Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱན་དམ་པ་སྣ་ཚོགས་པ་རིམ་པར་ཕྱེ་བ་བཀོད་པ།  སྠི་ར་མ་ཏི་ས་ཡོ་ག


 
previousརྒྱན་དམ་པ་སྣ་ཚོགས་པ་རིམ་པར་ཕྱེ་བ་བཀོད་པ། སྠི་ར་མ་ཏི་ས་ཡོ་གno next

རྒྱན་དམ་པ་སྣ་ཚོགས་པ་རིམ་པར་ཕྱེ་བ་བཀོད་པ།
སྠི་ར་མ་ཏི་ས་ཡོ་ག


DTG068_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྒྱན་དམ་པ་སྣ་ཚོགས་པ་རིམ་པར་ཕྱེ་བ་བཀོད་པ་བཞུགས།། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཞི་བཅོམ་དྲུག་ལྡན་མཐའ་གཉིས་འདས། །བདག་གཞན་གཉིས་ཀའི་དཔལ་མངའ་ཞིང༌། །རྣམ་པ་རྣམ་མེད་རྣམ་སྣང་མཛད། །སྐུ་གསུམ་ཆེ་ལ་ཕྱག་འཚལ་ལོ། །འཇིག་རྟེན་པ་ལ་འཇིག་རྟེན་འདས་པ་དགོས། །དཀྱིལ་འཁོར་དམ་ཚིག་སྒྲུབ་ལ་ཡོ་གར་འབྲེལ། །སྐུ་བཞི་ལྷ་ལྔ་ཡང་སྒོས་བྱང་ཆུབ་སེམས། །དགའ་དང་དོན་བསྡེབས་སྠི་ར་མ་ཏིས་བཤད། །སྤྱིར་ནི་སྟོན་པ་རྣལ་འབྱོར་ནས། །མ་འོངས་བ་དག་སྒྲུབ་ཐབས་ལ། །སྡེ་སྣོད་གསུམ་གསུངས་སྙིང་པོ་ལྔའི། གསང་སྔགས་རྡོ་རྗེ་རྒྱུད་མཆོག་ལས། །བསྒྲུབ་པར་བྱ་བའི་འཁོས་དག་ནི། །བར་འདིར་མ་ལུས་མདོ་གདོན་པ། །རླུང་བཅད་དང་པོ་ས་གཞི་གཟུང༌། །གཉིས་པ་སྟ་གོན་གནས་པར་


DTG068_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ནུབ་གསུམ་པ་ལ་གཞུག་པའོ། ལས་རྣམས་ཐམས་ཅད་བདག་བསྒོམས་ལ། །ས་སྟེངས་ཟླ་གམ་ཚོན་སྔོན་བསྐུ། །ཐིག་ལེ་བདུན་བྲིས་རླུང་རྒྱལ་དུད། །ཤ་ཞོན་བ་དན་དགུག་སོགས་བྱ། །ཁམ་པོར་ལཾ་དང་ཧྲི་ཡིས་བཅད། །གཡོགས་པ་བལ་མིག་དོང་གཞུག་བཅིང༌། །ཕུར་བུས་བཏབ་ཕྱུང་འོ་མས་བཀྲུ། །ཞག་བདུན་བདུན་ནས་བྱ་བར་བཤད། །མཚེར་རུང༌། །བསླང་བ་མངོན་ཉོ་མི་མངོན་ཉོའོ། །དེ་གཟུང་ཕུར་རིན། །བསྐྲད་དང་བསྲུང་ཞིང་སྦྱང་དང་བདུན། །དེ་བདུན་ལྡན་ན་ལས་རྣམས་འགྲུབ། །ཕྱི་ནང་བརྟག་པ་རུང་མི་རུང༌། །བསླང་བ་མངོན་ཉོ་མི་མངོན་ཉོའོ། །དེ་དུས་དབང་བཅོམ་སྦྲན་པར་བྱ། །གཟུང་བ་རྣམ་རྒྱལ་ཁྲོ་བོ་ཕུར། །བསྟན་པ་སྐྱོང་བའི་བདག་པོ་ལྔ། །རིན་ཆེན་ལ་སོགས་ཉི་ཤུ་ལྔ། །གུས་བཅས་རིན་དུ་སྦྱིན་པར་བྱ། །དེ་ནས་ཕྱག་ན་རྡོ་རྗེ་དྲག །བདུད་རྩི་འཁྱིལ་བས་བསྐྲད་པར་ཤིས། །ཧཱུཾ་སྭཱ་ཨཱཾ་ཧཱ་གསུམ་དུ་ནི། །ཕྱོགས་བཞིར་མཚན་བསྒྱུར་རྩེ་གསུམ་འགྲོས། །མ་དང་ཊ་ལས་ཉི་ཟླའི་དཀྱིལ། །ཤིན་ཏུ་ཁྲོས་བྱས་མགོ་བསྟོད་དེ། །ཧཱུཾ་ཧཱུཾ་ཧཱུཾ་གི་ང་རྒྱལ་བྱ། །ལྷ་དང་ལྷ་མིན་ལ་སོགས་པ། །འདི་ན་མ་གནས་མགོ་འགས་དེངས། །ཧཱུཾ་རྡོ་རྗེ་རིགས་མཆོག་ཕོ་ཉ་མང་པོའི་ཚོགས། །རིག་པ་མང་པོས་བསྟེན་པའི་ལྷ་མོ་དེ། །བཟླས་པ་ཙམ་གྱིས་བགེགས་རྣམས་ཕུང་བ་དང༌། །རྔམ་པ་འཐོན་ཅིང་ཕྱོགས་བཅུར་འབྲོས་པར་འགྱུར། །རལ་གྲི་སྤུ་གྲི་ནགས་ཚལ་གཏམས་པ་ཡི། །ལྕགས་བསྲེགས་ས་གཞི་རྡོ་རྗེར་ངེས་ཤེས་པས། །ཕྱོགས་འདི་ནས་ནི་མྱུར་དུ་འབྲོས་པར་འགྱུར། །བཅོམ་ལྡན་མགོན་པོ་འཇིག་རྟེན་ཕན་ཕྱིར་གཤེགས། །ངས་ནི་གནས་མཆོག་འདི་དག་ཀུན་བསྲུངས་པས། །གནོད་བྱེད་བགེགས་ཀུན་འདི་ན་མ་གནས་ཤིག །ཧཱུཾ་ཧཱུཾ་ཧཱུཾ་ན་མཿ་ས་མནྟ་བཛྲཱ་ཎཱཾ་སརྦ་ཏ་ཐཱ་ག་ཏེ་ཨ་ནུ་ག་ཏེ། བནྡྷ་སི་ན། མ་ཧཱ་ས་མ་ཡ་ནིར་ཛཱ་ཏེ། སྨ་ར་ནི་ཨ་པྲ་ཏི་ཧ་ཏ། ཀ་ཊ་ཀ་ཊ། ཙ་ར་ཙ་ར། བནྡྷ་བནྡྷ། ད་ཤི་ཏི་ད་ཤ་ན་སརྦ་ཏ་ཐཱ་ག་ཏེ། ཨ་ནུ་གནྟེ། པྲ་བ་དྷརྨ་ལ་མ་ཏ་བི་ཛཱ་ཡ། བྷ་ག་བ་ཏི་ཀུ་རུ་བི་ཀུ་ལེ། ལེ་ལུ་པུ་རེ་སྭཱ་ཧཱ། དེ་ཡིས་བདུད་སྲིན་རོད་རོད་པོར། །རིགས་ལྔའི་ཕྲ་མེན་གཡོག་བཅས་ཀུན། །ཅི་བགྱི་ཞེས་སུ་བརྗོད་པ་དང༌། །ཁྱེད་ཀྱིས་བགེགས་བསྐྲད་ཚར་གཅོད་པར། །ལས་ཀྱི་བདག་པོའི་


DTG068_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་བྱའོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངག་གཞུག་ཕོ་ཉའི་ལས་མཛད་པ། །ཁྲོ་ཆེན་བདུད་རྩི་འཁྱིལ་པ་ཡིས། །བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག །ན་མོ་བཛྲ་རཏྣ་ཏྲ་ཡཱ་ཡ། ན་མཿ་ཙྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོདྷཱ་ཡ། མ་ཧཱ་དཾ་ཥྚོད་ཀ་ཊ་བྷེ་ར་བཱ་ཡ། ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧ་སྟཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ་ཏིཥྛ། བནྡྷ་བནྡྷ་བནྡྷ། ཧ་ན་ཧ་ན་ཧ་ན། གྲྀཧྞ་གྲྀཧྞ་གྲྀཧྞ། གརྫ་གརྫ་གརྫ། སྥོ་ཊ་ཡ་སྥོ་ཊ་ཡ་སྥོ་ཊ་ཡ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱན་མ་ཧཱ་ག་ཎ་པཱ་ཏི། ཛི་བིནྟཱནྟ་ཀཱ་རཱ་ཡ་སྭཱ་ཧཱ། དེ་བཞིན་དུ་སྭ་དང་ཨོཾ་དང་ཧཱས་བསྒྱུར་ཏེ། རཏྣ་པདྨ་ཀརྨས་མཚམས་གཅད་དོ། །སྲུང་བའི་ལས་དག་བྱ་བ་ཡང༌། །དེ་བཞིན་སྟེགས་བུ་བརྩིགས་ནས་སུ། །ལུགས་མའི་ཕྱག་རྒྱའམ་བདག་གནས་ཏེ། །རྒྱན་ལྡན་དེ་ཡིས་བདག་གཞན་སྲུང༌། །སྲུང་ཆེན་མོ་དང་ཕྱག་རྒྱ་ལྔ། །བརྟན་རྒྱལ་བརྗིད་ལེགས་བདེ་བར་གནས། །བཛྲ་བཞི་ཡིས་བསྲུང་བར་བྱ། །ས་རྣམས་གཞན་གྱིས་མ་གཙེས་དང༌། །འབབ་ཆུ་རྒྱ་མཚོར་མ་གྱུར་ལ། །ཉི་ཟླའི་མིག་དང་ཡིག་འབྲུའི་ཚོགས། །སྦྱང་ཞིང་སྤེལ་བའི་ལས་བྱའོ། །ཀུན་རྫོབ་དོན་དམ་གཉིས་སུ་བརྟག །གླེང་གཞི་རྒྱུ་དང་བསྙེན་པ་དང༌། །ངེས་པའི་ཚིག་དང་བྱང་ཆུབ་སེམས། །སྟ་གོན་གནས་དང་ཕན་ཡོན་རྣམས། །མདོར་བསྡུས་ཡན་ལག་བདུན་བཤད་རིགས། །ཅི་དོན་གང་ལ་གང་ཞུས་བཤད། །ཆོས་རྣམས་དོན་བསྒྲུབ་བསྟོད་གླེང་གཞིའོ། །ངོ་མཚར་དོན་ཞུས་བཤད་ཐོས་ལངས། །དྲན་པ་དང་སྐྱེས་གླེང་གཞི་རྒྱུ། །མཚན་མ་དུས་དང་གྲངས་ལ་བརྩོན། །ཐབས་ལ་མ་རེག་བསྙེན་པའོ། །རང་བཞིན་ཏིང་འཛིན་གཟུགས་བརྙན་གསུམ། །སྔགས་དང་དེ་དོན་མཎྜལ་ཏེ། །དགའ་བ་ཆེན་པོ་དེ་ངེས་ཚིག །བྱང་ཆུབ་མཆོག་གི་སེམས་ལྡན་བསྐྱེད། །སྦྱངས་པ་དོན་དམ་ཀུན་རྫོབ་བོ། །ལྷ་དང་མི་དང་ཡོ་བྱད་གསུམ། །ཏིང་འཛིན་ནན་ཏན་སྟ་གོན་བྱ། །ལྷ་རྣམས་སྟ་གོན་ཇེ་གནས་ཏེ། །གཉིས་པ་མི་རྣམས་སྟ་གོན་ནོ། །ཐ་མ་ཡོ་བྱད་སྟ་གོན་བྱ། །རིམ་པ་དེ་ཡིས་ལས་རྣམས་འགྲུབ། །དཀྱིལ་འཁོར་དག་ལ་ལས་ཀྱི་སྐལ་ཡོད་གང༌། །དེ་བཞིན་གཤེགས་དང་འཁོར་གྱི་ལྷ་རྣམས་དག །བསྒྲུབ་པའི་དོན་ཕྱིར་ལྷག་པར་སྔར་མཆོད་ལ། །དྲི་ཞིམ་མཎྜལ་གསོལ་བཏབ་སྟ་


DTG068_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

གོན་གནས། །རྩེ་གཅིག་དུལ་བའི་སེམས་ལྡན་སློབ་མ་རྣམས། །ཆོས་གཏམ་རིམ་པས་ཤིན་ཏུ་དབུགས་ཕྱུང་སྟེ། །ཀུ་ཤ་ཚེམས་ཤིང་ཕྱག་རྒྱ་མཆོག་རྣམས་དང༌། །དག་པའི་ཆུས་རེག་གཙང་བྱས་སྟ་གོན་གནས། །སྟོན་པ་རྡོ་རྗེ་གདན་དག་ལ། །ནམ་གཤེགས་ཞེས་ནི་བརྒྱ་བྱིན་ཞུས། །ཀུ་ཤ་ཕུལ་དང་དབང་ལྡན་གྱི། །ཚོད་འཛིན་བཞུད་ཅེས་དེ་བཞིན་ནོ། །ཕྱག་ན་རྡོ་རྗེས་སྟོན་པ་ལ། །བིལ་བ་ཕུལ་ནས་ཨུ་དུམ་དང༌། །ཨ་ཤྭདྠ་ཡིས་ཚིག་དབང་སྤྲུལ། །ཕྱག་རྒྱ་རྒྱ་གྲམ་སྐུ་གསུམ་མམ། །ཡང་ན་ཆོ་གའི་ཕྱག་རྒྱ་དང༌། །ལྡན་པས་ཕོ་གཡས་མོ་གཡོན་དཔུང༌། །དེ་ཡིས་བདུད་ལས་རྒྱལ་བར་འགྱུར། །བདག་པོ་སྔགས་གཡོག་དམ་བཅས་ཏེ། །དུས་གསུམ་སངས་རྒྱས་ཀུ་ཤ་བརླག །ཨོཾ་བཛྲ་ཙཀྲ་ཏིཀྵ་ཧྲཱི། ཨོཾ་ཨཱཿ་ཧཱུཾ་ཨ་བྷི་ཥིཉྩ་ཨ། འཁོར་ལོ་རལ་གྲི་པདྨར་གྱུར། །བཤད་དང་བསྲུང་བ་ཚེམས་ཤིང་བརླབ། །ཨོཾ་བཛྲ་ཧ་ས་པ་ཤ་ཏྲཾ་ཏྲཾ། ཚིག་དབང་ལྷ་མོས་བཀྲ་ཤིས་རྒྱལ། །ཁྲོ་བོ་བཅུ་ཡིས་སྲུང་སྐུད་བརླབ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་བནྡྷ་རཀྵ་ཧཾ། རྡོ་རྗེ་འབར་བའི་གོ་ཆར་ལྡན། །འཇིག་རྟེན་འདིའམ་འདི་ནས་གཞན། །ཡོད་མེད་མིང་ནས་བོས་ནས་བྲི། །འཕན་དང་ནོར་བུ་གདུགས་ལྡན་བྱུང༌། །ཆོ་ག་མ་རྫོགས་བར་དུ་ནི། །ཁམས་གསུམ་བདག་པོ་རྣམ་རྒྱལ་ལ། །གཏད་པའི་ལས་རྣམས་བྱས་གྱུར་ན། །དེ་ནི་བདེ་གཤེགས་འདྲ་བར་འགྱུར། །དེ་ལྟར་གཏད་པ་མ་བྱས་ན། །སློབ་དཔོན་དེ་ཡི་ལས་རྣམས་ནི། །མྱུར་དུ་འགྲུབ་པར་མི་འགྱུར་ཞེས། །ཐུབ་པའི་གཙོ་བོ་ཉིད་ཀྱིས་གསུངས། །བཅོམ་ལྡན་ཁམས་གསུམ་རྣམ་རྒྱལ་གྱི། །མཚན་ཉིད་བདག་གིས་བསྒྲུབས་པས་ན། །ཐུགས་རྗེ་བསྐུལ་ལོ་མཐུ་མངའ་བའི། །རྒྱལ་བས་འདི་ལ་བྱིན་གྱིས་རློབས། །ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ། ས་མ་ཡ་ཏིཥྛ་བཛྲ་ཧཱུཾ། གཡས་གཡོན་མདུན་རྒྱབ་བྱང་ཆུབ་སེམས། །སྤྱན་རས་གཟིགས་དང་ནམ་སྙིང་ངོ༌། །རྣམ་རྒྱལ་ལས་རྣམས་མ་བྱས་ན། །སྡིག་ཅན་དེ་དག་མི་ཐར་ཞེས། །བདེ་གཤེགས་རྒྱལ་བ་ཉིད་ཀྱིས་གསུངས། །སངས་རྒྱས་ཀུན་གྱིས་གདན་དུ་བརླབས། །ཨོཾ་བཛྲ་དཱུར་བ་མཾ་ག་ལ་ཏིཥྛ་ཙཀྲ་ཧྲཱི། ལྷ་གྲངས་བཞིན་དུ་དབུས་ནས་དགོད། །ཀུ་ཤའི་སྟེང་ཉལ་རྨི་ལྟས་གདབ། །གཞན་བསྲུང་ཚིག་དབང་ལྷ་མོས་བརླབ། །ཨོཾ་བཛྲ་ཧ་ས་པ་ཤ་ཏྲཾ་ཧྲཱི། མ་ག་ལ་ཏིཥྛ་ཧཱུཾ།


DTG068_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་ཉེས་བཞི་དག་པར་བྱེད། །སྲུང་བ་ཆེན་པོ་ཆེན་མོས་བརླབ། །ཨོཾ་བཛྲ་བནྡྷ་རཀྵ་ཧཾ། བཛྲ་ཀ་བ་ཙ་མནྡུ། ལུས་ཀྱི་ཉེས་གསུམ་དག་པར་བྱེད། །མཆོད་པའི་ཡོ་བྱད་བཞུགས་གནས་བརྒྱན། །བླ་རེ་འཕན་གདུགས་རྒྱལ་བ་དན། །ལྔ་ལྡི་ཚོན་དང་ཚོན་སྐུད་བཅས། །མདའ་དང་རལ་གྲི་ཕུར་བུ་བུམ། །ཅི་བགྱི་ཁྱད་པར་ཆེ་རྟགས་སོ། །དར་དང་དོ་ཤལ་དྲིལ་བུ་རྔ། །ནོར་བུ་མེ་ལོང་སྤྱན་ཉི་ཟླ། །ཡོན་ཆབ་བདུག་སྤོས་མེ་ཏོག་དྲི། །མེ་བཤོས་འོ་སྦྲང་མར་བུ་རམ། །བཟའ་བཏུང་བཅའ་བ་སྦྱོར་ལེགས་བསོག །གཏོར་མ་ནས་ཀྱི་ཐུག་པ་དང༌། །ཏིལ་དང་ཡུངས་ཀར་ཡོས་འབྲས་དང༌། །འབྲས་ཆན་ནས་གྲོ་མ་ངུ་པ། །ག་བུར་གཙང་འབོབ་ཡམ་བུད་ཤིང༌། །ཤག་ཏེའུ་ཤུག་ཏེའུ་དགང་བླུགས་གཟར། །ཕུར་བུ་གཏུན་ཤིང་ཞི་བའི་རྫས། །འོ་མའི་ཐུག་པ་ཞོ་འབྲས་ཆན། །ནས་ངར་ཆན་ཏིལ་སྦྱར་གསུམ་དང༌། །ནཱ་ག་པུས་པ་བཅིལ་བའི་འབྲས། །འབྲུ་རྣམས་རྣམ་ལྔ་བུར་སྦྲང་སེར། །སྒྲོན་ཤིང་ཤག་ཏེའུ་སྒྲོན་ཐེའུ་དགང༌། །བླུགས་གཟར་ཡམ་ཤིང་བུད་ཤིང་རྫས། །བ་དང་ར་ལུག་ཞོ་དག་ནི། །བསྲུབས་མ་ཐག་གི་མར་གསར་དང༌། །ཟངས་ཕྱེ་ཚ་རྣམས་ཡུངས་ཀར་དང༌། །སྐྱེ་ཚེ་ཏིལ་དང་ཞིམ་ཐིག་ལེ། །ལ་ཕུག་ཡུངས་ནག་རྡོག་ཆུང་དང༌། །སྐྱེར་པའི་ཤིང་ཏོག་ཐམས་ཅད་དང༌། །སྦང་མའི་གཏོར་མ་སྐྱར་བ་དང༌། །དམར་པོའི་ཤིང་ངམ་ཙནྡན་དམར། །ཤག་ཏེའུ་ཙནྡན་ཡམ་བུད་ཤིང༌། །དབང་གི་ཕྱེ་མ་རི་ལུ་སོགས། །བཙག་དང་རྒྱ་སྐྱེགས་ཀྱིས་བྱུགས་ཏེ། །དབང་གི་མཆོད་དམར་དགང་བླུགས་གཟར། །ཤ་དང་རུས་པ་ཁྲག་དང་སྐྲ། །ཡུངས་ཀར་ཡུངས་ནག་སྐྱེ་ཚེ་དུག །དུར་ཁྲོད་ཐལ་བ་རྡོ་རྗེ་ལྕགས། །ཀོ་བ་གཏུབ་པའི་དུམ་བུ་དང༌། །མགལ་དུམ་སེང་ལྡེང་ཚེར་ནག་ལ། །ཡམ་ཤིང་བུད་ཤིང་ཨ་རི་སྟ། །ཤག་ཏེའུ་ཚེར་ཏེའུ་རྩུབ་པར་བྱ། །དྲག་ཤུལ་སྤྱོད་པའི་དགང་བླུགས་རྫས། །རྣམ་གསུམ་ཕུར་བུ་གཏུན་ཤིང་ནི། །སོ་སོའི་ཤིང་ལ་བྱ་བའོ། །ཟླུམ་པོ་གྲུ་བཞི་ཟླ་གམ་དང༌། །གྲུ་གསུམ་པོར་ནི་བྱ་བར་བཤད། །ཞི་རྩེ་རྒྱས་པར་དབང་གི་སྦོམ། །དྲག་པོ་བརྡུངས་པ་དག་གིའོ། །ཞི་རྒྱས་དབང་དྲག་བཞི་ཡིས་བསྟན། །པདྨ་ཀུ་ཤ་ཁྲི་དང་གསུམ། །དྲག་པོ་ས་གཞི་ཉིད་ལས་ཤིས། །རྒྱལ་ཐབས་ལས་རྣམས་ཀུན་གྱི་མཆོག །རྣམ་རྒྱལ་ལ་སོགས་ཁྲོ་བོ་རྣམས། །སྦྱིན་སྲེག་


DTG068_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་དང་པོར་མཆོད། །རྟེན་ཡང་ཕྱོགས་ཕྱོགས་ཁྲོ་བོ་ལའོ། །སྦྱིན་སྲེག་བུམ་རྒྱན་ལྡན་བཞི་ཡུམ། །དཔལ་རྩེ་རྩེ་གསུམ་མདའ་གཞུ་སོགས། །ཁ་དོག་ཆས་གོས་གཡབ་དར་དང༌། །ཞལ་ཁེབས་ལ་སོགས་བྱང་ཕྱོགས་བསོག །གཞན་ཡང་ལས་བཞི་ཧོམ་ཤིང་སོགས། །བསོག་པ་ཉིད་དུ་བྱ་བ་ཡིན། །རྒྱུ་བཟང་གསེར་ལས་ཉིས་འགྱུར་རོ། །ཁ་དོག་ལྔ་ལས་འབྲེལ་པ་ཡི། །བདེ་གཤེགས་གཙོ་བོའི་སྐུ་ཚད་དོ། །གདུགས་ཆེན་གསེར་གྱི་ཡུ་བར་ལྡན། །དཀྱིལ་འཁོར་ཡོག་པོའི་སོར་ཕྲན་ཅན། །དཀར་ནག་དམར་སེར་ལེ་བརྒྱན་དུང༌། ཁྲོ་བོ་ལྗང་སེར་བརྒྱན་པའོ། །ཁྲུ་བརྒྱད་དཔངས་ལ་ཁྲུ་བཞི་ལྕེ། །ཡུ་བ་དྲང་པོ་རིང་པོ་ལ། །བཏགས་པ་བརྒྱད་ནི་རྒྱལ་མཚན་ཚུལ། །ཁ་དོག་སོ་སོ་ཅི་འདྲའོ། །ཁ་དོག་སྣ་ཚོགས་ནས་འབྲས་ཚུལ། །བཅས་བཅག་རྩིབས་སུ་འབྲེལ་པའོ། །དཀར་པོ་དམར་པོ་དེ་བཞིན་སེར། །སྔོན་པོ་དང་ནི་གནག་དང་ལྔ། །ཚོན་སྣ་ལྔ་པོ་དེ་ལ་ནི། །བདེ་གཤེགས་དཀྱིལ་འཁོར་གང་ཡིན་བསྒོམ། །ཐིག་སྐུད་དཀྱིལ་འཁོར་གང་ཡིན་པའི། །ཡུམ་གྲངས་བཞིན་དུ་བསྒྲིལ་བར་བྱ། །རྟ་བབས་བརྒྱད་དང་དྲི་ཞིམ་ཤིང༌། །ཆུ་སྲིན་ཁས་གཟུང་ཟླུམ་ས་གཟུགས། །ཁྲུ་ཕྱེད་བཞི་མགོ་རྒྱ་མདུད་ཅན། །དཀྱིལ་འཁོར་རྣམས་ནི་ཟུར་བཞི་ལ། །ཆགས་བའི་མཆན་མ་ཆགས་པ་ནི། །རྡོ་རྗེ་མདའ་བཞི་ཁྲུ་དོ་གཟུགས། །ཐུགས་རྗེ་ཆགས་པས་འགྲོ་བ་འདྲེན། །མི་ཤེས་རྒྱ་མོ་འདྲ་བ་ཡིས། །མཐའ་གཉིས་གཅོད་དང་མི་གནས་ཕྱིར། །ཁྲུ་དོ་ཟུར་བཞིར་ལེགས་པར་བྲི། །སེང་ལྡེང་ཚེར་མ་ཅན་ལ་སོགས། །སོར་ནི་བརྒྱད་པ་ཅོད་པན་ཅན། །ཁྲོ་བོ་ལྔས་སྔགས་བར་ཆད་སེལ། །བུམ་པ་ནག་པོར་རི་མེད། །ཉི་ཤུ་རྩ་ལྔའི་ཆོ་གར་ལྡན། །དཀྱིལ་འཁོར་དག་གི་ཐ་མ་ཡང༌། །སྔོན་པོ་དམར་པོ་གང་ཡོད་པའི། །མུ་ཏིག་མེ་ཏོག་ལ་སོགས་པ། །བསྡོགས་པའི་དབུས་ན་རིན་ཆེན་ཅན། །ཙོང་ཙོང་དག་ལ་དཔྱད་པར་བྱ། །རྟ་བབས་བར་ནི་ཙོང་ཙོང་ལས། །གསེར་དངུལ་ཟངས་འཁར་དཔྱངས་པའི་སྒྲ། །དཀོན་མཆོག་གསུམ་གྱི་མཚན་ཡང་བརྗོད། །གཙང་མའི་སྤུ་དང་ཨ་ཤྭད་ཤུན། །དར་དཀར་དག་དང་གསུམ་ལ་ནི། །རྔ་ཡབ་དར་ཤིང་གསེར་དངུལ་སོགས། །ཙོང་ཙོང་དགལ་དཔྱད་པར་བྱ། །རིན་ཆེན་ཡིད་འོང་ཕྲེང་བའི་ཚོགས། །ཙོང་ཙོང་


