལ་ཞོན་པའོ། །འཇིགས་པ་མཆོད་ལྗང་གུ་ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་ན་རལ་གྲི་དང་ཕུ་ཐོགས་པའོ། །དཔལ་མོ་མདོག་སེར་མོ་ལ་ལག་པ་གཡས་ན་རྡོ་རྗེ། གཡོན་ན་པདྨ་ཐོགས་པའོ། །དབྱངས་ཅན་མ་མདོག་དམར་མོ། །ལག་པ་གཡས་ན་རྡོ་རྗེ། གཡོན་ན་པི་ཝང་ཐོགས་པའོ། །དཀའ་ཐུབ་བཟློག་པ་མདོག་ལྗང་གུ། ལག་པ་གཡས་གཉིས་ན་རྡོ་རྗེ་དང་འཁོར་ལོ་ཐོགས་པ། གཡོན་གཉིས་ན་པ་ཏི་ས་དང་རལ་གྲི་ཐོགས་པ་མ་མོ་ཐམས་ཅད་དང༌། དྲག་པོ་ལ་སོགས་པ་ནས་ཆུ་ལྷའི་མཐར་ཐུག་པ་རྣམས་ཀྱི་ལག་པ་གཡས་ན་རྡོ་རྗེ་ཐོགས་པ་གང་ཡིན་པ་དེ་རྩེ་གསུམ་པ་ཡིན་པ་ཤེས་པར་བྱའོ། །འཇིག་རྟེན་


DTG062_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་མངོན་སུམ་དུ་ཕྱོགས་པར་བྲིའོ། །དེ་ནས་དགོངས་ཀའི་དུས་ལ་བབས་པ་ན། རྡོ་རྗེ་ཏི་ཏཱིནྟི་རིའི་ཕྱག་རྒྱས་མེ་ཏོག་གི་ཕྲེང་བ་བླངས་ལ། ཡི་གེ་ཧཱུཾ་བཞི་ཟློས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱས་ལ། དཀྱིལ་འཁོར་ཐམས་ཅད་ཀྱི་ལྷག་པ་དང༌། མཚང་བ་ཉེ་བར་ཞི་བའི་ཕྱིར་བལྟས་ལ། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་ཤུགས་ཀྱིས་དཀྱིལ་འཁོར་ལན་བདུན་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ལ་ཕྲེང་བ་འདི་ཕུལ་ཏེ། རྡོ་རྗེའི་གར་བྱས་ལ་བླངས་ལ་ཡི་གེ་ཧཱུཾ་བཞིས་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ཡང༌། རྡོ་རྗེ་དྲིལ་བུ་རབ་བསྐུལ་བས། །མཁས་པས་མཚང་ཡོངས་སུ་བསྐང༌། །ལྷག་པ་གང་ཡིན་འདོར་མཛད་པ། །འགྲུབ་འགྱུར་སྨད་པར་མི་བྱའོ། །ཞེས་གསུངས་པ་ཡིན་ནོ། །དེ་ནས་དབུས་སུ་འདུག་ནས་ནི། །རྡོ་རྗེ་སློབ་དཔོན་མཉམ་གཞག་བས། །རྡོ་རྗེ་སྒོ་ནི་རྣམ་བཞི་པོ། །ཡིད་ཀྱིས་སུ་ནི་དབྱེ་བར་བྱ། །ཨོཾ་བཛྲོད་གྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཧཱུཾ། འདིའི་ཕྱག་རྒྱ་ནི། རྡོ་རྗེ་མཛུབ་མོ་ཡང་དག་པར། །སྦྱར་ལ་བཀན་ཏེ་བསྡམས་ནས་སུ། །རབ་ཏུ་ཁྲོས་ནས་དབྱེ་བ་ནི། །སྒོ་འབྱེད་པ་ཡི་མཆོག་ཡིན་ནོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་བྱའོ། །དེ་ནས་རིན་པོ་ཆེ་སྣ་བདུན་ནམ། ས་ལས་བྱས་པའི་བུམ་པ་རྩ་བ་མི་གནག་པ། གསུས་པ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ། ཆུ་བཟང་པོ་དང༌། རིན་པོ་ཆེ་དང༌། སྨན་དང༌། འབྲུ་ཐམས་ཅད་ཀྱིས་ཡོངས་སུ་དགང་ཞིང༌། འབྲས་བུ་དང་བཅས་ཤིང་ལོ་མ་དང་བཅས་པའི་ལྡུམ་བུས་ཁ་བརྒྱན་པ། མགྲིན་པ་རས་དཀར་པོས་བཅིངས་ནས་སྲུང་བ་བྱས་ལ་ཕྱི་རོལ་ཀུན་དུ་དྲི་ཞིམ་པོས་བྱུགས་ཏེ། སྟེང་དུ་རྡོ་རྗེས་མཚན་པའི་མེ་ཏོག་གི་ཕྲེང་བ་དང༌། རྡོ་རྗེ་ཆེན་པོས་བྱིན་གྱིས་བརླབ་པར་བྱ་ཞིང༌། ཁྲོ་བོ་ཏི་རཱིནྟི་རིས་ཡོངས་སུ་བཟུང་བའི་རྡོ་རྗེ་དང༌། མེ་ཏོག་གི་ལྕུག་མ་ལས། ཨོཾ་བཛྲོད་ཀ་ཧཱུཾ། ཞེས་བྱ་བ་འདིས་ལན་སྟོད་རྩ་བརྒྱད་བཟླས་པ་དང༌། ཧཱུཾ་བཞི་པ་ལན་བརྒྱ་རྩ་བརྒྱད་མངོན་པར་བཟླས་པ་བྱས་ནས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྤྱན་སྔར་ལེགས་པར་གཞག་གོ །བུམ་པ་གཉིས་པ་


DTG062_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཧཱུཾ་བཞི་ལན་བརྒྱ་རྩ་བརྒྱད་བཟླས་ནས། འཇུག་པའི་སྒོར་མངོན་པར་ཕྱོགས་པར་གཞག་གོ །ཆུ་དེས་བདག་ཉིད་དང་སློབ་མ་དབང་བསྐུར་བར་བྱ་བའམ། འཇུག་པའི་ཕྱག་རྒྱ་བཅིང་བར་བྱའོ། །བྱི་རུ་དང་ནི་ས་ལེ་སྦྲམ། །དུང་དང་མུ་ཏིག་ནོར་བུ་དང༌། །རིན་ཆེན་ཀུན་ཞེས་བྱ་བ་ལ། ལྔ་པོ་འདི་དག་ཤེས་པར་བྱ། །སིང་ཧ་བྱཱ་གྷྲི་ཀི་རི་ཀརྞི། ཧ་ས་ས་ཧ་དེ་བ་སྟེ། །སྨན་རྣམས་ཀུན་ཞེས་བྱ་བ་ལ། །ལྔ་པོ་འདི་དག་ཤེས་པར་བྱ། །འབྲས་ཀྱི་སོ་བ་མོན་སྲན་གྲེའུ། །ནས་དང་གྲོ་དང་ཏིལ་དག་སྟེ། །འབྲུ་རྣམས་ཀུན་ཞེས་བྱ་བ་ལ། །ལྔ་པོ་འདི་དག་ཤེས་པར་བྱ། །དེའི་རྗེས་ལ་ཕྱག་བཞི་ལ་སོགས་པ་སྔོན་དུ་འགྲོ་བས། སྔོམ་པ་གཟུང་བར་བྱས་ནས་རས་སྔོན་པོ་ལ་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་ཏེ། སེམས་དཔའི་གཙུག་ཏོར་གྱི་གཙུག་ཏོར་བཅིང་བ་དང༌། གདོང་གཡོགས་བྱས་ལ། རྡོ་རྗེ་གོ་ཆས་སྟོད་གཡོགས་དང༌། གཙུག་ཏོར་ལ་བརྩེགས་པ་བགོས་ནས། སློབ་དཔོན་ཁྲོ་བོ་ཏི་རཱིནྟི་རིས་མེ་ཏོག་གི་ཕྲེང་བ་སྔོན་པོ་བཟུང་ལ། ཨོཾ་བཛྲ་ས་མ་ཡ་པྲ་བེ་ཤ་མི་ཞེས་ཟློས་ཤིང་ཞུགས་ལ། བཅོམ་ལྡན་འདས་དབང་ཕྱུག་ཆེན་པོ་ལ་སོགས་པ་མ་རུངས་པའི་སེམས་ཅན་དག་ཀྱང་མཆིས་ཏེ། ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་རྡོ་རྗེའི་ཆུ་འཐུངས་ལ་བདག་ཉིད་ལ་དབབ་པར་བྱས་ནས། མེ་ཏོག་དེ་དཀྱིལ་འཁོར་ཆེན་པོར་ངོར་ལ་རང་གི་མགོ་ལ་བཅིངས་ནས་གདོང་གཡོགས་བཀྲོལ་ཏེ། དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བལྟས་ནས། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་འཇུག་པའི་ཕྱག་རྒྱ་དགྲོལ་བར་བྱས་ལ། ཆུའི་དབང་བསྐུར་བ་དང༌། སངས་རྒྱས་ལྔའི་ཅོད་པན་དང༌། དར་དཔྱངས་དང༌། རྡོ་རྗེ་ཕྲེང་བ་དང༌། རྡོ་རྗེའི་བདག་པོ་དང༌། རྡོ་རྗེ་མིང་གི་དབང་བསྐུར་བས་ཡང་བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལས་དེ་བླངས་ནས། །དེ་ཁོ་ན་ཉིད་དང༌། ཆོས་དང་དམ་ཚིག་དང༌། རྡོ་རྗེ་བརྟུལ་ཞུགས་ཀྱང་བླངས་ནས་མེ་ཏོག་ལ་སོགས་པ་དང༌། སྒེག་མོ་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་དེ་ཚིགས་སུ་བཅད་པ་རྣམ་པ་ལྔས་རྗེས་སུ་གནང་བ་དང༌། ཧཱུཾ་བཞི་པ་དང་


DTG062_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གཟེངས་བསྟོད་པ་དང༌། ལུང་བསྟན་པ་ཡང་བླངས་ལ། ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་ཇི་ལྟར་མངོན་པར་འདོད་པ་བཞིན་དུ་བཟླས་པ་བྱས་ནས་བདག་གི་ཧཱུཾ་མཛད་རྡོ་རྗེའོ་ཞེས་རང་གི་མིང་ནས་བརྗོད་པ་བྱས་ལ། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེའི་སྔགས་ཨ་ཞེས་བྱ་བའི་མཐའ་དང་བཅས་པ་རྣམ་པར་སྣང་མཛད་ཀྱི་གནས་སུ་དེ་བཞིན་གཤེགས་པའི་རྡོ་རྗེའི་བདག་ཉིད་དབབ་པར་བྱའོ། །བཛྲ་ཧཾ་ཞེས་རྡོ་རྗེའི་ང་རྒྱལ་དུ་རྣམ་པར་བསྒོམས་ལ། རྡོ་རྗེ་དེ་བཛྲ་དྷ་ཏུ་ར་ཧཾ་ཞེས་བྱ་བས་རྣམ་པར་སྣང་མཛད་དུ་བསྒོམ་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་འབེབས་པའི་བར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བྱང་ཕྱོགས་ཀྱི་སྒོར། དེའི་སྔགས་ཨ་ཞེས་བྱ་བའི་མཐའ་དང་བཅས་པས་རྡོ་རྗེ་དྲིལ་བུར་བདག་ཉིད་དབབ་པར་བྱས་ལ། བཛྲ་གྷཎྜེ་ཧོ་ཞེས་ང་རྒྱལ་བསྐྱེད་ནས། དེ་བཛྲ་ཨཱ་བེ་ཤ་ཀྲོ་དྷ་ཧཾ་ཞེས་ཁྲོ་བོ་རྡོ་རྗེ་འབེབས་པ་བསྒོམ་པར་བྱ་སྟེ། དེ་ལྟར་ན་རྡོ་རྗེ་བསྒྲུབ་པར་འགྱུར་རོ། །རྡོ་རྗེ་སློབ་དཔོན་སེམས་དཔའ་ནི། །རྡོ་རྗེ་ལྕགས་ཀྱུ་བཅིངས་ནས་ནི། །སེ་གོལ་མང་པོ་བརྡབ་བགྱིས་ལ། །སངས་རྒྱས་ཐམས་ཅད་བསྡུ་བར་བགྱི། །ཨོཾ་བཛྲ་ས་མ་ཡ་ཛཿ་ཛཿ་ཧཱུཾ་བཾ་ཧོཿ་ཞེས་ལན་ཉི་ཤུ་རྩ་གཅིག་བཟླ་བར་བྱའོ། །དེ་ནས་རྡོ་རྗེ་ཁྲོ་བོ་ཡི། །ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང༌། །མཚན་བརྒྱ་རྩ་བརྒྱད་དམ་པ་ནི། །ལན་ཅིག་རབ་ཏུ་བརྗོད་པར་བགྱིའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་རང་རང་གི་སྒོ་ནས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ལ། ཧཱུཾ་བཞི་པས་མཆོད་ཡོན་ཕུལ་ལ། དཔལ་རྣམ་པར་སྣང་མཛད་ལ་སོགས་པ་བཟླས་ནས་བསྐལ་པ་བཟང་པོའི་མཐར་ཐུག་པའི་བར་དུ་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་བྱ་སྟེ། རང་གི་སྔགས་བརྗོད་ལ། དྲྀ་ཤྱ་ཛཿ་ཧཱུཾ་བཾ་ཧོཿ་ས་མ་ཡ་སྟྭཾ། ཨཱ་ཧ་ཞེས་བརྗོད་དོ། །དེ་ནས་རང་གི་སྔགས་དང་སྙིང་པོ་བརྗོད་པར་བྱ་སྟེ། དེ་ལྟར་ན་འགྲུབ་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་རྣམས་བཤད་དེ། རྡོ་རྗེ་གཉིས་ལས་བྱུང་བ་ནི། །དམ་ཚིག་མཆོག་ཏུ་གྲགས་པ་ཡིན། །དེ་དག་བཅིང་བ་བཤད་བྱ་བ། །ཁྲོ་བོ་བཅིང་བ་བླ་ན་མེད། །ལག་ངར་རྡོ་རྗེར་བྱས་ནས་སུ། །མཐེའུ་ཆུང་ལྕགས་ཀྱུར་བཅིང་བར་བྱ། །མཛུབ་མོ་གཉིས་ཀྱིས་བསྡིགས་པ་ནི། །འཇིག་


