Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་དྲུག་པ།


   
   
   
   
   
   
   
   
   
   
   
   
འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་ཁོ་ན་ཉིད་ཅེས་བྱ་བའི་སྒྲུབ་ཐབས།  གཉིས་སུ་མེད་པ་སྦས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་ཁོ་ན་ཉིད་ཅེས་བྱ་བའི་སྒྲུབ་ཐབས། གཉིས་སུ་མེད་པ་སྦས་པ།next

འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་ཁོ་ན་ཉིད་ཅེས་བྱ་བའི་སྒྲུབ་ཐབས།
གཉིས་སུ་མེད་པ་སྦས་པ།


DTG066_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་ཛྙཱ་ན་སཏྭ་མཉྫུ་ཤྲཱི་ཏཏྟྭ་སཱ་དྷ་ན་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་ཁོ་ན་ཉིད་ཅེས་བྱ་བའི་སྒྲུབ་ཐབས། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །ཉོན་མོངས་རྒྱ་མཚོའི་འཆིང་གཅོད་པའི། །སྡུག་བསྔལ་གཅོད་ལ་ཕྱག་འཚལ་ནས། །ལམ་གྱི་རིམ་པ་ཡང་དག་དོན། །དྲན་ནས་བདག་གིས་རབ་ཏུ་བཤད། །རེ་ཞིག་ཡིད་འོང་གནས་དག་ཏུ། །བདེ་བའི་སྟན་ལ་ཉེར་འདུག་སྟེ། །མཆོད་ཅིང་བསྟོད་ནས་སྡིག་བཤགས་བྱ། །ཚད་མེད་བཞི་