DTG068_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་དཔྱད་པར་བྱ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །འགྲོ་བ་མ་ལུས་རང་བཞིན་མཚོན། །གཟུགས་བརྙན་ཆུ་ཟླ་སྨིན་རྒྱུ་ཞེས། །རྟོགས་པར་བྱ་ཕྱིར་སྦྱར་བར་བྱ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་ཡེ་ཤེས་མཚོན་པའི་ཕྱིར། །མཁས་པར་རིན་ཆེན་ལ་སོགས་པས། །ས་གཞི་སྙིང་པོ་ཅན་དུ་བྱ། །འཕན་ཕྲན་ཉིད་ལ་སྐལ་བཟང་དང༌། །བཀྲ་ཤིས་ཙ་ཀ་ལིས་བརྒྱན་པ། །ཉི་ཟླ་པདྨས་མཚོན་པ་ཡང༌། །གཙོ་བོ་དག་ལ་དབྱངས་པའོ། །ཡོན་ཆབ་བདུག་སྤོས་དྲི་ཆབ་བྲེ། །མེ་ཏོག་མར་མེ་ཁལ་དག་དང༌། །ལྷ་བཤོས་ཁུར་བ་ལྷ་གྲངས་སོ། །འོ་མ་སྦྲང་རྩི་བུ་རམ་མར། །བྲེ་རེ་བཏུང་བ་བཅའ་བའི་ཚོགས། །གཏོར་མའི་རྒྱུ་ཆ་སྣ་ཚོགས་དང༌། །འབྱུང་བོའི་ཁ་ཟས་བསོག་པར་བྱ། །གཞན་ཡང་ཞི་བའི་མཆོད་རྫས་ནི། །ཏིལ་དང་ཡུངས་ཀར་འབྲས་ཡོས་འབྲས། །ནས་དང་གྲོ་དང་ག་པུར་རྣམས། །བུལ་གང་ཡིན་ནོ་ནས་ཐུག་དང༌། །འབྲས་ཆན་མ་དུ་བྲེ་གང་ཤིས། །གཞན་ཡང་རྒྱས་དབང་དྲག་པོ་ཡི། །ཐུག་པ་ཐམས་ཅད་བྲེ་རེའོ། །གཞན་མ་ཀུན་ལ་ཕུལ་རེའོ། །ལྷ་བཤོས་ཁུར་བ་དོག་གུ་རྣམས། །ལྷ་གྲངས་བཞིན་དུ་བསོག་པར་བྱ། །པདྨ་ལྷོར་བཏིང་ཀུ་ཤ་ནུབ། །ཁྲི་ནི་ཤར་ཏེ་གྲུ་གསུམ་བྱང༌། །ལས་བཞིའི་གདན་ནི་དགོད་པར་བྱ། །རྣམ་པར་རྒྱལ་ལམ་ཁྲོ་ཕྱོགས་ཧོམ། །སྤྱན་སོགས་ཡུམ་བཞིས་ལྷག་ཆད་འབུམ། །དབང་པོ་ཞི་བཟླ་བ་འདྲ། །དབང་པོ་རྒྱས་པ་པདྨ་འདྲ། །དབང་པོ་དབང་ནི་ཉི་མ་འདྲ། །དབང་པོ་དྲག་པོ་དུད་པ་འདྲ། །དབྱིག་པ་བགྲང་ཕྲེང་སྤྱི་བླུགས་གཟུང༌། །དང་པོ་ཏིང་འཛིན་གྱིས་བསྐུལ་ནས། །བུམ་པ་ཟླ་བ་པདྨ་དང༌། །བཏུད་པའི་མདངས་ལྡན་བསིལ་བྱེད་ཡུམ། །བདུད་རྩིའོ་མ་བུ་རམ་ཞོ། །བཀང་བའི་བུམ་པ་སོ་སོ་ལ། །རིན་ཆེན་འཕན་བྱང་གདུགས་ལྡན་ཏེ། །རྣམ་སྣང་མཛད་དང་གསུམ་དག་གིས། །ཞབས་ཀྱི་དྲུང་དུ་གཟུང་བ་དང༌། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །ལས་དང་སྡུག་བསྔལ་ཞི་བར་བྱེད། །ཨོཾ་ག་ན་ག་ག་ནེ་ལོ་ཙ་ནེ། ཙ་ལེ་ཙ་ལེ་ཙུ་ན་ཏེ། ག་ཏང་གུ་ཏང་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། དཔལ་རྩེ་རྣོན་པོ་རྩེ་གསུམ་པོས། །དུག་གསུམ་འཇོམས་པའི་ལས་རྣམས་མཛོད། །ལུས་ངག་ཡིད་གསུམ་སྦྱང་བ་དང༌། །བཏབ་པས་གཤེགས་


DTG068_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་བརླབ་བར་བྱེད། །ཧོམ་ཟླུམ་ལྷམ་པ་ཟླ་གམ་ཨེ། །རྡོ་རྗེ་པདྨ་མདའ་གཞུ་དང༌། །རྩང་ཐོད་རྒྱན་གྱིས་མཛེས་རྒྱན་གདེངས། །ཞི་རྒྱས་དབང་དྲག་ལྷ་རྣམས་མཆོད། །ཡཾ་བཾ་ཨེ་ཡི་དཀྱིལ་འཁོར་དྲང༌། །ཕྱིང་བུ་འམ་ནི་དར་གཙང་འབོབ། །དུ་ཡོད་པ་ལ་ཟུང་རེའོ། །ཡམ་ཤིང་དཀར་སེར་དམར་ནག་ལ། །ཁུང་ནི་ཁྱད་པར་རང་སོར་གཅལ། །བརྒྱད་དང་བཅུ་དྲུག་ཉི་ཤུའི་གཞི། །བུད་ཤིང་ཁྲུ་གང་དོ་གསུམ་མཚུངས། །སྦོམ་ཕྲ་སྔགས་མཁན་མཛུམ་མོ་ཙམ། །ཞི་བ་ཡི་ནི་ལྷ་གྲངས་བཞིན། །ཡམ་ཤིང་མཛུབ་གང་བཅག་ཁྲུ་གང༌། །བརྐྱང་ཁྲུ་གང་དུ་ཤེས་པར་བྱ། །བུད་ཤིང་ཁྲུ་གང་དོ་བཞི་ནི། །རྒྱས་པ་ཡི་ནི་ལྷ་གྲངས་བཞིན། །དབང་གི་ཡམ་བུད་ཞི་བའི་ཚད། །དྲག་པོའི་ཡམ་བུད་རྒྱས་པའི་ཚད། །ཞི་བའི་དྲིས་བསྐུ་རྒྱས་སྤྲང་རྩི། །དབང་བཙག་ཙནྡན་བསྲེས་པས་བསྐུ། །དྲག་པོ་ཁྲག་སྤོས་བསྲེས་པ་བསྐུ། །ཞོ་ཅན་སེར་སྐྱུར་རྩུབ་ཤིང་ལ། །སོར་བཞི་ཡར་རྩེ་རལ་གྲི་བཞིན། །རྟིང་ཟླུམ་ཟུར་བཞི་ཟོར་འདྲ་དང༌། །ཟུར་གསུམ་རྫུ་ཐུར་ཚད་དུ་བྱ། །ལོ་མ་སོར་བཞི་སོ་སོའི་ཤིང༌། །སོར་གཉིས་རྩ་བ་བཤུས་ལྷ་གྲངས། །ཐབ་ཀྱི་བྱེ་བྲག་ཆེ་ཆུང་ལས། །ཞོ་ཅན་སེར་སྐྱུར་རྩུབ་ཤིང་ལ། །ཡུ་བ་སྦོམས་སུ་མཐེ་བོང་ཙམ། །སྲིད་དུ་ཁྲུ་དོ་གང་ཕྱེད་གང༌། །སོར་བཞི་བསྐྱུར་ཁར་ནས་སོར་གཅིག །ཟབས་སོར་གཉིས་ལ་སོ་སོའི་དབྱིབས། །དེ་དབུས་གཙོ་མོའི་ཕྱག་མཚན་བྲི། །བ་རན་ཕྱོགས་བཞིར་ཕྱག་རྒྱ་གཞག །བར་བར་རྡོ་རྗེ་པད་མ་གཞུ། །ཐོད་པས་མཚན་པ་དགང་གཟར་བྱ། །སྲིད་ཁྲུ་གང་ལ་དཀྱུས་སོར་གཉིས། །ཟབས་སུ་སོར་གཅིག་དེའི་དབུས་སུ། །གཙོ་བོའི་ཕྱག་རྒྱས་མཚན་བླུགས་གཟར། །བླུགས་གཟར་སྟེང་ཕུབ་མདུན་དུ་གཞག །ཞོ་ཅན་སེར་སྐྱུར་རྩུབ་ཤིང་ལ། །མདུད་པ་དག་ལ་གཙོ་ཡུམ་དགོད། །རྩིབས་ལ་འཁོར་གྱི་ཡིག་འབྲུ་དགོད། །རྐེད་མདུད་སྒོ་བ་ཁྲུ་ཁྱུད་གང༌། །རྩེ་མོ་ཡ་མ་བཾ་ཨེ་ཕཊ། །གཙོ་བོའི་ཕྱག་མཚན་སྤྱིར་བྲིས་ཏེ། །རྩིབས་ལ་ཆོས་ཀྱི་སིག་འབྲུ་འབར། །ཁྲུ་གང་ཚད་བྱ་སྲིད་དུའོ། །སྤོམ་ཕྲ་མཐོ་གང་སོར་བཞི་བྱ། །དཀྱུས་སོར་བཅོ་བརྒྱད་ཟབས་སུ་ནི། །སོར་ནི་བརྒྱད་པ་དེ་དབུས་སུ། །རི་རབ་རྒྱ་མཚོ་བྲི་བར་བྱ། །ངོས་ལ་རི་བདུན་མཚོ་ཡང་དགོད། །སོ་སོའི་གཏུན་གྱི་ཁ་རན་ལ། །རྡོ་རྗེ་པད་གཞུ་མེ་འོད་འབར། །ཐོད་རྩང་མེ་


DTG068_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

འོད་འབར་གླིང་མཚོ། །ཇི་བཞིན་དཀྱིལ་འཁོར་དག་ལའང་བརྒྱན། །ལས་བཞི་སྔགས་པའི་ཆས་གོས་ནི། །ཐུགས་ཀྱི་ཟེའུ་ལྡིར་སྟོད་གཡོགས་དང༌། །བརྗིད་པའི་ཆོས་གོས་སྨད་དཀྲིས་དང༌། །གར་གྱི་གཙང་གོས་སོ་སོའི་མདོག །གཡབ་མོས་སྤྱན་འདྲེན་ཕྱག་མཚན་ནི།། སོ་སོའི་ཁ་དོག་དར་དག་ལ། །བ་དན་བཞི་ཡང་དར་འདྲར་བྱ། །དཀར་པོ་སེར་པོ་དམར་ནག་ལ། །ཧོ་མའི་འགབ་མ་འཁོར་བའོ། །དྲི་ཞིམ་སེར་སྐྱུར་རྩུབ་ཤིང་གི །ས་ཕྱོགས་དེ་དག་ཉེ་བ་རུ། །ཤིང་གི་ལྷ་སྟེ་མདོག་དཀར་ལ། །རིན་ཆེན་སྣ་ཚོགས་དྲི་ཞིམ་བཅས། །ཕུལ་ལ་སྙིང་རྗེ་བྱམས་བསྒོམས་ལ། །རྟེན་འབྲེལ་བརྗོད་དེ་རིན་ཕུལ་ལ། །མེ་ཡི་ཕྱོགས་ནས་གཅད་པར་བྱ། །སྲིད་དུ་ཧོ་མ་གྱུར་མཉམ་ལ། །སྦོམ་ཕྲ་ཁྲུ་གང་ཡོད་པའི་ཤིང༌། །བཞི་གཉིས་སུམ་གཉིས་མཆོག་ཏུ་གཅེས། །གཞན་ཡང་རོ་བསྲེགས་ཤིང་དག་ལ། །སྦོམ་ཕྲ་ཁྲུ་དོ་ཡོད་པ་ཡི། །ཤར་ནུབ་གཉིས་སུ་རེ་རེ་ཡང། །སྲིད་དུ་མཆོད་སྣམ་ཡང་ན་ནི། །དངོས་གྲུབ་གསོལ་བསྒོར་གཞབ་ཤིང་གཉིས། །ཤིང་རྒྱུ་ཕྲ་སྦོམ་དོ་དང་གསུམ། །ཐེག་པའི་ཁྱད་པར་བསྟན་པ་ནི། །ཀྲི་ཡོག་མ་ཧཱ་ཡོ་ག་གསུམ། །གང་གི་སྒོར་ཞུགས་དེ་ལྷས་སྦྱང༌། །གོམས་པའི་དབང་དུ་ཤེས་པ་མཆོག །རིམ་པ་གསུམ་དུ་ཤེས་པར་བྱ། །དེ་སྟེང་ཁང་པ་ལུས་མགོ་ཚད། །ཕྲག་ནོན་བཞི་ཡང་བཞིར་དམིགས་ལ། །འཚོགས་ནས་ཤིང་གི་བདག་པོ་ལ། །མཆོད་པ་གཏོར་མ་སྣ་ཚོགས་ནི། །སྟེགས་བུ་ཁྲུ་གང་པདྨ་བྲེ། །དེ་དབུས་ཤིང་ལ་འབག་བྲིས་གཞག །ལས་ཀྱི་སྐལ་ལྡན་གང་དག་གིས། །དཀྱིལ་འཁོར་ཆེན་པོར་འཇུག་པ་ནི། །ཡོ་བྱད་ཐམས་ཅད་ཚང་བ་མཆོག །ཆེ་ཆུང་མང་ཉུང་རྒྱུ་ལས་ཚད། །ཅི་ཡོད་ཡིད་འོང་མཛེས་པ་དགྲམ། །དེ་དག་བྱིན་གྱིས་བརླབ་པ་ནི། །ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང༌། །བདུད་རྩི་འཁྱིལ་པས་བྱིན་གྱིས་བརླབ། །ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ། ཨོཾ་ཨཱཿ་ཧཱུཾ། ཨ་ཨ་ཨཱ། བླ་རེ་གཙུག་ཏོར་རྣམ་རྒྱལ་བརླབ། །ཨོཾ་ཨཱཿཧཱུཾ། ཨོཾ་ཨཱཿཧཱུཾ་ཨཱ། བ་དན་འཕན་ཚོ་དེས་བྱིན་བརླབ། །ཨོཾ་གཙོ་བོའི་ས་བོན། ཨོཾ་ཨཱཿཧཱུཾ་ཨཱ། གདུགས་ནི་གཙུག་ཏོར་གདུགས་དཀར་བརླབ། །ཨོཾ་སུཾ་ཨོཾ་ཨཱཿཧཱུཾ། རྒྱལ་མཚན་ཀེ་ཏུ་དེས་བྱིན་བརླབ། །ཨོཾ་རཏྣ་ཀེ་ཏུ་ཨོཾ་ཨཱཿཧཱུཾ། ལྔ་ལྡི་སོ་


DTG068_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ལས་རིགས་བརླབ། །ཨོཾ་སརྦ་ཀརྨ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཨོཾ་ཨཱཿཧཱུཾ། ཚོན་སྣ་བདེ་གཤེགས་ལྔ་ཡིས་བརླབ། །དེ་ཡང་དཀྱིལ་འཁོར་གང་ཡིན་ཉིད། །སེར་པོ་ཨོཾ་ཨོཾ་ཨོཾ་ཨཱ་ཧཱུཾ། བསྐྱུར་ཏེ་སྨོན་ལམ་གདབ་པར་བྱ། །དཀར་པོ་ཨོཾ་ཧཱུཾ་ཨོཾ་ཨཱཿཧཱུཾ། ནག་པོ་ཨོཾ་སྭ་ཨོཾ་ཨཱཿཧཱུཾ། དམར་པོ་ཨོཾ་ཨོཾ་ཨཾ་ཨཱཿཧཱུཾ། ལྗང་གུ་ཨོཾ་ཧ་ཨོཾ་ཨཱཿཧཱུཾ། སྲད་བུ་གང་ཡིན་གཙོ་བོས་བརླབ། །ཨོཾ་ཨོཾ་ཨོཾ་ཨཱཿཧཱུཾ། རྟ་བབས་ཕྱག་རྒྱ་བཞིས་བྱིན་བརླབ། །ཛཿཧཱུཾ་བཾ་ཧོཿཨོཾ་ཨཱཿཧཱུཾ། མདའ་བཞི་རྡོ་རྗེ་ཆགས་པས་བརླབ། །ཨོཾ་བཛྲར་ག་ཨོཾ་ཨཱཿཧཱུཾ། རལ་གྲི་རྡོ་རྗེ་རྣོན་པོས་བརླབ། །ཨོཾ་པདྨ་ཏིཀྵྞ་ཨོཾ་ཨཱཿཧཱུཾ། ཕུར་བུ་ཁྲོ་བོ་ལྔས་བྱིན་བརླབ། །ཨོཾ་ཨ་པར་ཙི་ཏ། ཡ་མནྟ་ཀ་ཧྱ་གྲཱྀ་བ་ཨ་མྲྀ་ཏ་ཀུཎྜ་ལི། མ་ཧཱ་བྷ་ལ་ཨོཾ་ཨཱཿཧཱུཾ། བུམ་པ་གང་ཡིན་ཡུམ་གྱིས་བརླབ། །ཨོཾ་དྷཱ་ཏུ་ཤྭ་རི་ཨོཾ་ཨཱཿཧཱུཾ། འགབ་འཁོར་སྲུང་བ་ཆེན་མོས་བརླབ། །ཧཱུཾ་ཧཱུཾ་ཧཱུཾ་ཨ་པྲ་ཏི་ཧ་ཏ་ཨོཾ་ཨཱཿཧཱུཾ། དོ་ཤལ་གཙུག་ཏོར་རྒྱལ་བས་བརླབ། ཨོཾ་ཏྲཱཾ་ཨོཾ་ཨཱཿཧཱུཾ། དྲིལ་བུ་ཀུ་ལན་དྷ་རས་བརླབ། །ཨོཾ་ཀུ་ལནྡྷ་རི་པྲཛྙོ་བ་བ་བ་ཤོ་ཡོ་ག་ཤུ་ཛྙ་ཨོཾ་ཨཱཿཧཱུཾ། རྔ་ཡབ་རྒྱལ་པོ་བཞིས་བྱིན་བརླབ། །ཨོཾ་དྲྀཥྚ་རཥྚ་བི་རུ་dhA་ཀ །བི་རུ་པཀྵ། བེ་ཤྲ་བ་ཎེ། ཨོཾ་ཨཱཿཧཱུཾ། ནོར་བུ་ཀུན་གྱི་ཡོན་ཏན་བརླབ། །ཨོཾ་སརྦ་རཏྣ་ཀུ་ལ་ཨོཾ་ཨཱཿཧཱུཾ། མེ་ལོང་རྡོ་རྗེ་སེམས་དཔས་བརླབ། ཨོཾ་བཛྲ་སཏྭ་ཨཱ་དཪྴ་ཨོཾ་ཨཱཿཧཱུཾ། སྤྱན་སྙིང་སངས་རྒྱས་སྤྱན་གྱིས་བརླབ། ཨོཾ་བུདྡྷ་སརྦ་ཀུ་ལ་ཙིཏྟ་ཛྙཱ་ན་ཨོཾ་ཨཱཿཧཱུཾ། ཉི་ཟླ་ཐབས་དང་ཤེས་རབ་བརླབ། །ཨོཾ་སུཪྻ་ཙནྡྲ་དུ་ན་པྲ་ཛྙཱ་ཨོཾ་ཨཱཿཧཱུཾ། བཏུང་བ་མཱ་མ་ཀཱིས་བྱིན་བརླབ། །ཨོཾ་རཏྣ་བཛྲ་ཨོཾ་ཨཱཿཧཱུཾ། བདུག་པ་མེ་ཏོག་དྲི་ཆབ་མེ། །ཨོཾ་བཛྲ་དྷུ་པེ་པུཥྤེ་ཨཱ་ལོ་ཀེ་གནྡྷེ་ཨོཾ་ཨཱཿ་ཧཱུཾ། ལྷ་བཤོས་ཁུར་བ་བཅའ་བའི་ཚོགས། །ཀུ་ལན་དྷ་རས་བྱིན་གྱིས་བརླབ། །ཨོཾ་བཛྲ་ཀུ་ལནྡྷ་རི་ཨོཾ་ཨཱཿཧཱུཾ། ཕུང་པོ་ལྔ་ཉིད་རྣམ་གྲོལ་ལྔར། །བསྒྱུར་ཞིང་ཨོཾ་སྐན་དྷ་ཤུ་ད་ཉ་ཨོཾ་ཨཱཿ་ཧཱུཾ། འོ་མ་ལ་སོགས་མངར་གསུམ་ནི། །མཱ་མ་ཀཱིས་ནི་བྱིན་གྱིས་བརླབ། །ཨོཾ་མཱ་མ་ཀཱི་ཨོཾ་ཨཱཿཧཱུཾ། གཏོར་མ་ཐུག་པ་གྲངས་ལྡན་བརླབ། །ཨོཾ་སྭསྟི་བཛྲ་ཨོཾ་ཨཱཿཧཱུཾ། འབྲུ་རྣམས་མཱ་མ་ཀཱིས་བྱིན་བརླབ། །ཨོཾ་མཱ་མ་ཀཱི་ཨོཾ་ཨཱཿཧཱུཾ། འབྲས་ཡོས་མ་དུ་གོས་དཀར་མོ། །ཨོཾ་པདྨ་བཛྲི་ཨོཾ་ཨཱཿཧཱུཾ། ག་པུར་སྨན་རྣམས་ལས་ཐམས་ཅད། །


DTG068_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཨོཾ་ཨཱཿཧཱུཾ། གཙང་འབོབ་སངས་རྒྱས་སྤྱན་གྱིས་བརླབ། །ཨོཾ་ལཾ་ཀེ་ཤྭ་ར་ཏི་དྷཱ་ཏུ་ཨོཾ་ཨཱཿ་ཧཱུཾ། ཡམ་ཤིང་བུད་ཤིང་ཐམས་ཅད་ནི། །མེ་ལྷས་བྱིན་གྱིས་བརླབ་པར་བྱ། །ཨོཾ་ཨགྣ་ཡེ་ཨོཾ་ཨཱཿཧཱུཾ། ཤག་ཏེའུ་ཤུག་ཏེའུ་ཅང་ཏེའུ་སོགས། །སངས་རྒྱས་སྤྱན་གྱིས་བྱིན་གྱིས་བརླབ། །ཨོཾ་མཱུཾ་བཛྲ་ཨོཾ་ཨཱཿ་ཧཱུཾ། ཟངས་ཕྱེ་སྐེ་ཚེ་ཏིལ་ལ་ཕུག །ཀྲོ་ཏི་ཤྭ་རི་སངས་རྒྱས་སྤྱན། །ཨོཾ་ཀྲོ་ཏི་ཤྭ་རི་སྭ་ཏ་བཛྲི་ཨོཾ་ཨཱཿ་ཧཱུཾ། ཚར་ཏེའུ་ལ་སོགས་མཱ་མ་ཀཱི། །ཨོཾ་མཱ་མ་ཀཱི་ཨོཾ་ཨཱཿ་ཧཱུཾ། དགང་གཟར་གང་ཡིན་ཡུམ་གྱིས་བརླབ། །བླུགས་གཟར་གང་ཡིན་ཡབ་ཀྱིས་བརླབ། །ཕུར་བུ་གང་ཡིན་གཙོ་འཁོར་ཁྲོ། །གཏུན་ཁུང་གང་ཡིན་དེ་ཡུམ་འཁོར། །མདའ་གཞུ་མ་མོ་ཙཽ་རིས་བརླབ། །ཨོཾ་བཛྲ་ཙཽ་རི་ཨོཾ་ཨཱཿ་ཧཱུཾ། གཞན་རྣམས་བདུད་རྩི་འཁྱིལ་པས་བརླབ། །གཡབ་དར་རླུང་ལྷས་བྱིན་གྱིས་བརླབ། །ཨོཾ་བཛྲ་བ་ཡ་བྱ་ཨོཾ་ཨཱཿ་ཧཱུཾ། ཞལ་ཁམ་མཱ་མ་ཀཱིས་བྱིན་བརླབ། །སྲེག་ཤིང་བྷྲཱུཾ་གྱིས་བརླབ་པར་བྱ། །ཨོཾ་བྷྲཱུཾ་ཨེ་བཾ་མ་ཡཱ་སྦྱར། །ཨོཾ་ཨཱཿ་ཧཱུཾ། ཆས་གོས་འབྲུ་ལྔས་བྱིན་བརླབས་གཞག །ཀུ་ཤ་བཏིང་བའི་སྟན་སྟེང་དུ། །སྔགས་གཡོག་ཤར་བལྟས་ཉལ་དུ་གཞུག །ལྷ་རྣམས་ཀྱིས་ནི་ལེགས་དགུ་སྟེར། །བྱིན་གྱིས་བརླབ་པ་མ་བྱས་ན། །ལས་རྣམས་འགྲུབ་པར་མི་འགྱུར་རོ། །དེ་བས་ནན་ཏན་བསྐྱེད་དེ་བྱ། །ཡང་ན་རྣམ་རྒྱལ་ལམ་བདུད་རྩི། །འཁྱིལ་པ་ཉིད་ཀྱིས་བརླབ་ཀྱང་རུང༌། །དཀྱིལ་འཁོར་ཅི་ཡང་བཞེངས་པ་ལ། །ཕྲིན་ལས་བཞི་ཡི་ཧོ་མ་ལྡན་བྱ། །ཡང་ནི་ཏིང་འཛིན་བྱེ་བྲག་ལས། །ལས་བཞིའི་ཆོ་ག་རྫོགས་པ་མཆོག །ཆོ་ག་མ་ཚང་ལས་མི་འགྲུབ། །དེ་ཕྱིར་སྟ་གོན་རྫོགས་པར་བྱ། །ཨུ་དུམྦཱ་རའི་མེ་ཏོག་བཞིན། །སྟོན་པ་པོ་ནི་ཤིན་ཏུ་ཡང༌། །དེ་བས་ཀྱང་ནི་འཇིག་རྟེན་དུ། །འབྱུང་བ་ཡང་ནི་ཤིན་ཏུ་དཀོན། །དམ་པའི་ཆོས་ཀྱང་སྟོན་པ་དཀའ།། དམ་པའི་ཆོས་ནི་སྟོན་སྲིད་ཀྱང༌། །གསང་སྔགས་སྟོན་པ་ཤིན་ཏུ་དཀའོ། །གལ་ཏེ་གང་སྔགས་སྟོན་ཀྱང་རུང༌། །དཀྱིལ་འཁོར་དུ་ནི་འཇུག་པ་དཀའ། །བསྐལ་བར་ཡང་ནི་སྔགས་སྤྱད་པའི། །ལས་དབང་གིས་ནི་དེང་མཐོང་ནས། །རྒྱལ་པོ་ཡང་ནི་མ་ཡིན་ཡང༌། །རྒྱལ་པོ་ཉིད་ནི་ཆེན་པོར་གྱུར།།