DTG062_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གསུམ་ལས་རྒྱལ་ཞེས་བྱ། །དེ་བཞིན་མཛུབ་མོ་ངོས་སྦྱར་ཏེ། །ནོར་བུ་འདྲ་བར་རབ་ཏུ་དགུག །གུང་མོ་མཉམ་བསྒྲེང་པདྨར་བྱ། །གུང་མོ་མཛུབ་མོ་གཉིས་ཀས་བསྡིགས། །མཛུབ་མོ་གཉིས་ཀ་རྡོ་རྗེར་བྱ། །གཡས་པ་ལྕགས་ཀྱུ་དགུག་པར་བྱ། །དེ་ཉིད་ཧཱུཾ་ཞེས་བྱ་བར་འདུད། །ལེགས་པ་སྦྱིན་པ་དེ་བཞིན་ཏེ། །མཛུབ་གཉིས་དཔྲལ་བའི་གཉེར་མར་གཞག །སྙིང་གར་མཛུབ་མོས་ཉི་མར་བསྐོར། །ལག་པ་བརྐྱང་སྟེ་སྤྱི་བོར་གཞག །མཛུབ་མོ་ཁ་ནས་དགོད་ལྟར་བྱས། །མཛུབ་མོའི་སེན་མོ་སྦྱར་བར་བྱ། །གཡས་པས་རལ་གྲི་བཅིངས་པའོ། །གུང་མཛུབ་མཉམ་བསྒྲེང་འཁོར་ལོ་ཡི། །ཁ་ཡི་ནང་ནས་དབྱུང་བ་དང༌། །མཛུབ་མོ་གུང་མོར་རྡོ་རྗེར་བྱ། །མཛུབ་མོ་ཡིས་ནི་མགུལ་བར་བསྐོར། །མཛུབ་མོ་གཉིས་ནི་མཆེ་བ་ཆེ། །མཛུབ་མོ་གཉིས་ནི་རྡོ་རྗེར་བཅིངས། །སྒེག་མོ་ལ་སོགས་པའི་ནི་རྡོ་རྗེ་དབྱིངས་ལ་སོགས་པ་ཉིད་ལ་ཧཱུཾ་ཞེས་བྱ་བས་རྡོ་རྗེ་བསྡམས་པ་དེ་ཇི་ལྟ་བ་བཞིན་དུ་བཅིངས་སོ། །སྙིང་གར་མཐེ་བོ་བསྙམས་ལ་གཞག །རབ་ཏུ་བརྐྱང་བ་ཕྲེང་བའོ། །ཐལ་མོ་སྦྱར་ཏེ་ཁ་ནས་བྱུང༌། །གར་ལས་ཐལ་སྦྱར་སྤྱི་བོར་གཞག །རྡོ་རྗེ་བཅིངས་པ་ཐུར་དུ་བླུགས། །རང་གི་ཐལ་སྦྱར་གྱེན་དུ་གཏོར། །མཐེ་བོང་མཉམ་སྟེ་རབ་ཏུ་བསྡམས། །རབ་ཏུ་བརྐྱང་སྟེ་བྱུག་པའོ། །མཛུབ་མོ་གཅིག་པོ་དགུག་པའོ། །མཐེ་བོ་གཉིས་ནི་མདུད་པ་དོར། །མཐེ་བོ་མཛུབ་མོ་གདུ་བུར་བཅིང༌། །རྡོ་རྗེ་ཁུ་ཚུར་མཛུབ་མོ་བསྡམས། །ཐུགས་ཀར་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསམས་ལ། ཡི་གེ་ཧཱུཾ་ཉིད་ཟློས་ཤིང་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ། །དེ་ནས་ཕྱག་རྒྱའི་ངེས་པ་བཤད་དེ། །རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང༌། རྣམ་པར་སྣང་མཛད། རྡོ་རྗེ་ཧཱུཾ་མཛད་དང༌། རིན་ཆེན་ཧཱུཾ་མཛད་དང༌། ཆོས་ཀྱི་ཧཱུཾ་མཛད་དང༌། ལས་ཀྱི་ཧཱུཾ་མཛད་ཀྱི་གནས་ཉིད་དོ། །དེ་ནས་རིན་ཆེན་ཧཱུཾ་མཛད་ལ་སོགས་པའི་སྔགས་བཤད་དེ། ཨོཾ་བཛྲ་བྷྲྀ་ཀུ་ཊི་ཀྲོ་དྷ་ན་ཡ་སརྦ་རཏྣ་མ་ཧྲཱིཿ་ཕཊ། ཨོཾ་བཛྲ་དྲྀཥྚཱི་ཀྲོ་དྷ་དྲི་ཤུ་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་བི་ཤྭ་ཀྲོ་དྷ་ཀུ་རུ་སརྦ་བི་ཤྭ་རཱུ་པ་ཏྲ་ཡ་ས་ད་ཡ་ཧཱུཾ་ཕཊ། འདིའི་ཕྱག་རྒྱ་ནི་སེམས་མ་རྡོ་རྗེ་མ་ནས་བརྩམས་ཏེ་བལྟ་བར་བྱའོ། །དེ་ཡང༌། རིག་པ་དམ་པ་ཐམས་


DTG062_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི། །འཇིག་རྟེན་གསུམ་ལས་རྒྱལ་ཞེས་བཤད། །ཅེས་བཤད་པ་ཡིན་ན། །རྡོ་རྗེ་དེ་དང་ཧཱུཾ་མཛད་ཀྱིས་ཕྱག་རྒྱའི་ཚོགས་བསྡུས་པ་ནི། འདིར་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཡིན་པར་བཤད་ཀྱི། །རྡོ་རྗེ་ཧཱུཾ་མཛད་གཞན་དུ་གྱུར་པ་ནི་མི་རིགས་ཏེ། རྒྱུད་ཐམས་ཅད་ལས་ཁམས་གསུམ་རྣམ་པར་རྒྱལ་བ་ཉིད་རྡོ་རྗེ་ཧཱུཾ་མཛད་ཡིན་པར་བསྟན་ཏོ། །དེའི་རྗེས་ལ་དེ་བཞིན་དུ་ལྗགས་ལ་རྡོ་རྗེ་བཀོད་དེ། གོ་རིམས་ཇི་ལྟ་བ་བཞིན་དུ་སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་པའི་ཆོས་ཀྱི་ཡི་གེ་དགོད་པར་བྱའོ། །དེ་ནི་འདི་ཡིན་ཏེ། ཧཱུཾ་ནི་རྡོ་རྗེ་སེམས་དཔའ་འོ། །ཏྲཱཾ་ནི་རིན་ཆེན་སེམས་མའིའོ། །ཧྲཱིཿ་ནི་ཆོས་ཀྱི་སེམས་མའིའོ། །ཨ་ནི་ལས་ཀྱི་སེམས་མའིའོ། །ཧཱུཾ་བཛྲ་སཏྭ་བཛྲི། ཏྲཱཾ་རཏྣ་བཛྲི་ཧྲཱིཿ། དྷརྨཱ་བཛྲི། ཨ་ཀརྨ་བཛྲི་ཧཱུཾ་ཧེ་ཏྲཾ་ཏ། ཧི་ཧི་དེ་ཧ་དྷི་ཀ །དྷི་ཧཱུཾ། གྲཾ་ཀྲི། བཾ་དྲི་ཨཿ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའིའོ། །མ་ཧཱ་ར་ཧེ་ཧཱུཾ། རཱུ་པ་ཤྭོ་བྷེ་ཧཱུཾ། ཤྲོ་ཏྲ་སཽ་ཁྱེ་ཧཱུཾ། སརྦ་པཱུ་ཛེ་ཧཱུཾ། པྲ་ཧླ་ད་ནི་ཧཱུཾ། ཕ་ལ་ག་མེ་ཧཱུཾ། སུ་ཏི་ཛཱ་ཏྲི་ཧཱུཾ། སུ་གནྡྷ་ཀི་ཧཱུཾ། ཨ་ཡ་ཧི་ཛ་ཧཱུཾ། ཨ་ཧ་ཧཱུཾ་ཧཱུཾ་ཧཱུཾ་ཧེ་སྥོ་ཊ་བཾ་ཧཱུཾ། གྷཎྜ་ཨ་ཨ་ཧཱུཾ་ཞེས་བྱ་བ་ནི་རྡོ་རྗེ་སྒེག་མོ་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་བར་གྱི་ཡིན་ནོ། །དེའི་རྗེས་ལ་ཡི་གེ་ཨ་ལས་ཐུགས་ཀར་སྣ་ཚོགས་རྡོ་རྗེ་བསྐྱེད་ལ་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནི་འདི་ཡིན་ཏེ། ཁྲོ་བོའི་ཁུ་ཚུར་གཉིས་བྱས་ལ། །གཡོན་པའི་རྡོ་རྗེ་མཛུབ་མོ་ནོ། །གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་འདི། །སངས་རྒྱས་བྱང་ཆུབ་སྤྱིན་བྱེད་པའོ། །བསྒྱིང་བཅས་བསོར་བས་གཉིས་ག་ཡིས། །ཞེས་པ་ནི་རིན་ཆེན་ཧཱུཾ་མཛད་དང༌། རྡོ་རྗེ་སེམས་དཔའ་དང༌། སེམས་མ་རྡོ་རྗེ་མའིའོ། །ལྕགས་ཀྱུ་འཛིན་ལྟར་གནས་པ་དང༌། །མདའ་འཕང་བ་ཡི་ཚུལ་དང་ནི། །ལེགས་སོ་ཞེས་པ་སྙིང་གར་བཤད། །དབང་བསྐུར་བ་ནི་རྡོ་རྗེ་གཉིས། །ཞེས་བྱ་བ་ནི་རིན་ཆེན་ཧཱུཾ་མཛད་དང༌། ཁྲོ་བོ་རྡོ་རྗེ་ཁྲོ་གཉེར་ཅན་དང༌། རིན་ཆེན་སེམས་མའིའོ། །སྙིང་གར་ཉི་མ་བརྟན་པར་བྱ། །གཡོན་པ་ལ་ནི་གྲུ་མོ་གཟུགས། །དེ་བཞིན་ཁ་ཕྱོགས་བསྐོར་བར་བྱ། །གཡས་པ་ཡི་ནི་གཡོན་པ་དབྱེ། །ཞེས་བྱ་བ་ནི་ཆོས་ཀྱི་ཧཱུཾ་མཛད་དང༌། རྡོ་རྗེ་ཆོས་དང༌། ཆོས་ཀྱི་སེམས་མའོ།།


