Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྲུང་བའི་ཆོ་ག་ལས་ཐམས་ཅད་པ།  པྲཛྙ་ཤཱི་ཛྙ་ན་ཀཱི་རྟི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྲུང་བའི་ཆོ་ག་ལས་ཐམས་ཅད་པ། པྲཛྙ་ཤཱི་ཛྙ་ན་ཀཱི་རྟི།next

བསྲུང་བའི་ཆོ་ག་ལས་ཐམས་ཅད་པ།
པྲཛྙ་ཤཱི་ཛྙ་ན་ཀཱི་རྟི།


DTG073_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀརྨ་སརྦ་ར་ཀྵ་པི་དྷི་ནཱ་མ། བོད་སྐད་དུ། བསྲུང་བའི་ཆོ་ག་ལས་ཐམས་ཅད་པ་ཞེས་བྱ་བ། བླ་མ་རྗེ་བཙུན་པ་རྣམས་ལ་ཕྱག་འཚལ་ལོ། །ནད་དང་གནོད་པ་བཞི་པ་དང༌། །མི་མཐུན་ཐམས་ཅད་བཟློག་པའི་ཕྱིར། །བསྲུང་བའི་དམ་པའི་རིམ་པ་འདི། །ཕན་ཕྱིར་བདག་གིས་བཤད་པར་བྱ། །དེ་ལ་རྡོ་རྗེ་འཛིན་པ་སྒྲུབ་པའི་རྣལ་འབྱོར་པ་དག་གིས། དབེན་པའི་ས་ཕྱོགས་སུ་མཎྜལ་ལོགས་རི་ལ་ཁུར་རེ་ཡོད་པ། གྲུ་བཞི་པ་འཕངས་སུ་སོར་བརྒྱད་པ། ངོས་ཤིན་ཏུ་མཉམ་པ་བརྩིགས་ལ། དེ་ལ་བའི་རྣམ་པ་ལྔས་བྱུག་པ་བྱའོ། །དེའི་སྟེང་དུ་ཙནྡན་དང་གུར་གསུམ་ལ་སོགས་པའི་དྲི་བཟང་པོར་རྣམས་ཀྱིས་སྙོམས་པར་བྱུག་པར་བྱའོ།། དེའི་སྟེང་དུ་མེ་ཏོག་དྲི་དང་ཁ་དོག་དང་ལྡན་པས་ལེགས་པར་སྤུངས་ཏེ། དེའི་སྟེང་དུ་སྲུང་བའི་འཁོར་ལོ་བཞུགས་སུ་གསོལ་བ་ནི། རས་སམ་གོས་བཟང་དྲི་བ་ནི། །གུར་གུམ་ཆུ་ཡིས་འཁོར་ལོ་ནི། །རྩིབས་བརྒྱད་མུ་ཁྱུད་གཉིས་བཅས་ལ། །རྒྱ་གྲམ་ནང་དུ་ཆུད་པ་བྲི། །ཨོཾ་དང་སྭཱ་ཧཱའི་


DTG073_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བར་དག་ཏུ། །ན་མོ་མིང་དང་སྤེལ་བ་ནི། །དྲི་སྣ་ཚོགས་ཀྱིས་ཐིག་ལེ་བྱས། །ལྟེ་བ་དག་ཏུ་དགོད་པར་བྱ། །ཙནྡན་ལ་སོགས་རྣམ་པ་བརྒྱད། །ཨོཾ་ཧཱུཾ་ཕཊ་མཐར་བསྲེགས་པ་ནི། །རྩིབས་བརྒྱད་དག་ལ་རིམ་བཞིན་ནོ། །མུ་ཁྱུད་ནང་གི་རིམ་པ་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཆེ་གེ་མོ་ཞེས་བྱ་བ་འདི་ཀཱ་ཡ་བཱ་ཀ་ཙིཏྟ་ཨཱ་ཡུ་ཥེ་ཛཱི་བཾ་ཤྲཱི་ཏེ་ཛ་སརྦ་རཀྵ་ར་ཀྵ་སྭཱ་ཧཱ། ནང་དུ་ལྟ་བའི་ཚུལ་གྱིས་བྲི། །ཕྱི་རོལ་མུ་ཁྱུད་ཡང་དེ་བཞིན། །མཚལ་དང་དངུལ་གྱི་ཁུ་བ་ཡིས། །གཡས་གཡོན་དག་ཏུ་བྲི་བར་བྱ། །ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ན། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ་ཧ་ཧ་ཊཊྚ། ཨ་ཨཱ། ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ། ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ་དེ་ནས་འཁོར་ལོ་དེ་དག་ཉིད། །རྡོ་རྗེ་འཛིན་པར་བསྐྱེད་བྱ་སྟེ། །དགུག་གཞུག་མཆོད་བསྟོད་བྱས་ནས་ཀྱང༌། །འཁོར་ལོའི་ངོ་བོར་གྱུར་པར་བསམ། །རྩ་བ་མིང་དང་བསྲུང་བའི་སྔགས་སྤེལ་བའི་བཟླས་པ་སྟོང་དུ་བྱ། །ཞེས་འབྱུང་བའི་ཕྱིར། ཆོ་གའི་རིམ་པ་འདི་དག་ལས་ཉམས་པར་མི་བྱའོ། །འདི་དག་གིས་ནི་བརྒྱ་བྱིན་ལ་སོགས་པ་གནོད་པ་ཆེས་ཆེ་བ་དག་ཀྱང་མ་ལུས་པ་བསྲུང་བར་འགྱུར་རོ། །དུས་མ་ཡིན་པར་འཆི་བ་དག་ཀྱང་མ་ལུས་པ་བསྲུང་ཞིང༌། །དུས་མ་ཡིན་བར་འཆི་བ་དག་ཀྱང་ངེས་པར་བཟློག་པར་འགྱུར་རོ། །སྔགས་མཁན་འདི་དག་ནི་ཚངས་སྤྱོད་ཀྱི་དཀའ་ཐུབ་ཀྱིས་གནས་པར་བྱའོ། །ཆེས་བརྒྱད་ནས་བརྩམས་ཏེ་བཅོ་ལྔའི་བར་གྱིས་ཆོ་གའི་རིམ་པ་ཇི་ལྟ་བར་བྱའོ། །བཅུ་དྲུག་ལ་འགྲོ་བ་མཉེས་པའི་མཆོད་རྟེན་བྱའོ། །སྒོ་གསུམ་གནོད་པ་བསྲུང་པའི་ཕྱིར། །བདག་གིས་བསྲུང་མཆོག་ལ་ལེགས་སྦྱངས། །འདི་ལ་ཉེ་བར་གཞོལ་བ་རྣམས། །མི་མཐུན་ཐམས་ཅད་ཞི་བར་ཤོག །ལས་ཐམས་ཅད་བའི་བསྲུང་བའི་ཆོ་ག་ཞེས་བྱ་བ་རྫོགས་སོ།། །།སློབ་དཔོན་བ་སུ་དྷ་བཛྲས་མཛད་པའོ། །རྣལ་འབྱོར་བ་བསོད་སྙོམས་པ་པྲཛྙ་ཤཱི་ཛྙ་ན་ཀཱི་རྟིས་རང་འགྱུར་དུ་མཛད་པའོ།།


previousབསྲུང་བའི་ཆོ་ག་ལས་ཐམས་ཅད་པ། པྲཛྙ་ཤཱི་ཛྙ་ན་ཀཱི་རྟི།next