DTG068_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་རྣམས་ནི་ཐམས་ཅད་ཀྱི། །ཡོན་ཏན་གྱི་ནི་མཆོག་ཀྱང་འཐོབ། །ཚེ་རིང་ཞིང་ནི་ལོངས་སྤྱོད་ཀྱང༌། །ཕུན་སུམ་ཉིད་ནི་ཚོགས་པར་འགྱུར། །ལས་རྣམས་ཀུན་ནི་ཐམས་ཅད་ཀྱང༌། །བཏང་སྙོམས་པ་ནི་ཡན་ལག་གོ །དཀྱིལ་འཁོར་བྲི་བའི་ལས་དག་དང༌། །ཆོ་འཕྲུལ་བཞི་ཡི་ཆེ་བ་དང༌། །གང་ཞིག་དཀྱིལ་འཁོར་ནང་གཞུག་པ། །གསུམ་པོ་དེ་ནི་གཞན་དོན་གསུངས། །དང་པོ་ལས་གསུངས་རིམ་པ་ནི། །ཚེས་གྲངས་ཆོས་ཀློག་གཞི་བདག་དང༌། །སྲད་བུ་ཚད་ལྡན་བགེགས་བསལ་བསྲུང༌། །ཐུགས་དམ་བསྐུལ་གཡོག་དབང་བསྐུར་སྦྱང༌། །རང་བཞིན་ཐིག་གདབ་སླར་བསྡུ་དང༌། །ཚོན་དགྱེ་ཕྱག་རྒྱ་རྒྱན་རྣམས་དགོད། །གསུམ་ལྔ་བདུན་དང་བཅུ་གཅིག་དང༌། །བཅུ་གསུམ་བཅོ་ལྔ་ཡར་གྱི་ཤིས། །ཞི་དང་རྒྱས་པ་མཆོག་ཏུ་བཤད། །བཅུ་བདུན་ཉི་ཤུ་གཉིས་བརྒྱད་དོ། །དབང་དང་དྲག་པོའི་དཀྱིལ་འཁོར་མཆོག །དུས་དང་མཚན་མ་ཀྲི་ཡའོ། །ཉི་མ་དགེ་ཞིང་རྒྱུ་སྐར་བཟང༌། །མཚན་མའི་སེམས་རྟོག་མི་དམིགས་པ། །དེ་ནི་ཆོས་དབྱིངས་གནས་པ་ཡིན། །དེ་ལྟར་དུས་དང་མཐུན་པ་དང༌། །ཕྱོགས་བཞིར་དགེ་བསྙེན་གཙང་སྦྲ་ཅན། །ཤ་དང་ཆང་བཅད་བུད་མེད་སྤངས། །ཚུལ་དུ་ཤིས་པ་རྒྱུན་མི་བཅད། །ཤར་དུ་སྡུད་པ་ཚིགས་སུ་བཅད། །ལྷོར་ནི་བཟང་པོ་སྤྱོད་པའོ། །ནུབ་ཏུ་སྣང་བརྒྱད་གསང་བའི་མདོ། །བྱང་དུ་གསེར་འོད་དམ་པ་གདོན། །གུས་པར་མཆོད་ཅིང་བདེན་པ་བཀླག །ཚོན་སྣ་ལྔ་སྐུད་བུ་མོས་བཀལ། །དེ་ཉིད་ཀྱིས་ནི་བརྒྱར་བཟླས་ཏེ། །རྒྱུ་བཟང་ཚད་ལ་ཕེབས་པ་དང༌། །བཟང་པོའི་ལྟ་སྟངས་སྦྱར་ནས་ནི། །མཁས་པས་དཀྱིལ་འཁོར་ཐིག་གདབ་པོ། །ལག་ན་རྡོ་རྗེས་བགེགས་བསྐྲད་བྱ། །སྲུང་བ་ཆེན་མོས་བདག་གཞན་བསྲུང༌། །ཕྱོགས་བཅུ་གཙོ་ལ་སོགས་པ་ཡི། །ཐུགས་དམ་བསྐུལ་ནས་སྲད་བུར་ཐིམ། །དེ་ལྟའི་རིགས་བཞིའི་ཐུགས་ལས་ཕྱུང༌། །གཙོ་བོ་གང་ཡིན་ཐུགས་ཞུགས་ཕྱུང༌། །དེ་ནས་གཙོ་བོ་གང་ཡིན་གྱི། །སངས་རྒྱས་ཞིང་རྣམས་སྦྱང་བ་དང༌། །མྱུར་དུ་སེམས་ཅན་དོན་བསྒྲུབ་དང༌། །ལས་ཀྱི་དངོས་པོ་གང་བྱེད་པའི། །ལས་རྣམས་མ་ལུས་ཁྱོད་ཀྱིས་བྱོས། །ལས་ཀྱི་རྡོ་རྗེ་དོན་ཡོད་གྲུབ། །ཁ་དོག་སྣ་ཚོགས་བྱུང་བ་ལ། །ཨོཾ་ཨཱཿ་ཧཱུཾ་སྭཱ་ཧཱ། ཀརྨ་ཞེས་ནི་དབང་བསྐུར་རོ། །བདག་ཉིད་ཤར་ལྷོ་མཚམས་


DTG068_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེང་སྟེ། །སྔགས་གཡོག་བྱང་ཤར་མཚམས་སུ་ནི། །པུས་བཙུགས་ཐལ་སྦྱར་འདུག་པ་ཡིས། །དཀྱིལ་འཁོར་གང་བཞེངས་ལས་རྣམས་ནི། །གང་བཞེང་གཙོ་བོའི་བཀའ་བཞིན་དུ། །ལས་ཀྱི་བྱེད་པོར་བདག་གྱུར་པས། །ཐམས་ཅད་མ་ལུས་བདག་གིས་བགྱི། །དེ་ནས་ཐུབ་དབང་བསྐུལ་བྱས་ནས། །དེ་ནས་སྦྱང་བར་བྱ་བ་ནི། །བདག་པོ་གང་ཡིན་ཏིང་འཛིན་ལས། །ཡི་གྱིས་ཕྲག་དོག་གཏོར་ལུད་དཀྱིལ། །དེ་ན་རྡོ་རྗེ་རྩེ་ལྔ་འབར། །འོད་འཕྲོས་དངོས་པོའི་མཚན་མ་བསྲེགས། །བདག་ཉིད་ཡི་གེ་ཁར་གྱུར་གཙོ། །མངའ་བདག་དེ་ཡི་བྱིན་བརླབས་ཆུ། །རྒྱུན་གྱི་ཁམས་དག་དེ་ཉིད་རང༌། །དེ་ཡི་བྱིན་བརླབས་ཡོན་ཏན་བཅུ། །དེ་མཐུ་ལས་བྱེད་ལས་རྣམས་འགྲུབ། །མཁས་པས་ཐིག་བཏབ་ཙ་ཐཱིའི་དམིགས། །ལྷ་མོས་གཤེགས་བསྐུལ་སྐུད་ལ་ཐིམ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔར་གྱུར། །ལྟེ་བའི་ཐད་ཀར་ཐལ་བཀན་ལ། །གཡས་པ་བཀན་གཞག་མཐེབ་ངོས་སྦྱར། །དེ་ནས་སྦུབ་ལྡོག་ནམ་མཁར་གདབ། །ལན་གཅིག་གཉིས་གསུམ་བཏབ་པའི་མཐུས། །རང་བཞིན་བྱོན་དང་ཏིང་འཛིན་གསལ། །ངན་སོང་གསུམ་བདེ་ཞུས་བཤད་བསྟོད། །མཆོག་གསུམ་ལྷ་ཚོགས་མཆོད་ཕྱག་འཚལ། །ཨོཾ་བྷྲཱུཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་པས་རང་བཞིན་ཐིག་གདབ་བྱ། །བདག་ཉིད་ཤར་ལྷོ་མཚམས་སོང་སྟེ། །ལས་བདག་བྱང་ཤར་མཚམས་འདུག་སྟེ། །དེ་ནས་དཀྱིལ་འཁོར་ཐིག་གདབ་པ། །དམ་ཚིག་བསྐུལ་དང་ལས་བྱའོ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ། ཚད་ལྡན་སྔགས་གཡོག་མེད་ཕུར་ཆོགས། །སེམས་ཅན་དོན་བྱས་བདག་ཉིད་ཀྱི། །སླར་ཡང་ཐུགས་ཀར་བསྡུ་བར་བྱ། །ཨོཾ་བཛྲ་སཾ་ཧ་ར་ཎ་ཧཱུཾ་ཧཱུཾ་ཧཱུཾ། སྐུ་དང་གསུང་དང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་རིགས་ལྔ་ཡི། །གཙོ་བོ་གང་ཡིན་དེ་ཉིད་ལ། །གསང་གསུམ་ཞེས་སུ་བསྒྲགས་པའང་མཆོག །ཚོན་ནི་དྲི་དང་པ་ཙན་དང༌། །རིན་ཆེན་ཕུང་པོ་གསུམ་དུ་བསྟན། །ཡོན་ཏན་སྐུ་འདྲ་ལས་ཐུགས་བཞིན། །དབུས་ཀྱི་ཕོ་བྲང་བསྐོར་བ་ཡིན། །འཁོར་ལོ་རྡོ་རྗེ་རབ་ནི། །ཕྱེ་མ་དཀར་པོས་ཉིས་རིམ་བྲི། །ལྷས་ཀྱི་ལྷ་ལས་མ་གཏོགས་པ། །ཕལ་པ་དང་ནི་བསྲུང་བཀྲ་ཤིས། །ཕྱེ་མ་དཀར་པོ་ཚིག་ཀྱང་བྲི། །སྒོ་ཡི་ཚོན་སྣ་


DTG068_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

པཉྩཱོ། །གཉིས་པ་ཏྲི་ལ་སྒོ་གོང་བརྩིག །རྐྱང་བྲིས་ཕྱག་རྒྱ་དགོད་པ་ཡང༌། །གཙོ་བོ་གཟུགས་ལ་འཁོར་ཕྱག་རྒྱ། །ཕལ་ལ་སོགས་པ་ཡིག་འབྲུའོ། །ཐ་མལ་པ་དག་ཐིག་ལེའོ། །ཚོན་ལ་སོགས་པའི་ལས་རྣམས་ཀུན། །དབང་ལྡན་ཕྱོགས་ནས་བྱ་བར་ཤིས། །དབང་ལྡན་འདྲེན་པའི་ལྷ་དབང་ཕྱོགས། །ཚོན་ནི་ནང་ནས་དགྱེ་བར་བྱ། །དེ་ནས་ཕྱག་རྒྱ་ནོར་བུ་བུམ། །དགོད་པ་ཉིད་དུ་བྱ་བ་ཡིན། །གཟུངས་ཐག་སློབ་དཔོན་གཟུང་བ་ཤིས། །དེ་འོག་ཚོན་རྣམས་རིམ་གྱིས་གཏང༌། །དེ་ནས་ཕྱག་རྒྱའམ་ཡིག་འབྲུ་གཞག །ཐོག་མར་སྒོ་ཡི་ཚོན་དགྱེ་ནས། །དེ་འོག་སྒོ་ཡི་ཕྱག་རྒྱ་དང༌། །གླང་སེང་རྣམས་ཀྱང་དགོད་པར་བྱ། །མཎྜལ་ཐམས་ཅད་བྱི་དོར་ནི། །དང་པོ་བ་ལྕི་དེ་འོག་ཏུ། །རྣམ་ལྔས་བསྐུས་ནས་དེ་འོག་ཏུ། །དྲི་ཡི་ཆུས་ནི་བྱུག་པར་བྱ། །ཚོན་དགྱེ་དུས་སུ་ཐུགས་དམ་བསྐུལ། །སེམས་ཅན་ཁམས་ནི་ཞི་བྱེད་པའི། །འདི་ནི་ཆོས་དབྱིངས་རོ་ཡིན་པས། །སངས་རྒྱས་རྣམས་ཀྱིས་སྔོན་གསུངས་ཏེ། །དེ་བས་བདག་གིས་བཀའ་བཞིན་དུ། །ཚོན་འགྱེད་པ་ཡི་ལས་བགྱིད་ན། །རྒྱལ་བ་ཀུན་བྱིན་དབང་བསྐུར་ཅིག །ཕྱག་རྒྱ་དགོད་ཕྱིར་ཐུགས་དམ་བསྐུལ། །སྐུ་གསུང་ཐུགས་རྟགས་མཚན་མ་འདི། །འགྲོ་ལ་ཕན་ཕྱིར་དགོད་དོ་ཞེས།། སངས་རྒྱས་རྣམས་ཀྱིས་སྔོན་གསུངས་ཏེ། །རྒྱལ་བ་ཀུན་གྱིས་དབང་བསྐུར་ཅིག །རྒྱན་རྣམས་དང་པོ་ནོར་བུ་སྟེ། །དེ་ལ་སོགས་པ་དགོད་པར་བྱ། །བྱིན་གྱིས་བརླབས་པའི་རིན་པོ་ཆེས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །སྔགས་རྣམས་གོང་མ་དེ་ལས་ནི། །ཏིཥྛ་བཛྲ་བསྣན་པར་བསམས། །རིན་ཆེན་སྣ་ཚོགས་རྒྱུ་ལས་བྱས། །ཁ་དོག་དབྱིབས་སུ་ལྡན་པ་ཡི། །ཤེས་རབ་ཡུམ་གྱི་བུམ་པ་འདིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །རྟེན་གྱི་འབྲས་བུ་མཚོན་འབྲེལ་རྟགས། །ཡེ་ཤེས་ལྔ་ཡི་རང་བཞིན་པས། །ཐུགས་རྗེ་གཟུངས་ཐག་ཆེན་པོ་ཡིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཕྲིན་ལས་ཡོན་ཏན་ལྷུན་གྲུབ་པའི། །བླ་རེ་ཀུན་བཟང་དང་ཉིད་རྟགས། །འབྲས་བུ་རྟགས་ཀྱི་ཕྱག་རྒྱ་ཡིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །དུས་གསུམ་སངས་རྒྱས་མ་ལུས་པའི། །སྐུ་ཡི་ཕྱག་རྒྱ་མཚོན་མཛད་ཅིང༌། །མཚན་དང་དཔེ་བྱད་


DTG068_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

འཕན་ཆེན་གྱིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཉོན་མོངས་གདུང་བ་སེལ་བྱེད་པའི། །གདུགས་མཛེས་གསེར་གྱི་ཡུ་བར་ལྡན། །སྐྱབས་ཆེན་བྱམས་པ་ཆེན་པོ་ཡིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཉོན་མོངས་བདུད་ལས་རྒྱལ་མཛད་པའི། །རྒྱལ་བའི་རྒྱལ་བ་རྒྱལ་མཚན་ཏེ། །རྟགས་ཀྱི་རྒྱལ་མཚན་ཆེན་པོ་འདིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཕྲིན་ལས་ཆོ་འཕྲུལ་བཞི་བཞི་ཡིས། །ལས་རྣམས་རྒྱ་མཚོ་རྫོགས་མཛད་པའི། །སྙན་པའི་བ་དན་གསུང་སྒྲོགས་པས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །རྒྱུ་དང་འབྲས་བུར་འབྲེལ་པའི་རྟགས། །ཁ་དོག་སྣ་ལྔ་འབར་བ་ཡི། །ལྷབ་ལྷུབ་ལྡ་ལྡི་ཆེན་པོ་ཡིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཐུགས་རྗེ་གཟུངས་ཐག་ཡེ་ཤེས་བཞིས། །སངས་རྒྱས་བཞི་ཡི་ཕྲིན་ལས་ཐུགས། །ཐུགས་རྗེ་སྲད་བུ་འཕེལ་གཟུངས་ཀྱིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཚད་མེད་བཞི་དང་བསྡུ་བ་བཞིས།། འགྲོ་བའི་དོན་རྣམས་རྫོགས་མཛད་པ། །དྲི་ཞིམ་རྟ་བབས་ཕྱག་རྒྱ་ཡིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །མགོ་རྨོངས་འཁྱམས་པའི་མུན་སེལ་མཛད། །གཏི་མུག་གོ་བྲལ་ཤེས་རབ་མདས། །གཏིང་དབུགས་བྱང་ཆུབ་ལམ་འགོད་པས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །འཁོར་བའི་འདྲ་བ་ཆགས་པའི་རྒྱུན། །མཐའ་གཉིས་གཅོད་མཛད་བྱམས་པའི་མགོན། །ཤེས་རབ་རྟགས་ཀྱི་རལ་གྲི་འདིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཁྲོ་གཏུམ་རྔམ་པའི་ཚུལ་འཆང་བས། །ལོག་པར་ལྟ་བའི་ཞེ་སྡང་འདུལ། །ཡེ་ཤེས་འབར་བའི་ཀཱི་ལ་ཡས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །མཚན་མའི་ཡུལ་རྣམས་སེལ་མཛད་ཅིང༌། །སྲུང་དང་མཚམས་ཀྱི་ལས་མཛད་པ། །འགབ་འཁོར་སྲུང་བ་ཆེན་པོ་འདིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །དུས་གསུམ་རྒྱལ་བ་མ་ལུས་པའི། །དཔེ་བྱད་རྟགས་ཀྱི་དོ་ཤལ་ཆུན། །ཡིད་འོང་མེ་ཏོག་འབར་བ་ཡིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཤེས་རབ་ཕ་རོལ་ཏུ་ཕྱིན་པའི་རྟགས། །རིན་ཆེན་མཆོག་གསུམ་མཚན་བརྗོད་པའི། །གསུང་དབྱངས་དྲུག་ཅུ་ལྡན་དྲིལ་འདིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །མཚན་མའི་བག་ཆགས་ཀུན་སེལ་བའི། །དུས་གསུམ་སངས་


DTG068_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐམས་ཅད་ལ། །རྒྱལ་ཆེན་བཞིས་ཕུལ་མཆོད་མཆོག་གིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཆོས་རྣམས་གཟུགས་བརྙན་འདྲ་བ་ཡི། །རང་བཞིན་དག་པས་རྟོག་པ་མེད། །མ་རྨོངས་སྟོན་པའི་མེ་ལོང་འདིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཞི་བའི་མཐའ་ལ་མི་གནས་ཤིང༌། །འཇིག་རྟེན་ཀུན་དང་མཐུན་འཇུག་རྟགས། །ཐབས་དང་ཤེས་རབ་ཉི་ཟླ་འདིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །གཞན་ཡང་མཆོད་པའི་རྒྱན་འོས་དང༌། །ལྷ་བཤོས་ཕྱོགས་ཀྱི་གཏོར་མ་ཡིས། །རྒྱུ་དྲུག་འགྲོ་ཚིམ་བྱེད་མཐུ་ཡིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །གཉིས་པ་བདག་ཞུགས་ཆོ་འཕྲུལ་གྱིས། །ཆེ་བའི་དོན་ཐབས་བསྟན་པས་འཛིན། །ཏིང་ངེ་འཛིན་དང་བྱིན་གྱིས་བརླབ། །དབང་བསྐུར་མཆོད་པའི་ཆོ་འཕྲུལ་ལོ། །བདག་ཉིད་དང་པོ་རྣལ་འདུག་དང༌། །ཏིང་འཛིན་ཞུགས་པ་རྣམ་གཉིས་སོ། །བདག་ཤར་སྒོར་འདུག་འཛིན་པ་ལ། །དམ་བཅའ་དབང་ཐོབ་སྙིང་རྗེ་ཡིས། །ཐབས་དང་ཤེས་རབ་དོན་བྱེད་པར། །འཕགས་པ་ཀུན་མཁྱེན་སྤྱན་དྲངས་ལ། །ཨོཾ་ཨཱཿ་ཧཱུཾ་སྭཱ་ཧཱ་ལྔ་ཡིས། །བྱིན་གྱིས་བརླབས་ལ་སྭས་དབང་བསྐུར། །ཕྱག་རྒྱའི་གོ་ཆ་ཧཾ་གི་བགོ །ཏུཥྱ་ཧོཿ་དང་སནྡྷི་ཏིཥྛ་དང༌། །ཡ་ཐཱ་བཛྲ་སཏྭ་ཏིཥྛ་ཏཾ་ཨ་ཧཾ་བཾ། །དགོངས་པས་གྲུབ་པ་ཞུགས་དང་བསྐྱེད། །དེ་ནས་ཁྲོ་བོས་བགེགས་མཚམས་བཅད། །ཞུགས་པས་དེ་བཞིན་ཉིད་ཀུན་སྣང༌། །རྒྱུ་ལས་འབྱུང་བ་རིམ་ལ་བསྐྱེད། །དེ་སྟེང་གཞལ་ཡས་ཁང་རྒྱན་ལྡན། །ནང་དུ་གདན་དག་བསྐྱེད་པའི་སྟེང༌། །འཁོར་ལོ་ཡིད་འོང་གྲུ་ཆད་དང༌། །སྒོ་དང་སྒོ་ཁང་བྱ་དང་བཅས། །སེམས་ཅན་པདྨ་ཉི་ཟླའི་གདན། །ཅི་རིགས་པར་ནི་མཛེས་པར་བྱ། །དེ་སྟེང་སེམས་ཉིད་དག་པ་ཡིས། །རྒྱུ་ལས་ཆོས་ཉིད་མངོན་བྱང་ཆུབ། །དེ་གཟུགས་ཟླ་བ་ཡིག་འབྲུ་དང༌། །ཕྱག་མཚན་དང་ནི་སྐུ་རྫོགས་པ། །འབྲས་བུ་དང་ནི་བསྐྱེད་པ་ལྔ། །སྟོང་པའི་ཆོ་འཕྲུལ་ལྔ་རྒྱུ་ལྔ། །ཆོས་ཉིད་རྒྱུ་ལས་རྣམ་སྣང་མངོན་བྱང་ཆུབ། །གཟུགས་བརྙན་ཟླ་བ་མི་བསྐྱོད་མངོན་བྱང་ཆུབ། །ཡིག་འབྲུ་རིན་ཆེན་འབྱུང་ལྡན་མངོན་བྱང་ཆུབ། །ཕྱག་མཚན་སྣང་བ་མཐའ་ཡས་མངོན་བྱང་ཆུབ། །གཟུགས་སྐུ་དོན་ཡོད་གྲུབ་པ་མངོན་བྱང་ཆུབ། །སྣང་སྟོན་སྲ་བརྟན་སྲེག་བྱེད་དང༌། །གྱེས་འཛིན་ཤུགས་བསྐྱོད་ཟད་