DTG062_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་གཡོན་བ་རལ་གྲེ་མདུང༌། །མགལ་མེའི་འཁོར་ལོ་བསྐོར་བ་དང༌། །རྡོ་རྗེ་གཉིས་ཀ་ཁ་ནས་དབྱུང༌། །རྡོ་རྗེ་གར་བསྐོར་དགྲོལ་བ་ཡིས། །ཐལ་མོ་འགྲམ་པ་སྤྱི་བོར་གཞག །ཅེས་བྱ་བ་ནི་ལས་ཀྱི་ཧཱུཾ་མཛད་དང༌། རྡོ་རྗེ་ལས་དང༌། ལས་ཀྱི་སེམས་མའོ། །གོ་ཆ་མཐེ་ཆུང་མཆེ་བ་མཆོག །ཁུ་ཚུར་གཉིས་ནི་མནན་པའོ། །རྡོ་རྗེ་བསྒྱིངས་པའི་ཚུལ་གྱིས་སུ། །བསམ་པ་གཡོས་པས་སྡུད་པར་བྱའོ། །ཕྲེང་བ་བཅིངས་པ་ཁ་ནས་དབྱུང༌། །གར་ལས་ཐལ་སྦྱར་སྤྱི་བོར་བཞག །ཐུར་དུ་བླུགས་དང་གྱེན་དུ་གཏོར། །མཐེ་བོང་མཉམ་ཏེ་རབ་ཏུ་བསྡམས། །རབ་ཏུ་བརྐྱང་ནས་བྱུག་པ་ནི། །མཆོད་པའི་ཕྱག་རྒྱ་རབ་ཏུ་བསྟན། །མཛུབ་མོ་ལྕགས་ཀྱུ་བཅིང་བ་ནི། །མཐེ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །མཆོད་པའི་མདུད་པ་མཛུབ་གཉིས་གདུབ། །རྒྱབ་གཉིས་ཀྱང་ནི་མཉམ་སྟེ་མནན། །སྒོ་སྲུང་གི་ནི་ཕྱག་རྒྱ་ཀུན། །ལས་ཀྱི་ཕྱག་རྒྱ་གར་ལས་བྱུང༌། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ནི་ཇི་ལྟར་བྲིས་པའི་རྗེས་སུ་འབྲངས་ཏེ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་དང༌། རིན་ཆེན་དང༌། ཆོས་དང༌། ལས་ཀྱི་ཁྲོ་བོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི་སེམས་མ་རྡོ་རྗེ་དང༌། རིན་ཆེན་མ་དང༌། ཆོས་མ་དང༌། རྡོ་རྗེ་ལས་མ་ཡང་ཡིན་པ་ལས་འདི་རྣམས་ནི་རྡོ་རྗེའི་ནང་དུ་ཆུད་པའི་ལྷ་མོའི་གཟུགས་འཛིན་མ་ཡིན། །བདག་ཉིད་ཆེན་པོ་གང་གང་གིས། །ཕྱག་རྒྱ་གང་དང་གང་བཅིངས་པ། །བཟླས་པའི་སྙིང་པོའི་དོན་དུ་ནི། །དེར་ནི་བདག་ཉིད་བསྒོམ་པར་བྱ། །ཞེས་བྱ་བའི་ཕྱག་རྒྱ་ཐམས་ཅད་ཀྱི་དམ་ཚིག་གོ །གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་བཀན་ལ། ལག་པ་གཡས་པའི་མཛུབ་མོ་དང༌། མཐེ་བོ་གཉིས་ཀྱི་མཐེའུ་ཆུང་ནས་བརྩམས་ཏེ། ཕྱེ་ནས་ཐལ་མོ་ཁང་སྟོང་དུ་བྱ་བ་འདི་ནི་བྱམས་པ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་སྟེ། འདི་རྣམས་ཀྱི་རིག་པ་ཡང་སྔར་བཤད་པ་ཡིན་ནོ། །རིག་པ་དེ་ཉིད་དེ་རྣམས་ཀྱི་ལྗགས་ལ་བཀོད་པ་འདི་ནི་དེ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །ཡི་གེ་ཨ་ལས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསྐྱེད་ལ་བྲིས་པ་དང༌། རྗེས་སུ་མཐུན་


DTG062_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པར་དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བ་ནི་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམས་ལ་བྲིས་པ་དང་རྗེས་སུ་མཐུན་པ་ཁོ་ནར་དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །རིག་པ་དེ་ཉིད་ཀྱང་སྤྱི་ཡིན་ནོ། །མཐེ་བོས་མཐེའུ་ཆུང་བཅིངས་ནས་ནི། གཡོན་པ་སོར་མོ་དབུས་མ་གསུམ། །རྩེ་གསུམ་པ་ཡི་དབུས་མ་རྩེ། །རྡོ་རྗེ་ཕྱག་རྒྱར་བཟུང་བ་སྟེ། །རྡོ་རྗེ་རིག་པ་དམ་པ་སྟེ། །རྡོ་རྗེ་མཐུ་ཞེས་བྱ་བའོ། །དེ་ནས་རབ་ཏུ་བཤད་པ་ནི། །རྡོ་རྗེ་སྒྱུ་མ་ལ་སོགས་བཏགས། །རྡོ་རྗེ་བཅིང་བ་དམ་བཅས་ཏེ། །གཡོན་པ་རྡོ་རྗེ་བཅིང་བར་བྱ། །རྡོ་རྗེ་ཁུ་ཚུར་ཞེས་བཤད་དེ། །རྡོ་རྗེ་རིགས་ནི་ཀུན་གྱི་འདིའོ། །རྡོ་རྗེ་དེ་ནི་གཉིས་བྱས་ཏེ། མཚན་མ་ཀུན་ནི་ངེས་གཞག་གོ །རྡོ་རྗེ་རིགས་ནི་ཐམས་ཅད་ཀྱི། །ཕྱག་རྒྱ་རྣམས་ཀྱང་འབྱུང་བ་དེ། །མདུན་དུ་བརྐྱང་སྟེ་བཞག་པ་དང༌། །མཛུབ་མོ་མཐེབ་བསྟན་བཅས་པ་དང༌། །ཨོཾ་ཞེས་བྱ་བ་སྤྱི་བོར་སྦྱར། །རྡོ་རྗེ་སྟེང་དུ་བཞག་པའོ། །རིག་པའི་རྒྱལ་པོའི་ཕྱག་རྒྱ་ཆེན་པོའི་ཚོགས་རྣམས་སོ། །རབ་ཏུ་བརྐྱང་ནས་ལག་གནས་པ། །ལག་པའི་རྒྱབ་ཏུ་དེ་བཞིན་ཏེ། །ཁུ་ཚུར་བརྐྱང་ལ་ལག་ངར་བསྐུམ། །ཁ་ཕྱོགས་སུ་ནི་བསྐོར་བར་བྱ། །རྡོ་རྗེ་ཁྲོ་བོའི་ཕྱག་རྒྱའི་ཚོགས་སོ། །གཡོན་པའི་མཐེ་བོའི་སྟེང་དུ་གཞག །ཕྲེང་བ་བཅིངས་པའི་ཐབས་སུ་སྦྱར། །ནོར་སྦྱིན་པར་ནི་གཡས་པ་སྟེ། །རལ་གྲི་ཕྱག་རྒྱ་ཁུ་ཚུར་གཅིག །ཚོགས་ཀྱི་བདག་པོ་ཆེན་པོའི་ཕྱག་རྒྱའི་ཚོགས་སོ། །གཡས་པ་མདུན་དུ་མདུང་རིང་འཛིན། །ལག་པ་བརྐྱང་པའང་དེ་བཞིན་ཏེ། །གཡས་པ་འོད་ནི་འབར་བ་བསྟན། །རྡོ་རྗེ་ཁུ་ཚུར་བསྐྱོད་པའོ། །ཕོ་ཉའི་ཕྱག་རྒྱ་ཆེན་པོའི་ཚོགས་སོ། །བསྒྱིངས་བཅས་མཛུབ་མོ་ཁར་མཆེ་བ། །དབྱུག་པ་བསྣུན་ཅིང་མནན་པ་དང༌། །དབུང་པ་བསྐུམ་ཞིང་བཅར་བ་དང༌། །གཡས་པ་གཡོན་གྱི་འདྲེན་པའོ། །བྲན་གྱི་ཕྱག་རྒྱ་ཆེན་པོའི་ཚོགས་སོ། །དེ་ནས་ཨུ་མ་ལ་སོགས་པའི་མ་མོ་རྣམས་ཀྱི་ཕྱག་རྒྱ་བཤད་པར་བྱ་སྟེ། གཡོན་པ་རྡོ་རྗེ་མཛུབ་བཅིངས་པས། །རྩེ་གསུམ་མཚན་མ་མནན་པར་བྱ། །འདི་


DTG062_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས་པས་ནི་ཡང་དག་པར། །རིག་པ་དམ་པ་རང་འགྲུབ་འགྱུར། །རྡོ་རྗེ་རིགས་ནི་ཐམས་ཅད་ཀྱི། །གཡོན་པ་རྡོ་རྗེ་གཙོ་བོར་འདུས། །དམ་ཚིག་གོ་ན་ཇི་བཞིན་པར། །ཕྱག་རྒྱ་བཅིང་བར་བཤད་པར་བྱ། །ཐམས་ཅད་འཁོར་ལོ་སོར་རྩེ་གསུམ། །དྲིལ་བུའི་ཕྱག་རྒྱ་དེ་བཞིན་ནོ། །དེ་བཞིན་ཨོཾ་གྱི་ཕྱག་རྒྱ་དང༌། །སེང་གེའི་རྣམ་པར་ཡོངས་སུ་བཟུང༌། །རིག་པའི་རྒྱལ་པོའི་ཕྱག་རྒྱ་རྣམས་སོ། །འབར་བ་ཀུན་དུ་འཛིན་པ་དང༌། །འདི་ནི་ཡང་དག་འདུས་པ་ཉིད། །དབྱིག་པའི་ཁུ་ཚུར་འཛིན་པ་དང༌། །ཁ་འགྲམ་ཕྱག་རྒྱ་བསྐོར་བའོ། །ཁྲོ་བོའི་དམ་ཚིག་རྣམས་སོ། །བཏུད་པའི་ཕྱག་རྒྱ་དང་ཕྲད་པ། །རྡོ་རྗེས་མནན་ནས་བཏུད་པ་སྟེ། །སྤྱི་བོར་གཞག་པ་ཚོགས་ཀྱི་སྟེ། །དཀྱིལ་འཁོར་གྱི་ནི་བསྲུང་བའོ། །ཚོགས་རྣམས་ཀྱི་ནི་དམ་ཚིག་གོ །ལག་པ་བསྐུམ་པ་ཁར་བཞག་སྟེ། །རྒྱབ་ཏུ་ཡང་ནི་བསྐོར་བར་བྱ། །འབར་དང་མེ་སྟག་སྟོང་པ་སྟེ། །དེ་ནས་ཁར་ཡང་གནས་པར་བྱ། །ཕོ་ཉ་མོའི་དམ་ཚིག་རྣམས་སོ། །མཐའ་མ་གཉིས་ནི་ཁར་བཅུག་དང༌། །གཅོད་ཅིང་རབ་ཏུ་གནོན་པའོ། །དཔུང་པ་བསྣོལ་བས་བསྣོལ་བ་དང༌། །མྱུར་དུ་ཕྱོགས་པའང་དེ་བཞིན་ནོ། །བྲན་མོ་རྣམས་ཀྱི་དམ་དམ་ཚིག་གོ །དེ་ནས་ལྷ་ཆེན་པོ་ལ་སོགས་པའི་ལྕེ་ལ་དེའི་སྔགས་དགོད་པ་འདི་ནི་དེ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །ཡི་གེ་ཨ་ལས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་དེ་བཞིན་དུ་བསྐྱེད་ལ། དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བ་ནི། ལས་ཀྱི་ཕྱག་རྒྱར་འགྱུར་རོ། །རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསྒོམས་ལ། ཕྱག་རྒྱ་ཆེན་པོ་བྲིས་པ་དང་རྗེས་སུ་མཐུན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང༌། བསྐལ་པ་བཟང་པོ་རྣམས་དང༌། ཕྱི་རོལ་གྱི་རྡོ་རྗེའི་རིགས་རྣམས་ནི་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བས་དབང་བསྐུར་བར་བྱའོ། །དཔལ་ཧཱུཾ་མཛད་ལ་སོགས་པ་ནི་སངས་རྒྱས་ལྔའི་ཅོང་པན་དང༌། རྡོ་རྗེ་ཕྲེང་བ་དང༌། དར་དཔྱངས་ཀྱི་དབང་བསྐུར་བས་དབང་བསྐུར་བར་བྱའོ། །དེ་ནས་མཆོད་ཡོན་ཕུལ་ལ་མཆོད་པ་བྱ་སྟེ། དེ་ལ་རེ་ཞིག་རིན་པོ་ཆེ་ལ་སོགས་པའི་རྒྱུ་ལས་བྱས་པའི་བུམ་པ་སྔར་བཤད་པའི་མཚན་ཉིད་དང་ལྡན་པ།