DTG066_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རབ་ཏུ་བསྒོམ། །ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བསྒོམ་མོ། །དང་པོར་བདག་ཉིད་ཨ་བསྒོམ་སྟེ། །བཾ་ལས་པདྨ་འདབ་བཞི་ནི། །ཆོས་འབྱུང་རྡོ་རྗེའི་ནང་དུ་བསྒོམ། །བདག་ཉིད་ཟླ་བའི་སྟེང་བསམ་མོ། །དེ་ལས་སྡུག་བསྔལ་གཅོད་པ་ནི། །སྐུ་མདོག་མཐིང་ག་འགྱིང་བག་ཅན། །རྡོ་རྗེ་ཨུཏྤལ་བརྟན་པའི་སྐུ། །ཟླ་བའི་སྟེང་དུ་ཨ་བསམ་མོ། །འདབ་བཞི་ཟླ་བའི་སྟེང་དུ་ནི། །ཨ་ཨཱ་ཨཾ་ཨཿ། ཚད་མེད་བཞི་ལྡན་ཡུམ་བཞི་ནི། །འགྱིང་བག་ཨུཏྤལ་བཅས་པའི་སྐུ། །རྡོ་རྗེ་སྐྱིལ་ཀྲུང་མདུན་བདར་ནས། །གོ་རིམས་བཞིན་དུ་རབ་ཏུ་བསམ། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། །སྐུ་གསུམ་བྱིན་བརླབ་དབང་བསྐུར་རོ། །དེ་ནས་དོན་དང་རབ་ལྡན་པས། །མཚན་རྣམས་རབ་ཏུ་བརྗོད་པར་བྱ། །ཨོཾ་དུཿཁ་ཙྪེ་ད། ན་མ་སྟེ་བ་ར་ད་བཛྲཱ་གྲ། བྷཱུ་ཏ་ཀོ་ཊི་ན་མ་སྟུ་ཏེ། ན་མ་སྟེ་ཤཱུ་ནྱ་ཏཱ་གརྦྷ། བུདྡྷ་བོདྷི་ན་མ་སྟུ་ཏེ་ཧོཿ། དེ་ནས་ལྡང་བར་འདོད་ན་མུཿདང་བཅས་པས་གཤེགས་སུ་གསོལ་ལ། །དམ་ཚིག་གིས་ལྡང་བར་བྱའོ། །བཅོམ་ལྡན་ངག་གི་དབང་ཕྱུག་ནི། །རིན་ཆེན་ཨུཏྤལ་གསེར་གྱི་མདོག །པདྨ་འདབ་བཞི་ཟླ་བའི་སྟེང༌། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །འདབ་བཞི་ཟླ་བའི་སྟེང་དུ་ནི། །ཨ་ཨཱ་ཨཾ་ཨཿཡུམ་བཞིའོ། །སྤྱན་དྲངས་མཆོད་དང་བསྟིམ་བྱས་ནས། །བྱིན་བརླབ་དབང་བསྐུར་མཚན་གདོན་ནོ། །ཨོཾ་བཱ་གཱི་ཤྭ་ར་བུདྡྷ་རཱ་ག་ན་མ་སྟེ་སྟུ། བུདྡྷ་ཀཱ་མ་ན་མོ་ན་མཿ། བུདྡྷ་པྲཱི་ཏི་ན་མ་སྟུ་བྷྱཾ། བུདྡྷ་ཏུ་བྷྱཱཾ་བུ་ཏ་ན་མཿ། ཞེས་བརྗོད་ནས། མུཿཞེས་གཤེགས་སུ་གསོལ་ནས་སྤྱོད་ལམ་གྱིས་གནས་པར་བྱའོ། །རྡོ་རྗེ་རབ་ཏུ་འབར་བའི་ནང༌། །འདབ་བཞི་དམར་བའི་ཟླ་བའི་སྟེང༌། །ཨ་ལས་བྱུང་བ་རྣོན་པོ་ནི། །མདོག་དམར་པདྨ་ཨུཏྤལ་བསྣམས། །རྡོ་རྗེ་སྐྱིལ་ཀྲུང་ཟླ་བའི་སྟེང༌། །འདབ་བཞི་ཟླ་བའི་སྟེང་དུ་ནི། །ཨ་ཨཱ་ཨཾ་ཨཿཡུམ་བཞི་ནི། །འགྱིང་བག་གཙོ་ལ་ཕྱོགས་པའོ། །སྤྱན་དྲངས་མཆོད་དང་བསྟིམ་བྱས་ནས། །བྱིན་བརླབ་དབང་བསྐུར་མཚན་གདོན་ནོ། །ཨོཾ་བཛྲ་ཏཱིཀྵྞ། བུདྡྷ་མོ་ད་ན་མོ་ན་མཿ། བུདྡྷཱ་སྨི་ཏ་ན་མ་སྟུ་བྷྱམ། བུདྡྷ་ཧཱ་ས་ན་མོ་ན་མཿ། བུདྡྷཱ་བའ་ཙ་ནཱ་མ་སྟེ་སྟུ། བུདྡྷོ་བྷཱ་བ་ན་མོ་ན་མཿ།