DTG068_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལྔ། །ནམ་མཁའ་ས་མེ་ཆུ་རླུང་གི །དེ་ཡི་བྱིན་རླབས་ཐམས་ཅད་མངོན་བྱང་ཆུབ། །རྒྱུ་ལས་བག་ཆགས་གནས་གྱུར་ཆོས་དབྱིངས་བསྐྱེད། །ཟླ་བ་ཀུན་གཞི་གནས་གྱུར་མེ་ལོང་བསྐྱེད། །ཡིག་འབྲུ་ཉོན་མོངས་གནས་གྱུར་མཉམ་སེམས་བསྐྱེད། །ཕྱག་མཚན་ཡིད་གྱུར་སོ་སོར་རྟོག་སེམས་བསྐྱེད། །སྐུ་ནི་སྒོ་ལྔ་བྱ་བ་ནན་ཏན་བསྐྱེད། །རྟག་ཆད་གཟུང་འཛིན་བདག་གཞན་བྱ་བ་གྲུབ། །ཆོས་ཉིད་རྒྱུ་ལས་རྣམ་སྣང་མངོན་བསྟན་པས། །བསམ་གཏན་ཚུལ་ཏེ་སངས་རྒྱས་རྗེས་དྲན་སྐུ། །ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་ཡཱ་མི། ཨེ་མའོ། །དོན་དམ་རང་བཞིན་སྤྲོས་མེད་སེམས་ཀྱི་དབྱིངས། །རྒྱལ་བ་རྒྱལ་མཚོའི་ཐུགས་དང་ཡེ་ནས་མཉམ། །མངོན་པར་བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཆོས་དབྱིངས་ཉིད་མི་གནས་ཇི་བཞིན་དང༌། །གཟུགས་བརྙན་ཟླ་བ་མི་བསྐྱོད་མངོན་བསྟན་པས། །ཡེ་ཤེས་ཚུལ་ཏེ་དགེ་འདུན་རྗེས་དྲན་སྐུ། །ཨོཾ་བིདྡྷི་ཙིཏྟ་ཙནྡྲ་ཨུཏྤའད་ཡ་མི། ཨེ་མའོ། །བསོད་ནམས་ཡེ་ཤེས་ཚོགས་ཆེན་ཡོངས་རྫོགས་པ། །ཟླ་བ་ཉ་བ་བཞིན་དུ་སྣང་བ་སྟེ། །ཀུན་དུ་བཟང་པོ་ཡེ་ནས་དག་པའི་དོན། །མངོན་པར་བྱང་ཆུབ་རང་བཞིན་འོད་ཀྱང་གསལ། །ཡིག་འབྲུ་རིན་ཆེན་འབྱུང་ལྡན་མངོན་བསྟན་པས། །སྦྱིན་པའི་ཚུལ་ཏེ་གཏོང་བ་རྗེས་དྲན་སྐུ།། ཨོཾ་ཧཱུཾ་སྭཱ་ཨཿ་ཧ་ཏིཥྛ་ཨེ་མ་ཧོ། །མ་རིག་སེལ་ཅིང་ཡང་དག་རིག་བསྐྱེད་པ། །གསུང་གི་རང་བཞིན་ཆེ་བའི་བྱིན་རླབས་ཏེ། །གསང་བ་བསྒྲུབ་པའི་མཆོག་ཏུ་བསྔགས་པས་ན། །དོན་གྱི་སྙིང་པོ་སྤྲོས་མེད་བྱང་ཆུབ་དབྱིངས། །ཕྱག་མཚན་སོ་སོ་མཐའ་ཡས་མངོན་བསྟན་པས། །ཚུལ་ཁྲིམས་ཚུལ་དེ་གཉིས་རྟོག་ཆོས་དྲན་སྐུ། །ཙཀྲ་བཛྲ་རཏྣ་པདྨ་ཀརྨ་སྭཱ་བྷཱ་ཝ་ཨཱཏྨཀོ྅ཧཾ། ཨེ་མའོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཉིད་ཡེ་ཤེས་ལྔ་ཡི་རྟགས་སུ་སྣང༌། །མི་གཡོ་མི་ལྡོག་མཆོག་གི་རང་བཞིན་པས། །ཇི་བཞིན་མཉམ་པས་བྱང་ཆུབ་ཆེན་པོའི་ངང༌། །སྐུར་གྱུར་གཟུགས་ལས་དོན་ཡོད་སྐུར་སྟོན་པས། །བརྩོན་འགྲུས་ཚུལ་ཏེ་ལྷ་རྗེས་དྲན་པའི་སྐུ། །ཨོཾ་ཧཱུཾ་སྭ་ཨཱཿཧ་ཡ་ཐ་སཏྭ་ཏིཥྛ་ཏཾ་ཨ་ཧཾ། ཨེ་མའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མ་སྐྱེས་ཡེ་ཤེས་མཉམ་པ་ཉིད། །ཐབས་ལ་མཁས་དང་ཐུགས་རྗེ་ཡི། །དེ་ཉིད་ཕྱག་རྒྱ་ཆེན་པོར་སྣང༌། །སྔགས་ནི་


DTG068_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་གྱིས་གསུངས། །ཚིགས་བཅད་དོན་གྲུབ་རྟོག་ཚད་གསོལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །དགྱེས་པའི་ཕྱག་ནི་སྤྱི་བོར་གཞག །བྱིན་གྱིས་བརླབ་ཕྱིར་ཨོཾ་ཨཱཿཧཱུཾ། །དབང་བསྐུར་སྭ་འབར་རིན་པོ་ཆེ། །ཡོངས་སུ་གྲུབ་དང་གཞན་དབང་དང༌། །ཀུན་བརྟགས་པ་ནི་ཐམས་ཅད་ལའོ། །ཡོངས་སུ་གྲུབ་པ་ཞེས་པ་ནི། །རྣམ་སྣང་མཛད་ཆེན་དེ་ཉིད་དོ། །གཞན་དབང་རྗེས་སུ་བསྟན་པ་ནི། །སངས་རྒྱས་མང་པོས་སྔགས་གསུངས་རྟོགས། །ཀུན་བརྟགས་ཞེས་སུ་བསྟན་པ་ནི། །འོག་མིན་གནས་དང་རི་རབ་ཟོམ། །རྡོ་རྗེ་གདན་ལ་སོགས་སྟོན་པའོ། །འཁོར་རྣམས་ཐམས་ཅད་སྒོ་མདུན་བསྐྱེད། །འབྲས་བུ་ལྔ་ནི་ཡོངས་སུ་གྲུབ། །བསྐྱེད་པ་གཞན་དབང་ཡིན་པར་བཤད། །སྟོན་པའི་ཆོ་འཕྲུལ་ཀུན་བརྟགས་སོ། །སྙན་གསན་གསོལ་སྤྱན་དྲང་ལ་གཞུག །དམ་ཚིག་ཕྱག་འཚལ་མཆོད་བསྟོད་ཆོས། །བྱང་ཆུབ་སྡོམ་གོ་བྱིན་རླབས་དང༌། །མཚམས་བཅད་དམ་ཚིག་དབོག་རིག་བྱ། །ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན། །རྒྱལ་བ་གང་བཞུགས་འཁོར་དང་བཅས། །མགོན་པོ་དམ་ཅན་ཇི་སྙེད་པོ། །ཐམས་ཅད་ཀུན་ནས་དགོངས་སུ་གསོལ། །གཉིས་མེད་རྣམ་དག་དབྱིངས་མཆོག་ན། །མཉམ་ཉིད་གནས་པ་དེ་བཞིན་གཤེགས། །བསྐུལ་པའི་ས་ལ་བཞེངས་ནས་ཀྱང༌། །སེམས་ཅན་དོན་ལ་རབ་བརྩོན་པའི། །རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས། །བྱང་ཆུབ་སེམས་དཔའ་ལྕམ་དྲལ་དང༌། །ཁྲོ་བོ་ཁྲོ་མོ་ལ་སོགས་ཀུན། །རྒྱུད་ལྔའི་སེམས་ཅན་སྦྱང་བ་དང༌། །ཁྱད་པར་བདག་དང་ཡོན་བདག་དང༌། །དཀྱིལ་འཁོར་འདི་ལ་བྱིན་རློབ་དོན། །རང་བཞིན་རྫོགས་ཆེན་བཞུགས་གནས་ནས། །ཏིང་འཛིན་གཟུགས་བརྙན་གཞལ་ཡས་འདིར། །ཐུགས་རྗེས་བྱོན་དགོངས་སྤྱན་འདྲེན་སྦྱོན་། །ཨེ་ཧྱེ་ཧི་བུདྡྷ་དྷཱ་ཏྭཱི་ཤྭ་རི་བོ་དྷི་སཏྭ་སརྦ་ས་མཱ་ཛཿ། ཆོས་དབྱིངས་ནམ་མཁའི་དཀྱིལ་འཁོར་ཡངས་པ་ན། །རྒྱལ་བའི་བཞུགས་གནས་ཁྱད་པར་ཅན། །རབ་འབྱམས་མཆོད་པའི་བཀླུབས་ཤིང་ནི། །ཉི་ཟླ་པད་སོགས་གདན་སྟེང་ནས། །མི་མཇེད་འཛམ་གླིང་འཇིག་རྟེན་འདིར། །བཀྲ་ཤིས་དཔལ་མཆོག་གཞལ་ཡས་ཁང༌། །བླ་མེད་མཆོད་པའི་རྒྱན་བཤམས་ནས། །འགྲོ་བའི་དོན་ཕྱིར་སྤྱན་འདྲེན་ན། །དུས་གསུམ།


DTG068_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་འཇིག་རྟེན་སྒྲོན། །ཐུགས་རྗེ་དམ་ཅན་སྨོན་ལམ་གྱིས། །སེམས་ཅན་དོན་ཕྱིར་ཆོས་སྐུ་ལས། །གཟུགས་སྐུ་ལོངས་སྤྱོད་རྫོགས་སྐུར་སྣང༌། །ཐུགས་རྗེས་སྤྲུལ་སྐུར་གཤེགས་པ་བཞིན། །དཀྱིལ་འཁོར་མ་ཉམས་དམ་པ་འདིར། །བྱིན་གྱིས་རླབས་ཀྱིས་གཤེགས་སུ་གསོལ། །དཀྱིལ་འཁོར་གང་ལྷགས་ལྷ་ཚོགས་ཀུན། །ཚོམ་ཚོམ་མཚམས་བསྡེབས་སྤྱན་དྲངས་ལ། །སྟོབས་བཅུའི་རྩལ་འཆང་མི་ཡི་སེང་གེ་སྦྱོན་། །གཏི་མུག་མུན་སེལ་འཇིག་རྟེན་སྒྲོན་མ་སྦྱོན་། །ཉོན་མོངས་ནད་སེལ་སྨན་པའི་རྒྱལ་པོ་སྦྱོན་། །བདུད་རིགས་ཕམ་མཛད་ཐར་བའི་ལམ་སྟོན་སྦྱོན་། །དབང་མཛད་རྒྱལ་པོ་འདིར་སྦྱོན་མཆོད་པ་བཞེས། །དཀྱིལ་འཁོར་ལྷ་ཚོགས་མ་ལུས་གནས་འདིར་སྤྱོན། །ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་སྤྱན་འདྲེན་བསྟན་པའི་བདག །གང་ཕྱིར་བདག་གིས་སྤྱན་དྲངས་བས། །དཀྱིལ་འཁོར་འདི་ལ་བརྟན་པར་གྱུར། །ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །རིན་ཆེན་ཞགས་པ་དམ་པོའི་བདག །རྡུལ་ཕྲན་བཞུགས་པ་ཐམས་ཅད་ཀུན། །སླར་ཡང་བདག་གིས་དྲང་བར་བགྱི། །ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །པདྨ་ལྕགས་སྒྲོག་དམ་པའི་བདག །བཅིངས་པ་ཀུན་ལས་གྲོལ་བ་རྣམས། །སེམས་ཅན་དོན་དུ་བཅིང་བར་འདོད། །ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །རྒྱ་གྲམ་དྲིལ་བུ་དབབ་བརྟན་བདག །ཀུན་གྱི་ཆོས་བདག་གྱུར་པ་ཡང༌། །བྲན་དུ་ཡང་ནི་གྱུར་ཅིང་ཞུགས། །ཛཿཧཱུཾ་བཾ་ཧོཿཨེ་ཧྱེ་ཧི་བྷ་ག་བཱ་ན། མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿས་མ་ཡ་ཛཿཧཱུཾ། ཨོཾ་ལ་སོགས་པའི་ལྷ་རྣམས་སྔགས། །རྟིང་ལ་ཨ་ཀ་ཛ་ས་བརྒྱན་ཅིང༌། །སོ་སོར་སྐུ་གསུང་ཐུགས་ཀྱི་ལྷ། །མ་ལུས་པ་རྣམས་སྤྱན་དྲང་ངོ༌། །མདོར་ན་འཇིག་རྟེན་ཁམས་རྣམས་སུ། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་ཀྱིས། །རྡོ་རྗེ་རིན་ཆེན་པདྨོ་དང༌། །རྒྱ་གྲམ་འཁོར་ལོ་བསྐོར་དུ་གསོལ། །མགོན་པོ་ཐུགས་རྗེ་ཆེར་ལྡན་པ།། ཐམས་ཅད་ཀུན་མཁྱེན་རྒྱུད་རིག་པས། །འདུལ་བའི་ཐབས་ནི་སྣ་ཚོགས་ཀྱིས། །འགྲོ་བའི་དོན་རྣམས་མཛད་དུ་གསོལ། །གཏོར་མ་ལས་རྣམས་ཀུན་གྱི་མཆོག །ལས་ཀྱི་སྣ་ལ་བསྟན་པ་ནི། །ཤར་དུ་བསྟན་པ་བསྲུང་བ་ལ། །ལྷོར་ནི་སྲིད་པ་མཉམ་པ་ཡིན། །ནུབ་ཏུ་ཀླུ་གདུག་བཟློག་པའོ།།


DTG068_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ནས་ལས་ལ་གཞུག་པའོ། །དེ་ནས་སོ་སོར་སྲུང་མཚམས་གཅད། །ཨེ་ཧྱེ་ཧིས་བོས་ལས་ལ་གཞུག །བྱིན་གྱིས་བརླབ་བྱས་མཆོད་བསྟོད་ཅིང༌། །སྨོན་ལམ་གདབ་ཅིང་སླར་གཏིང་གཏོང༌། །ལག་པའི་ཕྱག་རྒྱ་བཅས་ནས་ནི། །སྙིང་པོ་འཇུག་ལ་གདགས་པ་ནི། །བཛྲ་སཏྭ་ས་མ་ཡཾ་ཀརྨ། །གདགས་ཤིང་དབྱངས་དང་སྦྱར་བའོ། །ཐུགས་བརྩེ་ཕན་པའི་དགོངས་པ་ཅན། །ཇི་ལྟར་ཕྲིན་ལས་བཅོལ་པ་བཞིན། །འཁོར་བ་ཡུན་རིང་དེ་སྲིད་དུ། །དོན་རྣམས་མཛད་ཅིང་བརྟན་པོར་ནི། །ལག་པའི་ཕྱག་རྒྱ་བཅས་ནས་ནི། །སྙིང་པོ་འཇུག་ལ་གདགས་པ་ནི། །ཛཿ་ཧཱུཾ་བཾ་ཧོཿ་ས་མ་ཡ་སྟྭཾ་ས་མ་ཡ་ཧོཿ་ས་མ་ཡ་སྟྭཾ་ཏིཥྛ་བཛྲ་ཨཱ་གཙྪ་ཛཿ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པཱ་ད་བནད་ན་ཀ་རོ་མི། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པཱ་ཤ་ཨཱཏྨ་ནཱཾ་ནི་ཪྻཱ་ཏ་ཡཱ་མི། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ། ཨཱཏྨ་ནཱཾ་ནི་ཪྻཱ་ཏ་ཡཱ་མི། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ན་ཡ་ཨཱཏྨ་ནཱཾ་ནིཪྻཱ་ཏ་ཡཱ་མི། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་བྲ་བ་རྟ་ཡ་མཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ། ཨཱཏྨ་ནཱཾ་ནིཪྻཱ་ཏ་ཡཱ་མི། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། དེ་ནས་མཆོད་པའི་རིམ་པ་ནི། །དང་པོ་སྦྱིན་སྲེག་ལས་བཞི་སྟེ། །དེ་ནས་ལྷག་པའི་མཆོད་སྐྱབས་གསོལ། །དེ་ནས་ཐུན་མོང་མཆོད་རྣམ་ལྔ། །དེ་ནས་བསྟོད་པའི་མཆོད་པའོ། །དེ་ནས་མཆོད་སྤྲིན་བྱ་བ་བཤད། །དེ་ཀུན་ངག་ཡིད་གདུངས་དབྱངས་མཆོད། །མཆོད་པའི་དང་པོ་འདི་ཡིན་ནོ། །དེ་འོག་རྫས་ཀྱི་མཆོད་པ་ལ། །སྦྱིན་སྲེག་མཆོད་སྦྱིན་རྣམས་ཀྱི་མཆོག །སྡེབ་སྦྱོར་མཆོག་ནི་ཉི་མའི་ལྷ། །མི་ཡི་མཆོག་ནི་རྒྱལ་པོ་སྟེ། །རྒྱ་མཚོ་ཆུ་བོ་རྣམས་ཀྱི་མཆོག །ཟླ་བ་རྒྱུ་སྐར་རྣམས་ཀྱི་གཙོ། །ཉི་མ་སྣང་བྱེད་རྣམས་ཀྱི་གཙོ། །བསྒྲུབ་པའི་མཆོག་ནི་གསང་སྔགས་ཏེ། །ལས་ཀྱི་མཆོག་ནི་རྣམ་བཞིའོ། །གནས་ཀྱི་མཆོག་ནི་དཀྱིལ་འཁོར་བཞི། །སྟེང་དང་འོག་དང་ཐད་ཀར་ཡང༌། །འགྲོ་བའི་འགྲོ་བ་ཇི་སྙེད་པ། །ལྷ་དང་བཅས་པའི་འཇིག་རྟེན་ན། །སྨྲ་བའི་མཆོག་ནི་རྫོགས་སངས་རྒྱས། །བསྟན་པའི་མཆོག་ནི་རྫོགས་ཆེན་པོ། །རྡོ་རྗེ་རྒྱུད་དུ་བསྔགས་པ་ཡིན། །བཟླས་པའི་མདུན་དང་བར་སྐབས་དང༌། །དེ་བཞིན་བཟླས་པའི་འོག་ཏུ་ཡང༌། །སྔགས་པས་སྦྱིན་སྲེག་བྱ་བ་ནི། །ཐམས་ཅད་དུ་ཡང་བསྔགས་པ་ཡིན། །སྦྱིན་སྲེག་


DTG068_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་བཟླས་བྱ་བ། །དང་པོར་ཤིན་ཏུ་འདོད་པ་ཡིན། །བཟླས་དང་སྦྱིན་སྲེག་འབྲེལ་པ་ནི། །དེ་ནི་བར་དུ་འདོད་པ་ཡིན། །བཟླས་པའི་མཇུག་གི་སྦྱིན་སྲེག་གང༌། །དེ་ནས་ཤིན་ཏུ་གཙོ་བར་བཤད། །དང་པོས་བུ་ལོན་རྟོག་པ་བསལ། །བར་དུ་ལྷ་རྣམས་ཚིམ་བྱའི་ཕྱིར། །ཐ་མས་ལྷག་ཆད་བསྐངས་པའི་དོན། །བཾ་གྱིས་ཚོགས་ཀྱི་དཀྱིལ་འཁོར་མཆོག །གསལ་བའི་གཟི་བརྗིད་འཚེར་བ་ལ། །དད་བྱམས་ཡིད་ཀྱིས་མཆོད་སྦྱིན་བྱ། །ལས་རྣམས་བརྩམ་པར་བྱས་ནས་ནི། །གཏུམ་ཆེན་རྔམ་པོའང་ལྷན་ནེར་འགྱུར། །ལྷ་རྣམས་དཀར་པོ་བྱམས་དང་ལྡན། །ཟླུམ་པོ་དཀྱིལ་འཁོར་རྩིབས་བརྒྱད་པར། །ལྷ་རྣམས་འཁོར་བཅས་བརྒྱན་པར་བཞུགས། །ཧོ་མ་མཆོག་ཟླུམ་གདེངས་པ་ལ། །རྡོ་རྗེ་པདྨས་རབ་བརྒྱན་ཏེ། །ཕུར་པ་དཀར་པོ་དྲུག་བཏབ་པར། །ཡིད་ལ་ཤིན་ཏུ་གསལ་བྱས་ཏེ། །བྱིན་ཟ་དགེ་བ་རབ་སྦར་བསྟན། །ཡམ་ཤིང་དཀར་པོ་རྣམས་ཀྱི་མེ། །རབ་སྦར་རྡོ་རྗེ་ཁྲོ་བོ་ཡི། །ངང་བྱམས་གཞག་སྟེ་སྙོམས་ཞུགས་ལ། །ཏིལ་བསྲེགས་བཞིན་དུ་སྡིག་བསྲེགས་ཤིང༌། །ཆེ་གེ་སརྦ་པཱ་པཾ་ད་ཧ་ན་ཧཱུཾ་ཕཊ་ཛྭ་ལ་རཾ། །ཤར་ལྷོ་ཁ་ཁྱེར་དེ་ཉིད་ལ། །དམ་ཚིག་ཉིད་ཀྱི་རཾ་སྤྲོས་ཏེ། །ཞལ་གཅིག་ཕྱག་བཞི་ཟླ་དཀར་བཞིན། །ཞི་བའི་ལུས་དང་ལྟ་བའི་ཐབས། །སྐྱིན་ཆེན་དཀར་པོའི་གདན་བཞུགས་བསམ། །ཡེ་ཤེས་ཨགྣེའི་ཐུགས་དམ་བསྐུལ། །ཨོཾ་ན་མོ་བཛྲ་པཱ་ཎ་ཡེ། ན་མོ་ཛྙཱ་ན་ཨགྣ་ཡེ་དེ་བ་ཛྭ་ལ་རཾ། ལན་གསུམ་བརྗོད་པས་ཞལ་ཕྱོགས་ཤིང༌། །སྤྱན་གཟིགས་ཐུགས་དགོངས་དེ་ཉིད་ལ། །དམ་ཚིག་པ་ཡི་ལྕགས་ཀྱུ་བཅས། །གཉིས་མིན་དབྱིངས་ལས་བསྐུལ་པ་ཡི། །ཡེ་ཤེས་དྲང་སྲོང་ཆེན་པོ་ཉིད། །སྔོན་གྱི་སྨོན་ལམ་ཐུགས་རྗེ་ཡིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཛཿ་ཧཱུཾ་བཾ་ཧོཿ་ཨེ་ཧྱི་ཧེ། ཨོཾ་བཛྲ་ཧ་རི་བི་ག །པ་ཏ་ཙི་བ་ལོ་ཀེ་ཏི། ཡ་ཤ་དེ་ཧི་དེ་བ་བཏ་ཡེ་སྭཱ་ཧཱ། ན་མོ་བཛྲ་པཱ་ཎ་སྱེ། ཨོཾ་ཛྙཱ་ན་ཨགྣ་ཡེ། ཀི་ལི་ཀི་ལི། དནྟེ་ལ་པོ་ཏྲ། ཨི་ཧ་ཨི་ཧ་ཨཱ་གཙྪ་ཧཱུཾ་ཏ་ཤ་ནཱ་ཡ་སྭཱ་ཧཱ། ཡེ་ཤེས་མེ་ལྷ་བྱོན་ནས་ནི། །དམ་ཚིག་བསྐྱེད་དང་གཅིག་གྱུར་ནས། །མདུན་དུ་བཞུགས་པ་དེ་ཉིད་ལ། །གཉིས་མེད་དྲང་སྲོང་ཨགྣེ་ལ། །བདུག་སྤོས་ཆུར་བྱས་བསང་བ་ནི། །སྟོང་གསུམ་ཀུན་དུ་དྲི་མཆོག་འབྱུང་འགྱུར་བའི། །སྤོས་


DTG068_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་སྨན་སྦྱར་ཆུ་གཙང་རྒྱལ་བའི་ཁྲུས། །ཡེ་ཤེས་སྤྲིན་ཕུང་མཁའ་ལས་ཆེར་འབེབས་པས། །མི་གཙང་དྲི་མའི་ཚོགས་ཀུན་དག་གྱུར་ཅིག །སྭ་བྷཱ་བ་སརྦ་དྷརྨཱཿཤུདྡྷོ྅ཧཾ། དག་པ་ཉིད་དུ་བྱས་ནས་ཀྱང༌། །མཆོད་པ་ལྔ་ཡིས་མཆོད་དེ་གཞག །གཉིས་མིན་དྲང་སྲོང་ཨགྣེ་ལ། །བདུག་སྤོས་མེ་ཏོག་མེ་དྲི་བཤོས། །ཡོན་བདག་དོན་དུ་འབུལ་ལགས་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ཨོཾ་ན་མོ་ཛྙཱ་ན་ས་མ་ཡ་སཏྭ་ཨགྣ་ཡེ་དྷཱུ་པེ་པུཥྤེ་ཨཱ་ལོ་ཀེ་གནྡྷེ། ཨཱ་ཧ་ར་སརྦ་དྷརྨཱཿཔཱུ་ཛ་པཉྩ་སྭཱ་ཧཱ། དེ་ནས་མཆོད་བསྟོད་ཤིང་རྟ་ལ། །བཞུགས་པ་ཉིད་དུ་བྱ་བའམ། །ཁ་ཁྱེར་བཞག་ལ་ལས་མཆོད་བསྟོད། །དེ་ནས་མེ་ཡི་དངོས་ཉིད་པའི། །རང་བཞིན་རྣམ་རྒྱལ་ཁྲོ་བོ་ཕྱོགས། །དེ་ལ་སོགས་པ་གོང་ཉིད་དུ། །སྤྱན་དྲངས་མདུན་དུ་གསོལ་བསྒོམས་ལ། །ཏིང་འཛིན་གསལ་བས་དེ་ཉིད་སྦྱང༌། །རྣམ་པར་རྒྱལ་བ་བོས་ནས་ནི། །གཟུགས་བརྙན་ཤར་གཡས་སམ་དཔྲལ་བའི། །རྣམ་རྒྱལ་དེ་ཡི་ལུས་གཉིས་གཅིག །དེ་ཉིད་ན་ནི་བཞུགས་པར་བསམ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཁམས་གསུམ་རྣམ་རྒྱལ་གཙོ། །འབར་བའི་ནང་དུ་བཞུགས་ནས་ནི། །སྲེག་བླུགས་ཞལ་ཟས་བ་གེས་མེ་སྦྱངས། །ཛཿཧཱུཾ་བཾ་ཧོཿཨེ་ཧྱེ་ཧི། ཨོཾ་ཏྲཻ་ལོ་ཀྱང་ཇི་ཛ་ཡ་ས་མ་ཏི་མུ་དྲ་ཧཱུཾ་ཕཊ། ཨཱ་གཙྪ། དེ་ལྟར་སྤྱན་དྲངས་དེ་ཉིད་ཀྱིས། །གདན་མཆོག་དམ་པ་བསྟབ་པ་ནི། །མེ་ཏོག་ལག་ཏུ་ཐོགས་ནས་ནི། །མྱ་ངན་མི་འདའ་ཐུགས་རྗེའི་ངང༌། །ཉོན་མོངས་མི་སྤོང་གོས་པ་མེད། །མ་ཆགས་རང་བཞིན་དག་པས་ན། །པདྨའི་གདན་ལ་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡེ་སྟྭཾ། དེ་ལྟར་གདན་ལ་བཞུགས་པ་ཡང༌། །ཡང་དག་ཉིད་དུ་དག་མོད་ཀྱི། །དྲི་མའི་མཚན་མ་མེད་མོད་ཀྱང༌། །འཇིག་རྟེན་སྲིད་ཞུའི་ཚུལ་གྱིས་སུ། །ཕྱག་དང་ཞལ་ནི་བསིལ་མཛོད་ཅིག །ཨཱ་ཧ་ར་བི་ཤུདྡྷེ་སྭ་བྷཱ་བ། དེ་ནས་མཆོད་པ་འབུལ་བ་ནི། །ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱིས། །ཆེ་གེ་མོ་ཡི་སྡིག་བཤགས་ནས། །དཀྱིལ་འཁོར་ཆེན་པོའི་དབང་བསྐུར་ཏེ། །ཡང་དག་ཉིད་དུ་སྒྲུབ་པ་ལ། །བར་ཆད་བྱེད་པའི་ལོག་རྟོག་ནི། །གནོད་སྦྱིན་སྐར་མ་གདོང་ལ་སོགས། །ཆད་པས་བཅད་ཅིང་བཀའ་ཕབ་སྟེ། །བཀའ་འམ་སྔགས་ཀྱི་ཚིག་ཙམ་གྱིས། །ཞི་བ་