DTG062_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལ་སོགས་པ་རང་རང་གི་མཚན་མ་ཅན་ལ་རྣམ་པར་སྣང་མཛད་ལ་སོགས་པའི་རང་གི་སྔགས་བརྒྱ་རྩ་བརྒྱད་བཟླས་པ་དང་བུམ་པ་གང་བ་རྣམས་ཕྱིའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་དབུལ་བར་བྱའོ། །རས་ཟུང་འབུམ་མམ། ཁྲིའམ། བརྒྱའམ། སྟོང་ངམ། རེ་རེ་ཞིང་ངམ། ཐམས་ཅད་ལ་སྤྱིར་ཟུང་གཅག་དབུལ་བའམ། བླ་རེ་རྣམ་པ་སྣ་ཚོགས་པ་དང༌། གྲྭ་བཞིར་པ་དན་སྣ་ཚོགས་བཏགས་པ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམས་ཀྱང་ཨོཾ་དང་རྡོ་རྗེ་ཧཱུཾ་མཛད་ཡོངས་སུ་བཟླས་ཤིང་བཛྲ་སྥར་ཎ་ཁཾ་ཞེས་བྱ་བ་འདིས་ལྷ་ཐམས་ཅད་ལ་དབུལ་བར་བྱའོ། །མེ་ཏོག་གི་ཤིང་བརྒྱའམ། སྟོང་ངམ། བཞིའམ། ཤིང་དང་མེ་ཏོག་ཐམས་ཅད་ཀྱང་རྡོ་རྗེ་མེའི་ཕྱག་རྒྱ་དང་བཅས་པ་དང༌། ཨོཾ་བཛྲ་པུཥྤེ་ཧཱུཾ་ཞེས་བྱ་བ་མེ་ཏོག་གི་ཕྱག་རྒྱ་དང་བཅས་པས་མེ་ཏོག་ལ་མངོན་པར་བཟླས་པ་དང༌། བྱུག་པ་ནི་དྲི་ཞིམ་ཞིང་དྲི་བཟང་པོས་བསྒོས་པའི་དྲི་བཟང་པོ་ཐམས་ཅད་ལ་དབུལ་བར་བྱའོ། །རྡོ་རྗེ་མེ་དང༌། ཨོཾ་བཛྲ་གནྡྷེ་ཞེས་བྱ་བ་འདིའི་ཕྱག་རྒྱ་དང་བཅས་པ་དང༌། ག་བུར་དང༌། ཨ་ག་རུ་དང༌། ཏུ་རུ་སྐ་དང༌། ཙནྡན་ལ་སོགས་པ་ལེགས་པར་སྦྱར་བ་ལ། རྡོ་རྗེ་མེ་དང༌། ཨོཾ་བཛྲ་དྷཱུ་པེ་ཧཱུཾ་ཞེས་བྱ་བ་འདིས་བདུག་སྤོས་ཀྱི་ཕྱག་རྒྱ་དང་ལྡན་པས། སྤོས་སྣོད་འབུམ་མམ། ཁྲིའམ། སྟོང་ངམ། བརྒྱའམ། ཅི་འབྱོར་པ་རྣམས་དང༌། མར་མེ་འབུམ་མམ། ཁྲིའམ་སྟོང་ངམ། བརྒྱའམ། དེ་བཞིན་དུ་མར་མེའི་སྣོད་ཆེན་པོ་སྡོང་བུ་འབར་བ་དང་བཅས་པ་སྟོང་ངམ། བརྒྱའམ། བཅུའམ་གཅིག་ལ་རྡོ་རྗེ་མེ་དང་ཨོཾ་བཛྲ་ཨཱ་ལོ་ཀེ། ཞེས་བྱ་བ་འདི་མར་མེའི་ཕྱག་རྒྱ་དང་ལྡན་པས་ཡོངས་སུ་བཟླས་ལ། བཛྲ་སྥར་ཎ་ཁཾ་ཞེས་ཟློས་ཤིང་དབུལ་བར་བྱའོ། །སྭེ་བྷེ་ཀ་ལ་སོགས་པ་ལྷ་བཤོས་ཀྱི་ཞལ་ཟས་འབུམ་མམ། ཁྲིའམ་སྟོང་ངམ། བརྒྱའམ། གྲངས་བཅུ་སྙེད་དང། བཟའ་བ་དང༌། བཅའ་བ་རྣམ་པ་སྣ་ཚོགས་པ་ལ་དེ་བཞིན་དུ་རྡོ་རྗེ་མེ་ཡོངས་སུ་བཟླས་ལ། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤ་ནཏྭཱ་ཏ་ཅེས་ཟློས་ཤིང་དབུལ་བར་བྱའོ། །རོལ་མོའི་ཆ་བྱད་བཅུ་པོའམ། སྟོང་ཕྲག་བརྒྱའམ་སྟོང་ངམ། རོལ་མོའི་ཆ་བྱད་བཅུ་པོ་ཧཱུཾ་ཞེས་བྱ་བ་


DTG062_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དང། རོལ་མོའི་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་སོར་མོ་རྣམས་ཀྱིས་དེའི་ཚུལ་དུ་བྱེད་པས་དབུལ་བར་བྱའོ། །རོལ་མོའི་ཆ་བྱད་བཅུ་པོ་ནི་པི་ཝང་གླིང་བུ་དང༌། མུ་ར་ཛ་དང༌། མུ་ཀུན་ད་དང༌། ཀ་ན་སམ་དང༌། མ་རཱི་དང༌། མྲྀ་ཏད་ག་དང༌། པ་ཊ་ཧ་དང༌། ཀུཉྫ་དང༌། ཏི་མི་ལི་བརྡུང་བའི་ཚུལ་དུ་བྱེད་པའོ། །ཕྱི་རོལ་དུ་གར་དང་རོལ་མོ་བྱ་བ་དང༌། ཅོད་པན་དང་གདུ་བུ་དང༌། རྣ་རྒྱན་ལ་སོགས་པའི་མཆོད་པ་རྣམས་ཀྱང༌། ཨོཾ་ཞེས་བྱ་བ་མངོན་པར་བཟླས་ཏེ་དབུལ་བར་བྱའོ། །དེ་བཞིན་དུ་དར་དཔྱངས་པར་བྱ་བ་དང༌། མེ་ཏོག་ཆུན་འཕྱང་གི་རྣམ་པར་བརྒྱན་པ་དང༌། དྲ་བ་དང་དྲ་བ་ཕྱེད་པ་དང་ཟླ་བ་ཕྱེད་པས་ཉེ་བར་མཛེས་པར་བྱས་པ་དང༌། རྟ་དང་གླང་པོ་ཆེ་དང༌། བ་ལང་གི་ཁྱུ་ཤིན་ཏུ་བཏགས་པ་རྣམས་ཀྱང་དབུལ་བར་བྱའོ། །རྟ་བབས་ཡིད་དུ་འོང་བ་དྲིལ་བུ་ལ་སོགས་པ་བཏགས་པ་ཡང་བཛྲ་སྥ་ར་ཎ་ཞེས་བྱ་བ་འདིས་འབུལ་ལོ། །ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧ་ཏ། བཛྲ་རཏྣ་མ་ནུཔྤ་རཾ། བཛྲ་དྷརྨ་ག་ཡ་ནེ། བཛྲ་ཀརྨ་ཀ་རོཏྦྷ་བེ། ཞེས་ཟློས་ཤིང་གར་བྱས་ལ། རྡོ་རྗེ་སྒེག་མོ་ལ་སོགས་པ་མཆོད་པ་རྣམ་པ་བརྒྱད་ཁྲོ་བོའི་ཁུ་ཚུར་གཉིས་མ་གཏོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་དཀྱིལ་འཁོར་ཐམས་ཅད་མཆོད་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མཛུབ་མོ་གཉིས་བརྐྱང་བ་ནི་ཁྲོ་བོའི་ཁུ་ཚུར་གཉིས་སུ་འགྱུར་རོ། །ཡང་རྡོ་རྗེ་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ལས་ཀྱི་ཕྱག་རྒྱ་བཅུ་དྲུག་གིས་ཡང་དག་པར་མཆོད་ལ། ཁྲོ་བོའི་རིགས་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་གྲུབ་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་དོན་མཛོད་ཅིག་ཅེས་གསོལ་བ་གདབ་པར་བྱའོ། །དེ་ནས་སྒྲུབ་པའི་གྲོགས་མཆོག་དཀྱིལ་འཁོར་དུ་བཞག་ལ། ཕྱི་རོལ་དུ་གཏོར་མ་སྦྱིན་པར་བྱ་སྟེ། འབྲས་ཡོས་བྱ་ཞིང་ཏིལ་དང་བཅས། །འབྲས་ཆེན་མེ་ཏོག་ཆུ་དང་བཅས། །སྲན་ཆན་བཅས་ཤིང་མང་དུ་བྱ། །སྣུམ་ཁུར་ལ་སོགས་བཟའ་བ་རྣམས། །ཞེས་བྱ་བའི་གཏོར་མ་ལ་ཨ་ཀཱ་རོ་ཞེས་བྱ་བ་ལ་སོགས་པ་བཟླས་ནས། ཤར་ཕྱོགས་ནས་བརྩམས་ཏེ་གསུམ་གསུམ་གཏོར་བར་བྱ་ཞིང་དྲི་དང་མེ་ཏོག་དང༌།


DTG062_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བདུག་པ་དང༌། མར་མེ་དང༌། མཆོད་ཡོན་རྣམས་ཀྱང་ཐོག་མ་དང་ཐ་མར་འབུལ་ལོ། །དེ་ལ་དང་པོར་རེ་ཞིག་མཎྜལ་རྣམས་བྱེད་དུ་གཞུག་པར་བྱའོ། །དེ་ནས་ནི་སྤྱན་དྲང་ངོ༌། །དེ་ནས་དམ་ཚིག་བསྟན་ལ་མཆོད་ཡོན་ཕུལ་ཏེ། དྲི་ལ་སོགས་པས་ལེགས་པར་མཆོད་ལ་གཏོར་མ་ཕུལ་ཏེ་དེ་ནས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་སྔགས་དང་ཕྱག་རྒྱ་ནི་འདི་རྣམས་ཡིན་ཏེ། ཤར་ཕྱོགས་སུ་ཁ་བལྟས་ཏེ། རྐང་པ་གཡས་པ་བརྐྱང་བའི་ཚུལ་གྱིས་འདུག་ནས། ལག་པ་གཡོན་པ་རྡོ་རྗེའི་ཕྱག་རྒྱ་བསྟན་ལ། གཡས་པའི་རྡོ་རྗེ་ཕྱག་རྒྱ་སྟ་ཟུར་ཕྱོགས་སུ་བཞག་སྟེ། གཡས་པའི་མཛུབ་མོ་ལྕགས་ཀྱུ་ལྟར་སྤྱན་དྲངས་པ་ནི་བརྒྱ་བྱིན་གྱི་སྤྱན་དྲངས་པའི་ཕྱག་རྒྱའོ། །དེ་ལ་མཛུབ་མོ་ལྕགས་ཀྱུར་མ་བྱས་པ་ནི་བརྒྱ་བྱིན་གྱི་དམ་ཚིག་གི་ཕྱག་རྒྱའོ། །རྐང་པ་གཡོན་བརྐྱང་པའི་ཚུལ་གྱིས་འདུག་ལ། སྤྱན་དྲངས་པའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །དེ་ནས་འདིའི་སྔགས་ན་མོ་བཛྲ་སྱ་ཙ་དི་ཤི་དི་ཤི་བཛྲ་པ་ཎེ་རཀྵ་རཀྵ་སྭཱ་ཧཱ། མེའི་ཕྱོགས་སུ་བལྟས་ནས་ལག་པ་གཡས་པའི་མཛུབ་མོ་ཟླུམ་པོར་བཀུག་སྟེ། གུང་མོའི་ཚིགས་གསུམ་པར་བཙུགས་ལ། མཐེ་བོ་ལག་མཐིལ་དུ་བཞག་པ་ནི་མེ་ལྷ་སྤྱན་དྲངས་པའི་ཕྱག་རྒྱའོ། །སྤྱན་དྲངས་པའི་ཕྱག་རྒྱ་ལས་མཐེ་བོ་ངོས་ལས་མཛུབ་མོ་བཙུགས་པ་ནི་མེ་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་མཐེ་བོའི་ངོས་ལ་བཙུགས་ཏེ་ཕྱིར་དྲག་ཏུ་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །དེའི་སྔགས་ནི་ཨགྣ་ཡེ་ཧཱུཾ་ཨེ་ཧྱ་ཀཱ་བ་ལི་ཛྭ་ལ་ཛྭ་ལ་དཱ་ཧ་ཤི་ཁི་ཏོ་ལི་པི་རཱུ་པཀྵ་སྭཱ་ཧཱ། གཤིན་རྗེའི་ཕྱོགས་སུ་བལྟས་ནས་སྙིམ་པ་མདུན་དུ་བཞག་སྟེ། སོར་མོ་ཕན་ཚུན་བསྣོལ་ལ་ཁུ་ཚུར་བཅངས་ནས་སྲིན་ལག་གཉིས་བསྒྲེངས་ཏེ། གཤིབས་ལ་གཡབ་སྟེ་ནང་དུ་བཞག་པ་ནི་གཤིན་རྗེ་སྤྱན་དྲངས་པའི་ཕྱག་རྒྱའོ། །སྲིན་ལག་གཉིས་ཀ་ཡང་ཕྱི་རོལ་ཏུ་དེ་བཞིན་དུ་གཤིབས་ཏེ་བསྒྲེང་བ་སྙིང་གར་བཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་ཉིད་ལས་སྲིན་ལག་སྦྱར་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་ཡ་མཱ་ཡ་སྭཱ་ཧཱ། བདེན་


