Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེང་གེ་སྒྲའི་སྲུང་བའི་འཁོར་ལོ།  ཤཱཀྱཤྲཱིབྷདྲ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེང་གེ་སྒྲའི་སྲུང་བའི་འཁོར་ལོ། ཤཱཀྱཤྲཱིབྷདྲ།next

སེང་གེ་སྒྲའི་སྲུང་བའི་འཁོར་ལོ།
ཤཱཀྱཤྲཱིབྷདྲ།


DTG073_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སིཾ་ཧ་ནཱ་ད་རཀྵ་ཙཀྲ་ནཱ་མ། བོད་སྐད་དུ། སེང་གེ་སྒྲའི་སྲུང་བའི་འཁོར་ལོ་ཞེས་བྱ་བ། འཕགས་པ་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་མཆོག་དང་ལྡན་པ་ཡི། །སེང་གེ་སྒ་ལ་ཕྱག་འཚལ་ཏེ། །སེམས་ཅན་ཀུན་གྱི་ནད་དད་གདོན། །བསྲུང་བའི་ཆོ་ག་བཤད་པར་བྱ། །དུས་དང་ཚེས་གྲངས་བཟང་པོ་ལ། །མཆོད་རྟེན་མཎྜལ་


DTG073_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་ནས་ནི། །ལྷ་ཡི་ང་རྒྱལ་ལྡན་པ་ཡིས། །རས་སམ་ཤིང་ལོ་གྲོ་ག་ལ། །ཁྲག་གམ་རྒྱ་སྐྱེགས་གུར་གུམ་གྱིས། །རིམ་པ་ལྟར་རུ་བསྐོར་བར་བྱ། །དང་པོ་པདྨའི་ལྟེ་བ་ཡིན། །གཉིས་པ་མུ་ཁྱུད་ཕྲ་བར་བསྐོར། །གསུམ་པ་ཆུང་ཆེ་པད་འདབ་བརྒྱད། །བཞི་པ་ལྔ་པའི་རིམ་པ་ནི། །པདྨའི་ཕྱིར་ལ་ཕྲ་བ་བྱ། །ཡི་གེ་དགོད་པའི་སྦྱོར་བ་ནི། །དབུས་སུ་ཨོཾ་གྱི་སྦྱོར་ཡིག་དང༌། །དེ་མཐར་མིང་དང་བསྲུང་ཚིག་བྲི། །དེ་ཡི་ཕྱིར་རི་མ་མུ་ཁྱུད་ལ། །དབྱངས་ཀྱི་ཡི་གེ་བཅུ་དྲུག་བྲི། །གསུམ་པ་པད་འདབ་བརྒྱད་པ་ལ། །ཨོཾ་སྤངས་ཡི་གེ་བརྒྱད་པོ་བྲི། །རིམ་པ་བཞི་པའི་མུ་ཁྱུད་ལ། །གཟུངས་སྔགས་བསྲུང་ཚིག་བཅས་པ་བྲི། །རིམ་པ་ལྔ་པའི་མུ་ཁྱུད་ལ། །གསལ་བྱེད་སུམ་ཅུ་བཞི་པ་ལ། །བསྲུང་བྱ་ལས་སྔགས་ལྡན་པ་དགོད། །དེ་ལྟར་བྲི་བ་རྫོགས་ནས་ནི། །རབ་ཏུ་གནས་པའི་ཆོ་ག་ནི། །མཎྜལ་སྟེང་དུ་འཁོར་ལོ་བཞག །མཆོད་དང་གཏོར་མ་གཅིག་བཏང་སྟེ། །འཁོར་ལོའི་ཨོཾ་ཡིག་ལས་སྤྲོས་ཏེ། །རྗེ་བཙུན་འཁོར་ལོའི་སྟེང་དུ་དྲང༌། །རང་གི་ཐུགས་ཀའི་ས་བོན་ལས། །ལྷ་མོ་ལྔ་ལ་མཆོད་པ་དང༌། །རྫས་ཀྱི་མཆོད་པ་རྣམ་ལྟས་མཆོད། །བསྟོད་ཅིང་བསྲུང་བར་གསོལ་པ་གདབ། །དེ་གཞུ་ཡིག་འབྲུའི་རྣམ་པར་གྱུར། །དེ་ལ་བྱིན་རླབས་བྱ་ཕྱིར་སྔགས་བཟླས་པ། །ཨོཾ་ཨཱཿཧྲཱིཿསི་ཧ་ནཱ་ད་ཧཱུཾ་ཕཊ། ཆེ་གེ་མོ་སརྦ་ག་ཏེ་རཀྵ་ཀུ་རུ་ཤཱནྟིཾ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རི་རཱི། ལི་ལཱི། ཨེ་ཨཽ། ཨཾ་ཨཿ་ཆེ་གེ་མོ་ལ་རཀྵ་ཀུ་རུ་ཤཱི་ནྟཾ་ཀུ་རུ། པུཥྚིཾ་ཀུ་རུ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡ་ཞེས་པའི་གཟུངས་དང༌། ཀ་ཁ་ག་གྷ་ང༌། ཞེས་པའི་གསལ་བྱེད་ལ་ཡང་མིང་དང་ལས་སྔགས་སྦྱར་ཏེ་སྔགས་དེ་རྣམས་བརྒྱ་རྩ་བརྒྱད་དམ། ཉི་ཤུ་རྩ་གཅིག་གམ་ཐིབས་བདུན་བཟླས་ལ་གཏོར་མ་བཏང་བསྲུང་བར་གསོལ་བ་གདབ། དེ་ནས་དྲིལ་ཏེ་གདགས་པར་བྱའོ། །དེ་ཡི་རྗེས་ལ་བྱ་མི། །རང་གི་ཡེ་ཤེས་བཅུག་གྱུར་ནས། །མཆོད་དེ་བཟོད་གསོལ་གཤེགས་པར་བྱ། །རང་ལ་བྱེད་དམ་གཞན་ལའང༌། །བསྲུང་བ་བཏགས་པའི་ཕན་ཡོན་ནི། །ཚེ་རིང་བསོད་ནམས་ཆེ་བ་དང༌། །སྡིག་པ་ཐམས་ཅད་བྱང་བ་


DTG073_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །བགེགས་དང་ལོག་འདྲེན་འཚོ་སྐྱོབ་དང༌། །རྗེ་བཙུན་སྲུང་འཁོར་བྱས་པ་ཡིས། །དགེ་དེས་སེམས་ཅན་བར་ཆ་དེ་ཞི། །རྗེ་བཙུན་སེང་གེ་སྒྲའི་སྲུང་འཁོར་བླ་མའི་ཞལ་ནས་འོངས་པ་རྫོགས་སོ། །


previousསེང་གེ་སྒྲའི་སྲུང་བའི་འཁོར་ལོ། ཤཱཀྱཤྲཱིབྷདྲ།next