DTG068_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་རྣམ་བཞི་ནི། །བྲན་བཞིན་དུ་ནི་བྱེད་པར་འགྱུར། །དེ་ཕྱིར་དང་པོ་ཁྲོ་བོ་མཆོད། །དེ་ཕྱིར་རྣམ་པར་རྒྱལ་སོགས་ལ། །མར་ཁུ་ཤག་ཏེའུ་ཤུ་ཙེའུ་འདི། །ཡོན་བདག་དོན་དུ་འབུལ་ལགས་ན། །ཐུགས་རྗེས་དགོངས་ལ་བཞེས་དུ་གསོལ། །སྙིང་གའི་ཐད་ནས་དབུལ་བར་བྱ། །ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཀྲོ་དྷ་ཡ་དཱི་བྱ་དཱི་བྱ་ན་པཱུ་ཛ་ཡེ་སྭཱ་ཧཱ། ལག་གཡས་མཐེབ་སྲིན་ཉི་མ་ཨ། །ཐབས་དང་ཤེས་རབ་ལྡན་པ་ཡིས། །བླངས་ཏེ་སྐུ་གསུང་ཐུགས་མཉེས་ཕྱིར། །མཆོད་པའི་གནས་དང་མཆོད་རྫས་དང༌། །མཆོད་མཁན་ཉིད་ལས་བྱང་ཆུབ་སེམས། །དཀར་པོ་ཤེལ་དག་བྱུང་བ་ཡིས། །གང་ལ་དམིགས་པ་དེར་བསྟིམས་པས། །ལས་དང་ཉོན་མོངས་བག་ཆགས་ཞི། །ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་ལ། །མངར་གསུམ་འོ་ཐུག་ནས་ཀྱི་ཐུག །འབྲས་བུ་ལག་པན་འབྲས་ཡོས་དང༌། །འབྲུ་སྣ་ལྔ་ལ་སོགས་པ་འབུལ། །བདུག་སྤོས་མེ་ཏོག་མེ་དྲི་བཤོས། །ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཀྲོ་དྷ་ཡ་དྷཱུ་པེ་པུཥྤེ་ཨཱ་ལོ་ཀེ་གནྡྷེ་ཨཱ་ཧ་ར་སརྦ་དྷརྨཱཿ་པཱུ་ཛ་པཉྩ་སྭཱ་ཧཱ། ཨ་དཱི་བྱ་དཱི་བྱ་ཏི་ཡེ་སྭཱ་ཧཱ། དེ་ནས་བསྟོད་པའི་མཆོད་པ་ནི། །རྡོ་རྗེ་དྲིལ་བུ་དབྱངས་ལྡན་ལ། །སྐུ་ཡི་འགྱིང་འགྱུར་དང་བཅས་པར། །ཞི་རྒྱས་གཉིས་ལས་རྡོར་དྲིལ་ནང༌། །དབང་དྲག་རྡོར་དྲིལ་ཕྱིར་བསྐོར་གསིལ། །ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་བདུད་ཁམས་ཐམས་ཅད་སྲེག །སྤྲིན་གཉིས་འཐིབས་བཞིན་ཁྲོ་གཉེར་བརྗིད་པའི་ཞལ། །ཞེ་སྡང་གཤིན་རྗེའི་འཇིག་རྟེན་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དབའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོ་བགེགས་ཀྱི་མཐའ་གནོན་པའི། །ཁྲོ་བོའི་རྒྱལ་པོ་དུག་གསུམ་འཇོམས་མཛད་པ། །ཁམས་གསུམ་སེམས་ཅན་ངན་འགྲོ་ལས་སྒྲོལ་བ། །མདོག་སྡེ་རྡོ་རྗེ་པདྨ་ཞགས་པ་བསྣམས། ཁམས་གསུམ་རྣམ་རྒྱལ་ཆེ་ལ་ཕྱག་འཚལ་བསྟོད། །ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་སོགས། །མེ་ཉིད་སྦྱང་བའི་ལས་མཇོད་བཞུགས། །ཏིཥྛ་བཛྲ། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱིས། །བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པར་བྱ། །བཀུག་ནས་རྡོ་རྗེ་ཕུར་པས་གདབ། །དུམ་བུར་བྱས་ལ་ཚོགས་ལ་བསྟབས། །ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཀཱི་ལི་ཨ་མྲྀ་ཏ་བཉྩ་པཱུ་ཛ་སྭཱ་ཧཱ། བདེ་གཤེགས་


DTG068_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་ཆེན་རྣམ་པར་རྒྱལ། །ཐུགས་རྗེ་ཆེ་དང་བདག་འབྲེལ་པས། །གཞལ་ཡས་ཉིད་དུ་བཞུགས་ནས་ཀྱང༌། །མེ་ཉིད་སྦྱང་བའི་ལས་བཅོལ་བའོ། །དེ་ནས་ལག་གཡས་ཁ་ཕར་བསྟན། །གཡོན་པ་ཚུར་བསྟན་མཁྲིག་མ་བསྣོལ། །མཐེབ་གཉིས་མཐིལ་གཞག་སོར་བརྒྱད་བསྐྱོད། །ཨོཾ་ཀཱི་ལི་ཀཱི་ལ་བཛྲ་བི་མ་ལ་རཽ་ཏྲི་པྲ་ཀྲྀ་ཏི། མ་ཧཱ་ཀྲོ་དྷ་བཛྲ་ཡ་ན་ཛ་ཧ་གྲྀཧྞ་ཏ་ཧཱུཾ་ཕཊ། སྦྱོང་བའི་ལས་ནི་ལྷ་ཚོགས་ཀྱིས། །མདུན་དུ་བྱ་བར་ཡང་དག་བཤད། །དེ་ནས་དཀོན་མཆོག་གསུམ་པོ་སྟེ། །སྦྱར་དང་སྤྱན་དྲང་གདན་དག་དང༌། །མཆོད་པ་ལ་སོགས་རྣམ་རྒྱལ་བཞིན། །མགོན་པོ་ཐུགས་རྗེ་ཆེར་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་རྒྱ་མཚོ་ཡོན་ཏན་གཞི། །དེ་བཞིན་གཤེགས་ལ་ཕྱག་འཚལ་བསྟོད། །དག་པས་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་འགྲོ་ལས་སྒྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་བསྟོད། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་གཞི། །དགེ་འདུན་ལ་ཡང་ཕྱག་འཚལ་བསྟོད། །བླ་མེད་དཀོན་མཆོག་གསུམ་པོ་ཡིས། །ཞི་བ་ལ་སོགས་གྲུབ་པར་གསོལ། །བདེ་བར་གཤེགས་པ་སོ་དཀོན་མཆོག་གསུམ། །ཁྱོད་ཀྱིས་བྱམས་པའི་ལས་ཀུན་མཛད། །དང་བའི་ཡིད་ཀྱིས་བསྐྱེད་པ་ཡི། །གཞལ་ཡས་ཉིད་དུ་གཤེགས་སུ་གསོལ། །ཨོཾ་བཛྲ་བེ་གཱ་ཀྲ་མ་ཡ་ཧི་ག་ཛ། མེ་ལྷ་གཉིས་ནི་སྤྱན་དྲང་བའི། །མདུན་དུ་ཀཱི་ལི་ས་མེ་ཉིད་སྦྱོང༌། །དེ་ནས་གཡས་པའི་མཐེ་བོ་ཡིས། །མཐེའུ་ཆུང་མདུང་ཚུགས་གཡབས་ནས་ནི། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཞེས་ནི་བོས་ནས་ནི། །ཛཿཧཱུཾ་བཾ་ཧོཿ་ཨེ་ཧྱེ་ཧི། མ་ཧཱ་བྷཱུ་ཏ་དེ་བ་རི་ཥི། དྭི་ཛ་ས་ཏ་མ་ནི། ཧི་ཏྭ་ཨ་ཧུ་ཏི་མ་ཧཱ་རཾ། ཨསྨི་སནྣི་ཧི་ཏོ་བྷ་བ། ཨགྣ་ཡེ་ཨཱ་གཙྪ། ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་སྭཱ་ཧཱ། དེ་ནས་བཞུགས་པར་བྱ་བ་ནི། །ལྷ་ཡི་དྲང་སྲོང་ཀུན་དང་ནི། །སྲེག་སྦྱིན་བཏབ་པར་ཁས་འཆེས་པ། །ཐུགས་རྗེ་དམ་ཚིག་བརྟན་པ་ནི། །པདྨའི་གདན་ལ་བཞུགས་སུ་གསོལ། །ཨགྣ་ཡེ་ས་མ་ཡ་སྟྭཾ་ཏིཥྛ། སྭ་བྷཱ་ཝ་བི་ག་ཏ་བི་ཛ་ལོ་ཧི་ཏ་ཨཱ་ཀཱ་ཤ་དཱི་པ་ཡ་ཤུདྡྷེ་སྭཱ་ཧཱ། ཕྱག་ཞལ་བསིལ་བ་བྱས་ནས་ནི། །གཉིས་མིན་དྲང་སྲོང་མེ་ལྷ་ལ། །ཤག་ཏེའུ་ལ་སོགས་


DTG068_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གསུམ་དབུལ། །ཨོཾ་རཾ་རཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་དཱི་བྱ་དཱི་བྱ་ན་ཡ་པཱུ་ཛ་སྭཱ་ཧཱ། དྷུ་པེ་པུཥྤེ་ཨཱ་ལོ་ཀེ་གྷནྡྷེ་པཱུ་ཛ་པཉྩ་སྭཱ་ཧཱ། དེ་ནས་རྡོ་རྗེ་དྲིལ་བུར་བཅས། །འགྱིང་འགྱུར་བཅས་ལ་བསྟོད་པ་ནི། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་ལ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་ལ། །རིག་པར་གྲུབ་བའི་དྲང་སྲོང་མཆོག །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྦྲུལ་པའི་ཐེག་པ་བཅིབས། །བགྲད་ཕྲེང་འཛིན་ཅིང་རིག་སྔགས་གསུང༌། །བདུད་རྩི་བཅུད་ལྡན་གྷུནྡེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཨགྣེ་ཆེན་པོའི་ཐུགས་དམ་བཞིན། །མེ་ཉིད་ཡེ་ཤེས་མེར་བྱིན་རློབས། །ལས་ཀྱི་ལྷ་རྣམས་མཆོད་པ་ཡི། །སྲེག་རྫས་སྟོབས་པའི་ལས་མཛོད་བཞུགས། །ཤིང་རྟ་གཅིག་ལ་བཞུགས་གསོལ་ལ། །ཕྱོགས་མཚམས་ལྷ་ལ་བསྐོར་ཞིང་མཆོད། །ཨགྣ་ཡེ་གིང་ཀ་ར་པཱུ་ཛ་ཏིཥྛ། ལས་ཀྱི་ལྷ་རྣམས་མཆོད་པ་ཡི། །མེ་སྦྱད་སྤྱན་དྲང་གདན་དབུལ་བསིལ། །ལས་བརྟན་ཕྱག་མཆོད་བསྟོད་དང་དགུ། །ནང་སྟོན་མཆོད་རྟེན་ཆོས་ཉིད་མཁའ། །ཆོས་དབྱིངས་ཡེ་ཤེས་རྣམ་དག་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད། །ཕྱག་འཚལ་རྣམ་པར་སྣང་མཛད་ལའོ། །སྲ་བརྟན་རྡོ་རྗེ་གཟུགས་བརྙན་ས། །མེ་ལོང་ཡེ་ཤེས་ཐུགས་ཀྱི་སྐུ། །ས་གནོན་ཆེན་པོའི་ཕྱག་རྒྱ་མཛད། །ཕྱག་འཚལ་སེམས་དཔའ་མི་བསྐྱོད་ལའོ། །སྲེག་བྱེད་རིན་ཆེན་ཡིག་འབྲུ་མེ། །མཉམ་ཉིད་ཡེ་ཤེས་ཡོན་ཏན་སྐུ། །མཆོད་སྦྱིན་ཆེན་པོའི་ཕྱག་རྒྱ་མཛད། །ཕྱག་འཚལ་འབྱུང་ལྡན་དཔལ་ཁྱོད་ལའོ། །དགྱེས་འཛིན་པདྨ་ཕྱག་འཚལ་ཆུ། །ཀུན་རྟོག་ཡེ་ཤེས་གསུང་གི་སྐུ། །ཆོས་སྒྲོགས་ཆེན་པོ་ཕྱག་རྒྱ་མཛད། །ཕྱག་འཚལ་སྣང་བ་མཐའ་ཡས་ལའོ། །ཤག་བསྐྱོད་རྒྱ་གྲམ་སྐུ་སྟེ་རླུང༌། །ནན་ཏན་ཡེ་ཤེས་ཕྲིན་ལས་སྐུ། །སྐྱབས་མཛད་ཆེན་པོའི་


DTG068_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་མཛད། །ཕྱག་འཚལ་དོན་ཡོད་གྲུབ་པ་ལའོ། །བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་རྒྱུད་དུ་འབྲེལ་བསྡམས་བསྐྱོད། །བཅིངས་འགྱུར་བསྐྱོད་པས་ཕྱོགས་བཅུར་གཡོ། །ཐམས་ཅད་གཡོ་བ་མེད་པར་འགྱུར། །ཤཱིནྟཾ་ཀུ་རུ་སྭཱ་ཧཱ། དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ། །ངོས་སུ་ལྷ་རྣམས་འཁོར་བཅས་བསྒོམ། །བཏབ་ན་གདུག་རྩུབ་ཞི་བར་འགྱུར། །ཀཱི་ལི་ཀཱི་ལི་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ལྷ་མོ་རྣམས་ཀྱི་དཀྱིལ་འཁོར་དུ། །ལྷ་ཡི་གྲུབ་པ་བསྒོམ་བྱ་སྟེ། །བྱམས་བཅས་ཞི་བའི་ཐོ་བ་ཡིས། །བརྡུངས་པས་གདུག་རྩུབ་ཞི་བར་འགྱུར། །ཤམྦ་ཏ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། དངུལ་ཕྱེ་འབྲས་ཆན་དཀར་པོ་ལ། །འོ་མས་སྦྱར་བའི་གཏོར་མ་ཡིས། །ཐམས་ཅད་མ་ལུས་ཞི་བསྐོངས་ནས། །གཏོར་མས་གདུག་རྩུབ་ཞི་བར་འགྱུར། །སྥ་ར་ཎ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ལས་རྣམས་བྱ་བའི་དོན་བསྟན་པའི། །བདག་ཉིད་བྱམས་པ་ཆེན་པོ་ཅན། །དཀྱིལ་འཁོར་ཧོམ་ཁུང་མཆོད་རྫས་ཚོགས། །དཀར་པོ་ཉིད་དུ་བསྒོམ་པར་བྱ། །ལྷ་རྣམས་ཐམས་ཅད་དཀར་པོ་སྟེ། །སྐུ་ཡི་གཟི་འབར་ཡོན་ཏན་བརྗིད། །ཐམས་ཅད་ཀུན་ཀྱང་འཚེར་ཞིང་ཞི། །བྱམས་པར་བཅས་པའི་ལག་བ་ནས། །གཏོང་བ་ཐམས་ཅད་བྱང་ཆུབ་སེམས། །རྒྱུན་མི་འཆད་པར་ཀུན་ཁྱབ་སྒོམ། །དྲང་བ་ཞི་འགྱུར་ཕུར་བུ་རྒྱས། །བརྡུངས་པས་དབང་མཛད་གཏོར་མ་དྲག །དེ་ནི་སྤྱི་ཡི་ལས་སུ་གསུངས། །ཕྱོགས་བཅུ་གདུག་པ་མ་ལུས་ཀུན། །གདུག་པའི་སེམས་ནི་རབ་བོར་ཏེ། །ལྷན་ནེ་དཀར་པོའི་འོག་ཏུ་འགྱུར། །བདེ་ལྡན་བྱང་ཆུབ་འོད་འཕྲོ་འབར། །འཇིག་རྟེན་གསུམ་དང་འདས་གཏུམ་ལ། །འབྲུ་ལྔ་བྱམས་ལྡན་བྱས་ནས་ནི། །གསོལ་བ་གདབ་བར་བྱ་བ་ནི། །ལྷ་དང་ལྷ་མིན་གནོད་སྦྱིན་དྲི་ཟ་གྲུལ། །ལྟོ་འཕྱེ་དང་ནི་ནམ་མཁའ་ལྡིང་དང་འདབ། །ལུས་སྲུལ་སྲིན་པོ་གདོན་གྱི་རིགས་རྣམས་དང༌། །ས་འམ་མཁའ་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་གཡོག་འཁོར་ཚོགས་དང་བཅས་པ་རྣམས། །དེ་རྣམས་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར། །དད་བྱམས་ཡིད་ཀྱིས་ལྷ་རྣམས་མཆོད་བྱས་ཏེ། །ལྷ་ཡིས་བྱིན་བརླབས་སྤྲུལ་པའི་འཕྲོ་འདུ་ཡིས། །ལས་དང་ཉོན་མོངས་སྡུག་བསྔལ་ཞི་གྱུར་ཅིག །ན་མཿ་ས་མནྟ་བུདྡྷཱ་ནཱཾ།


DTG068_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿ་མ་ཧཱ་ཤཱིནྟཾ་ཀ་ར་ཤཱིནྟཾ་ཀ་ར་པྲ་ཤ་མ་དྷརྨ་ནི་རྫ་ཏ། ཨ་བྷཱ་བ་དྷརྨ་སཏྭ། བྲ་བ་ཏ་ཤཱིནྟཾ། ཤི་བཾ་ཀུ་རུ་སྭཱ་ཧཱ། དེ་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ནཱ་ག་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། རཱཀྵ་ས་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཡཀྵ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། གྲ་ཧ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། མི་ཙི་མི་ཙི་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། གུང་ཨིང་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ར་ཏང་ར་ཏང་པྲ་ཏང་པྲ་ཏང་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཀ་རཱ་ལན་བི་ར་ལན་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། བི་ཧ་ས་ནན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨི་བ་ནན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ན་མོ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཨ་ནྲྀ་སུ་དུ་པྲེ་ཏྲི་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། གུང་ཀ་རི་ཀུང་ག་རི་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། མི་ཙི་མི་ཙི་ར་ར་སྲཾ་སྲཾ། གཾ་གཾ་གུཾ་གུཾ། ཨཾ་ཨཾ་ཨིཾ་ཨིཾ་ཨ་ཨ་ར་ལན་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཤི་དུར་ན་མྱེ་ཏྲེ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། དེ་ནས་ལས་སྦྱར་རྣམ་རྒྱལ་ཐབས། །ཕྱག་མཚན་ནམ་མཁར་ཕྱར་ནས་ཀྱང༌། །གཏི་མུག་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །སྐད་ཅིག་ཡུད་ལ་ཞི་མཛད་དེ། །ཞི་བར་གྱུར་བས་དབྱིངས་སུ་རོལ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །དད་པའི་ཡིད་ཀྱིས་བསྐྱེད་པ་ཡི། །གཞལ་ཡས་ཉིད་དུ་རེ་ཞིག་གཤེགས། །སླར་ཡང་འགྲོ་བའི་དོན་ལ་དགོངས། །དེ་བཞིན་ལྷ་ཚོགས་མང་པོ་ཀུན། །གོ་རིམས་དེ་བཞིན་ལས་བྱའོ། །མེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །གསལ་བའི་གཟི་བརྗིད་འཚེར་བ་ལ། །སྙིང་རྗེ་དགའ་བས་མཆོད་བྱས་ནས། །ལས་རྣམས་བརྩམ་པར་བྱས་ནས་ནི། །ཚེ་དང་ལོངས་སྤྱོད་དཔལ་འཕེལ་འགྱུར། །པུཥྚིཾ་ཀུ་རུ་སྭཱ་ཧཱ། ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །གསལ་བའི་གཟི་བརྗིད་འཚེ་བ་ལ། །དགའ་ཆགས་ཡིད་ཀྱིས་མཆོད་སྦྱིན་བྱ། །ལས་རྣམས་བརྩམ་པར་བྱས་ནས་ནི། །ཐམས་ཅད་མ་ལུས་དབང་དུ་འགྱུར། །ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །གསལ་བའི་གཟི་བརྗིད་འཚེར་བ་ལ། །བཏང་སྙོམས་ཁྲོས་པས་མཆོད་སྦྱིན་བྱ། །ལས་རྣམས་བརྩམ་པར་བྱས་ནས་ནི། །ཐམས་ཅད་མ་ལུས་བརླག་པར་འགྱུར། །གཞན་ཡང་རྒྱུད་ལས་བྱུང་བའི་ལས། །སྡིག་པ་སྲེག་དང་ཚེ་འཕེལ་ཧོ་མ། །སྲུང་དང་རོ་སྲེག་སྒྲུབ་པ་ཀུན། །ཆ་ཤས་ཙམ་དུ་བསྟན་པ་ནི། །ཧཱུཾ་གི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཡེ་ཤེས་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཧཾ་གི་ཚོགས་ཀྱི་དཀྱིལ་འཁོར་མཆོག །རཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་


DTG068_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག །དཀྱིལ་འཁོར་ཧོམ་གྱི་ཚད་བསྟན་པ། །གསུང་གསུམ་དཀྱིལ་འཁོར་ཐ་མ་འབྲིང༌། །རབ་ནི་བཅུ་གཉིས་དགུ་དང་བདུན། །ཁུ་གང་ཐམས་ཅད་སྒོ་གང་བྱ། །ཡན་ལག་ཐམས་ཅད་ཚད་བསྟན་པ། །དེ་ཁྲུ་གང་ནས་བརྩམས་ནས་ནི། །ཇི་སྲིད་དཔག་ཚད་ཐུག་གི་བར། །འདུལ་བའི་དབང་གི་ཁྱད་པར་གྱིས། །ཡང་ན་ཚད་ལ་ངེས་པ་མེད། །ཧོམ་ཁུང་ཐ་མ་འབྲིང་དང་རབ། །ཁྲུ་གང་ཁྲུ་དོ་ཁྲུ་གསུམ་ནི། །འབྱོར་པའི་དབང་བྱ་བད་ཟླ་ཁམ། །གྲུ་གསུམ་དང་ནི་འཁོར་ལོ་རྩིབས། །བརྒྱད་པའི་སྟེང་དུ་ཟླ་བའི་འོད། །དཀར་པོ་དགོད་དེ་དབུས་རྡོ་རྗེ། །རྩེ་ལྔ་ཤར་རོ་རིན་ཆེན་ལྷོ། །ནུབ་ཏུ་པདྨ་བྱང་རྒྱ་གྲམ། །དེ་སྟེང་ཁ་འཁོར་སོར་བཞི་རྡོ་རྗེར། །སེམས་དཔའ་སེམས་དཔའ་པདྨ་དང་ཁོང་ཡོན། །འཇིག་རྟེན་པ་ནི་ཅི་རིགས་མཛེས་པར་བྱ། །ནུབ་ཕྱོགས་འདུག་སྟེ་ཞི་ལས་བྱ། །བྲམ་ཟེའི་ཁྱིམ་དུ་ཡང་དག་བཤད། །ལྷོ་ཕྱོགས་རྒྱས་པ་ནུབ་ཏུ་དབང༌། །བྱང་དུ་དྲག་པོ་ཧོམ་དུ་བཤད། །དཀྱིལ་འཁོར་དྲུག་གམ་ཡང་ན་ནི། །གྲོང་ཁྱེར་ཕྱི་རོལ་རྗེའི་རིགས་དང༌། །རྒྱལ་རིགས་སྨད་འཚོང་དམངས་མའི་ཁྱིམ། །སྔགས་པ་ནུབ་དང་ལྷོ་ཤར་བྱང༌། །འདུག་ལ་མཆོད་པའི་དོན་དག་ནི། །གང་གི་གཙོ་དང་ཐབས་དང་ནི། །ཤེས་རབ་ཚུལ་དུ་ལྡན་པའི་དོན། །ཧོམ་ཁུང་དག་གི་བྱེ་བྲག་ཀྱང༌། །དེ་ཅི་རིགས་པར་བྱ་བ་བཤད། །དེ་ལ་སོགས་པ་གཙོ་ཡུམ་ནི། །ཁུང་གི་མཐིལ་དུ་ལྷག་པར་དགོད། །མེ་འོད་ངོས་ལ་རྡོ་རྗེ་ཁ། །འཁོར་རྣམས་ཕྱི་རོལ་ཡང་དག་དགོད། །རོ་སྲེག་མཎྜལ་ཁྲུ་བཅུ་གཉིས། །ཁྲུ་བཞི་པ་ན་ཁྲུ་དོ་ཐབས། །བརྐོ་བའི་དབུས་སུ་འཁོར་ལོ་ནི། །རྩིབས་བརྒྱད་པ་ལའང་བྱང་ཆུབ་ཀྱི། །མཆོད་རྟེན་ཀུན་རིག་ཕྱག་རྒྱ་སོགས། །རིགས་བཞི་དང་ནི་ཡུམ་བཞིའོ། །དེ་མཐའ་རྡོ་རྗེ་རྩེ་ལྔས་བསྐོར། །ཁལ་མེ་འོང་བྲི་བར་བྱ། །དེ་མཐའ་པདྨ་པདྨ་ལ། །སེམས་དཔའ་བསྐལ་བཟང་ལ་སོགས་རྣམས། །བྲི་བྱ་གྲོ་ལ་ལྷ་མོ་བྲི། །འཇིག་རྟེན་པ་ཡི་ལྷ་རྣམས་ཀྱང༌། །ཕྱི་རིམ་ཕྱོགས་ཕྱོགས་དག་ཏུ་བྲི། །གཞུང་དང་འགལ་བྱས་ཉེས་སྡིག་བཤད། །སྡིག་པ་ཆེན་པོ་སྐུར་བཏབ་ཡིན། །སྟོན་པའི་བསྟན་དང་དགེ་བའི་ལས། །ཕ་མ་མཁན་པོ་སློབ་དཔོན་དང༌། །མཆེད་དང་ལྕམ་དྲ་