DTG062_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་གྱི་ཕྱོགས་སུ་རྐང་པ་མཉམ་པས་འདུག་ལ། ལག་པ་གཡས་པའི་ཁུ་ཚུར་བཅངས་པ་ལས་མཛུབ་མོ་དང་གུང་མོ་རལ་གྲི་འདྲ་བར་གཤིབས་ཏེ་བསྒྲེང་ལ་བཞག །ལག་པ་གཡོན་པ་དེ་ལྟར་བྱས་ཏེ། སྟ་ཟུར་ཕྱོགས་སུ་བཞག་ལ། གཡོན་པའི་མཛུབ་མོ་བཀུག་སྟེ་གཡབ་པ་ནི་བདེན་བྲལ་སྤྱན་དྲངས་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་ལག་པ་གཡོན་པ་སྟ་ཟུར་ཕྱོགས་སུ་རལ་གྲི་འདྲ་བར་བཞག་པ་ནི་བདེན་བྲལ་གྱི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲངས་པའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་སརྦ་བྷུ་ཏ་བ་ཡཾ་ཀ་ར་ཀུ་རུ་ཀུ་རུ་སྭཱ་ཧཱ། ཆུ་ལྷའི་ཕྱོགས་སུ་རྐང་པ་མཉམ་པས་འདུག་ལ། ལག་པ་གཡས་པ་ཁུ་ཚུར་བཅངས་ལ། མཐེ་བོ་དང་མཛུབ་མོ་གཅིག་ཏུ་སྦྱར་ཏེ། ཞགས་མིག་ལྟར་བྱས་ལ་གཡོན་པའི་ཁུ་ཚུར་ཡང་དེ་ལྟར་བྱས་ཏེ། སྙིང་གར་བཞག་ལ་གཡོན་པའི་མཛུབ་མོ་ལྕགས་ཀྱུར་བྱས་པ་ནི་ཆུ་ལྷ་སྤྱན་དྲངས་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གཡོན་པའི་མཛུབ་མོ་ཁུ་ཚུར་གྱི་ཚུལ་དུ་བཞག་པ་ལས་ཞགས་མིག་ལྟར་བྱས་པ་ནི་ཆུ་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །གཡོན་པའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་ཨོཾ་ཏྲཱིང་ཏཱི་བུ་ཏྲ་ཏྲའི་ཏྲའི་ཤི་ཁི་ཏི། ལི་པི་རཱུ་པ་ཀྵ་སྭཱ་ཧཱ། རླུང་ལྷའི་ཕྱོགས་སུ་བལྟས་ཏེ་འདུག་ལ། ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ་གུང་མོ་བསྒྲེང་བའི་ཚིགས་དང་པོར་མཛུབ་མོ་བཀུག་པའི་ཐོར་ཏོ་བཙུགས་ལ། ལག་པ་གཡས་པ་ཡང་དེ་བཞིན་དུ་བྱས་ཏེ། སྟ་ཟུར་ལོགས་སུ་བཞག་ཅིང་མཐེ་བོང་བསྒུལ་བ་ནི་རླུང་ལྷ་སྤྱན་དྲངས་པའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་སྔ་མ་བཞིན་དུ་བཞག་པ་ནི་རླུང་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲངས་པའི་ཕྱག་རྒྱ་ལས་མཐེ་བོ་བརྐྱང་བ་ནི་སླར་བཏང་པའི་ཕྱག་རྒྱའོ། །སྔགས་ནི་ཨོཾ་སྭ་ས་ཁ་ཁ་མུ་ཁ་སྭཱ་ཧཱ། ཀུ་བེ་ར་ལ་མངོན་དུ་བལྟས་ཏེ་འདུག་ནས་ལག་པ་གཉིས་ཐལ་མོ་སྦྱར་ལ་རྡོ་རྗེ་བཅིང་བ་ནང་དུ་བཟློག་སྟེ། མཐེའུ་ཆུང་གཉིས་གཤིབས་ལ་བརྐྱང་དེའི་རྒྱབ་ཏུ་སྲིན་ལག་གཉིས་སོ་སོར་གནས་ནས། གུང་མོ་གཉིས་རྡོ་རྗེ་ལྟར་བཀུག་སྟེ་གཡབ་པ་ནི་ཀུ་བེ་ར་སྤྱན་དྲངས་པའི་ཕྱག་རྒྱའོ། །


DTG062_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་ནང་དུ་རྡོ་རྗེ་བཅིང་པའི་ཚུལ་དུ་བཞག་པ་ནི་ཀུ་བེ་རའི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲངས་པའི་ཕྱག་རྒྱ་ལས་གུང་མོ་གཉིས་བརྐྱང་པ་ནི་སླར་བཏང་པའི་ཕྱག་རྒྱའོ། །སྔགས་ནི་ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ། དབང་ལྡན་གྱི་ཕྱོགས་སུ་བལྟས་ཏེ་འདུག་ལ་ལག་པ་གཅིག་ཏུ་ཐལ་མོ་སྦྱར་བ་བྱས་ལ། སྲིན་ལག་དང་མཐེའུ་ཆུང་ནང་དུ་བཀུག་སྟེ་བསྣོལ་ལ། གུང་མོ་གཉིས་གཤིབས་ཏེ་བསྒྲེང་བའི་རྒྱབ་ལོགས་སུ་མཛུབ་མོ་གཉིས་རྡོ་རྗེ་འདྲ་བ་བྱ། མཐེ་བོ་གཉིས་རབ་ཏུ་གཤིབས་ཏེ་བཞག་ལ། དེ་གཉིས་ལས་མཛུབ་མོ་གཉིས་ཕན་ཚུན་རྩེ་སྤྲད་ནས་ནང་དུ་གཡབ་པ་ནི་དབང་ལྡན་སྤྱན་དྲངས་པའི་ཕྱག་རྒྱའོ། །དེ་ཉིད་ལས་སྔ་མ་ལྟར་མཛུབ་མོ་རྡོ་རྗེའི་ཚུལ་དུ་བཞག་པ་ནི་དབང་ལྡན་གྱི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲངས་པའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་ཛྲུཾ་ཛྲུཾ་ཤི་བ་ཛྲུཾ་སྭཱ་ཧཱ། གཡོན་པ་བརྐྱང་བའི་གནས་པས་འདུག་ལ། ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་བཞག་ལ། སྟེང་དུ་བལྟས་ཏེ་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་ནི། ཚངས་པ་ལ་སོགས་པ་སྤྱན་དྲང་བར་བྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་སྔ་མ་ལྟར་བཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲངས་པའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་འདི་ཡིན་ཏེ། ཨུརྡྷཾ་བྲཧྨ་ཎེ་སྭཱ་ཧཱ། སཱུ་ཪྻ་གྲ་ཧ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ཙནྡྲ་ཡ་ན་ཀྵ་ཏྲ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། རྐང་པ་མཉམ་པར་གནས་པས་འདུག་ལ། ལག་པ་གཉིས་གཅིག་ཏུ་སྦྱར་ཏེ། སོར་མོ་རྣམས་མཚམས་མེད་པར་རྩེ་མོ་ཕན་ཚུན་སྦྱར། མཐེ་བོ་ཟླུམ་པོར་བྱས་ལ། འོག་ཏུ་བལྟས་ཏེ་སའི་ལྷ་ལ་སོགས་པ་མཛུབ་མོ་ལྕགས་ཀྱུས་སྤྱན་དྲང་བ་ནི་འོག་གི་ལྷ་སྤྱན་དྲངས་པའི་ཕྱག་རྒྱའོ། །སྤྱན་དྲངས་པའི་ཕྱག་རྒྱ་ལས་སྔ་མ་བཞིན་དུ་མཛུབ་མོ་བཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །མཛུབ་མོ་གཉིས་བཏང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་ཨ་དྷོ་པྲི་ཐི་བྷྱཿ་སྭཱ་ཧཱ་ཨ་སུ་རེ་བྷྱཿ་སྭཱ་ཧཱ། ན་གེ་བྷྱཿ་སྭཱ་ཧཱ། དེ་ནས་རང་གི་སྔགས་དེ་ཉིད་ཀྱིས་ཐམས་ཅད་ལ་


DTG062_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

འཐོར་འཐུང་ཕུལ་བ་བདག་དང་སློབ་མའི་ཚོགས་སུ་བཅས་པ་ལ་བགེགས་མེད་པར་མཛོད་ཅིག །ལས་ཀྱི་དངོས་གྲུབ་ཀྱང་བདག་ལ་སྩོལ་ཅིག །ཅེས་བརྗོད་ལ་ཐམས་ཅད་སླར་བཏང་ངོ༌། །ཡང་ན་དཔུང་བཟངས་ཀྱིས་ཞུས་པ་ལས་འབྱུང་བའི་ཚིགས་སུ་བཅད་པ་རྣམས་ཀྱིས་གཏོར་མ་དབུལ་བར་བྱ་སྟེ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟངས་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་ག་དོན་གྱི་རིགས་རྣམས་དང༌། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་ཚོགས་བཅས་གཡོག་འཁོར་དང་བཅས་ལ། །བདག་གིས་པུས་མོ་ས་ལ་བཙུགས་ནས་སུ། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས། །གསན་ནས་ཕན་གདགས་སླད་དུ་འདིར་བྱོན་ཅིག །འབྱུང་པོ་གང་དག་རི་རབ་སྟེང་གནས་དང༌། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང༌། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང༌། །རི་བོ་ཀུན་ལ་གང་དག་གནས་པ་དང༌། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང༌། །རིན་ཆེན་གནས་ན་ལྷག་པར་གནས་པ་དང༌། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་དོགས་དང༌། །གཡའ་ཆུ་སིལ་མ་ཅན་ན་གང་གནས་དང༌། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང༌། །ཁང་སྟོང་དང་ནི་ལྷ་ཡི་ཁང་པ་དང༌། །གཙུག་ལག་ཁང་ངམ་གྲོང་ཁྱེར་གནས་དག་གམ། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་དང་ནི། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང༌། །ལམ་སྲང་བཞི་མདོ་དག་དང་སུམ་མདོ་དང༌། །གང་དག་ལམ་ཆེན་དང་ནི་ཤིང་གཅིག་དང༌། །དུར་ཁྲོད་ཆེན་པོའམ་ནགས་ཚལ་ཆེན་པོའམ། །སེང་གེ་དྲེད་དང་གཅན་གཟན་གནས་དག་དང༌། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང༌། །གང་དག་གླིང་མཆོག་དག་ན་གནས་པ་དང༌། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བྱུག་པ་རྣམས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་བས། །འདི་དག་བཞེས་ཏེ་བཏུང་ཞིང་བསྣམས་ནས་སུ། །ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །དེ་ལྟར་གདོན་ལ་མཆོད་པ་བྱས་ནས་ནི། །དེ་ནས་


DTG062_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སྐྱོང་རྣམས་ལ་གཏོར་མ་སྦྱིན། །ཤར་ཕྱོགས་རྡོ་རྗེ་ཅན་དེ་ལྷ་ཚོགས་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་སྟེ། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང༌། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང༌། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང༌། །རི་ཡི་ལྷ་དང་གནོང་སྦྱིན་ཚོགས་རྣམས་ལ། །སོ་སོ་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང༌། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང༌། །ནང་མི་དམག་དང་དཔུང་དང་ཐབས་ཅིག་ཏུ། །མེ་ཏོག་དྲི་དང་བྱུག་པ་གཏོར་མར་བཅས། །འདི་རྣམས་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང༌། །བདག་གི་ལས་འདི་འབྲས་བུ་མཆིས་པར་མཛོད། །དེ་ལ་འདི་ནི་ཕྱི་དང་ནང་དུ་བཅས་པའི་གཏོར་མ་སྦྱིན་པའི་སྔགས་སོ། །ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱ་དྱ་ནུཏྤན་ནཏྭ་ཏ། དེ་ནས་ཉེ་རེག་བྱས་ལ་ཤར་ཕྱོགས་ཀྱི་སྒོ་ལ་མངོན་པར་བལྟས་ཏེ། གནས་པའི་ལས་ཐམས་ཅད་པའི་ཐབ་ཁུང་གི་དབུས་སུ་དཔལ་ཁམས་སུམ་རྣམས་བར་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྔགས་ཟློས་ཤིང་མེ་ཏོག་གིས་བཞུགས་སུ་གསོལ་ལ། སྦྱིན་སྲེག་གི་ཆོ་གས་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་ཀྱིས་པའི་མར་ལས་སྦྱིན་བླུགས་བརྒྱ་རྩ་བརྒྱད་དབུལ་ལོ། །དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་ཀྱིས་ཀྱང་ཁྲོ་བོ་རྡོ་རྗེ་འབེབས་པའི་མཐར་ཐུགས་པའི་བར་ཡང་སྲེག་བླུགས་བདུན་བདུན་དབུལ་ལོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པ་མེ་ཐབ་ལས་མེ་ཏོག་གི་སྤྱན་དྲངས་ཏེ་རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་ཀྱིས་བྲིས་པའི་དཀྱིལ་འཁོར་དུ་རང་རང་གི་གནས་སུ་བཞུགས་སུ་གསོལ་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ། བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱི། །དེ་ལ་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་


DTG062_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་ལ་སྣོད་དུ་གྱུར་པ་དང༌། མ་གྱུར་པ་བརྟག་མི་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཁ་ཅིག་ནི་སྡིག་པ་ཆེན་པོ་བགྱིད་པ་ཡང་མཆིས་ཏེ། དེ་དག་གིས་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཏེ་མཐོང་ན་ངན་སོང་ཐམས་ཅད་དང་བྲལ་བར་འགྱུར་རོ། །བཅོམ་ལྡན་འདས་ནོར་དང་བཟའ་བ་དང༌། བཏུང་བ་དང༌། འདོད་པའི་ཡོན་ཏན་ཐམས་ཅད་ལ་སོགས་པ་དང༌། དམ་ཚིག་ལ་མི་དགའ་བ་དང༌། སྔར་སྤྱད་པ་ལ་སོགས་མི་ནུས་པའི་སེམས་ཅན་དག་ཀྱང་མཆིས་ཏེ། དེ་དག་ཀྱང་འདིར་ཇི་ལྟར་འཚལ་བ་བཞིན་དུ་བགྱིད་ཅིང་ཞུགས་པ་རྣམས་ཀྱི་བསམ་པ་ཐམས་ཅད་རྫོགས་པར་འགྱུར་རོ། །བཅོམ་ལྡན་འདས་སེམས་ཅན་ཁ་ཅིག་ནི་གར་དང༌། གླུ་དང་གད་མོ་དང༌། རྩེད་མོ་དང༌། ཁ་ཟས་དང༌། སྤྱོད་པ་ལ་དགའ་བ་རྣམས་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཆོས་ཉིད་ཁོང་དུ་ཆུད་པས་ལྷ་གཞན་གྱི་རིགས་དང་དཀྱིལ་འཁོར་དུ་འཇུག་གིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རེ་བ་ཐམས་ཅད་ཀྱི་དཀྱིལ་འཁོར་རེ་བ་ཐམས་ཅད་ཡང་དག་པར་འགྱུར་བ་བླ་ན་མེད་པའི་དགའ་བ་དང༌། མགུ་བ་དང༌། རངས་པར་འགྱུར་བ་དེར་ནི་བསླབ་པའི་ཚིག་གིས་འཇིགས་ཤིང་སྐྲག་ནས་མི་འཇུག་པ་དག་ཀྱང་མཆིས་ཏེ། དེ་དག་ངན་སོང་གི་དཀྱིལ་འཁོར་གྱི་ལམ་དུ་འཇུག་པར་ཁ་བལྟས་ཤིང་གནས་པ་རྣམས་ཀྱང་དགའ་བ་དང༌། མགུ་བའི་དམ་པ་འགྲུབ་ཅིང༌། བདེ་བ་དང༌། ཡིད་བདེ་བ་མྱོང་བར་བགྱི་བ་དང༌། ངན་སོང་གི་རྒྱུད་ཐམས་ཅད་དུ་ཁ་བལྟས་པའི་ལམ་ལས་བཟློག་པར་བགྱི་བའི་སླད་དུ། རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་ཏུ་རུང་ངོ༌། །བཅོམ་ལྡན་འདས་ཆོས་ཅན་གྱི་སེམས་ཅན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དམ་པ་འགྲུབ་པའི་ཐབས་ཀྱིས་འབད་ཅིང༌། ཉོན་མོངས་པ་དག་ཀྱང་མཆིས་ཏེ། དེ་དག་ཀྱང་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་འདིར་ཞུགས་མ་ཐག་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འགྲུབ་པར་དཀའ་བ་མ་ལགས་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅེ་འཚལ་ཞེས་ཞུ་བར་