DTG066_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་ནས་མུཿཞེས་གཤེགས་སུ་གསོལ་ནས་སྤྱོད་ལམ་གྱིས་གནས་པར་བྱའོ། །ཤེས་རབ་རང་བཞིན་སྟོང་པའི་ནང༌། །སྙིང་རྗེས་མཚོན་པའི་གདན་བསམས་ཏེ། །བྱང་ཆུབ་སེམས་ཀྱི་ས་བོན་ཏེ། །ཤེས་རབ་ཡེ་ཤེས་ཨ་ལས་བསྐྱེད། །སྐུ་མདོག་དཀར་པོ་རབ་ཏུ་མཛེས། །འཁོར་ལོ་ཨུཏྤལ་ཡང་དག་ལྡན། །ཟླ་བའི་དཀྱིལ་འཁོར་སྟེང་དུ་ནི། །རྡོ་རྗེ་སྐྱིལ་ཀྲུང་བཅས་པར་བསམ། །འདབ་བཞི་ཟླ་བའི་སྟེང་དུ་ནི། །ཨ་ཨཱ་ཨཾ་ཨཿཡུམ་བཞི་བསྒོམ། །པྲ་ཀྲྀ་ཏི་པ་རི་ཤུདྡྷཿ། སརྦ་དྷརྨཱ་ཡ་དུ་ཏ། སརྦ་ཏ་ཐཱ་ག་ཏ་དྷཱུ་བ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སརྦ་ཏ་ཐཱ་ག་ཏ་པུཥྤ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སརྦ་ཏ་ཐཱ་ག་ཏ་གནྡྷ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སརྦ་ཏ་ཐཱ་ག་ཏ་ནི་བི་ཏྱེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སརྦ་ཏ་ཐཱ་ག་ཏ་ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་མཆོད་ནས་ཛཿཧཱུཾ་བཾ་ཧོཿཞེས་བསྟིམ་མོ། །ཨོཾ་ཧཱུཾ་ཧྲཱིཿབྷ་ག་བཱ་ན། ཛྙཱ་ན་མཱུརྟི། བཱ་གཱི་ཤྭ་ར། མ་ཧཱ་ཝ་ཙ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། སརྦ་དྷརྨཱ་ག་ག་ན། ཨ་མ་ལ་སུ་པ་རི་ཤུདྡྷ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ། ཞེས་བརྗོད་ནས་མཚན་ཡང་དག་པར་བརྗོད་པ་གདོན་པར་བྱའོ། །ཨོཾ་པྲ་ཛྙཱ་ཛྙཱ་ན་མཱུརྟ་ཡེ། ཨ་བྷ་བོདྦྷ་བ་ན་མ་སྟུ་སྟེ། ན་མ་སྟེ་བུདྡྷ་སཾ་བྷ་བ། ག་ག་ནོདྦྷ་བ་ན་མ་སྟུ་བྷྱཾ། ན་མ་སྟེ་ཛྙཱ་ན་སཾ་བྷ་བ། ཞེས་བསྟོད་ནས་མུཿཞེས་བརྗོད་ནས་སྤྱོད་ལམ་གྱིས་གནས་པར་བྱའོ། །ཤེས་རབ་ཀྱིས་ནི་ཧཱུཾ་ལས་བསྐྱེད། །སྙིང་རྗེ་མ་ཆགས་པདྨའི་གདན། །བྱང་ཆུབ་སེམས་ལས་བྱུང་བའི་སྟེང༌། །ཨ་ནི་རབ་ཏུ་གསལ་བར་བྱ། །ཡེ་ཤེས་སྐུ་ནི་ལྗང་གུ་སྟེ། །རྒྱ་གྲམ་ཨུཏྤལ་བསྣམས་པ་ཡིས། །སེམས་བསྐྱེད་པ་ཡི་ས་བོན་ཏེ། །རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས། །འདབ་བཞི་ཟླ་བའི་སྟེང་ན་ནི། །ཨ་ཨཱ་ཨཾ་ཨཿཡུམ་བཞི་བསྐྱེད། །ཡེ་ཤེས་གཉིས་མེད་བསྟིམ་བྱས་ནས། །བྱིན་བརླབ་དབང་བསྐུར་རྫོགས་པ་དང༌། །མཚན་ནི་ཡང་དག་བརྗོད་པར་བྱ། །དེ་ནས་བསྟོད་པ་འདིས་བསྟོད་དོ། །ཨོཾ་ཛྙཱ་ན་ཀཱ་ཡ། མཱ་ཡ་ཛཱ་ལ་ན་མ་སྟུ་བྷྱཾ། ནཱ་མ་སྟེ་བུདྡྷ་ནཱ་ཊ་ཀ །


DTG066_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་སྟེ་སརྦ་སརྦེ་བྷྱཾ། ཛྙཱ་ན་ཀཱ་ཡ་ན་མ་སྟུ་ཏེ། ཨོཾ་ཨཱཿཧཱུཾ་མུཿ། ཞེས་སྤྱོད་ལམ་གྱིས་གནས་པར་བྱའོ། །དྲི་མེད་ཡེ་ཤེས་ལས་བྱུང་བ། །དགེ་བ་དྲི་མེད་གང་ཐོབ་དེས། །འགྲོ་རྣམས་སྲིད་པ་ལས་གྲོལ་ནས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས་སློབ་དཔོན་གཉིས་སུ་མེད་པ་སྤས་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་དྷརྨྨ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།།


previousའཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་ཁོ་ན་ཉིད་ཅེས་བྱ་བའི་སྒྲུབ་ཐབས། གཉིས་སུ་མེད་པ་སྦས་པ།next