Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མི་འཁྲུགས་པའི་སྒྲུབ་ཐབས།  དཔའ་བོ་རྡོ་རྗེ།
   
   
   
   
   


 
previousམི་འཁྲུགས་པའི་སྒྲུབ་ཐབས། དཔའ་བོ་རྡོ་རྗེ།next

མི་འཁྲུགས་པའི་སྒྲུབ་ཐབས།
དཔའ་བོ་རྡོ་རྗེ།


DTG068_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

༈ མི་འཁྲུགས་པའི་སྒྲུབས་ཐབས་བཞུགས།། མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །མཚན་ཉིད་ལྡན་པའི་བུམ་པ་ལ། །བརྡེག་དང་བདུག་དང་མཚན་མ་དགོད། །ནང་དུ་བཅུད་རྣམས་བླུགས་ལ་ཡང༌། །མགུལ་ཆིངས་ཁ་རྒྱན་ལ་སོགས་བཅས། །མཎྜལ་མེ་ཏོག་བཅས་པའི་སྟེང༌། །བཞག་ལ་མཆོད་སོགས་རིམ་བཞིན་བཤམ། །བདག་དང་གནས་སོགས་བསྲུང་བྱས་ལ། །མཆོད་པ་བསངས་ཤིང་བྱིན་གྱིས་བརླབ། །བདག་ཉིད་ལྷག་པའི་ལྷར་བསམས་ནས། །རང་བཞིན་དག་པའི་སྔགས་བརྗོད་པས། །བུམ་པ་སྦྱངས་ཏེ་བཾ་ལས་བསྐྱེད། །རྒྱ་མཚོ་པདྨ་ཟླ་སྟེངས་སུ། །མི་འཁྲུགས་རྒྱལ་པོ་སྤྱན་དྲངས་ལ། །བགེགས་བསྐྲད་རྒྱས་བཏབ་མཆོད་ཡོན་སོགས། །ཕུལ་ཏེ་ཛཿ་ཧཱུཾ་བཾ་ཧོཿ་སཾ་དགུག །གདན་ལ་བཞུགས་གསོལ་མཆོད་བསྟོད་བྱ། །འཕྲོ་འདུ་ཚུལ་གྱིས་བཟླས་བརྗོད་བྱ། །བརྒྱ་སྟོང་ལ་སོགས་ཅི་ནུས་པར། །བྱས་ཏེ་མཆོད་བསྟོད་གཏོར་མ་གཏང༌། །དེ་ལྟར་ཐུང་དང་སྦྱོར་བ་ཡིས། །ཇི་སྲིད་འདོད་ཀྱི་བར་དུ་བྱ། །ཁྲུས་ཀྱི་དུས་སུ་བུམ་ནང་ལྷ། །མཆོད་བསྟོད་བྱས་ཏེ་མཁའ་ལ་བཞུགས། །དེ་ཡིས་དབང་བསྐུར་བསམས་ལ་བཀྲུ། །རང་ཉིད་ལྷ་ཡི་སྦྱོར་ལྡན་པས། །རྒྱུན་གཅོད་སྔགས་ལ་ཆེ་གེ་མོ། །སརྦ་པཱ་པཾ་ཞེས་སོགས་པའི། །བརྗོད་ཅིང་བུམ་པའི་ཆུ་རྒྱུན་གྱིས། །བཀྲུ་ཞིང་དེ་ནས་རྨ་བྱ་ཡི། །སྒྲོ་ཡིས་བྱབ་ཅིང་ཨ་པ་ན། །ཞེས་སོགས་བརྗོད་པས་མི་མཐུན་


DTG068_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས། །བསལ་བར་བསམས་ལ་སློབ་མ་དེ། །མདུན་དུ་གནས་པས་མཎྜལ་བྱ། །བླ་མ་ལ་ཕུལ་བླ་མ་ཡིས། །སྲུང་སྐུད་སྲུང་འཁོར་གདགས་པ་དང༌། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བསྲུང༌། །ལྷ་ལ་མཆོད་བསྟོད་བཟོད་པར་གསོལ། །གཏོར་མ་བྱིན་ལ་ཕྲིན་ལས་གཞོལ།། སྨོན་ལམ་བཏབ་ལ་གཤེགས་སུ་གསོལ། །ཨ་ཀཱ་རོ་ཡི་སྔགས་བརྗོད་ཅིང༌། །མཎྜལ་མཆོད་པ་མེ་ཏོག་བསྡུ། །འདི་ཡིས་ཡིད་བཞིན་ནོར་བུ་བཞིན། །མི་མཐུན་ཕྱོགས་སེལ་འདོད་པ་འགྲུབ། །སློབ་དཔོན་དཔའ་བོ་རྡོ་རྗེ་མཛད་པའོ། །རྫོགས་སོ། །


previousམི་འཁྲུགས་པའི་སྒྲུབ་ཐབས། དཔའ་བོ་རྡོ་རྗེ།next