DTG062_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ནས་སློབ་མ་གཞུག་པར་བྱ་སྟེ་དེ་ལ་བསླབ་པའི་གཞི་ལྔ་ཡོངས་སུ་གཟུང་བའི་དགེ་བསྙེན་ནམ། དགེ་སྦྱོང་ངམ་དགེ་སློང་གི་སྡོམ་པ་ཡོངས་སུ་བླངས་ལ། སློབ་དཔོན་དུ་དབང་བསྐུར་བར་འོས་པས་སློབ་དཔོན་གྱི་ཞབས་གཉིས་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་སྩལ་དུ་གསོལ། །དེ་ནས་སློབ་མ་ལ་རྡོ་རྗེ་སྲུང་བ་ཡོངས་སུ་བཟླས་པའི་རས་སྔོན་པོའི་སྟོད་གཡོགས་དང་སྨད་གཡོགས་བསྐོན་ཞིང༌། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྒོ་སྲུང་བཞི་བཟླས་པའི་གདོང་གཡོགས་བཅིངས་ལ། ཕྱག་བཞི་བྱེད་དུ་གཞུག་པར་བྱའོ། །ཡང་ལག་ན་མེ་ཏོག་ཐོགས་པའི་སློབ་མས། སློབ་དཔོན་ལ་ཕྱག་བྱས་ལ། ལག་ན་མེ་ཏོག་ཐོགས་པ་ཉིད་དང༌། བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། བསྐུལ་བ་དང༌། གསོལ་བ་ཡང་བྱས་ནས། འདི་སྐད་ཅེས་བརྗོད་པར་བྱའོ། །གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པའི་ཉི་མ་མ་ལུས་པ། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །སློབ་དཔོན་དབང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་བའི། །མི་ལྡོག་འཁོར་ལོའི་འབྱོར་པར་ལྡན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །གསང་བ་ཆེན་པོར་འཇུག་པར་བགྱི། །གསང་བའི་རིགས་མཐོ་ཐམས་ཅད་དུ། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་པ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང༌། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་ཀུན་ནི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་བ་ནི་རྨད་བྱུང་ཆེ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་གྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ནས་སློབ་དཔོན་གྱིས་རིགས་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་ཞེས་བྱ་འདི་ཉིད་ནི། བྱང་ཆུབ་


DTG062_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནི་ཡོངས་འཛིན་ཅིང༌། །དམ་ཚིག་སྔོམ་དང་གསང་བ་ཡི། །འཁོར་ལོ་འདིར་ཡང་འཇུག་པར་འཚལ། །དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གསང་བ་ཆེན་པོའི་རིགས་དག་པ། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །དེས་ཀྱང་འཚལ་ཞེས་བརྗོད་པར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་དང༌། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམས་བཞི་རབ་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའོ། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྔོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །དེ་ལས་གཞན་པ་བཅུ་བཞི་འདི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིད་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ༌། །འདོད་པ་ལོག་པར་མི་སྤྱད་ཅིང༌། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་པར་བྱ། །སེམས་ཅན་འདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང༌། །དམ་པ་ཉེ་བར་བསྟེན་བྱ་ཞིང༌། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་རྣམས་དང༌། །ཡིད་ཀྱི་རྣམ་པ་


DTG062_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོང༌། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོངས་མི་སྤངས། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་ལ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །དེས་ཀྱང་འདི་སྐད་བརྗོད་བྱ་སྟེ། །སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་ནི་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །ཞེས་བྱ་བ་ལ་སོགས་པ་ནས། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །གང་ཞིག་སྔོམ་པ་འཛིན་པར་མི་བྱེད་པ་དེ་ལ། དེང་ཁྱོད་ཅེས་བྱ་བ་ལ་སོགས་པ་བརྗོད་པར་མི་བྱ་སྟེ། སློབ་དཔོན་གྱིས་རྗེས་སུ་གནང་བ་དང༌། དབང་བསྐུར་བར་ཡང་མི་བྱ་ཞིང༌། འཇུག་པ་ཙམ་ཞིག་བྱེད་དུ་གཞུག་གོ །དེ་ནས་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བྱ་བ་འདིས། བྱང་ཆུབ་སེམས་ནི་བླ་མེད་པས། །དམ་པ་དག་ནི་བསྐྱེད་ནས་སུ། །དེ་ཡི་སྙིང་གར་སྙིང་པོས་ནི། །རྡོ་རྗེ་རབ་ཏུ་གཞག་པར་བྱ། །སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿ་བཛྲ་སིདྡྷྱ་ཡ་ཐཱ་སུ་ཁཾ། དེ་ནས་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ། དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ། །མེ་ཏོག་གི་ཕྲེང་བ་གདགས་ཤིང་གདོང་དྲི་ཞི་མ་པར་བྱས་ལ། ཡོན་གྱི་མཆོག་བླངས་ལ། ཕྱི་རོལ་ལན་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ། ཨོཾ་གྲྀཧྣ་བཛྲ་ས་མ་ཡ་ཧཱུཾ་ཞེས་བྱ་བ་འདིས་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་རང་ཉིད་ཀྱིས་བཅིངས་ལ། སློབ་མ་རྣམས་འཆིང་དུ་གཞུག་གོ །རྡོ་རྗེ་བསྡམས་པ་ནང་བཅིངས་ནས། །ཡིད་ཀྱིས་ཁྲོས་པ་དག་བ་བྱ་ཞིང༌། །རྡོ་རྗེ་མཐེ་བོ་དམ་པ་སྟེ། །ཁྲོ་བོ་ཏི་རཱིནྟི་རིར་བཤད། །དེ་ནས་དེ་ཉིད་མཐེ་བོ་གཉིས་ཀྱིས་མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་ལ། ཨོཾ་བཛྲ་ས་མ་ཡ་པྲ་བེ་ཤ་ཡ་མི་ཞེས་བྱ་བའི་སྙིང་པོ་འདིས་བཞུགས་པར་བྱའོ། །ཤར་ཕྱོགས་ཀྱི་སྒོ་ནས་རྡོ་རྗེ་ལྕགས་ཀྱུས་དགུག་པར་བྱ་ཞིང༌། ལྷོ་ཕྱོགས་


DTG062_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཞགས་པས་གཞུག་པར་བྱའོ། །ནུབ་ཕྱོགས་ནས་ལྕགས་སྒྲོག་གིས་བསྡམ་པར་བྱའོ། །བྱང་ཕྱོགས་ནས་རྡོ་རྗེ་འབེབས་པས་དབབ་པར་བྱའོ། །དེ་ནས་ཡང་ཤར་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། །ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་འགྲུབ་པ་ཡང་ཐོབ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱོད་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག །ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་སློབ་དཔོན་རང་ཉིད་ཀྱིས་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་དང་གྱེན་དུ་བསྟན་པ་བཅིངས་ལ། སློབ་མའི་སྤྱི་བོར་བཞག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་གྱིས་གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང༌། མནའི་སྙིང་པོ་འདི་ལན་ཅིག་བརྗོད་པའི་ཆུ་རྡོ་རྗེ་སློབ་མ་དེ་ཉིད་འཐུང་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེ་ལ་མནའི་སྙིང་པོ་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་བཛྲ་ཨུ་ད་ཀ་ཥ། དེ་ནས་སློབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། །ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་སྤངས་པས་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེའི་རྗེས་ལ་ཡི་གེ་ཨ་རྡོ་རྗེ་འོད་ཟེར་གྱི་ཕྲེང་བ་དང་ལྡན་པ་རང་གི་སྙིང་གར་བསམ་པར་བྱའོ། །དེ་ནས་སློབ་མའི་སྙིང་ག་དང་དཔྲལ་བ་དང༌། ལྐོག་མ་དང་སྤྱི་བོ་རྣམས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཧྲཱཾ་ཧྲཱིཿ་ཨ་འདི་དག་ལས་རྡོ་རྗེ་རྩེ་ལྔ་པ་འབར་བ་དང༌། རིན་པོ་ཆེ་དང༌། པདྨ་དང༌། སྣ་ཚོགས་རྡོ་རྗེ་གོ་རིམས་ཇི་ལྟ་བ་བཞིན་དུ་བསམ་པར་བྱའོ། །དེ་ནས་སྒོ་དབྱེ་བའི་ཕྱག་རྒྱས་


DTG062_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རང་དང་སློབ་མའི་སྙིང་གར་དབྱེ་བར་བྱས་ནས་རང་གི་སྙིང་ག་ལས་ཡི་གེ་ཨ་ཕྱུང་ནས། སློབ་མའི་སྙིང་ག་ལ་གནས་པའི་རྡོ་རྗེའི་དབུས་སུ་བློས་བཅུག་སྟེ། ལུས་ཐམས་ཅད་ཀུན་དུ་གང་བར་གྱུར་པར་བསམས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག་ཅེས་སྨྲོས་ཤིག །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར་དུ་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དུ་གཞུག་གོ །འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་འདི། །དེ་རིང་ཉིད་དུ་དབབ་པར་ཤོག །ཨོཾ་བཛྲ་ཨཱ་བེ་ཤ་ཞེས་བཅུའམ། ཉི་ཤུའམ། སུམ་ཅུའམ། བཞི་བཅུའམ། ལྔ་བཅུའམ། དྲུག་བཅུའམ། བདུན་ཅུའམ། བརྒྱད་ཅུའམ། དགུ་བཅུའམ། བརྒྱ་བཟླས་ནས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་སྐུ་མདོག་དཀར་པོ་འོད་ཟེར་དམར་པོ་ཀུན་དུ་འཁྲུགས་པས་ཡོངས་སུ་གང་བར་བསམས་ན་ངེས་པར་དབབ་པར་འགྱུར་རོ། །ཡང་གལ་ཏེ་བབས་པར་མ་གྱུར་ན་དེའི་ཚེ་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་དྲིལ་བུ་དང་བཅས་པ་བཅིངས་ལ། རྐང་པ་གཡོན་པས་དེའི་རྐང་པ་གཡས་པ་མནན་ནས་དེ་ཉིད་ལ་དབབ་པར་བྱ་བའི་ཕྱིར། སྟེང་གི་ནམ་མཁའི་ཕྱོགས་སུ་རྣམ་པར་སྣང་མཛད་རྡོ་རྗེ་ཧཱུཾ་མཛད་ཀྱི་སྟེང་ན་ཁྲོས་པས་ཡི་གེ་ཧཱུཾ་གི་འོད་ཟེར་གྱི་ཚོགས་ཀྱིས་མནན་པར་མཛད་པ་དང༌། འོག་ནས་ཀྱང་རྡོ་རྗེ་རླུང་གི་དཀྱིལ་འཁོར་ཡི་གེ་ཧཱུཾ་གིས་འདེགས་པར་གྱུར་ལ། དེ་བཞིན་དུ་མི་བསྐྱོད་པ་ལ་སོགས་པ་ཤར་ཕྱོགས་ལ་སོགས་པར་བཞུགས་པས། ཧཱུཾ་ཏྲཱཾ་ཧྲཱིཿ་ཨ། ཞེས་བྱ་བའི་རང་རང་གི་ས་བོན་གྱི་འོད་ཀྱི་འོད་ཀྱི་ཚོགས་ཡང་དག་པར་འབེབས་པར་མཛད་པར་བསམ་ཞིང་ཧཱུཾ་བཛྲ་ཨཱ་བེ་ཤ་ཨ་ཞེས་ལན་བརྒྱ་ཟློས་ཤིང་དེ་དབབ་པར་བྱའོ། །གལ་ཏེ་སྡིག་པ་ཤིན་ཏུ་ཆེ་བས་བབས་པར་མ་གྱུར་ན་སྡིག་པ་དྲལ་བའི་ཕྱག་རྒྱས་སྡིག་པ་དྲལ་བར་བྱའོ། །དེ་ནས། ཡམ་ཤིང་དམར་པོ་རྣམས་ཀྱི་མེ། །རལ་པར་རྡོ་རྗེ་ཁྲོ་བོ་ཡི། །མཉམ་པར་གཞག་པས་སྙོམས་ཞུགས་ལ། །ཏིལ་བསྲེགས་པས་ནི་སྡིག་བསྲེགས་ཤིས། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་