DTG068_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ལྔ་ཡིན། །དགེ་བ་མི་དགེ་མི་དགེ་དགེ། །རྒྱལ་བའི་ཆོས་ལ་སྐུར་བཏབ་ཡིན། །སྡིག་ཅན་དེ་ནི་མི་ཐར་ཞེས། །རྣམ་པར་འབྱེད་པའི་ཐུབ་པས་གསུངས། །དཀྱིལ་འཁོར་འཇུག་འབྱུང་བྱེད་པའི་ཕྱིར། །རི་མོའམ་ཡང་ནི་དེ་བཞིན་གཞན། །ཅི་བགྱི་ཚད་མེད་བཞི་བསྒོམས་ཏེ། །ཤ་དང་ཆང་དང་སྒོག་བཙོད་དང༌། །རྐུ་དང་བུད་མེད་སྤྱད་བྱས་ན། །དེ་ནི་ཡན་ལག་སྐུར་བཏབ་ཡིན། །དེ་ལས་བཤགས་པ་བྱར་ཡོད་ཐབས། །ཇི་བཞིན་དམ་ལ་གནས་བྱས་སམ། །ཐེག་ཆེན་སྡེ་ལ་མཆོད་བྱེད་ན། །སྡིག་ཅན་དེ་ནི་མྱུར་དུ་གྲོལ། །ཕ་མ་གསད་དང་འཕྲོག་བཅོམ་དང༌། །ཆོས་ཀྱི་མཁན་པོ་གསད་པ་དང༌། །དམ་ཚིག་ལུང་དང་ཤེས་རབ་རྒྱུད། །མན་ངག་དབང་གི་སློབ་དཔོན་གསུམ། །སྙིང་ནས་སྨད་ཅིང་གསད་པ་དང༌། །ཐེག་ཆེན་སྡེ་ལ་གནས་པ་ཡི། །མཆེད་དང་ལྕམ་དྲལ་དབྱེན་བྱས་ཤིང༌། །དམ་ལས་ལོག་ཅིང་འཁུས་པ་ནི། །དེ་ནི་མཚམས་མེད་ལྔ་ཞེས་བྱ། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བར། །ལས་བཞི་སྡིག་བསྲེག་བྱས་བཅུག་ན། །སྡིག་ཅན་དེ་ཡང་མྱུར་དུ་འགྲོལ། །སྔགས་དང་ཕྱག་རྒྱ་ཡིག་འབྲུ་རྣམས། །ལྷག་དང་ཆད་པར་བྱས་པ་ནི། །དེ་དང་ཉེ་བའི་སྡིག་པ་ཡིན། །ཅི་ཕྱིར་དབྱིངས་དང་རྣམ་ཐར་གྱི། །སྒོ་རྣམས་གཞན་དུ་གྱུར་པས་ན། །བསྐལ་པར་བརྗོད་ཀྱང་དངོས་གྲུབ་ནི། །ཐོབ་པར་མི་འགྱུར་དཔའ་བོས་གསུངས། །ཤེས་བྱའི་སྡིག་པ་ཐམས་ཅད་ནི། །མི་ཤེས་སྡིག་ལས་བཅུར་འགྱུར་ཆེ། །ཤེས་བྱའི་སྡིག་བཤགས་ཐམས་ཅད་ལ། །འབུམ་ལྔ་དག་གིས་འབྱང་ངོ་ཞེས། །ཚ་ཚ་བསྐོར་བ་ཕྱག་དང་ནི། །སྲོག་འདོན་མདོ་སྡེ་ལྔ་དག་ལས། །འབུམ་འབུམ་དག་ཏུ་གསུངས་པ་ཡིན། །དེ་ནས་སྡོམ་པ་གནས་པ་ཡིན། །མཚམས་མེད་ལྔ་ལ་སོགས་པ་ཡི། །སྡིག་ཅན་དེ་དག་རྣམས་དང་ནི། །སྐད་ཅིག་ཡུད་ཙམ་སྨྲ་མི་བྱ། །ཤེས་ནས་དམ་ཚིག་གང་ཉམས་པའི། །དེ་ཡི་སྡིག་པ་བརྗོད་མི་ལང༌། །གསོ་ལ་ཉེ་བར་མི་བརྩོན་ན། །དེ་དག་དང་ཡང་སྨྲ་མི་བྱ། །སྐད་ཅིག་ཡུད་ཙམ་སྨྲས་པས་ཀྱང༌། །དོན་གྱི་དངོས་པོ་གང་ཡིན་སྤངས། །དམག་ལ་སོགས་དོན་གཅིག་པ་བཞིན། །དེ་ཡི་བཤགས་པ་རྒྱུད་ལྔས་སོ། །བུས་འགྲོས་ཐལ་འབུད་ཚེར་ལྕག་དང༌། །འགྲེང་ཕྱག་སྲོག་སྡོམ་དག་གིས་སོ། །ལྷག་དང་ཆད་པའི་ཁ་བསྐོང་ནི། །དཀྱིལ་འཁོར་བདག་པོ་


DTG068_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་པ་དང༌། །ཚེ་རབས་སློབ་དཔོན་ཕ་མ་དང༌། །སློབ་མའི་སྡིག་ཞི་དབང་བསྐུར་དང༌། །མཐའ་ཡས་སེམས་ཅན་དོན་བྱས་པས། །དེ་ཡི་སྡིག་པ་ངེས་འབྱང་ངོ༌། །ཧོ་མ་བཞི་ཡི་གཙོ་བོ་གང༌། །སྲེག་རྫས་བདུན་གསུམ་ཉི་ཤུ་གཅིག །མཉེས་པར་བྱ་ཕྱིར་དབུལ་བར་བྱ། །དེ་ནས་ཚེ་རབས་སློབ་དཔོན་དོན།། དཀོན་མཆོག་གསུམ་ལ་བདུན་གསུམ་གསུམ། །དབུལ་བ་ཉིད་དུ་བྱ་བར་བཤད། །ཚེ་རབས་ཕ་མའི་དོན་གྱི་ཕྱིར། །རིགས་ཀྱི་གཙོ་བོ་རྣམས་ལའོ། །དེ་ནས་སློབ་མ་རིམ་གྱིས་ནི། །བགེགས་བསལ་ཕྱིར་ནི་སྤོས་ཆུས་བཀྲུ། །དེ་ནས་གཡོན་ཕྱོགས་ཙོག་པུར་གཞག །ལག་གཡས་སློབ་དཔོན་ལག་གཡོན་གྱི། །བྱམས་པར་བྱས་པས་བཟུང་ནས་ནི། །གཙོ་བོ་དག་གི་སྔགས་བདུན་བཟླས། །དེ་ནས་སྡིག་བཟད་བྱའི་ཕྱིར། །རིགས་ཡུམ་ལྔ་ལ་བདུན་བདུན་ནོ། །དེ་ཡིས་དབང་བསྐུར་བསྲུང་བར་འགྱུར། །མཐའ་ཡས་སེམས་ཅན་དོན་སླད་དུ། །ལྷ་རྣམས་ཀུན་ལ་དབུལ་བར་བྱ། །དེ་དག་བཀྲ་ཤིས་བྱ་བའི་ཕྱིར། །ཡུམ་བཞི་གཟུངས་ཀྱིས་བྱ་བ་ནི། །སངས་རྒྱས་སྤྱན་ནི་ཚིམ་བྱེད་མ། །དབང་པོ་ཞི་བཟླ་བ་འདྲ། །བསྟོད་ཚིག་གིས་བསྐུལ་སྔགས་བརྗོད་བྱ། །དེ་ནས་བཤགས་པ་གུས་པར་བྱ། །དེ་ནས་སྔགས་པས་ཁ་ཕྱོགས་ནས། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏི་ཥྛ། དྲྀཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ་བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ་རིགས་ལྡན་དབྱེ་ཞིང་བརྗོད་ནས་ནི། །སྐར་མ་རབ་རིབ་མར་མེ་དང༌། སྒྱུ་མ་ཟིལ་པ་ཆུ་བུར་དང༌། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་ཀྱང་དེ་ལྟར་བལྟ། །དེ་ལྟར་བསྡུ་བ་བྱས་ནས་གཞག །དེ་ནས་དཀྱིལ་འཁོར་ཆེན་པོ་ལ། །བལྟས་ཏེ་ལྷག་པའི་མཆོད་པ་དབུལ། །ཨེ་མ་བདག་ཉིད་སློབ་བཅས་པའི། །དྲི་ཞིམ་ངོ་བོ་ཐམས་ཅད་ཀུན། །སྔོན་འདས་དབྱིངས་ཀྱི་དྷཱུ་པར་ནི། །བྱིན་རླབས་མཆོད་འབུལ་བཞེས་སུ་གསོལ། །དེ་བི་པུཥྤེ་པཱུ་ཛ་ཧོ། །ཨེ་མ་བདག་ཉིད་སློབ་བཅས་པའི། །གསལ་དྲོ་ངོ་བོ་ཐམས་ཅད་ཀུན། །བྱོན་མ་རག་སྟོན་ཨཱ་ལོ་ཀེར། །བྱིན་རློབས་མཆོད་འབུལ་བཞེས་སུ་གསོལ། །དེ་བི་ཨཱ་ལོ་ཀེ་པཱ་ཛ་ཧོ། །ཨེ་མ་བདག་ཉིད་སློབ་བཅས་པའི། །རླན་


DTG068_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་དྲི་ཞིམ་ཐམས་ཅད་ཀུན། །མ་བྱོན་ཀུན་གྱི་གནས་དེར་ནི། །བྱིན་རློབས་མཆོད་འབུལ་བཞེས་སུ་གསོལ། །དེ་བི་གནྡྷི་པཱུ་ཛ་ཧོ། །དེ་ལྟར་མཆོད་ནས་སྐྱབས་གསོལ་བ། །དཀྱིལ་འཁོར་སངས་རྒྱས་རྟེན་ཉིད་དེ། །རྣམ་དག་སྐུ་ལས་ཏིང་འཛིན་དག་བའི་སྐུ། །སྦྲུལ་སྐུ་ཕྱག་རྒྱ་མཚོན་པའི་ལྷ་ཚོགས་ཀྱི། །གྲགས་པས་འཇིག་རྟེན་གསུམ་བཀང་ལྷ་མ་མེ་བ། །མགོན་པོ་མཆོག་ཉིད་ལ་ནི་སྐྱབས་སུ་མཆི། །སྨྲ་བསམ་བརྗོད་མེད་གསུང་གི་སྤྲུལ་པའི་ཚོགས། །མཚན་ཉིད་སོ་སོ་ཡེ་ཤེས་ཀུན་སྟོན་པ། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །དམ་ཆོས་མདོ་སྡེ་བཞི་ལ་སྐྱབས་སུ་མཆི། །རབ་ཏུ་ལམ་སྟོར་འཁོར་བར་མིག་ཟུམ་པའི། །འགྲོ་བ་སྐྱབས་མེད་ཀུན་གྱི་ཕ་མ་མཛད། །ཕྲིན་ལས་བཞི་ཡིས་རྩེ་གཅིག་དོན་མཛད་གཙོ། །ཐེག་ཆེན་དགེ་འདུན་ཚོགས་ལ་སྐྱབས་སུ་མཆི། །དེ་ནས་དཀྱིལ་འཁོར་ལྷ་ཚོགས་ལ། །གུས་དང་བཅས་པས་ཕྱག་བྱས་མཆོད། །གཙང་ཞིང་གཙང་མར་བཤམ་བའི་རྫས། །ཁྲུས་བྱས་གདུགས་ཏོག་མེ་དྲི་བཤོས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ན་མཿས་མནྟ་བུདྡྷཱ་ནཱཾ། ག་གན་ས་མ་ཡེ་སྭཱ་ཧཱ། ཨོཾ་བི་ཤྭ་བི་ཤུདྡྷེ་སྭཱ་ཧཱ། ན་མཿས་མནྟ་བུདྡྷཱ་ནཱཾ། དྷརྨ་ཏྭཱ་ནུ་ག་ཏེ་སྭཱ་ཧཱ། ན་མཿས་མནྟ་བུདྡྷཱ་ནཱཾ། མ་ཧཱ་མཻ་ཏྲེ་བྱུཏྐ་ཊེ་སྭཱ་ཧཱ། ན་མཿས་མནྟ་བུདྡྷཱ་ནཱཾ། དརྩེ་སྥ་ར་ཎ་ཨ་ག་ས་ག་ནཻ་དྷ་རཱ་ཡ་སྭཱ་ཧཱ། ན་མཿས་མནྟ་བུདྡྷཱ་ནཱཾ། བི་ཤུདྡྷེ་གནྡྷོདྦྷ་བ་ཡ་སྭཱ་ཧཱ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་ར་ར་སྭ་ར་ར་ཀ་ར་ར་བ་ལིཾ་ཏེ་མ་ནི་སྭཱ་ཧཱ། སྣང་སྟོང་མཆོད་རྟེན་ཆོས་ཉིད་མཁའ། །ཆོས་དབྱིངས་ཡེ་ཤེས་རྣམ་དག་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད། །ཕྱག་འཚལ་རྣམ་པར་སྣང་མཛད་ལའོ། །དེ་ལྟའི་ཡོན་ཏན་བཅས་པ་ལ། །རྡོ་རྗེ་སེམས་དཔའ་བྱམས་པའི་མཆོད། །སྤོས་ཀྱི་སྤྲིན་ལྡིང་བདུག་པ་འཕྲོ། །གཙུག་ཏོར་རྒྱལ་བ་གདུགས་ཀྱིས་ཁེབས། །བྱམས་པའི་ཐབས་དང་ཤེས་རབ་ཀྱིས། །བཛྲ་དྷཱུ་པེ་མཆོད་པས་རོལ། །རིན་ཆེན་འབྱུང་ལྡན་སྙིང་རྗེའི་མཆོད། །ཨུཏྤལ་མཐིང་ག་མེ་ཏོག་ཐོད། །རིན་ཆེན་ཟླ་གམ་འོད་དུ་སྦྱོར། །སྙིང་རྗེ་ཐབས་དང་ཤེས་རབ་ཀྱིས། །རཏྣ་པུཥྤེ་མཆོད་པས་རོལ། །སྣང་བ་མཐའ་ཡས་དག་པའི་མཆོད། །དབལ་གྱི་སྒྲོན་མ་ཕྱག་ན་བསྣམས། །ཆོས་ཀྱི་རྒྱལ་མཚན་རབ་འབར་འཛུགས། །དགའ་བ་ཐབས་དང་ཤེས་རབ་ཀྱིས། །པདྨ་


DTG068_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ལོ་མཆོད་པས་རོལ། །དོན་ཡོད་གྲུབ་པས་བཏང་སྙོམས་མཆོད། །ཙནྡན་བདུད་རྩི་ཆར་འབེབས་མ། །དཀྱིལ་འཁོར་གཙང་མའི་ཐིག་ལེར་འབེབས། །སྤོས་སྤར་ཐབས་དང་ཤེས་རབ་ཀྱིས། །ཀརྨ་གནྡྷེ་མཆོད་པས་རོལ། །དེ་ལྟར་རིགས་ལ་ཉེ་བའི་གཟུགས། །མཆོད་པ་ཕུལ་བའི་ལན་དག་ཏུ།། རྣམ་པར་སྣང་མཛད་ཆེན་པོ་ཡིས། །རྡོ་རྗེ་སེམས་དཔའ་རྟོགས་པའི་ཡུལ། །དུང་མདོག་སྒེག་མོ་རྡོ་རྗེ་འཛིན། །སེམས་དཔའ་དཀར་པོའི་ཡེ་ཤེས་འབེབས། །ལེ་ལོང་ལྟ་བུའི་ཡེ་ཤེས་ལ། །བཛྲ་ལཱ་སྱ་མཆོད་པས་རོལ། །རིན་ཆེན་འབྱུང་ལྡན་མཉམ་པའི་ཡུལ། །ཡིད་བཞིན་རིན་ཆེན་གཙུག་འབར་མ། །འཇམ་དཔལ་རྣོན་པོའི་དངོས་གྲུབ་འཛིན། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལ། །རཏྣ་མཱ་ལེ་མཆོད་པས་རོལ། །སྣང་བ་མཐའ་ཡས་མཁྱེན་པའི་ཡུལ། །པདྨ་དབྱངས་མཁན་རྨ་བྱའི་མགྲིན། །སྤྱན་རས་གཟིགས་ཀྱི་ཤེས་རབ་བསྐྱེད། །སོ་སོར་རྟོག་པའི་ཡེ་ཤེས་ལ། །པདྨ་གཱི་ཏི་མཆོད་པས་རོལ། །དོན་ཡོད་གྲུབ་པ་ལས་ཀྱི་ཡུལ། །གར་མཁན་འགྱིང་མ་གཟི་དང་ལྡན། །ལས་ཀྱི་འཁོར་ལོ་རྣམ་པར་བསྒྱུར། །བྱ་བ་ནན་ཏན་ཡེ་ཤེས་ལ། །ཀརྨ་ནི་རྟི་མཆོད་པས་རོལ། །དེ་ལྟར་གཟུངས་ཀྱིས་མཆོད་བྱས་ནས། །རིགས་བཞི་ཚད་མེད་བསྡུ་བ་བཞིས། །མཆོད་ཕྱིར་དཔལ་གྱིས་གསུངས་པའོ། །སྦྱིན་པ་ཕུན་སུམ་ཚོགས་པའི་རྟགས། །བྱམས་པ་ཆེན་པོའི་ངོ་བོ་ཉིད། །དཔའ་བར་འགྲོ་བ་རྣམ་དག་ལ། །བཛྲ་ཨཾ་གུ་ཤ་ཡི་མཆོད་པས་རོལ། །དོན་མཐུན་ཕུན་སུམ་ཚོགས་པའི་རྟགས། །སྙིང་རྗེ་ཆེན་པོའི་ངོ་བོ་ཉིད། །རིན་ཆེན་ཕྱག་རྒྱ་ཤེས་པ་ལ། །རཏྣ་པཱ་ཤའི་མཆོད་པས་རོལ། །དོན་སྤྱོད་ཕུན་སུམ་ཚོགས་པའི་རྟགས། །དགའ་བ་ཆེན་པོའི་ངོ་བོ་ཉིད། །ཤེས་རབ་སྒྲོན་མ་མཛད་པ་ལ། །པདྨ་སྥོ་ཊའི་མཆོད་པས་རོལ། །སྙན་པ་ཕུན་སུམ་ཚོགས་པའི་རྟགས། །བཏང་སྙོམས་ཆེན་པོའི་ངོ་བོ་ཉིད། །མཆོད་རྟེན་ཆེན་མོ་ཀུན་རིག་ལ། །ཀརྨ་གནྡྷེའི་མཆོད་པས་རོལ། །དེ་ལྟར་ཚད་མེད་མཆོད་བྱས་ནས། །རིགས་རྣམས་བྱིན་གྱིས་རློབ་པས་མཆོད། །ཞེ་སྡང་མ་སྐྱེས་རྡོ་རྗེ་དམ་ཚིག་མ། །ཡེ་ཤེས་མེ་ལོང་ཕ་རོལ་ཕྱིན་པའི་དང༌། །གཉིས་མེད་རྒྱས་འདབས་དྲིན་ལན་ཕྱག་རྒྱ་མ། །སཏྭ་བཛྲ་དབྱིངས་ཕྱུག་མཆོད་པས་རོལ། །ང་རྒྱལ་བདག་མེད་རིན་ཆེན་དམ་ཚིག་མ། །ཡེ་ཤེས་མཉམ་ཉིད་ཕ་རོལ་ཕྱིན་པའི་དང༌། །མི་འགྱུར་རྨོངས་མེད་དྲིན་ལན་ཕྱག་རྒྱ་མ། །རཏྣ་བཛྲ་དབྱིངས་ཕྱུག་མཆོད་པས་རོལ། །འདོད་ཆགས་མི་དམིགས་ཆོས་ཀྱི་དམ་ཚིག་མ། །ཡེ་ཤེས་


DTG068_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྟོག་ཕ་རོལ་ཕྱིན་པའི་ངང༌། །མི་རྟོག་ཟ་བྱེད་དྲིན་ལན་ཕྱག་རྒྱ་མ། །པདྨ་བཛྲི་དབྱིངས་ཕྱུག་མཆོད་པས་རོལ། །ཕྲག་དོག་མ་གྲུབ་རྒྱ་གྲམ་དམ་ཚིག་མ། །ཡེ་ཤེས་ནན་ཏན་ཕ་རོལ་ཕྱིན་པའི་ངང༌། །མི་སྐྱེ་ཚེ་འཕེལ་དྲིན་ལན་ཕྱག་རྒྱ་མ། །ཀརྨ་བཛྲི་དབྱིངས་ཕྱུག་མཆོད་པས་རོལ། །དེ་ལྟར་བྱིན་རླབས་མཆོད་བྱས་ནས། །རྒྱན་གྱི་མཆོད་པར་གསུངས་པ་ནི། །བདེ་གཤེགས་རྒྱལ་བ་འཁོར་བཅས་ནི། །མཆོད་གནས་དམ་པ་དཔལ་གྱི་ཞིང༌། །ཡིད་དུ་འོང་བའི་མཆོད་སྦྱིན་དང༌། །རོལ་མོ་སིལ་སྙན་འཕན་གདུགས་དང༌། །བླ་རེ་རྒྱལ་མཚན་ལྷབ་ལྷུབ་དང༌། །མེ་ཏོག་ཕྲེང་དང་བདུག་སྤོས་སོགས། །མར་མེ་བྱུག་པ་ལ་སོགས་པའི། །མཆོད་སྤྲིན་སྣ་ཚོགས་ཕྱོགས་བཅུར་སྤྲུལ། །མཆོད་སྤྲིན་རིག་སྔགས་བདེན་པ་དང༌། །ནམ་མཁའ་མཛོད་སྔགས་ཏིང་འཛིན་མཐུས། །སངས་རྒྱས་ཞིང་ཁམས་རབ་འབྱམས་སུ། །མཆོད་སྤྲིན་སྣ་ཚོགས་བཀླུབས་གྱུར་ཅིག །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། བཛྲས་ར་པྲ་མརྦྷ་ནི་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཾཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། མཧཱ་ཏེ་ཛ་བཛྲེ། མ་ཧཱ་བཱི་ཪྻ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་ས་མནྟོ་བ་སཾ་གྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤྭ་དྷ་ནི་བཛྲེ་སྭཱ་ཧཱ། ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ་སརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། དེ་ནས་ཡུམ་ལྔ་ལ་བརྟེན་མཆོད། །ཤེས་རབ་དབྱིངས་ཕྱུག་རིགས་ཡུམ་ལྔ། །ཕྱག་རྒྱའི་ཚོགས་ལ་བྱིན་རློབ་ཅིང༌། །ཐམས་ཅད་འབྱུང་བའི་གཞིར་གྱུར་མས། །འགྲོ་བའི་དོན་རྣམས་མཛད་དུ་གསོལ། །ཤེས་རབ་དབྱིངས་མ་རིགས་ཀྱི་ཡུམ་ལྔ་སྟེ། །ཆོས་དབྱིངས་ཡེ་ཤེས་མཁའ་སོགས་གསལ་བ་ལ། །གསང་ཆེན་བདེ་བའི་ལོངས་སྤྱོད་རྫོགས་པའི་ངང༌། །ཐབས་ལྟར་རོལ་ཅིང་བརྟན་པར་བཞུགས་སུ་གསོལ། །ཡུམ་རྣམས་དག་ལ་མཆོད་ཐབས་ནི། །སྒྲུབ་མཆོད་བཅུ་དྲུག་གཞུང་བཞིན་བྱ། །བཅོམ་ལྡན་རྣམ་སྣང་མཛད་ཆེན་གྱི། །ཆོས་དབྱིངས་ཡེ་ཤེས་ཆེན་པོའི་ཡུལ། །ཡུམ་ཆེན་བུདྡྷ་ལོ་ཙ་ན། །ཐམས་ཅད་ཟད་པར་མཁས་དབང་བསྐུར། །བདེ་གཤེགས་ཀུན་གྱི་ཡུམ་ཆེན་མོ། །ཕྱག་འཚལ་ཀུན་དུ་བཟང་མོ་ལའོ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡི། །མེ་ལོང་ཡེ་ཤེས་ཆེན་པོའི་ཡུལ། །ཡུམ་ཆེན་བཛྲ་ལོ་ཙ་ན། །ཐམས་ཅད་ཟད་པར་སས་དབང་བསྐུར། །རྡོ་རྗེ་རིགས་གཙོ་མང་པོའི་ཡུམ། །ཕྱག་འཚལ་སངས་རྒྱས་སྤྱན་ཁྱོད་ལའོ།།