DTG062_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དང་ལག་པ་གཡས་པའི་སྟེང་དུ་ཏིལ་ནག་པོ་ལས་སྡིག་པའི་གཟུགས་བརྙན་བྱས་ལ། ཧཱུཾ་དབུས་སུ་བསམ་པའི་མཛུབ་མོ་དང་མཐེ་བོས་སྦྱིན་སྲེག་བྱའོ། །དེ་ནས་སྦྱིན་སྲེག་གི་ཐབ་ཁུང་ལས་བྱུང་བའི་འབར་བའི་ཕྲེང་བ་ཀུན་དུ་འཁྲུགས་པའི་རྡོ་རྗེའི་ལུས་ལ་འབར་བས་སྡིག་པ་རྣམས་བསྲེག་པར་གྱུར་པར་བསམ་པར་བྱའོ། །དེ་ནས་ཡང་རྡོ་རྗེ་འབེབས་པའི་ཕྱག་རྒྱ་དེ་བཞིན་དུ་བཅིངས་ལ་དབབ་པ་བྱས་ན་ངེས་པར་འབབ་པར་འགྱུར་རོ། །དེ་ལྟ་བུས་ཀྱང་འབབ་པར་མ་གྱུར་པ་གང་ཡིན་པ་དེ་ལ་དབང་བསྐུར་བར་མི་བྱའོ། །བབས་ནས་སྐད་ཅིག་མ་དེ་ཉིད་ལ་མངོན་པར་ཤེས་པ་ལྔ་ལ་སོགས་པ་རྫོགས་པར་འགྱུར་རོ། །དེ་ནས་བབས་པར་ཤེས་པ་དང༌། ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པས་ན། །ཞེས་བྱ་བ་ལ་སོགས་པས་གླུ་བླངས་ལ། ཁྲོ་བོའི་ཁུ་ཚུར་གྱིས་དེ་བཞིན་དུ་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་དྲལ་བར་བྱའོ། །གལ་ཏེ་བབས་ནས་རྡོ་རྗེ་སེམས་དཔས་ཁྲོ་བོའི་ཁུ་ཚུར་བཅིངས་ནས་དེའི་ཚེ་སློབ་དཔོན་གྱིས་རྡོ་རྗེ་ཁུ་ཚུར་གྱི་ཁྲོ་བོའི་ཁུ་ཚུར་བཅིང་བར་བྱའོ། །དེ་བཞིན་དུ་གལ་ཏེ་རྡོ་རྗེ་བཞད་པའི་ཁྲོ་བོའི་ཁུ་ཚུར་བཅིངས་ནས་དེའི་ཚེ་རྡོ་རྗེ་ཆོས་ཀྱི་ཁྲོ་བོའི་ཁུ་ཚུར་གྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། དེ་ལྟ་བུས་ནི་བྱིན་གྱིས་བརླབ་པར་འགྱུར་རོ། །དེ་ནས་དེའི་ལྕེ་ལ་རྡོ་རྗེ་བསམས་ལ་སྨྲོས་ཤིག །རྡོ་རྗེ་ཞེས་བརྗོད་པར་བྱའོ། །དེ་ནས་ནི་ཐམས་ཅད་སྨྲ་བར་འགྱུར་རོ། །དེ་ནས་པྲ་ཏཱི་ཙྪ་བཛྲ་ཧོཿ། ཞེས་བྱ་བས་ཕྲེང་བ་དེ་དཀྱིལ་འཁོར་ཆེན་པོར་དོར་བར་བྱའོ། །དེ་ནས་གང་དུ་བབས་པར་གྱུར་པ་དེ་ཉིད་ལ་འབབ་པར་འགྱུར་རོ། །དེ་ནས་ཨོཾ་པྲ་ཏི་གྲྀ་ཧྞ་སྟྭཾ་ཧི་མཱཾ་སཏྭ་མ་ཧཱ་བ་ལ་ཞེས་བྱ་བས་ཕྲེང་བ་དེ་དེའི་མགོ་ལ་བཅིང་བར་བྱའོ། །དེ་ནས། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པཱ་ཤྱ་ཞེས་བྱ་བ་འདིས་གདོང་གཡོངས་དགྲོལ་བར་བྱའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བར་དུ་དཀྱིལ་འཁོར་ཆེན་པོ་བསྟན་པར་བྱའོ། །དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་སློབ་མའི་སྙིང་གར་དབབ་པའི་


DTG062_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་དགྲོལ་དུ་གཞུག་པར་བྱའོ། །དེ་ནས་ཕྱིའི་དཀྱིལ་འཁོར་གྱི་ནང་ངམ་ཕྱི་རོལ་དུ་ཟླ་བའི་དཀྱིལ་འཁོར་ཤར་སྒོ་ལ་མངོན་པར་ཕྱོགས་པར་བྲིས་ལ་དེར་སློབ་མ་བཞག་སྟེ། དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང༌། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པས་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ་དབང་བསྐུར་བར་བྱ་བ་ནི། མཆོད་ཡོན་བསྟབ་ནས། དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ། གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དང༌། དུང་དང་རོལ་མོ་ལ་སོགས་པའི་སྒྲ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་མངོན་པར་དགའ་བར་བྱ་ཞིང༌། དང་པོར་རེ་ཞིག་ཆུའི་དབང་བསྐུར་རོ། །དེ་ནས་ནི་ཕྱག་རྒྱའི་དབང་བསྐུར་བ་དང༌། ཅོད་པན་དང༌། དར་དབྱངས་དང༌། རྡོ་རྗེ་དང་བདག་པོ་དང༌། མིང་གི་དབང་བསྐུར་བས་དབང་བསྐུར་ནས་ཡང་མེ་ཏོག་ལ་སོགས་པ་དང་སྒེག་མོ་ལ་སོགས་པ་མཆོད་པ་བརྒྱད་ཀྱིས་ཡང་དག་པར་མཆོད་པར་བྱའོ། །སློབ་མས་ཀྱང་ཐལ་མོ་བསྐོར་ཏེ། སློབ་དཔོན་ལ་ཕྱག་བྱས་ལ་ཡོན་གྱི་མཆོག་ཕུལ་ཏེ་མེ་ཏོག་ལ་སོགས་པའི་དབང་བསྐུར་བ་ཡང་བླང་བར་བྱའོ། །སློབ་དཔོན་གྱིས་དབང་བསྐུར་བ་ནི་ཇི་སྐད་དུ་བསྟན་པའི་གནས་སུ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཞག་ལ། དེའི་ལུས་ལ་དཔལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་དམ་ཚིག་གི་ཕྱག་རྒྱས་བཀོད་དེ། ཨོཾ་བཛྲ་ཨ་དྷྲི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་མི་དྲྀ་ཌྷྲོ་མེ་བྷ་བ་ཛཿ་ཧཱུཾ་བཾ་ཧོཿ་ཧཱུཾ་ཕཊ་ཅེས་བྱ་བ་འདིས་ཡང་རྣམ་པར་རྒྱལ་བའི་བུམ་པ་ལ་སྟོང་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་འདི་ཉིད་ཟློས་ཤིང་རྣམ་པར་རྒྱལ་བའི་བུམ་པ་ལས་རྡོ་རྗེ་ཁུ་ཚུར་གྱིས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བ་ཟློས་ཤིང་ཆུའི་དབང་བསྐུར་བ་སྦྱིན་པར་བྱའོ། །འདི་སྐད་ཀྱང་བརྗོད་པར་བྱ་སྟེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུས་འགྲུབ་བོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །སྐྱེ་བོ་འདུས་པའི་ནང་གནས་ན། །དད་པ་མེད་པས་བགད་པར་འགྱུར། །དེ་ནས་ཆོ་ག་ཐམས་


DTG062_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རྗེས་སུ་སྤྱད་ལ། སློབ་མ་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་བྱིན་ནས་གཟེངས་བསྟོད་པ་དང༌། ལུང་བསྟན་པས་སློབ་མ་ཐམས་ཅད་ལ་ལུང་བསྟན་པར་བྱའོ། །དེ་ནས་གསང་བའི་དབང་བསྐུར་བ་བཤད་པར་བྱ་སྟེ། སློབ་དཔོན་དུ་དབང་བསྐུར་བར་འོས་པ་བཅུག་ནས་དཀྱིལ་འཁོར་དང་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་ཐམས་ཅད་དང༌། སློབ་དཔོན་གྱི་ལས་ཐམས་ཅད་བསླབ་པར་བྱའོ། །འདི་ཙམ་གྱིས་ནི་གསང་བའི་དབང་བསྐུར་བས་དབང་བསྐུར་བར་འགྱུར་བ་ཡིན་ནོ། །ཡང་ན་རྩ་བའི་དཀྱིལ་འཁོར་ལས་ཁྲུ་གཉིས་ཙམ་ཡོངས་སུ་དོར་བར་དབུས་མའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཙམ་གྱི་ཁྲུ་བཞི་པ་ལ་འཇུག་པའི་སྒོ་ལ་མངོན་པར་ཕྱོགས། སྒོ་ནུབ་ཏུ་བལྟས་པའི་དཀྱིལ་འཁོར་ཚོན་སྣ་ལྔས་བྲིས་པ་དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་བྲིས་ནས། དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་འབར་བ་ལེགས་པར་བྲིས་ནས་རྩ་བའི་དཀྱིལ་འཁོར་བཞིན་དུ་དཀྱིལ་འཁོར་དེ་མཆོད་ལ་གླང་པོ་ཆེའི་གདན་ལ་ཟླ་བའི་དཀྱིལ་འཁོར་དར་གྱིས་བཀབ་པ་ལ། རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་ལ་དེའི་དབུས་སུ་བཞག་ལ། དབང་བསྐུར་བར་འོས་པ་དེ་ཡང་དེ་བཞིན་དུ་བྱིན་གྱིས་བརླབས་ནས། གདན་གྱི་སྟེང་ན་གཡོན་བརྐྱང་པའི་གནས་པས་དབང་ཕྱུག་ཆེན་པོའི་སྟེང་དུ་ཇི་ལྟ་བ་བཞིན་དུ་བཞག་ནས། གླང་པོ་ཆེའི་སྟེང་དུ་བླ་རེས་བྲེས་པ་དང༌། གཡས་ལོགས་སུ་རྡོ་རྗེ་ཧཱུཾ་མཛད་བཟླས་པའི་དར་དང་མེ་ཏོག་གི་ཆུན་འཕྱང་དང༌། རིན་པོ་ཆེའི་ཏོག་ཅན་གྱི་གདུགས་ཀྱིས་བརྒྱན་པ་དང༌། གཡོན་ལོགས་སུ་ཡི་གེ་ཨོཾ་བཟླས་པའི་གོས་སྣ་ཚོགས་དང༌། རྒྱལ་མཚན་དང་བ་དན་སྣ་ཚོགས་བསྒྲེང་བ་བཞག་སྟེ། མཆོད་ཡོན་བྱིན་ནས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། དུང་དང་རྔ་བོ་ཆེ་དང༌། རྔ་རིངས་དང༌། ཟངས་དུང་ལ་སོགས་པ་རོལ་མོའི་ཕྱག་རྒྱས་བྱིན་གྱིས་བརླབས་པ་དང༌། ཕྱི་རོལ་དུ་གར་དང་གླུ་དང་རོལ་མོ་ལ་སོགས་པས་ཡང་དག་པར་མཆོད་ལ། ཡོན་གྱི་མཆོག་བླངས་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང༌། མཚན་བརྒྱ་རྩ་བརྒྱད་པའི་བསྟོད་པས་བསྟོད་ལ། དང་པོར་ནི་བུམ་པ་གང་བས་སོ། །དེ་


DTG062_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྡོ་རྗེ་ལྕགས་སྐྱུ་ལ་སོགས་པའི་སྔགས་ཟློས་ཤིན་དེའི་བུམ་པས་སོ། །དེའི་རྗེས་ལ་རྣམ་པར་རྒྱལ་བའི་བུམ་པ་ལས་རྡོ་རྗེ་ཁུ་ཚུར་གྱིས་ཆུ་བླངས་ལ་དེས་དབང་བསྐུར་ཞིང་འཐུང་དུ་ཡང་བཅུག་ནས། བུམ་པས་ཡང་དབང་བསྐུར་བ་ནི་ཆུའི་དབང་བསྐུར་བ་ཉིད་དོའོ། དེ་ལ་སྦྱོར་བ་ནི་འདི་ཡིན་ཏེ། ཨོཾ་བཛྲ་ཨོཾ་ཀུ་ཤ་མ་ཧཱ་ཀྲོ་དྷ་ཨཱ་ཀཪྵ་ཡ་སརྦ་ས་མ་ཡ་ཧཱུཾ་ཛཿ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བ་ནས་དེ་བཞིན་དུ། ཨོཾ་བཛྲ་ཛྭ་ལ་ཨགྣི་པྲཱ་དཱི་པྟི་ཨཱ་ཀཪྵ་ཡ་སརྦ་ཏ་ཐཱ་ག་ཏཾ་མ་ཧཱ་བཛྲ་ས་མ་ཡ་ཧཱུཾ་ཛཿ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བའི་བར་ནི་རྣམ་པར་རྒྱལ་བའི་བུམ་པའི་དབང་བསྐུར་བ་སྟེ། སྦྱོར་བ་ལྷག་མ་ནི་སྔར་བཤད་པ་ཉིད་ཡིན་ནོ། །དེ་ནས་ཕྱག་རྒྱ་དང༌། ཅོད་པན་དང༌། དར་དཔྱངས་དང༌། རྡོ་རྗེ་དང་བདག་པོ་དང༌། མིང་གི་དབང་བསྐུར་བ་བྱིན་ལ། དེ་ཁོ་ན་ཉིད་དང༌། ཆོས་དང་དམ་ཚིག་ཀྱང་བྱིན་ནས་མེ་ཏོག་དང་སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་དེ། རིན་པོ་ཆེའི་མིག་ཐུར་རམ། གསེར་ལ་སོགས་པའི་ཐུར་མ་ཐོགས་ལ། མདུན་དུ་འདུག་ནས་ཚིག་འདི་སྐད་དུ་གསལ་བར་བརྗོད་པར་བྱ་སྟེ། །དེ་ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །དེ་ལ་འདིའི་སྙིང་པོ་ནི། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ་ཞེས་བྱ་བ་ཡིན་ནོ། །དེ་ནས་མེ་ལོང་བླངས་ལ་ཆོས་ཀྱི་མཚན་ཉིད་བསྟན་པར་བྱའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་དུ་འབྱུང༌། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་ནས་སུ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །དེ་ནས་ཨ་ལས་བྱུང་བའི་ཆོས་ཀྱི་དྲིལ་བུ་དཀྲོལ་དུ་གཞུག་པར་བྱའོ། །ཆོས་རྣམས་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱོར་བ་ཡིས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱོས།


DTG062_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཅེས་བརྗོད་དེ། གཞུ་བྱིན་ལ་ཕྱོགས་བཞིར་མདའ་བཞི་དང༌། སྟེང་དུ་གཅིག་འོག་ཏུ་གཅིག་འཕེན་དུ་གཞུག་པར་བྱའོ། །ཧོ་ཞེས་བྱ་བ་ནི་མངའ་སྦྱིན་པའི་སྙིང་པོའོ། །ཡང་མེ་ལོང་བླངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །འདི་སྐད་ཅེས་ཀྱང་བརྗོད་པར་བྱའོ། །གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་ནི་འདི་ཡིན་པར་ཤེས་པར་གྱིས་ཤིག །དེ་ལ་མེ་ལོང་གི་སྔགས་ནི་ཨོཾ་བཛྲ་སཏྭ་ཞེས་བྱའོ། །དེ་ནས་རྐང་པ་གཉིས་ཀྱི་བར་དུ་ཆོས་ཀྱི་འཁོར་ལོ་བཞག་ལ་ལག་པ་གཡས་སུ་དུང་བྱིན་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་སེམས་བ་སྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །དི་རིང་ཕན་ཆད་འཇིག་རྟེན་ལ། སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་པས། །ཀུན་དུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང༌། །དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། །ཀུན་དུ་ཁྱོད་ལ་སྲུང་བར་བྱེད། །ཅེས་བྱ་བས་རྡོ་རྗེ་འཁོར་ལོ་དང་རྡོ་རྗེ་སྨྲ་བའི་ཆོས་ཀྱི་ཡི་གེ་དང་བཅས་པ་སྦྱིན་པར་བྱའོ། །ཡང༌། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བར། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ་རྡོ་རྗེ་དང༌། པདྨ་དང་ནོར་བུའི་འཁོར་ལོ་རབ་ཏུ་བསྐོར་ཞེས་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་ཡང་སྦྱིན་པར་བྱའོ། །དེ་ནས་ཐམས་ཅད་གཟེངས་བསྟོད་པས། །ཀུན་དུ་སངས་རྒྱས་བདག་བསྒོམ་པའོ། །རྡོ་རྗེ་མིང་དབང་བསྐུར་བས་ཀྱང༌། །དེ་བཞིན་གཤེགས་པར་ལུང་བསྟན་ཉིད། །ཨོཾ་འདི་ནི་ངས་ཁྱོད་ལུང་བསྟན་ཡིན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་གྲུབ་


DTG062_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ། སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཱཿ་དེ་ལ་གཟེངས་བསྟོད་པ་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ཏེ། །གཡོན་པས་ཆོས་གོས་འཛིན་པའི་ཚུལ་དུ་བྱས་ལ། གཡས་པས་མཆོག་སྦྱིན་པའི་ཚུལ་དུ་བྱའོ། །དེ་ནས་སློབ་མ་རྣམས་དབུགས་དབྱུང་བ་བྱས་ལ། ཐམས་ཅད་ལ་གསང་བའི་ཡེ་ཤེས་བསླབ་པར་བྱའོ། །འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱེད་ཀྱིས་ནམ་ཡང་མ་བྱེད་ཅིག །མཧཱ་ས་མ་ཡ་ཧ་ན་ཕཊ། དེ་ནས་སྔགས་བྱིན་ལ་རང་གི་ལྷའི་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ། །ཆོ་ག་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཁྱོད་ཀྱིས་གཞན་ཕྱག་རྒྱ་མི་མཁས་པ་གང་ལ་ཡང་ཕྱག་རྒྱ་གཅིག་ཙམ་ཡང་སྟོན་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་དེ་རྣམས་ཀྱིས་དཀྱིལ་འཁོར་མ་མཐོང་བར་སེམས་དཔའི་ཕྱག་རྒྱ་བཅིང་བ་ལ་སྦྱོར་བར་བྱེད་ཀྱང༌། དེ་རྣམས་ཀྱིས་དངོས་གྲུབ་ཇི་ལྟ་བ་བཞིན་དུ་ཐོབ་པར་མི་འགྱུར་བ་དང་དེ་ནས་ད་སོམ་ཉི་ཟ་བར་གྱུར་པས་ཡང་བ་མ་སྤངས་པར་མྱུར་བ་ཉིད་དུ་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྟུང་བར་འགྱུར་ལ། རྒྱུ་དེས་ཁྱོད་ཀྱང་ངན་འགྲོར་འགྲོ་བར་འགྱུར་རོ། །དེ་ནས་སྒེག་མོ་ལ་སོགས་པའི་མཆོད་པ་བརྒྱད་དང་མེ་ཏོག་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་དག་པར་མཆོད་ལ་ཐམས་ཅད་ལ་ཅི་ནུས་བར་མཆོད་དོ་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་ནས་བདུག་སྤོས་ལ་སོགས་པས་ཅི་འདོད་པར་མཆོད་པ་བྱེད་དུ་བཅུག་ལ། ཇི་ལྟ་བ་བཞིན་དུ་ཞུགས་པ་རྣམས་ལ་འབྱོར་བ་ཅི་ཡོད་པའི་བཟའ་བ་དང་བཏུང་བ་ལ་སོགས་པ་ཐམས་ཅད་དང༌། དཀྱིལ་འཁོར་ཆེན་པོར་ཕུལ་བའི་ཡོ་བྱད་ཐམས་ཅད་ཀྱིས་ཚིམ་པར་བྱས་ནས། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཞེས་བྱ་བ་ལ་སོགས་པས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་སྦྱིན་པར་བྱའོ། །དེ་ནས་ཡང་ཐམས་ཅད་སུལ་ཡང་སྨྲ་བར་མ་བྱེད་ཅིག །ཅེས་བསྒོ་ལ་མནའི་སྙིང་པོ་བརྗོད་པར་བྱའོ།།


DTG062_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞུགས་པ་རྣམས་སླར་བཏང་ནས། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་ལ་ཕྱག་བྱས་ནས་ལྷ་ཆེན་པོ་ཆུང་མ་དང་བཅས་པ་སྔ་མ་བཞིན་དུ་བླངས་ལ་མཆོད་ནས། བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་ཡོན་ཕུལ་ཏེ། དགེ་པའི་རྩ་བ་རྣམས་མངོན་པར་འདོད་པའི་དངོས་གྲུབ་ཀྱི་དོན་དུ་བསྔོས་ལ། རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་བཛྲ་མུཿ་ཞེས་བྱ་བ་འདིས་ཕྱག་རྒྱ་གང་དང་གང་ནས་བྱུང་བའི་གནས་དེ་དང་དེ་ཉིད་ནས་དགྲོལ་བར་བྱའོ། །དེ་ནས་ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་སརྦ་མུ་དྲ་མུ་བཾ་ཞེས་བྱ་བ་འདིས་སྙིང་གནས་བྱུང་བ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་རང་གི་དབང་བསྐུར་བའི་གནས་སུ་གནས་པས་དབང་བསྐུར་ལ། མཛུབ་མོ་གཉིས་ཀྱིས་ཕྲེང་བ་བཅིང་བར་བྱས་ནས་དེ་བཞིན་དུ་གོ་ཆ་བགོ་བར་བྱའོ། །དེ་ལ་རྡོ་རྗེ་རིན་ཆེན་འདིས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་མཐེ་བོང་སྙོམས་མཛུབ་མོ་གཉིས་ཀྱི་རྩེ་མོར་སྦྱར་ནས་གོ་ཆའི་མཐར་ཕྲེང་བ་བཅིང་བར་བྱས་ལ་བཛྲ་ཏུ་ཥྱ་ཧོ་ཞེས་བྱ་བ་འདི་དང་མཉམ་པའི་ཐལ་མོས་མཉེས་པར་བྱའོ། །ཡང་ཕྱག་བྱས་ལ་བདག་གིས་ཆོ་ག་མ་ཚང་བར་བགྱིས་པ་གང་ལགས་པ་དེ་ཐམས་ཅད་བདག་ལ་བཟོད་པར་མཛོད་ཅིག །ཅེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་ནས་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ཏེ། ཡི་གེ་ཧཱུཾ་བཞི་ཟློས་བཞིན་དུ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ནས་གཤེགས་སུ་གསོལ་བའི་ཕྱིར། ཡང་དག་པར་བསྐུལ་བར་བྱའོ། །ཨོཾ་ཀྲྀ་ཏྭ་བ་སརྦ་སཏྭ་ཨརྠ་སིདྡྷི་ཡཱ་ཐ་ནུ་ག །གཙྪ་དྷ་རྨ་བུདྡྷ་བི་ཤྭ་ཡཾ། པུ་ན་རཱ་ག་མ་ན་ཡ་དུ་མའི་མཐའ་དང་བཅས་པའི་ཧཱུཾ་བཞི་ཟློས་ཤིང་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་གྱེན་དུ་དགྲོལ་བར་བྱའོ། །དེ་ལྟ་བུས་ནི་ཐམས་ཅད་གཤེགས་སུ་གསོལ་བར་འགྱུར་རོ། །ཇི་ལྟ་བ་བཞིན་དུ་སྦྲུལ་པའི་འཁོར་ལོའི་ཚོགས་འཁོར་དང་བཅས་པ་ནི་ཡིད་ཀྱི་ལེགས་པའི་སྦྱོར་བས་རང་གི་ལུས་ལ་བཅུག་ལ་ཡི་གེ་བརྒྱ་པ་དང༌། རྡོ་རྗེ་སེམས་དཔའ་ཡོངས་སུ་བཟླས་ནས་རྡོ་རྗེ་སྲུང་བ་དང༌། རྡོ་རྗེ་གནོད་སྦྱིན་དང༌། རྡོ་རྗེ་ཁུ་


DTG062_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་གྱིས་བདག་ཉིད་བསྲུང་བར་བྱའོ། །དེ་ནས་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱ་དྱ་ནུ་ཏྤནྣ་ཏྚཱ་ཏ་ཅེས་ཟློས་ཤིང་དཀྱིལ་འཁོར་ཕྱིས་ལ་དམན་པ་ལ་སོགས་པ་ཆུ་བོར་དོར་བར་བྱའོ། །དེ་ནས་ཧཱུཾ་བཞིས་ཕུར་བུ་བཏོན་ལ་ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏི་ཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ་ཞེས་བྱ་བ་ལན་བརྒྱ་རྩ་བརྒྱད་བཟླས་པའི་འོ་མས་ཕུར་བུ་དང༌། གཟུགས་བརྙན་ཐམས་ཅད་བཀྲུ་བར་བྱ་ཞིང་ཁུང་བུ་ཡང་དགང་བར་བྱའོ། །དཀྱིལ་འཁོར་ཆོ་ག་བྱས་པ་ལས། །བདག་གིས་དགེ་བ་གང་བསགས་དེ། །ཀུན་དགའ་སྙིང་པོ་དྲག་པོ་མཆོག །འཇིག་རྟེན་ཀུན་མཁྱེན་ཉིད་གྱུར་ཅིག །དཔལ་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་ཆོ་ག་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་བཏུས་པ། སློབ་དཔོན་ཀུན་དགའ་སྙིང་པོའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།འདིའི་གཞུང་ཚད་ནི་ཤློ་ཀ་སྟོང་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཡོད་དོ། །རྡོ་རྗེ་ཡེ་ཤེས་མངོན་འདོད་པའི། །སེམས་ཅན་ཀུན་ལ་ཕན་ཕྱིར་དང༌། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །རིན་ཆེན་བཟང་པོས་བསྒྱུར་བ་ཡིན།།


previousདཔལ་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་ཆོ་ག་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་བཏུས་པ།ཀུན་དགའ་སྙིང་པོ།next