DTG068_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱི། །མཉམ་ཉིད་ཡེ་ཤེས་ཆེན་པོའི་ཡུལ། །ཡུམ་ཆེན་རཏྣ་ལོ་ཙ་ན། །ཐམས་ཅད་ཟད་པར་མེས་དབང་བསྐུར། །རིན་ཆེན་རིགས་གཙོ་མང་པོའི་ཡུམ། །ཕྱག་འཚལ་ན་བཟའ་དཀར་མོ་ལའོ། །བཅོམ་ལྡན་སྣང་བ་མཐའ་ཡས་ཀྱི། །ཀུན་རྟོག་ཡེ་ཤེས་ཆེན་པོའི་ཡུལ།། ཡུམ་ཆེན་པདྨ་ལོ་ཙ་ན། །ཐམས་ཅད་ཟད་པར་ཆུས་དབང་བསྐུར། །པདྨ་རིགས་གཙོ་མང་པོའི་ཡུམ། །ཕྱག་འཚལ་མཱ་མ་ཀཱི་ལའོ། །བཅོམ་ལྡན་དོན་ཡོད་གྲུབ་པ་ཡི། །ནན་ཏན་ཡེ་ཤེས་ཆེན་པོའི་ཡུལ། །ཡུམ་ཆེན་ཀརྨ་ལོ་ཙ་ན། །ཐམས་ཅད་ཟད་པར་རླུང་དབང་བསྐུར། །ལས་ཀྱི་རིགས་གཙོ་མང་པོའི་ཡུམ། །ཕྱག་འཚལ་དམ་ཚིག་སྒྲོལ་མ་ལའོ། །དེ་ནས་སེམས་དཔའ་བཅུ་དྲུག་ཀྱང༌། །ཅི་རིགས་པའམ་ཡང་ན་ནི། །མཚན་བརྒྱ་རྩ་བརྒྱད་པ་ཡིས་མཆོད། །དེ་ནས་ལཱ་སྱ་ལ་སོགས་བརྒྱད། །ཕྱི་ནང་གཉིས་ཀྱི་ལྷ་མོ་དམ་ཚིག་མ། །ཕྱག་རྒྱ་བཞི་ཡི་ཡེ་ཤེས་གསལ་བ་ལ། །རོལ་པ་ཆེན་པོས་མཆོད་པས་གཙོ་བོ་ཡིས། །དགོངས་པ་སྐོངས་ལ་འགྲོ་བའི་དོན་རྣམས་མཛོད། །ཡེ་ཤེས་དུས་བཞི་གཟུངས་ཉེ་གཟུངས། །སྤྲུལ་སྐུ་འཁོར་བར་མི་ལྡོག་ཅིང༌། །མྱ་ངན་འདས་ལ་མི་ཆགས་པའི། །དོན་རྣམས་མཛད་ཅིང་བརྟན་པོར་བཞུགས། །རྡོ་རྗེ་སྒེག་མོ་བྱང་ཆུབ་སེམས་ཀྱི་ངང༌། །མཆོག་སྦྱིན་སྨོན་བྱེད་གཟི་བརྗིད་འབར་ཅིང་སྡུད། །མདོག་དཀར་གསེར་གྱི་ཁུ་ཚུར་དཀུར་བརྟེན་ཏེ། །ཕྱག་འཚལ་རྡོ་རྗེ་སྨོན་བྱེད་སྒེག་མོ་ལའོ། །རིན་ཆེན་དཔལ་ཕྲེང་གཟུངས་དང་ཏིང་ངེ་འཛིན། །ཡིད་བཞིན་མཆོག་འབྱུང་གཟི་བརྗིད་འབར་ཞིང་སྐོང༌། །སྔོ་བསངས་རིན་ཆེན་ཕྲེང་བས་རེ་འདོད་སྐོང༌། །ཕྱག་འཚལ་བདུད་རྩི་ཆར་འབེབས་ཕྲེང་བ་ལའོ། །པདྨ་དབྱངས་མཁན་གསུང་རབ་རྒྱ་མཚོར་སྒྲོགས། །སྙམ་པས་ཡིད་འཕྲོག་གཟི་བརྗིད་འབར་ལྡན་སྐོང༌། །མདོག་དམར་གསེར་གྱི་པི་ཝང་ཕྱག་ན་བསྣམས། །ཕྱག་འཚལ་ཐབས་ཀྱི་ཡིད་འཕྲོག་གཱི་ཏི་ལའོ། །ལས་ཀྱི་གར་མཁན་ཕྲིན་ལས་རྒྱ་མཚོ་སྒྲོལ། །གཟུགས་མཛེས་བསྐྱོད་པས་རོལ་མོ་ཕྱོགས་བཅུར་མཛད། །མདོག་ལྗང་སྣ་ཚོགས་སྐུར་སྟོན་གཟི་བརྗིད་འབར། །ཕྱག་འཚལ་བའང་མཛེས་སྤྱོད་ནི་རྟི་ལའོ། །སྤོས་ཀྱི་སྤྲིན་ལྡང་བདུག་པ་འཕྲོ། །ཀུན་དུ་ཚིམ་བྱེད་དྲི་བསུང་ཚིམ། །མཐིང་སྐྱ་གསེར་གྱི་སྤོས་ཕོར་བསྣམས། །ཕྱག་འཚལ་རྣམ་དག་བདུག་པ་ལའོ། །ལྟ་མཛེས་རིན་ཆེན་ཕུང་པོ་འགྲོ། །བྱང་ཆུབ་ཡན་ལག་མེ་ཏོག་


DTG068_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན། །མཐོན་མཐིང་མེ་ཏོག་གཞོང་བུ་བསྣམས། །ཕྱག་འཚལ་སྐྱོན་མེད་མེ་ཏོག་ལའོ། །འོད་གསལ་འཕྲོ་བས་ཀུན་དུ་ཁྱབ། །གཏི་མུག་འཐིབས་པོ་སེལ་མཛད་པ། །དམར་སྐྱ་ཆོས་ཀྱི་མར་མེ་བསྣམས། །ཕྱག་འཚལ་སྒྲོན་འབར་མར་མེ་ལའོ། །ཙནྡན་བདུད་རྩི་ཆར་འབེབས་མ། །བདུད་རྩི་བསིལ་དྲོ་འཇམ་པའི་དབྱིངས། །ལྗང་སྔོན་དུང་ཕོར་ཕྱག་ན་བསྣམས། །ཕྱག་འཚལ་རེག་བྱ་དྲི་ཆུ་ལའོ། །རྫུ་འཕྲུལ་ཆེ་བའི་བསྐལ་བཟང་དང༌། །ཕྱོགས་སྐྱོང་བཅུ་དང་བཀྲ་ཤིས་བརྒྱད། །རྡོ་རྗེ་ལྕགས་ཀྱུ་འགུགས་བྱེད་དང༌། །རིན་ཆེན་ཞགས་པ་གསོལ་ཀ་དང༌། །པདྨ་ལྕགས་སྒྲོག་ཕོ་ཉའི་ལས། །རྒྱ་གྲམ་དྲིལ་བུ་ཤེས་རབ་མཆོག །དཔེ་མེད་རྒྱལ་སྲས་རང་རྒྱལ་དང༌། །དགྲ་བཅོམ་རྒྱལ་ཆེན་ལྷ་ཆེན་དང༌། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང༌། །ལྷ་མ་ཡིན་དང་ནམ་མཁའ་ལྡིང༌། །མི་འམ་ཅི་དང་ལྟོ་འཕྱེ་ཆེ། །ས་བདག་གཟའ་སྐར་རིག་འཛིན་དང༌། །སྲིན་པོ་ལོག་འདྲེན་ཤ་ཟ་དང༌། །རྒྱུད་དྲུག་དག་གི་མཐུ་ཅན་སོགས། །ཐམས་ཅད་ཅི་རིགས་པ་ཡིས་མཆོད། །དཀྱིལ་འཁོར་བདག་པོ་དེ་ཉིད་ཀྱིས། །དཀྱིལ་འཁོར་ལྷ་ཡི་ཏིང་འཛིན་ཞུགས། །ལྕེ་ཐོག་ཨ་ལས་ཟླ་དཀྱིལ་སྟེང༌། །ཨོཾ་བསྒོམས་རྡོ་རྗེ་ཡེ་ཤེས་བསམས། །རྡོ་རྗེ་ལྕགས་ཀྱུ་བསྒོམས་ནས་ནི། །ཆོས་ཀྱི་ཕྱག་རྒྱ་ཅན་གྱིས་ནི། །སློབ་མ་དེ་ལ་བཤད་པར་བྱ། །ཨོཾ་དྷརྨ་ཧཱུཾ་དྷརྨ་ཏྲཱཾ་དྷརྨ་ཧྲའིཿདྷརྨ་ཨཱཿདྷརྨ། ས་མ་ཡ་སྟྭཾ་དྷརྨ། ཨ་ན་ཡ་ས་དྷརྨ། ཨ་ཧཾ་སུ་ཁཾ་དྷརྨ། སཱ་དྷུ་སཱ་དྷུ་དྷརྨ། སུ་པ་ཧ་སྭཱ་དྷརྨ། རུ་པུ་ཧོ་དེ་དྷརྨ། ཨ་ཐ་པྲ་བ་ཏི་དྷརྨ། ཧ་ཧ་ཧཱུཾ་ཧ་དྷརྨ། སརྦ་ཀ་རི་དྷརྨ། དུཿཁ་ཙྪེ་ད་དྷརྨ། བུདྡྷ་པོ་དྷི་དྷརྨ། པྲ་ཏི་ཤཔྡ་དྷརྨ། སུ་བ་ཤི་སྟྭཾ་དྷརྨ། ནི་བ་ཡ་དྷརྨ། ཤ་ཏྲཾ་བྷཀྵ་དྷརྨ། སརྦ་སིདྡྷི་དྷརྨ། མ་ཧཱ་ར་ཏཱི་དྷརྨ། རཱུ་པ་ཤོ་བྷེ་དྷརྨ། ཤཱུ་རོད་ཏྲ་པཻ་དྷརྨ། སརྦ་པུ་ཛེ་དྷརྨ། པྲ་ཧ་ད་ནི་དྷརྨ། པུ་ཏེ་དྷརྨ། ཙ་ཀྲི་དྷརྨ། སུ་གནྡྷ་ནི་དྷརྨ། ཨ་ཡ་ཧི་ཛ་ཛ་དྷརྨ། ཨ་ཡ་ཧི་ཧཱུཾ་ཧཱུཾ་དྷརྨ། མེ་སྤོ་ཊ་བཾ་བཾ་དྷརྨ། གྷཎྜ་ཨ་ཨ་དྷརྨ། དེ་ལྟར་ལྷ་ཚོགས་སྐུ་གསུང་ཐུགས། །དཀྱིལ་འཁོར་གང་ཡིན་ཐམས་ཅད་ཀྱི། །སོ་སོའི་སྙིང་པོ་ཐ་མར་ནི། །དྷརྨས་བཏགས་ལ་བརྗོད་པས་ནི། །ལྷ་རྣམས་ཐུགས་དགོངས་དངོས་གྲུབ་སྩོལ། །ཀུན་རྫོབ་དང་ནི་དོན་དམ་གྱི། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །སྡོམ་པ་ཡི་ནི་དམ་ཚིག་དང༌། །དགེ་བའི་ཆོས་རྣམས་སྡུད་པ་དང༌། །སེམས་ཅན་དོན་བྱེད་བཅས་པ་ཡི། །རྣམ་པ་གསུམ་དང་ལྡན་པར་བཤད། །རྡོ་རྗེ་གོ་ཆའི་ཕྱག་རྒྱ་བཅས། །ཨོཾ་བཛྲ་ཀ་བ་ཙ་རཀྵ་ཨ་དྷི་ཏིཥྛ་ཧཾ། དེ་ནས་སྐུ་གསུང་


DTG068_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་བྱིན་བརླབ། །ཀཱ་ཡ་ཨོཾ་ཝཱཀྐ་ཨཱཿ་ཙིཏྟ་ཧཱུཾ། འཁོར་ལོ་ཕྱག་རྒྱ་ཏིང་འཛིན་སྔགས། །བར་དུ་གཅོད་པ་བསལ་བར་བྱ། །ཨོཾ་ཛྙཱ་ན་ཙཀྲ་ཕཊ། ང་ཡིས་བཤད་ཕོག་ཐམས་ཅད་ནི། །དམ་པས་གསུངས་པའི་ཚིག་ཡིན་པས། །ཁྱོད་ཀྱང་དེ་ལས་མ་འདའ་ཤིག །ཨོཾ་བཛྲ་ས་མ་ཡ་ཧཾ་ཐ། བྱང་ཆུབ་རིགས་ཅན་ཉིད་དུ་ནི། །སྔགས་འདི་བརྗོད་པར་གྱུར་པའོ། །ཨོཾ་བོ་དྷི་ཙིཏྟ་ཨ་ས་མེ་མ་ཧཱ་ས་མ་ཡ་སྭཱ་ཧཱ། ཧཱུཾ་ཧཱུཾ་ཧཱུཾ། གསུམ་པ་དཀྱིལ་འཁོར་འཇུག་གཞུག་པ། །སློབ་དཔོན་ཞུགས་དང་སློབ་མ་འཇུག །བཤགས་པ་ལྷག་ཆད་ཁ་བསྐང་བ། །མཐུན་པར་སླར་གཤེགས་གསོལ་དང་ལྔ། །ལས་བཞི་མཆོད་ནས་བདག་ཉིད་ཀྱིས། །དཀྱིལ་འཁོར་སེམས་ཀྱིས་ནམ་མཁའ་ལ། །བཏེག་ནས་བྱང་ཆུབ་སེམས་ཀྱིས་ནི། །ཞུགས་པ་ཉིད་དུ་ཐུབ་པས་གསུངས། །བདུག་སྤོས་ལག་ཏུ་ཐོགས་ནས་སུ། །བློ་གྲོས་ལྡན་པས་ལྷ་རྣམས་ལ། །གུས་པས་གསོལ་བ་ལེགས་པར་གདབ། །དེ་འོག་སྒོ་བཞི་དབྱེ་བར་བཤད། །ཞུགས་ལ་གཉིས་སུ་མེད་བསྒོམས་ལ། །འགྲོ་བ་དྲན་པའི་ལས་བྱའོ། །བཅོམ་ལྡན་ནམ་མཁའི་སངས་རྒྱས་ཀུན། །ཐུགས་རྗེ་ཆེན་པོ་མཐུ་ལྡན་ལགས། །བདག་ཉིད་རབ་ཏུ་བསྒྲལ་བའི་ཕྱིར། །རང་བཞིན་ཏིང་འཛིན་གཟུགས་བརྙན་ལྷས། །བདག་ལ་དབང་མཆོག་དེང་སྩོལ་ཅིག །དཀྱིལ་འཁོར་ལ་ནི་འཁོར་ལོ་བཤད། །དེ་ཉིད་དམ་ཚིག་ཡིན་པར་བཤད། །སངས་རྒྱས་བཀའ་ཡི་དཀྱིལ་འཁོར་དུ་བདག་ཉིད་དད་པས་འཇུག་ལགས་ན། །དཀྱིལ་འཁོར་བཅས་པའི་ལྷ་རྣམས་ཀྱིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །བསོད་ནམས་ཅན་དུ་བདག་ཉིད་གྱུར། །སྔོན་གྱི་ལས་ཀྱི་འབྲེལ་པ་ལགས། །ཐུགས་རྗེས་སྲས་སུ་དགོངས་པར་མཛོད། །ཨཱཏྨ་ཀོ྅ཧཾ་མཎྜ་ལ་སརྦ་ཨཱ་བེ་ཤ་སྭ་བྷ་ཝ། །རྡོ་རྗེ་མཛུབ་སོགས་ལེགས་པར་ནི། །སྦྱར་ལ་བཀན་ཏེ་བསྡམས་ནས་སུ། །ཁྲོས་ནས་རབ་ཏུ་དབྱེ་བ་ནི། །སྒོ་དབྱེ་བ་ཡི་མཚན་ཉིད་དོ། །གནས་རབ་སྒོ་བཞི་ཞེ་སྡང་དང༌། །ང་རྒྱལ་འདོད་ཆགས་ཕྲག་དོག་བཞིས། །སྔོན་མེད་དུས་ནས་བཅད་ལགས་ན། །ཚད་མེད་བསྡུ་རྒྱས་རིགས་བཞི་ཡི། །ཐུགས་རྗེ་ཐབས་ལས་སྤྲུལ་པ་ཡི། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང༌། །དྲིལ་བུ་ཕྱག་རྒྱ་མཆོག་ཉིད་ཀྱིས། །དེང་ཉིད་ཐར་སྒོ་དབྱེ་རུ་གསོལ། །ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཀྲོ་དྷ་གྷ་ཊོཏས་མ་ཡ་ཙ་ཏུར། པྲ་བེ་ཤ་བི་ཀྲན་སྨཱ་ར་ཎ་ས་མ་ཡ་ཧཱུཾ་ཕཊ། དེ་ནས། བདག་ཉིད་རྡོ་རྗེ་རིན་ཆེན་དང༌། །པདྨ་རྒྱ་གྲམ་ཤུགས་ཀྱིས་ནི། །རབ་ཏུ་བརྒལ་ཏེ་ཞུགས་ནས་ནི།།


DTG068_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པར་སངས་རྒྱས་འགྱུར། །སྙིང་རྗེ་སློབ་མ་ལ་སོགས་ལ། །ལྷ་མོ་སྤྲུལ་སྲས་བསྒོམ་བྱས་དྲང༌། །དེ་ནས་སྔགས་གཡོག་དག་གིས་ནི། །སློབ་མའི་ལས་རྣམས་བརྩོན་བྱ་བ། །ཕྱག་འཚལ་གསོལ་འཇུག་ཁྱས་བཀྲ་ཤིས། །དམ་བཅའ་མེ་ཏོག་དོར་མིག་དབྱེ། །སློབ་དཔོན་ལན་སྩལ་ལྷས་དབང་བསྐུར། །དམ་ཚིག་དབོག་དང་དབང་བསྐུར་དང༌། །སྨོན་ལམ་ལྷ་ངོ་བསྟན་ཡུལ་དབུལ། །དགེ་བའི་རྩ་བ་བསྔོ་བའོ། །དེ་ནས་ཤར་སྒོ་དག་ཏུ་ནི། །བདུག་སྦོས་ལག་ཏུ་ཐོགས་ནས་སུ། །ཤར་ཕྱོགས་མངོན་དགའི་ཕོ་བྲང་འདིའི། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ། །སྐལ་ལྡན་རྒྱལ་སྲས་དག་པ་ཞིག །དག་ཡི་དེ་དང་བས་གུས་ཕྱག་འཚལ། །ལྷོ་ཕྱོགས་དཔལ་ལྡན་ཕོ་བྲང་འདིའི། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལ། །སྐལ་ལྡན་རྒྱལ་སྲས་དག་པ་ཞིག །ངག་ཡིད་དང་བས་གུས་ཕྱག་འཚལ། །ནུབ་ཕྱོགས་བདེ་ལྡན་ཕོ་བྲང་འདིའི། །བཅོམ་ལྡན་སྣང་བ་མཐའ་ཡས་ལ། །སྐལ་ལྡན་རྒྱལ་སྲས་དག་པ་ཞིག །ངག་ཡིད་དང་བས་གུས་ཕྱག་འཚལ། །བྱང་ཕྱོགས་གསེར་མདོག་ཕོ་བྲང་འདིའི། །བཅོམ་ལྡན་དོན་ཡོད་གྲུབ་པ་ལ། །སྐལ་ལྡན་རྒྱལ་སྲས་དག་པ་ཞིག །ངག་ཡིད་དང་བས་གུས་ཕྱག་འཚལ། །བཅོམ་ལྡན་སྙིང་པོའི་ཕོ་བྲང་འདིའི། །བཅོམ་ལྡན་རྣམ་པར་སྣང་མཛད་ལ། །སྐལ་ལྡན་རྒྱལ་སྲས་དག་པ་ཞིག །ངག་ཡིད་དང་བས་གུས་ཕྱག་འཚལ། །བདག་ནི་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པའི་ཕྱིར། །རྡོ་རྗེ་བླ་ན་མེད་པ་འདི། །དི་རིང་བདག་ལ་དབབ་ཏུ་གསོལ། །བདག་ནི་དམ་ཚིག་རིན་ཆེན་ཏེ། །རིན་ཆེན་འབྱུང་ལྡན་ཡིན་པའི་ཕྱིར། །རིན་ཆེན་བླ་ན་མེད་པ་འདི། །དི་རིང་བདག་ལ་དབབ་ཏུ་གསོལ། །བདག་ནི་དམ་ཚིག་པདྨོ་སྟེ། །སྣང་པ་མཐའ་ཡས་ཡིན་པའི་ཕྱིར། །པདྨོ་བླ་ན་མེད་པ་འདི། །དི་རིང་བདག་ལ་དབབ་ཏུ་གསོལ། །བདག་ནི་དམ་ཚིག་རྒྱ་གྲམ་སྟེ། །དོན་ཡོད་གྲུབ་པ་ཡིན་པའི་ཕྱིར། །རྒྱ་གྲམ་བླ་ན་མེད་པ་འདི། །དི་རིང་བདག་ལ་དབབ་ཏུ་གསོལ། །བདག་ནི་དམ་ཚིག་འཁོར་ལོ་སྟེ། །རྣམ་པར་སྣང་


DTG068_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཡིན་པར་གྲགས། །འཁོར་ལོ་བླ་ན་མེད་པ་འདི། །དི་རིང་བདག་ལ་དབབ་ཏུ་གསོལ། །ཤར་ཕྱོགས་མངོན་དགའི་ཕོ་བྲང་འདིར། །བླ་མེད་བྱང་ཆུབ་སེམས་བསྐྱེད་དེ། །དངོས་གྲུབ་དམ་པ་སྒྲུབ་པའི་ཕྱིར། །བདག་གིས་དད་པས་འཇུག་པར་བགྱི། །ལྷོ་ཕྱོགས་དཔལ་ལྡན་ཕོ་བྲང་འདིར། །བླ་མེད་བྱང་ཆུབ་སེམས་བསྐྱེད་དེ། །དངོས་གྲུབ་དམ་པ་སྒྲུབ་པ་འཕྱིར། །བདག་གིས་དད་པས་འཇུག་པར་བགྱི། །ནུབ་ཕྱོགས་བདེ་ལྡན་ཕོ་བྲང་འདིར། །བླ་མེད་བྱང་ཆུབ་སེམས་བསྐྱེད་དེ། །དངོས་གྲུབ་དམ་པ་སྒྲུབ་པའི་ཕྱིར། །བདག་གིས་དད་པས་འཇུག་པར་བགྱི། །བྱང་ཕྱོགས་རྣམ་དག་ཕོ་བྲང་འདིར། །བླ་མེད་བྱང་ཆུབ་སེམས་བསྐྱེད་དེ། །དངོས་གྲུབ་དམ་པ་སྒྲུབ་པའི་ཕྱིར། །བདག་གིས་དད་པས་འཇུག་པར་བགྱི། །བཅོམ་ལྡན་སྙིང་པོའི་ཕོ་བྲང་འདིར། །བླ་མེད་བྱང་ཆུབ་སེམས་བསྐྱེད་དེ། །དངོས་གྲུབ་དམ་པ་སྒྲུབ་པའི་ཕྱིར། །བདག་གིས་སློབ་མ་གཞུག་པར་བགྱི། །ཕྱོགས་བཅུ་རྣམས་སུ་ལྟ་བའི་ཕྱིར། །མཐའ་ལས་འདས་པ་གནས་པར་བགྱི། །རྡོ་རྗེ་སེམས་དཔའ་མེ་ལོང་ཡུལ། །ཀུན་བཟང་ཕྱག་རྒྱའི་བུམ་པ་སྟེ། །གཉིས་མིན་བྱང་ཆུབ་སེམས་རྟགས་ཆུས། །ཞེ་སྡང་རྣམ་སྨིན་དག་གྱུར་ཅིག །རིན་ཆེན་འབྱུང་ལྡན་མཉམ་ཤེས་ཡུལ། །ན་བཟའི་ཕྱག་རྒྱའི་བུམ་པ་སྟེ། །གཉིས་མིན་བྱང་ཆུབ་སེམས་རྟགས་ཆུས། །ང་རྒྱལ་རྣམ་སྨིན་དག་གྱུར་ཅིག །སྣང་བ་མཐའ་ཡས་ཀུན་རྟོག་ཡུལ། །མཱ་མའི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མིན་བྱང་ཆུབ་སེམས་རྟགས་ཆུས། །འདོད་ཆགས་རྣམ་སྨིན་དག་གྱུར་ཅིག །དོན་གྲུབ་ནན་ཏན་ཡེ་ཤེས་ཡུལ། །སྒྲོལ་མའི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མིན་བྱང་ཆུབ་སེམས་རྟགས་ཆུས། །ཕྲག་དོག་རྣམ་སྨིན་དག་གྱུར་ཅིག །རྣམ་སྣང་ཆོས་དབྱིངས་ཡེ་ཤེས་ཡུལ། །སྤྱན་གྱི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མིན་བྱང་ཆུབ་སེམས་རྟགས་ཆུས། །གཏི་མུག་རྣམ་སྨིན་དག་གྱུར་ཅིག །མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ། །མགོན་པོ་ཡོན་ཏན་མཐའ་དག་རྫོགས་པའི་བཀྲ་ཤིས་དང༌། །དགེ་མཉམ་བསམ་སེམས་ལྡན་པའི་བཀྲ་ཤིས་


DTG068_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་བ། །བཀྲ་ཤིས་དེས་ནི་དིང་འདིར་ཞི་བྱེད་ལེགས་གྱུར་ཅིག །སངས་རྒྱས་ཀུན་གྱི་ཡོན་ཏན་རྒྱན་གྱིས་བརྒྱན་བྱས་ཤིང༌། །ཡང་དག་འབྱོར་པའི་སྦྱིན་པས་སྦྱིན་མཛད་མི་སླུ་བ། །རིན་ཆེན་འབྱུང་ལྡན་ཞེས་བྱའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དིང་འདིར་ཞི་བྱེད་ལེགས་གྱུར་ཅིག །བསམ་གཏན་དམ་པ་ཏིང་འཛིན་ཕ་རོལ་ཕྱིན་པའི་གནས། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་ཞིང༌། །ཚེ་གྲངས་མེད་པར་བྱིན་གྱིས་བརླབས་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་ལེགས་གྱུར་ཅིག །སེམས་ཅན་དོན་ཕྱིར་ལས་ལ་ཐུགས་ནི་སྦྱོར་མཛད་ཅིང༌། །འགྲོ་བ་ཐམས་ཅད་བཅིངས་པ་བཅིངས་ལས་གྲོལ་གྱུར་པ། །ཐུབ་མཆོག་དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་ལེགས་གྱུར་ཅིག །རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །ཟླ་བ་ཉ་འདྲ་སྐུ་མངའ་སྲིད་པའི་མཐར་འབྱིན་པ། །དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་དེང་འདིར་ཞི་བྱེད་ལེགས་གྱུར་ཤོག །ཡན་མཾ་ག་ལན། །ཤུ་བྷ་ཤ་མནྟོ། །ས་ཡ་ཛི་ན་ཏ་ཀ་ཤ་སྱེ་ཨ་ཀྵོ་བྷྱ་རཱ་ཛ། བི་ཤི་ན་ཏ་སྱེ། སརྦ་ཀུན། མཾ་ག་ལ་སྱེ། ནཾ་མཾ་ག་ལ་ད། བྷ་བ་ཏུ་ཤཱནྟེ། ཀ་ས་པྲཛྙ་སྟ་བནྟུ་ཏྱཾ། ཡ་མཾ་ག་ལན། མ་ནི་ཀུ་ལན་ཧི་ན་བུ་ཧ་ར། པ་བ་ཤུ་ཤ་ཤ་ཙི་ན་སེ་ཏ་ནོ་ཏོ་ནེ། ཁ་ལ་ན་པི་པི་པུ་ཏི་ན། ཏན་མཾ་ག་ལན། ཏན་མཾ་གཱ་ལ་ན་བྷ་བ་ཏུ་ཤཱནྟེ། །ཀ་ར་ན་བད་ཧྱཾ་ཡན་མཾ་ག་ལན། ཨ་ག་ནི། ཨཱ་ཡུར་བྱིད་ཏ་ས་སྱེ། མ་ནེ་བུ་ར་ཏ་ལི་ཡས་སྱེ། གཱ་རྣ་བཛྲ། པ་རི་ག་ཏེ་སྱེ། ཏ་ཐུ་ག་ཏེ་སྨི། ཏན་མཾ་ག་ལན། བྷ་བ་ཏུ་ཤཱནྟེ། ཀར་ན་ཪྻ་ཕཊ་ཏྲཾ། ཡན་མཾ་ག་ལན། མ་མ་མུ་ནེ་པར་ཤ་སྱེ། ཨ་མོགྷ་སི་དྡྷི་ས་ཏྭ་ཏྭ་ར་ག་ར་མ་ན་ནཻ། བྷུ་ན་ཤ་བ་ན། ཤ་ཏ་ལེ་སྱེ་ཡོ་ཙེ་ཏ་མན་ས་ས་སྱེ་མུ་ན་ས་སྱེ། བནྡྷ་བྷ་བྷ་མྱེ་བྱ། ཏན་མམ་ག་ལན། བྷ་བ་ཏུ་ཤཱནྟེ། རྣ་ཏ་ཏྱཾ། ཡན་མཾ་ག་ལན། ས་ཀ་ལ་མཱ་ཏོ་ར་ཏ་ས་སྱེ། བཻ་རོ་ཙ་ན་སྱེ། བེ་ར་ཏ་ཉི་རྣ། མ་ཧཱ་ར་རྣ་བ་སྱེ། མ་ཧཱ་ར་རྣ་བྷུ་ར་ར་རྣ། ཙ་ཏྲ་བྷུ་ཤེ་ཧེ་བནྟ་ཀ་སྱེ། ཏན་མཾ་ག་ལན།


DTG068_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་བ་ཏུ་ཤཱནྟེ་ཀ་ར་ཏ་བནྟྱཾ། དེ་ལ་དེ་བཞིན་གཤེགས་གཙོ་དང༌། །ཆོས་རྣམས་ཀུན་ལ་དབང་བསྐུར་རོ། །རྡོ་རྗེ་རིགས་གཙོ་ཆེན་པོ་དང༌། །ཁམས་གསུམ་བདག་པོར་དབང་བསྐུར་རོ། །རིན་ཆེན་རིགས་གཙོ་ཆེན་པོ་དང༌། །ལྷ་མིས་མཆོད་པར་དབང་བསྐུར་རོ། །པདྨའི་རིགས་གཙེ་ཆེན་པོ་དང༌། །ཆོས་ཀྱི་རྒྱལ་བོར་དབང་བསྐུར་རོ། །ལས་ཀྱི་རིགས་གཙོ་ཆེན་པོ་དང༌། །ལས་བཞིས་གཞན་དོན་སྤྱོད་དབང་བསྐུར། །བཀྲ་ཤིས་བརྗོད་པའི་བྱིན་རླབས་ཀྱིས། །འཇིག་རྟེན་དག་ཏུ་མི་རྣམས་ཀུན། །གྲགས་པ་རྣམ་སྤེལ་བགེགས་ཀྱང་མེད། །སེམས་ཉིད་བདེ་འགྲོ་ངེས་བྱེད་ལ། །མཐར་ཡང་ངེས་པ་ཁོ་ནར་ནི། །ཞི་བའི་འབྲས་བུ་ཐོབ་པར་འགྱུར། །དེ་ནས་དམ་བཅའ་བྱ་བ་ནི། །དཔའ་བོ་ཆེན་པོ་རྒྱུད་དག་པའི། །སྡོམ་པ་ལེགས་པར་བླང་བར་བྱ། །དེ་ལ་སྡོམ་པའི་ཡོན་ཏན་ནི། །དང་པོ་སྡོམ་པས་རྒྱུད་གཉིས་སྦྱོང༌། །ཐ་མའི་སྡོམ་པས་ལྷ་མིན་སྦྱོང༌། །རྡོ་རྗེ་རིན་ཆེན་པདྨོ་ཡི། །སྡོམ་པ་ཡིས་ནི་ངན་འགྲོ་སྦྱོང༌། །དེ་བས་སྔོམ་པ་མནོས་པ་མཆོག །དེ་འོག་དམ་བཅའ་ཡང་དག་བྱ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་བརྟན་པར་བཟུང༌། །དེ་ནི་སྤྱི་ཡི་ཚུལ་ཁྲིམས་སོ། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནི་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤོང་ངོ༌། །


DTG068_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །དེ་ནས་ཤར་སྒོར་གནས་པ་དེ། །ན་བཟའ་སྟོད་སྨད་དར་དམར་དཀྲི། །རྡོ་རྗེ་འཛིན་མའི་ཕྱག་རྒྱར་འཆར། །བཅུག་ལ་ལག་ཏུ་རིན་ཆེན་དང༌། །མེ་ཏོག་ཕྲེང་བ་ལ་སོགས་ཐོགས། །གདོང་གཡོགས་ས་དར་དཀར་གྱིས་གཡོགས་ནས། །ཨ་ས་མེ་ཏྲི་ས་མེ་མ་ཧཱ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་ཨ་བ་ཏིཥྛ་ཧཱུཾ། ཨོཾ་བཛྲ་ས་མ་ཡ་ཧཱུཾ། སྔོན་གྱི་ཚེ་རབས་གྲངས་མེད་ནས། །དགེ་བའི་ལས་ཀྱིས་བསྙེན་པའི་ལྷ། །ལྷག་པའི་ལྷ་ནི་གང་ཡིན་པ། །ད་ལྟ་ཉིད་དུ་འབབ་བར་ཤོག །སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ཀྱང། །འགྲོ་ལ་ཕན་པའི་གཙེ་ཆེན་གྱིས། །སྨན་པར་དགོངས་ནས་བཞེས་སུ་གསོལ། །ཨོཾ་བཛྲ་པྲ་ཏི་གྲྀཧྞ་ཧཱུཾ། ཨོཾ་བཛྲ་པྲ་ཏཱིཙྪ་ས་མ་ཡ་སྟྭཾ། བོ་དྷི་ཙིཏྟ་པཱུ་ཛ་ཧོ། མེ་ཏོག་རིན་ཆེན་ལ་སོགས་པ། །གང་ལ་བབ་པ་རིགས་ཀྱི་ལྷ། །གཙོ་བོ་རིགས་དེ་བསྒྲུབས་ན་ནི། །དངོས་གྲུབ་མྱུར་སྟེར་ཐེ་ཚོམ་མེད། །དེ་ནས་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །རིན་ཆེན་ལྷར་བཅས་བླངས་ནས་ནི། །སློབ་མའི་སྤྱིར་བཞག་ཐིམ་གྱུར་ནས། །མི་གཉིས་གཅིག་པའི་ལྟར་བསམས་ནས། །ཨོཾ་ས་མ་ཡ་ཧྲྀ་ད་ཡ་མེ། ཨོཾ་ཨཱཿ་ཧཱུཾ། ཨ་བྷི་ཥིཉྩ་ཨཱཿ་ད་ནི་དད་པ་རབ་ཏུ་བསྐྱེད། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཁྱོད་ནི་ཐེག་ཆེན་འདི་ཉིད་ལ། །གསང་བ་ཆེན་པོའི་སྣོད་དུ་གྱུར། །རྙེད་པ་མཉམ་མེད་དི་རིང་རྙེད། །ཐོབ་པ་མཉམ་མེད་དི་རིང་ཐོབ། །དམ་ཚིག་གོང་འོག་མ་འདའ་ཞིག །བླ་མེད་བྱང་ཆུབ་ཆེན་པོ་འཐོབ། །ཨོཾ་བཛྲཱ་ཧ་སྱོདྒྷ་ཊ་ཡ་ཧཱུཾ། ཨོཾ་བཛྲ་པྲ་བེ་ཤ་ཧཱུཾ་ཕཊ། སློབ་དཔོན་ལན་གཉིས་དབྱངས་སྦྱར་ཏེ། །རྡོ་རྗེ་ཕྱག་རྒྱ་ལེགས་བཅས་ལ། །ང་ནི་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་འདི། །དི་རིང་ཁྱོད་ལ་སྦྱིན་བར་བྱ། །ཨོཾ་བཛྲ་ས་མ་ཡ་ཨ་བྷི་ཥིཉྩ་ཨ་ཨ། ང་ནི་དམ་ཚིག་རིན་ཆེན་ཏེ། །རིན་ཆེན་འབྱུང་ལྡན་ཡིན་པར་གྲགས། །རིན་ཆེན་ཡེ་ཤེས་བླ་མེད་འདི། །དི་རིང་ཁྱོད་ལ་སྦྱིན་པར་བྱ། །ཨོཾ་རཏྣ་ས་མ་ཡ་ཨ་བྷི་ཥིཉྩ་ཨ་ཨ། ང་ནི་དམ་ཚིག་པདྨོ་སྟེ། །སྣང་བ་མཐའ་ཡས་ཡིན་བར་གྲགས། །པདྨོ་ཡེ་ཤེས་བླ་མེད་འདི། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཨོཾ་པདྨ་


DTG068_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ་ཨ་བྷི་ཥིཉྩ་ཨ་ཨ། ང་ནི་དམ་ཚིག་རྒྱ་གྲམ་སྟེ། །དོན་ཡོད་གྲུབ་པ་ཡིན་པར་གྲགས། །རྒྱ་གྲམ་ཡེ་ཤེས་བླ་མེད་འདི། །དི་རིང་ཁྱོད་ལ་སྦྱིན་པར་བྱ། །ཨོཾ་ཀརྨ་ས་མ་ཡ་ཨ་བྷི་ཥིཉྩ་ཨ་ཨ། ང་ནི་དམ་ཚིག་འཁོར་ལོ་སྟེ། །སྙིང་པོའི་འཁོར་ལོ་ཡིན་པར་གྲགས། །འཁོར་ལོ་ཡེ་ཤེས་བླ་མེད་འདི། །དི་རིང་ཁྱོད་ལ་སྦྱིན་པར་བྱ། །ཨོཾ་ཙཀྲ་ས་མ་ཡ་ཨ་བྷི་ཥིཉྩ་ཨ་ཨ། ཨ་བྷི་ཥིཉྩ་ཨ་ཨ་ས་མ་ཡ་ཧྲཱིཿ་ཐ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ལས་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ། །ཅི་སྟེ་དམ་ཚིག་འདས་ན་ནི། །རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ། །ཅི་སྟེ་དམ་ཚིག་འདས་ན་ནི། །དེ་མ་ཐག་ཏུ་བཀས་ནས་གཤེགས། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང༌། །བདུན་བརྒྱུད་རིགས་ནི་བརླག་པར་མཛད། །དེ་བས་རྟག་ཏུ་བུ་ཁྱོད་ཀྱིས། །རྒྱལ་བས་གསུངས་པའི་དམ་ཚིག་དང༌། །སྡོམ་པ་དང་ནི་བླ་མའི་བཀའ། །ཤིན་ཏུ་མོས་པས་བསྲུང་བར་བྱ། །མ་བྱིན་པར་ཡང་བླང་མི་བྱ། །བརྫུན་དང་འདོད་ལ་སྤྱོད་པ་རྣམས། །དངོས་གྲུབ་འདོད་པས་བྱ་བ་མིན། །ཆང་ནི་བཏུང་བར་མི་བྱ་ཞིང༌། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པའི་སྦྱོར་བ་ནི། །ནམ་པང་བྱ་བ་མ་ཡིན་ཏེ། །དཀོན་མཆོག་གསུམ་ནི་ཡོང་མི་སྤང༌། །དུས་ཀུན་དུ་ནི་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང༌། །ལྷ་དང་བླ་མ་དེ་བཞིན་ནོ། །སྡིག་ལ་སོགས་པ་གང་ཡིན་དང༌། །བླ་མའི་བཀའ་ལས་འདའ་མི་བྱ། །ལྷ་ལ་ཕུལ་བའི་རྙིང་པ་དང༌། །དེ་ཡི་གྲིབ་མ་འགོམ་མི་བྱ། །ཕྱག་རྒྱའི་གཟུགས་ལ་འང་དེ་བཞིན་ནོ། །སྔགས་དང་ལྷ་ལ་སྨད་མི་བྱ། །གདོན་གྱི་ལས་སོགས་བྱ་བ་མིན། །མུ་སྟེགས་ཅན་ལའང་སྨད་མི་བྱ། །མདོར་ན་ཡིད་གཉིས་དོགས་མི་བྱ། །བདག་གི་དེ་ཉིད་སྔགས་དང་ནི། །ཐམས་ཅད་འདྲ་བས་དེ་བཞིན་ནོ། །དེ་ནས་དབང་མཆོག་བསྐུར་བ་ནི། །པཤྩི་མ་ཡི་ཕྱོགས་དག་ཏུ། །ཁྲུ་གང་བ་ཡི་དཀྱིལ་འཁོར་ལ། །པདྨ་འདབ་མ་བརྒྱད་པ་བྲི། །ཚོན་ནི་དམར་པོས་ལེགས་བྲིས་ལ། །བཀྲ་ཤིས་བརྒྱད་ཀྱི་ཕྱག་རྒྱ་དགོད། །དབུ་རྒྱན་ཅོད་པ་ན་མེ་ཏོག་ཕྲེང༌། །ཕྱག་རྒྱ་བཞི་དང་རིན་ཆེན་བདུན། །གསེར་བྱས་ཐུར་


DTG068_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

མ་འཁོར་མེ་ལོང༌། །དུང་དང་བཀྲ་ཤིས་རས་ཐོགས་གཞག །བདུག་སྤོས་རས་སར་གདུགས་ཤམ་ཅན། །རྔ་ཡབ་བསིལ་ཡབ་ཞོ་ཕོར་གང༌། །བུམ་པ་བཞི་སོགས་མི་རེས་གཟུང༌། །མཆོད་པ་ལ་སོགས་བཀྲ་ཤིས་བརྗོད། །ཨོཾ་བྷྲྀ་ཏ་བྷྲྀ་ཏ་སརྦ་ཨཱ་བ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་ཏྲ་ཏ་ཏྲ་ཊ་སརྦ་ཨཱ་བ་ར་ཎ་ནི་ཧཱུཾ་ཕཊ། བི་དྲ་བ་བི་དྲ་བ་སརྦ་ཨ་པ་ཡ་ཏང་དྭ་ན་ཧཱུཾ་ཕཊ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །དེ་ནས་ཐུར་མ་མེ་ལོང་དུང༌། །འཁོར་ལོ་རྩ་བའི་ཡིག་འབྲུས་བསྐུར། །ཕྲེང་བས་བུམ་པ་ཉན་པ་དང༌། །གསང་སྔགས་ཕྱག་རྒྱ་ཅོད་པན་དང༌། །འཁོར་བསྒྱུར་མིང་དབང་དབུ་རྒྱན་དང༌། །ལས་དང་བཅུའོ་གཟུངས་རྗེའོ། །བཅུ་གསུམ་པ་ནི་ནོར་དབང་བསྐུར། །འཁོར་ལོ་རིན་ཆེན་བསྟབས་པས་ནི། །ས་བཅུ་ཀུན་ལ་དབང་བ་དང། །ཐེག་པ་མཐའ་དག་སྟོན་པ་ཡི། །ཆོས་ཀྱི་རྒྱལ་པོ་ཆེན་པོར་ཤོག །གླང་པོ་རིན་ཆེན་བསྟབས་པས་ནི། །ཐེག་པ་ཀུན་གྱི་དོན་རྟོགས་ནས། །སྟོབས་བཅུ་ཀུན་ལ་དབང་ཐོབ་ཅིང༌། །བྱང་ཆུབ་འབྲས་བུ་ཐོབ་པར་ཤོག །རྟ་མཆོག་རིན་ཆེན་བསྟབས་པས་ནི། །རྫུ་འཕྲུལ་རྐང་བཞིའི་དབང་ཐོབ་ནས། །ཉོན་མོངས་རྒྱ་མཚོ་རྒལ་བ་ཡི། །ཐར་པའི་འབྲས་བུ་ཐོབ་པར་ཤོག །ནོར་བུ་རིན་ཆེན་བསྟབས་པས་ནི། །འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །དཔེ་བྱད་མཚན་གྱིས་བརྒྱན་པ་ཡི། །གསེར་གྱི་སྐུ་མདོག་ཐོབ་པར་ཤོག །དམག་མི་རིན་ཆེན་བསྟབས་པས་ནི། །མི་འཇིགས་བཞི་ཡི་དབང་ཐོབ་ནས། །ཕས་ཀྱི་རྒོལ་བ་ཚར་གཅོད་པའི། །གོ་ཆ་ཆེན་པོ་བགོས་པར་ཤོག །བློན་པོ་རིན་ཆེན་བསྟབས་པས་ནི། །སུམ་ཅུ་རྩ་གསུམ་དབང་ཕྱུག་རྗེ། །རྫུ་འཕྲུལ་ཆེན་པོའི་བརྒྱ་བྱིན་གྱི། །ལྷ་ཡི་རྒྱལ་པོ་ཐོབ་པར་ཤོག །བཙུན་མོ་རིན་ཆེན་བསྟབས་པས་ནི། །ཤེས་རབ་ཡུམ་གྱི་དབང་ཐོབ་ཅིང༌། །སྐྱེ་འགག་མེད་པའི་དོན་རྟོགས་ནས། །བླ་མེད་འབྲས་བུ་ཐོབ་པར་ཤོག །དེ་


DTG068_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པས་བྱིན་གྱིས་བརླབས་པ་ཡི། །ཉོན་མོངས་སེལ་བའི་གྲུབ་རྫས་དཔའ་བོ་འདིས། །བར་ཆོད་བགེགས་ཀྱི་ཚོགས་རྣམས་རྣམ་འཇིག་ཅིང༌། །སྐྱེ་འགྲུབ་མཆོག་ཐོབ་དེང་འདིར་བཀྲ་ཤིས་ཤོག །ཇི་ལྟར་ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །བྱིན་གྱིས་བརླབས་པའི་རྩ་མཆོག་པུ་ཏ་ན། །དཱུར་བའི་གདན་ལ་བཞུགས་ནས་བདུད་བཏུལ་ལྟར། །དཔེ་འདིར་བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །ཇི་ལྟར་སྔོན་གྱི་དྲང་སྲོང་ཨ་ག་སྟས། །བྱིན་གྱིས་བརླབས་པའི་ཕྱུགས་ཀྱི་དངོས་གྲུབ་འདི། །ཁྱིམ་བདག་དབང་ཕྱུག་ཆེ་ལ་བྱིན་པ་ཡིས། །སྐྱེ་དགུའི་གསོས་གྱུར་བཅུད་ལྡན་བཀྲ་ཤིས་ཤོག །རྡོ་རྗེ་དང་ནི་རིན་ཆེན་ཆུ་སྐྱེས་དང༌། །དེ་བཞིན་ལས་ཀྱི་སེམས་དཔའ་དབང་བསྐུར་བའི། །ལི་ཁྲིས་འཇིག་རྟེན་གསུམ་པོ་དབང་བསྡུས་ཤིང༌། །དངོས་གྲུབ་མཆོག་ཐོབ་དིང་འདིར་བཀྲ་ཤིས་ཤོག།། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དུང༌། །ན་ར་ཡ་ནར་དུང་སྒྲ་བསྒྲགས་པ་ལྟར། །བུ་ཁྱོད་དམ་པའི་ཆོས་སྒྲ་རབ་སྒྲོགས་ཤིང༌། །འགྲོ་བ་འདྲེན་མཛད་དེང་འདིར་བཀྲ་ཤིས་ཤོག །ཆོས་རྣམས་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟ། །སྨིག་རྒྱུ་ལྟ་བུར་ཡང་དག་རྟོགས་པའི་མཐུས། །མ་རིག་མུན་སེལ་ཡེ་ཤེས་ཐོབ་གྱུར་ནས། །དངོས་གྲུབ་མཆོག་ཐོབ་དེང་འདིར་བཀྲ་ཤིས་ཤོག །ཇི་ལྟར་གླང་པོ་ཆེན་པོ་ཨ་ག་ཏའི། །གིའུ་ཝང་སྲོག་གི་དབང་པོར་གྱུར་པ་ལྟར། །དེ་བཞིན་བུ་ཁྱོད་ཚེ་སྲོག་འཛིན་གྱུར་ནས། །དངོས་གྲུབ་མཆོག་ཐོབ་དང་འདིར་བཀྲ་ཤིས་ཤོག །ཇི་ལྟར་རྒྱུ་དང་ས་བོན་ཆུང་བ་ལས། །འབྲས་བུ་ཆེར་སྨིན་ཤིང་ཐོག་བི་ལ་བ་ལྟར། །དེ་བཞིན་བསོད་རྣམས་རྒྱུ་ཚོགས་ཆུང་དུ་ལས། །འབྲས་བུ་བླ་མེད་བྱང་ཆུབ་ཐོབ་པར་ཤོག །གཙུག་ཏོར་སྤྱན་ལྗགས་གོ་ཆས་བསྐུར། །ལག་གཉིས་བཅིངས་ཏེ་གུང་གཤིབས་བསྒྲེང༌། །མཛུབ་གཉིས་བཀུག་སྦྱར་གཙུག་ཏོར་རོ། །ན་མཿས་མནྟ་བུདྡྷཱ་ནཱཾ་ཧཱུཾ་ཧཱུཾ་ཧཱུཾ། ལག་གཉིས་བཅིངས་ཏེ་གུང་སྲིན་ལག །བརྐྱང་སྟེ་མཐེ་བོ་ནང་བཅུག་མིང༌། །ན་མཿས་མནྟ་བུདྡྷཱ་ནཱཾ། ག་ག་ན་བ་ར་ལ་ཀྵ་ཎ། གུ་རུ་ན་མ་


DTG068_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཏ་ཐཱ་ག་ཏ་ཙཀྵུ་སྭཱ་ཧཱ། ལག་གཉིས་ཐལ་མོ་ཁོང་སྟོང་སྦྱར། །མཛུབ་གཉིས་དཀྲིས་ལ་སྲིན་ལག་གཏུགས། །མཐེ་བོ་གཉིས་གཤིབས་ལྗགས་སུ་བཤད། །ན་མཿ་ས་མནྟ་བུ་དྡྷཱ་ནཱཾ། ཏ་ཐཱ་ག་ཏ་ཛི་ཧྭ་སརྦ་དྷརྨཱ་པྲ་ཏི་ཏིཥྛ། ལག་པ་གཉིས་ནི་ཁོང་སྟོང་སྦྱར། །མཛུབ་གཉིས་ངོས་ནས་དཀྲིས་པ་ནི། །གོ་ཆའི་ཕྱག་རྒྱ་ཞེས་སུ་བཤད། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། པྲ་ཙཎྜ་བཛྲ་ལ་བི་ཡུ་ར་ཧཱུཾ། དེ་ནས་སློབ་མའི་ཐོག་དག་ཏུ། །གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཐེག་ཆེན་ཆོས་ཀྱི་ངོ་བོ་སྟེ། །ཉོན་མོངས་གདུང་བ་སེལ་བྱེད་པའི། །དབང་མཆོག་དམ་པ་བསྐུར་བར་བྱ། །སུམ་ཅུ་རྩ་ལྔས་ལེགས་དབང་བསྐུར། །དེ་ནས་དགེ་པ་སྒོ་བཞིན་ས། །སྒྲ་ཡི་རྗེས་སུ་ལེགས་སྦྱར་ཞིང༌། །བློ་དང་ལྡན་པས་སྨོན་ལམ་གདབ། །ཤར་ཕྱོགས་སྒོ་ལ་པཱུ་བས་བསྡུ། །སྔོན་དང་ཐོག་མ་ཕུར་པས་བསྡུ།། དེ་མཐུན་རྡོ་རྗེ་སེམས་ལ་སོགས། །སྒྲིབ་གཉིས་བྱང་བས་ཆོགས་གཉིས་རྫོགས། །དེ་བཞིན་སློབ་མ་ཚོགས་རྫོགས་ནས། །མེ་ལོང་ཡེ་ཤེས་ཐབ་པར་ཤོག །ལྷ་སྒོ་དཀྵི་ཎ་ས་བསྡུའོ། །སྦྱིན་གནས་ལ་ཡང་དཀྵི་ཎ་བསྡུའོ། །ནུབ་སྒོ་པཤྩི་མས་བསྡུའོ། །ཕྱི་མ་མ་འོངས་པཤྩི་བསྡུ། །བྱང་སྒོ་ཨུཏྟ་ར་ཡིས་བསྡུ། །ཐུགས་རྗེ་གཟུངས་ལ་ཨུཏྟ་རས་བསྡུ། །གོང་གི་རིགས་དང་ཡེ་ཤེས་དྲང༌། །སྔོན་གྱི་སྨོན་ལམ་སྟོན་བསྟན་པ། །དྲི་མ་མེད་པའི་དཔེ་བཞིན་ནོ། །དཀྱིལ་འཁོར་རང་བཞིན་ལྔ་དག་ཀྱང༌། །ཅི་རིགས་པར་ནི་བསྟན་པར་བྱ། །ཏནྟྲ་རྒྱ་མཚོ་དབྱིངས་ཀྱི་གཏིང་རུམ་ནས། །དོན་མཆོག་ཆ་ཤས་བཏུས་པའི་ཉིང་ཁུ་སྟེ། །སྦྱོར་བའི་ལམ་རྒྱུད་ཕྱོགས་འགྲོལ་འབྲེལ་པ་ཡི། །མཆོག་ཐོབ་རྣམ་སྣང་མཛད་ཀྱི་ཞལ་མཐོང་ཤོག།། །།རྒྱ་གར་གྱི་མཁན་པོ་སྠི་ར་མ་ཏི་ས་ཡོ་གའི་གཞུང་རྒྱུད་ཕྱི་ནང་ལས་ངེས་དོན་མདོར་བསྡུས་ཏེ་མཛད་པ། རྒྱན་དམ་པའི་ལེའུ་བམ་པོ་གཅིག་ཏུ་བྱས་པ་རྫོགས་སོ།། །།ཅོག་རོ་ཀླུའི་རྒྱལ་མཚན་གྱིས་སྐད་ཕྱི་མོ་དང་གཏུགས་པའོ།། །།


previousརྒྱན་དམ་པ་སྣ་ཚོགས་པ་རིམ་པར་ཕྱེ་བ་བཀོད་པ། སྠི་ར་མ་ཏི་ས་ཡོ་གno next